Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་སྐས་ཐོག་གི་གྲྭ་ཆུང་། དོན་གྲུབ་རྡོ་རྗེ།

Posted on 2013-03-082013-03-08 By ཁ་བརྡ་ 3 Comments on རྡོ་སྐས་ཐོག་གི་གྲྭ་ཆུང་། དོན་གྲུབ་རྡོ་རྗེ།

བན་ཆུང་
གོམ་ཁ་དེ་ཐར་བའི་སྒོ་ཐེམ་ན་རིམ་གྱིས་རྒལ་དུས
ཁྱོད་ཀྱི་རྒྱབ་མདུན་ན
ཨ་ཕས
སྲོང་བཙན་སྒམ་པོ་ལྟ་བུའི་མི་བུ་ཞིག་གི་རྨི་ལམ་དང་
ཨ་མས་
མི་ལ་རས་པ་ལྟ་བུའི་ཆོས་པ་ཞིག་གི་རེ་བ་ཡོད

དྲིལ་བུ་དང་ཚོགས་ཕོར་གྱིས་བྲང་རུས་ན་ཡང་
ཁྱོད་རང་མཆོད་མེའི་གཟི་འོད་དང་
དགེ་སྐོས་ཀྱི་མིག་ལ་ཅེར་ནས
ལྷིང་འཇགས་སུ་འཚོ་བ་རོལ་དགོས་བྱུང་

གླེགས་བམ་ཆུང་ཆུང་རྒྱབ་ལོག་ཏུ་ཁྱེར་ནས
བཞི་ཆོད་གཟུངས་སྔགས་ཀྱི་བློ་སྦྱོང་འབུལ་ཞོར
དགེ་རྒན་དང་ལྕགས་ཚན་ལ་ཐེ་ཚོམ་ཟ་དུས
ཨ་མ་དང་འོ་མ་དྲན་པའི་མིག་ཆུ་འཐོར་སྲིད

གོས་ལ་དམར་པོས་ལུས་སེམས་དཀྲིས་ནས
མཁར་རྔ་ཅོང་བརྡ་ལ་རྣ་བ་གཏད་ཞོར
མཆོད་འབུལ་དང་ཀ་ར་ལ་རྨི་ལམ་སྒོམ་དུས
ཨ་ཅེ་དང་རྩེད་ར་དྲན་པའི་སེམས་པ་སྐྱོ་མོད

ཡིན་ན་ཡང་
མི་ཡུལ་གྱི་ནམ་ཟླ་བཞུད་དུས
མི་ཚེ་ལ་རིན་ཐང་བཙལ་དུས
ཁྱོད་ཀྱང་འཇིག་རྟེན་ནས་ལང་ཚོ་སྨིན་ཞིང་
ཐག་རིང་གི་གོམ་ཁ་ཆོད་དགོས

དེ་དུས་
ཕ་མའི་བཀའ་དྲིན་གྱི་ནམ་མཁའ་མཐོང་སྲིད་ལ
དེ་དུས
དགེ་རྒན་སྐུ་དྲིན་གྱི་ས་གཞི་མཇལ་སྲིད

ནར་སོན་དུས
དྲིན་ཡོང་གི་དྲིན་ལེན་རང་ལ་འཇལ་བར་གྱིས
ཕ་མའི་ཡོད་ཚད་ནི་ཁྱོད་ཀྱི་ཕྱིར་ཏེ
དགེ་རྒན་གྱི་བསླབ་བྱ་ཡང་ཁྱོད་ཀྱི་སླད་དུའོ།

སྙན་ངག

Post navigation

Previous Post: རྒྱང་རིང་གི་ཁྱེད་ཚོ། རྔ་བ་ཀུན་བཟང་སྒྲོལ་མ།
Next Post: ངོ་བོའི་ཆ་ནས་དངོས་གཙོ་དང་སེམས་གཙོ་གང་ཡིན་གླེང་བ།

Comments (3) on “རྡོ་སྐས་ཐོག་གི་གྲྭ་ཆུང་། དོན་གྲུབ་རྡོ་རྗེ།”

  1. གནམ says:
    2013-03-08 at 8:07 am

    བན་སེར་མོ་སྒར་ན་སྐྱིད་ཞིག་ཡོད།
    ཤ་ཐུག་པ་ཕོགས་འགྱེད་ཡོད་ན་སྐྱིད།
    ཞོ་འོ་མ་འབུལ་བ་ཡོད་ན་སྐྱིད།
    དངུལ་ཤོག་སྒོར་ཁ་གྲངས་མཐུག་ན་སྐྱིད།

    སྐྱིད་མི་ཆོག་བན་ཆུང་སྐྱ་སར་བབས།།
    ཟླ་མ་རག་སྡུག་གི་སེམས་པ་མནར།།
    རྒྱུ་མ་རྙེད་འཁོར་བར་ཡིད་ཐང་ཆད།
    ཆོས་འཇིག་རྟེན་མ་ཤེས་སྐྱོ་བ་སྐྱེས།།

  2. གཡུ་ཐོག་བུ། says:
    2013-03-08 at 10:47 am

    གནམ་ཟེར་བ་མྱི་ཞིག་གིས།
    བྱུང་མྱོང་བའི་སྐད་ཆ་ཞིག
    རང་ཐོག་ཏུ་བབས་པའི་གཏམ།
    འཛེམས་མེད་པར་ལྷུག་པོར་བཤད།

  3. རང་དབང་ཨ་རྡུ་མན། says:
    2013-03-08 at 8:34 pm

    བན་ཆུང་ཁྱེད་ནི་གཅེས་འོས་པའི་བཙུན་་ཆུང་དང་་་་་་་དུང་འོས་པའི་རབ་བྱུང་གསར་བུ་ཞིག་ལུས་ཡིན། གནའ་ནས་ད་བར་ཁྱེད་ལྟ་བུའི་སངས་རྒྱས་ཀྱི་ན་གཟའ་བཞེས་ངེས་ཚོར་ཁྱིམ་པ་ཀུན་ཀྱི་གུས་ཞབས་དང་མཆོད་པའི་ཞིང་དུ་བརྩིས་མོད།
    འོན་སྟངས་དེང་སང་གི་དུས་ངན་འདི་ལ་ནི་་་་ཁྱེད་ལ་དེ་ལྟ་བུའི་ལམ་ཁ་སྟེར་མཁན་མེད་ལ་རྩིས་བཀུར་ཞུས་མཁན་དེ་ཡང་མེད།
    དེ་ནི་སུས་བཟོ་པ་རེད་ཟེར་ན་་་་་་བརྡ་སའི་ཆོས་སྲིད་འདྲེས་མར་བྱེད་མཁན་ཚོགས་པ་དེས་བཟོས་པ་རེད་་་་་་
    དེང་སང་བོད་ཀྱི་གྲྭ་པ་དང་ཨ་ཉེ་ཚོ་ནི་་་་་་བོད་དམགས་རེད་ཟེར་ནས་འཛམ་གླིང་ཀུན་ལ་རླུང་ལྟར་གྲགས་ཡོད།
    དེ་ནི་དོན་དམ་པའི་ནང་ཆོས་ལ་དགའ་ཞེན་གནང་མཁན་སྐྱེ་བོ་སུ་ཡིན་རུང་་་སྙིང་ལ་ན་ཟུག་དྲག་པོ་ཞིག་གཏང་བར་ངེས།
    འོན་ཀྱང་བོད་པའི་སྤྱི་ཚོགས་ནང་ལོགས་དེ་ཚོ་ལ་སྣང་མེད་ལྟ་བུ་རེད་ཡ། སོང་ཙང་ང་ཡི་བརྩེ་བའི་གྲྭ་ཆུང་ལགས་་་་་ཆོས་ཡང་དག་པ་ཞིག་གནང་རོགས་ཐུགས་རྗེ་གཟིགས་་་་་་་སྲིད་ལམ་ནག་པོ་དེར་འཚང་ཁ་མ་བརྒྱོག་རོགས་་་་སྐུ་མཁྱེན།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme