Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཤུགས་དང་མཉམ་དུ་རྣམ་དཔྱོད་དེ་ཧ་ཅང་གལ་ཆེ།

Posted on 2013-03-072013-03-07 By ཁ་བརྡ་ 4 Comments on སེམས་ཤུགས་དང་མཉམ་དུ་རྣམ་དཔྱོད་དེ་ཧ་ཅང་གལ་ཆེ།

བསྟན་འཛིན་ཉི་མ།

གླིང་ཚ་ཚེ་བརྟན་རྡོ་རྗེ་མཆོག་གིས་རང་གི་ཨ་མ་གཅུང་མོ་མཉམ་དུ་༢༠༡༢ ཀྱི་སུམ་བཅུ་དུས་དྲན་ཉིན་ནས་འགོ་འཛུགས་ཀྱིས་ཞི་བའི་གོམས་བགྲོད་སྤེལ་སྐབས་ང་ཚོ་བོད་རིགས་སྤུན་ཟླ་ཤི་གསོན་གཉི་ཀར་ཧ་ལས་ཧོན་འཐོར་བཅུག་པ་རེད། དང་པོ་རྡ་སའི་གཙུག་ལག་ཁང་གི་མདུན་ཐང་ནས་བོད་ཀྱི་དར་ཆ་བསྒྲེངས་ནས་ཕེབས་སྐབས་གཟི་བརྗིད་ཀྱི་འོད་སྟོང་འཕྲོ་བཞིན་གཞིས་བྱེས་བོད་མི་ཚང་མ་སེམས་འགུལ་ཤུགས་ཆེར་ཐེབས་བཅུག་སོང་། འོན་ཀྱང་ཉིན་མ་མང་བོ་གོམ་བགྲོད་རྗེས་རང་ཚུགས་མེད་པ་འམ་སེམས་ལ་གདོན་ཞུགས་ནས་རྒྱ་མིའི་དར་ཆ་བསྒྲེངས་བ་རེད། དེ་མིན་བོད་མི་སུས་ཀྱང་རྒྱ་མིའི་དར་ཆ་བསྒྲེངས་མི་སྲིད། དེ་མ་ཐག་སྔར་གྱི་གཟི་བརྗིད་ཉམས། གཞོན་ནུ་ཚོགས་པ་གཙོས་བོད་རིགས་མི་དམངས་རྣམས་ཀྱིས་ཁོ་ལ་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་སོགས་བྱེད་པ་རེད། ད་ལོ་ཡང་མི་ངན་སེམས་ནག་ཁ་ཤས་ཀྱིས་རྒྱ་མིའི་དར་ཆ་བསྒྲེངས་བ་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་དོན་དངོས་སུ་གླིང་ཚའི་གཟི་བརྗིད་དེ་རྨང་ནས་མེད་པར་བཟོ་འདོད་པའི་སེམས་ངན་བཅངས་བཞིན་པ་རེད། དེ་འདྲ་ཡིན་ན་རང་སོ་སོར་རྒྱ་མིའི་དར་ཆ་བསྒྲེངས་ནས་དེ་ནས་གླིང་ཚ་ལ་ལབ་དང་། གླིང་ཚ་རང་གིས་ཀྱང་སེམས་ཤུགས་དང་མཉམ་དུ་རྣམ་དཔྱོད་གལ་ཆེ་བའི་གནས་ལུགས་ཤེས་པའི་ཐོག་ནས་སྔར་གྱི་ནོར་འཁྲུལ་ལ་བོད་ཀྱི་ཤི་གསོན་གཉིས་ཀྱི་མདུན་ནས་དགོངས་དག་ཞུ་ན་སྔར་གྱི་གཟི་བརྗིད་ཀྱང་སླར་གསོ་ཐུབ་ལ་བོད་ཤི་གསོན་གཉིས་ཀྱི་རྒྱབ་སྐྱོར་སླར་ཡང་ཐོབ་ཐུབ།

དེ་མིན་ད་ལོ་སུམ་བཅུ་དུས་དྲན་སྐབས་རྒྱ་མའི་དར་ཆ་བསྒྲེངས་ན་དེ་ནས་ཁྱོད་ཚར་སོང་ནི་རེད། ང་ཚོ་ཡང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཐག་ཆོད་ཡིན། ཁྱེད་རང་རྒྱ་མིའི་དར་ཆ་བསྒྲེངས་ཁུལ་གྱི་དམིགས་ཡུལ་དང་རྒྱུ་མཚན་ང་ཚོ་ཡང་ཧ་གོ་གི་འདུག། འོན་ཀྱང་རྒྱ་མི་གུང་བྲན་ཟེར་མཁན་འདི་གདུག་རྩུབ་ཧ་ཅང་ཆེ་བའི་ཤ་གཟན་གྱི་སྤྱང་ཀི་ཞིག་ཡིན་པར་བརྟེན་ཁོ་ལ་ཆོས་བཤད་ག་ཚོད་གནང་ནས་ཁོས་ཉན་ཁུལ་ག་ཚོད་བྱེད་ན་ཡང་ཁོས་ཤ་མ་གཏོགས་རྩྭ་མི་ཟ་བའི་གནས་ལུགས་ཤེས་དགོས། རྒྱལ་བ་ཐམས་ཅད་མཁྱེན་པས་ད་བར་དུ་སྤྱང་ཀི་དེ་ལ་ཞི་བ་སྙིང་རྗེ་ཆེན་པོས་བཀའ་སློབ་ཟབ་མོ་རབ་དང་རིམ་པ་གནང་བ་རེད། སྤྱང་ཀི་དེས་ཉན་ཡ་ཕར་བཞག་ད་དུང་ཚུར་སྲོག་ལ་རྒོལ་བཞིན་པ་དེ་ལྟར་རེད། དེར་བརྟེན་གུང་བྲན་སྲིད་གཞུང་འདི་མགོ་སྟིང་མ་སློག་པར་དུ་ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཁོ་ན་ལས་ཐབས་གཞན་མེད། རྣམ་དཔྱོད་མེད་ན་སེམས་ཤུགས་གཅིག་བུས་ཧ་ལོག་སྲིད་པས་རྣམ་དཔྱོད་བེད་སྤྱོད་གཏོང་རྒྱུ་གལ། རྣམ་དཔྱོད་དེ་ཡང་ཤེས་ལྡན་མང་པོར་བསམ་ཚུལ་དྲིས་ནས་དེ་ནས་ཚན་རིག་རང་བཞིན་གྱིས་ཐག་གཅོད་དགོས་པ་ལས་ཨུ་ཚུགས་ནམ་ཡང་བྱེད་མི་རུང་བོད་བཙན་པོའི་གདུང་བརྒྱུད་ཀྱི་གཞོན་སྐྱེས་ཚོ།

སྣ་ཚོགས།

Post navigation

Previous Post: མདོ་སྔགས་ཀྱི་ཆོས་ཚུལ་མདོར་བཤད་བྱིས་པ་འཇུག་བདེའི་འབབ་སྟེགས།
Next Post: བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གྱི་ལས་འགུལ།

Comments (4) on “སེམས་ཤུགས་དང་མཉམ་དུ་རྣམ་དཔྱོད་དེ་ཧ་ཅང་གལ་ཆེ།”

  1. ཞི་བདེ says:
    2013-03-08 at 4:34 am

    ངོ་མ་རེད་དགྲ་བོ་རྒྱ་དམར་གི་རྒྱལ་དར་ཁུར་ན་ངོ་རྒོལ་བྱེད་ངེས་ཡིན།

  2. ཀ་ར་རྡོ says:
    2013-03-08 at 6:17 am

    ངོ་མ་རེད་། རྒྱ་དར་ལ་ངོ་རྒོལ་ལས་ཡོད་། བཙན་བྱོལ་ལ་འོངས་ནས་ཕྱིར་རང་གི་བོད་ཀྱི་ས་ཐོག་ལ་རྒྱ་དར་ཞིག་ལས་འཁུར་མ་ཤེས་པའམ་མ་བཏུབ་པ་ཡིན་་ན་མི་ཧྲ་གི། དེ་ལས་ལག་ན་ཅི་ཡང་མེད་པར་ལོག་ནའང་མི་སྐྱོན་གི་མོ། ཅུང་གཙང་མའང་རེད་འདོད་དོ། སྤྱིར་གི་ལས་འགུལ་རྩོམ་མཁན་དག་གིས་རྒྱ་བོད་ལོ་རྒྱུས་ལ་བརྩི་བཀུར་རང་ལས་མཐོ་བ་བྱས་ན་དཀར་ནག་གི་དབྱེ་བ་རང་བཞིན་གྱིས་གསལ་འོངས་པ་རེད། ཁ་སང་གི་རྩོམ་ཡིག་བཀླགས་ཚེ་ གླིང་ཚས་་སེམས་ཤུགས་ཀྱིས་དམ་བཅའ་བཞག དམ་བཅའ་ཨུ་ཚུགས་ཁོ་ནས་འཁུར་གྱིན་པའི་ཉམས་སྣང་འདུག མྱི་ཁ་རྒོད་པོ་དང་མྱི་སེམས་ནག་པོ་དག་གི་བར་ནས་ཅུང་སེམས་ལ་དཀའ་ངལ་གྱི་འགྱོད་གདུང་འོང་གི་ཡོད་པ་འདྲ། གཏན་ཚིག་གི་རྒྱུ་མཚན་མེད་ཚེ་་ལས་འགུལ་ནོར་བ་འམ་འདུག་སྲིད་གི་རེད་་་་བྱ་བ་གང་དང་གང་ཡིན་ནའང་སེམས་ཤུགས་ཁོ་ནས་བག་ལ་ཞ་མི་ཉན་པར་འདོད།

  3. མིའུ་ཕྲུག says:
    2013-03-08 at 9:51 pm

    ཚིག་གཅིག་ཞུ་འདོད་པ་ནི་རྒྱ་མིའི་དར་ཆ་ཁྱེར་བ་ཁོ་རང་སྒེར་གྱིས་འདོད་མོས་དང་སྒེར་གྱི་གནས་སྟངས་ཐོག་ནས་བེད་སྤྱོད་བྱེད་རྒྱུ་ཡིན་སྟབས་ང་ཚོ་སུས་ཀྱང་དཀག་འགོག་བྱེད་མི་ཐུབ་ལ་བྱེད་དབང་ཡང་ཡོད་རྒྱུ་མ་རེད། རྒྱ་མའི་དར་ཆ་ཁྱེར་བཞིན་ས་ཡ་དྲུག་གི་བུ་ཟེར་བའི་མིང་འདི་བེད་སྤྱོད་གཏོང་རྒྱུའི་དབང་ཆ་ནི་ཚེ་རྡོ་ལ་མེད་ངེས་ཡིན། གལ་སྲིད་དར་དམར་ཁྱེར་ཏེ་དཀའ་ལས་རྒྱག་ཡོད་པའི་རྒྱུ་མཚན་གྱིས་མིང་དེ་ལྟར་བེད་སྤྱོད་གཏོང་བཞིན་ཡོད་ན་བཅིང་གྲོལ་དམག་ལ་ཡང་མིང་དེ་འབོད་ཆོག་ངེས་སུ་མཐོང་།

  4. མིའུ་ཕྲུག says:
    2013-03-08 at 9:51 pm

    རྒྱ་མིའི་དར་ཆ་ཞེས་བཅོས་རོགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme