Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཌི་སི་ནས་ནིའུ་ཡོག་བར་དུ་རང་བཙན་གོམ་བགྲོད།

Posted on 2013-03-082013-03-09 By ཁ་བརྡ་ 14 Comments on ཌི་སི་ནས་ནིའུ་ཡོག་བར་དུ་རང་བཙན་གོམ་བགྲོད།

ལྟག་མཚེར་རིན་པོ་ཆེའི་སྲས་འབྲིང་བ་ཀུན་དགའ་ནོར་བུ་དང་། རྔ་བ་རབ་བརྟན་རྒྱ་མཚོ། དེ་བཞིན་ཏྲེ་ཧོར་བློ་དགའ། ཀླུ་ཆུ་ཟམ་ཚའི་་དར་རྒྱས་བཅས་གོམ་བགྲོད་པ་བཞི་ཡིས་ལོ་འདིའི་སུམ་ཅུའི་དུས་དྲན་ཉིན་མགོ་འཛུགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སི་ནས་ནིའུ་ཡོག་གྲོང་ཁྱེར་བར་དུ་བོད་རང་བཙན་གོམ་བགྲོད་གནང་རྒྱུ་ཡིན་འདུག
རྔ་བ་རབ་བརྟན་རྒྱ་མཚོ་ལགས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེས་ཨ་རིའི་ནང་གི་མངའ་སྡེ་སྣ་ཚོགས་སུ་རང་བཙན་གོམ་བགྲོད་ཐེངས་མང་གནང་སྟེ། བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་། བོད་རང་བཙན་ཡིན་པ་སོགས་བོད་བསྟན་པ་ཆབ་སྲིད་ཀྱི་ལས་འགུལ་གནང་ཡོད་པ་རེད་ལ། སྐུའི་གཅེན་པོ་དམ་པ་ཞིང་ལ་ཕེབས་རྗེས། སྲས་ཐ་ཆུང་འཇིགས་མེད་ལགས་ཀྱིས་ཀྱང་ཡབ་དམ་པའི་དགོངས་བཞེད་མཇུག་སྐྱོང་དང་། བོད་ཀྱི་རྩ་དོན་ལ་དམིགས་ནས་ཨ་རི་དང་ཐེ་ཝན་སོགས་སུ་ཁྱོན་བསྡོམས་མེལ་ལེ་ ༥༨༧༢ ཙམ་ལ་གོམ་བགྲོད་གནང་བའི་རྗེས་སུ་མཐར་རྐྱེན་ངན་གྱི་དབང་གིས་རླངས་འཁོར་བརྡབས་སྐྱོན་གྱིས་སྐུ་ཚེ་མ་ཟིན་པ་རེད། ཁོང་འདས་ནས་ལོ་ངོ་གཉིས་པ་འགྲོ་བཞིན་པའི་སྐབས་འདིར་ཁོང་གི་ཇོ་ཇོ་ཀུན་དགའ་ནོར་བུ་ལགས་ཀྱིས་རང་གི་ཡབ་དང་སྤུན་ཆུང་གི་ཤུལ་བཞག་ལས་འགན་ཕྲག་ཏུ་ལེན་པའི་ཆ་ཤས་སུ་ཐེངས་འདིའི་གོམ་བགྲོད་འདི་མགོ་བཙུགས་པ་ཡིན་པ་དང་། ཁོང་དང་ལྷན་དུ་ད་དུང་ཨ་རིའི་མངའ་སྡེ་ཀེན་ཊར་ཁེ་ནས་ཕེབས་པའི་ཀླུ་ཆུ་ཟམ་ཚའི་དར་རྒྱས་ལགས། ནིའུ་ཡོག་ནས་ཕེབས་པའི་ཏྲེ་ཧོར་བློ་དགའ་ལགས་བཅས་མི་བཞི་ཡིས་ཉིན་རེར་མེལ་ལེ་༢༥ ཙམ་རེ་གོམ་བགྲོད་ཀྱིས་ནིའུ་ཡོག་ཏུ་ཕེབས་རྒྱུ་ཡིན་པ་རེད། ཁོང་ཚོར་རོགས་པ་བྱེད་མཁན་ནི་ཁོང་ཚོའི་གྲོགས་པོ་རྙིང་པ་ཝི་ཏི་ནམ་པ་ མཚན་ལ་མཐའ་ཡས་ཞུ་བ་ཞིག་ཡོད་པ་རེད་འདུག
འཆར་གཞི་ལྟར་ན། ཁོང་ཚོས་སུམ་ཅུའི་དུས་དྲན་ཉིན་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་གཞོན་ནུ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་དེ་གའི་ཚོགས་པ་གཞན་ཁག་གི་རྒྱབ་སྐྱོར་དང་འབྲེལ་མགོ་འཛུགས་ཞུ་རྒྱུ་ཡིན་པ་དང་། ཉིན་བཅུ་ཡི་རྗེས་སུ་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཇུག་སྡོམ་ཞུ་རྒྱུ་ཡིན་འདུག
རྔ་བ་རབ་བརྟན་ལགས་ཀྱིས་ནན་ཏན་དུ་འགྲེལ་བརྗོད་བྱས་དོན་ལ། ཐེངས་འདིའི་གོམ་བགྲོད་ཀྱི་དམིགས་ཡུལ་གལ་ཆེ་བ་གཅིག་ནི་སྤུན་ཟླ་ཕོ་མོ་༡༠༧ ཙམ་གྱིས་སྐུ་ལུས་ཞུགས་མེར་ཕུལ་ཏེ་བོད་དོན་འཐབ་རྩོད་གནང་བ་དེ་དག་ལ་རྗེས་དྲན་དང་དེ་དག་གི་དགོངས་བཞེད་སྒྲུབ་རྒྱུའི་ཆེད་དུ་ཡིན་ཞེས་གསུངས་སོང་།
ཐེངས་འདིའི་གོམ་བགྲོད་ཀྱི་གནས་ཚུལ་མཁྱེན་འདོད་ཡོད་ཚེ། ཁོང་ཚོས་བསྐྲུན་པའི་དྲ་རྒྱ་ www.rangzenwalk.wordpress.com ཞེས་པ་ལ་ཉིན་རེའི་ལས་དོན་སྙན་ཐོ་འགོད་རྒྱུ་ཡིན་པ་མ་ཟད། འབྲེལ་མཐུད་པ་རྔ་བ་རབ་བརྟན་རྒྱ་མཚོའི་ཁ་པར་ཨང་གྲངས་ 202-412-4104 བཅས་ཡིན་འདུག

གསར་འགྱུར།

Post navigation

Previous Post: སེམས་གཏམ།
Next Post: བཅོམ་ལྡན་མཆོད་པའི་མེ་ཏོག

Comments (14) on “ཌི་སི་ནས་ནིའུ་ཡོག་བར་དུ་རང་བཙན་གོམ་བགྲོད།”

  1. ཡར་ཁམས་ཁྲི་རྒྱལ། says:
    2013-03-08 at 10:00 pm

    གོམ་བགྲོད་པ་རྣམས་ཀྱི་སྐུ་པར་རེ་འཇོག་ན་གསར་འགྱུར་འདིར་གསར་འགྱུར་གྱི་མཚན་ཉིད་ཚང་པ་ཞིག་རེད་ཨང་།

  2. གནམ says:
    2013-03-08 at 10:26 pm

    སུམ་ཅུའི་དུས་དྲན་མ་རེད། གསུམ་བཅུའི་དུས་དྲན་རེད། ཤ་ཉེ།

  3. ཚེ་རིང་བཀྲ་ཤིས། says:
    2013-03-08 at 10:55 pm

    ཁོང་རྣམས་ཀྱི་ལྷག་བསམ་ལ་ཡིད་རིང་བསྔགས་བརྗོད་དང་འབྲེལ་ཁོང་རྣམས་ཀྱི་ལོ་རྒྱས་རེ་དང་པར་རེ་ཡོད་ན་འདིར་བཀོད་རོགས

  4. དགའ་སྐྱིད་ says:
    2013-03-08 at 11:11 pm

    རྗེས་སུ་ཡིད་རང་ཞུས་ཧ་ཅང་ཡག་པོ་རེད་ ལམ་ལ་བར་ཆད་མེད་པར་ཤོག་

  5. ནུབ་ཕྱོགས་ཀྱི་བྱ་གླག། says:
    2013-03-09 at 2:12 am

    རྣམ་པ་ཚོར་བཀའ་དྲིན་ཆེའོ། བྱ་བ་ལམ་འགྲོ་ཡོང་བར་སྨོན།

  6. འཇམ་གཅེས says:
    2013-03-09 at 4:18 am

    སུམ་ཅུའི་དུས་དྲན་ཡིན་དང་། གསུམ་བཅུའི་དུས་དྲན་ཡིན་རྒན་ལ་དྭགས་པའི་གསལ་བཤད་གནང་འཆར་ཡོད་རེད། ཏོག་ཙམ་སྒུགས་གནང་དང་། སྤྱིར་ཏང་སུམ་ཅུ། སུམ་སྟོང་། སུམ་འབུམ་སོགས་འབྲི་དགོས་པ་ལས་་་་་་གསུམ་བཅུ་་་གསུམ་སྟོང་་་་་་གསུམ་འབུམ་་་་་འབྲི་སྲོལ་མེད་་་་་་ཡིང་ཡང་སྨ་བརྗོད་རང་དབང་ཡིན་ན་ངས་མི་ཤེས་་་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2013-03-09 at 4:29 am

    ཕྱི་ཟླ་གསུམ་པའི་ཚེས་བཅུ་ལ་གོ་བས། གསུམ་བཅུ་དུས་དྲན་འདི་དག་པ་རེད།

  8. གནམ says:
    2013-03-09 at 5:04 am

    འཇམ་གཅེས་རིན་པོ་ཆེ་འདི་གཉང་ཡག་ལ་གཉང་བཞག། ད་ཁྱོས་གསུམ་བཅུའི་དུས་དྲན་གྱི་མིང་དོན་མི་ཤེས་ན། བྲག་ཁུང་ཞིག་གི་ནང་ལ་སོང་ནས་མི་ཚེ་ཟད་ན་ཡག་ཤོས་རེད།
    སུམ་ཅུ་ཟེར་ན ༣༠ རེད།
    གསུམ་བཅུ་ཟེར་ན་༣༡༠ རེད། ཤེས་སོང་ངམ། བོད་པ་ཞིག་ཡིན་ན་ཡིན་གཅིག་ཤེས་དགོས་བ་ལས། རྒན་ལ་ཐགས་པས་ཤེས་ན་བཟང་དང་མ་ཤེས་ན་སྐྱོན་ཆེན་པོ་ཅང་མ་རེད། གོ་དོན་མེད་པའི་སྒྲུབ་བཤད་དེ་འདྲ། ད་རེ་འབྱོར་པོ་མི་འདུག་ལོ། མིང་འདི་སྨྲ་བརྗོད་རང་གི་འོག་ལ་འཇུག་དགོས་དོན་ཞིག་ཡོད་པ་མ་རེད་ལོ།

  9. གནམ says:
    2013-03-09 at 5:15 am

    གོམ་བགྲོད་པ་རྣམས་ལ་བོད་འདི་བཤད་མཚམས་ནས་འགུལ་མཚམས་ལ་བཏད་པར་གུས་ཕྱག་ཡོད།

  10. ལྷ་སྲས་ཐ་ཆུང་། says:
    2013-03-09 at 6:29 am

    འཛམ་གླིང་གང་སར་ཁྱབ་པའི་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་རྣམས་ཅིའི་ཕྱིར་ཞི་བའི་གོམ་བགྲོད་མ་གནང་བ་རེད་དམ། གཞོན་ནུ་ཚོགས་པའི་ཁ་ནས་རང་བཙན་བསྒྲགས་རྒྱུ་ལས་རང་བཙན་འཐབ་རྩོད་ཀྱི་ཆེད་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པའི་ལས་འགུལ་གང་ཞིག་སྤེལ་ཡོད་དམ། དངོས་གནས་དྲང་ནས་ཞི་བའི་གོམ་བགྲོད་པ་ཁོང་རྣམས་་ཀྱི་སྐུ་ལུས་ལ་བར་ཆད་མི་འབྱུང་བ་དང་བསམ་དོན་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་ཞུ།

  11. བྱམས་པ་ལྷུན་གྲུབ། says:
    2013-03-09 at 7:08 am

    སུམ་ཅུ་ཞེས་བྲིས་ན་ཨང་གྲངས་༣༠ ལ་གོ་དགོས། ང་ཚོས་སྤྱི་ཟླ་གསུམ་པའི་ཚེས་བཅུ་(༡༩༥༩/༣/༡༠)དྲན་གསོའི་དུས་དྲན་ཡིན་པས་གསུམ་བཅུ་ཞེས་འབྲི་དགོས་པ་ལས་སུམ་ཅུ་ཞེས་བྲིས་ན་ནོར་འཁྲུལ་ཡིན་ངེས།

  12. འཇམ་གཅེས says:
    2013-03-09 at 7:50 am

    ཧ་ཧ་ཧ་ཧ་གནམ་་དེ་རིང་ང་ནོར་འདུག་་་ཁྱོད་གོ་སྐབས་ཞིག་ཐོབ་པ་རེད་་་་དེ་མིན་ཁྱོད་ཀྱིས་ཡིག་ནོར་དང་དོན་ནོར་དེ་ཚོ་བཤད་ཚོད་མེད་་་་་་

  13. གནམ says:
    2013-03-09 at 8:44 am

    ཡ་ཡ། རྟ་རྒྱུག་ལོང་ཡོད་ན། རྡུལ་གཙུབ་ཁོམ་ཡོད་ནི་རེད། ཨོ་རེད། ཁྱོད་ལ་གོ་སྐབས་ཞིག་ཟེར་ནས་འབྲི་དགོས་བས་དེའི་བར་ལ་ཡང་ལ་དོན་ཞིག་མེད་ན་ངའི་བློ་ལ་འབབ་ནི་མ་རེད། གོ་སྐབས་ཁྱོད་མིན་ལ། ཁྱོད་གོ་སྐབས་ཡང་མིན་པས། ཁྱོད་ལ་ཅིག་ཡོད་དང་མེད་ཟེར་དགོས་ན། ལ་དོན་དྲིན་ཆེན་འདི་དོན་ནོར་མི་འབྱུང་ཆེད་ལ་འཇུག་རོགས་ཞུ། དེ་མིན་ན། ཁྱོད་དང་གོ་སྐབས་བར་ལ་ཆིག་ཤད་ཞིག་དགོས། ཤེས་སོང་ངམ།
    ང་ཅིག་ཅིག་རྩུབ་པོ་ཞིག་ཡིན་པས། འཇམ་གཅེས་ཁྱོད་རྩུབ་གཅེས་ཞིག་མ་ཡིན་དུས། ངེད་གཉིས་བར་ལ་གནད་དོན་བྱུང་ན་ཐང་། གོ་སོང་ངམ། ཧ་ཧ་ཧ།

  14. ཐུ་བ་རྒྱ་མཚོ། says:
    2013-03-09 at 9:32 am

    ཧཧཧ གོམ་བགྲོད་ལ་ཡི་རངས་ཞུ། ཚིག་རྩོད་ལ་གད་མོ་ཤོར།

    ལོ་ལོན་ན་རང་གི་ལོ་ཡང་བརྗེད་ཟེར་པ་དེ་ཅི་མ་བདེན། དུས་དྲན་འདི་སྲུང་བརྩི་ཞུས་ནས་ལོ་ལྔ་བཅུ་ང་གསུམ་སོང་ཡོད། ད་ལོ་ལོ་ང་བཞི་བ་དེ་རེད། དུས་དྲན་འདི 1959 ལོའི་ཕྱི་ཟླ་3 ཚེས་10 ཉིན་དྲན་གསོ་བྱེད་པའི་དུས་ཚོད་དེ་རེད། གཞན་ཅང་མ་རེད།
    ཁྱེད་མཁས་དབང་ཚོས་འདི་ཙམ་ལ་ཐུགས་མཉམ་མ་བཞག་པ་དེ་དཔེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme