Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་དྲིན་རྗེས་དྲན། ཆབ་མདོ་ངག་ཕུན།

Posted on 2013-03-072013-03-07 By ཁ་བརྡ་ 7 Comments on བཀའ་དྲིན་རྗེས་དྲན། ཆབ་མདོ་ངག་ཕུན།

གསུམ་བཅུ་དུས་དྲན་ང་བཞི་འཁོར་བའི་དཔའ་བོ་དཔའ་མོ་ཡོངས་ལ་བཀའ་དྲིན་རྗེས་དྲན།

བོད་ཆོས་ལྡན་གངས་ལྗོངས་ཀྱི་ཞིང་ལ།།

རྒྱ་དམར་པོའི་ཁ་དབྱངས་དེ་སྒྲོག་ནས།།

རྒྱ་ཆེ་བའི་གངས་ལྗོངས་ཀྱི་མི་ལ།།

ཆེས་བདེ་སྐྱིད་བསྐྲུན་མཁན་དེ་ཡིན་ཟེར།།

བོད་མི་མང་མགོ་སྐོར་དེ་བཏང་ནས།།

བོད་མི་རིགས་རྩ་ཆེ་ཡི་རིག་གཞུང་།།

ཆེས་རྗེས་ལུས་ཡིན་རབ་ལ་བསྙད་དེ།།

ཚད་མེད་པའི་གཏོར་བཤིག་དེ་བཏང་སོང་།།

བོད་གངས་ལྗོངས་ཆོས་ལྡན་གྱི་ཞིང་ནི།།

ཆེས་ལོ་རྒྱུས་ཡུན་རིང་ལ་ལྡན་ཞིང་།།

བོད་རང་དབང་གཙང་མ་དེ་ཡིན་ཡང་།།

དུས་དེང་སྐབས་རྒྱ་གཞུང་གིས་ཁྲེལ་མེད།།

བོད་རྒྱ་ཁོངས་ཡིན་ཚུལ་གྱི་རྫུན་སྒྲོག།

དུས་རྟག་ཏུ་ཆད་མེད་ལ་སྒྲོག་གིན།།

ད་སྒྲོག་ཀྱང་ཕན་ཐོགས་ལ་མེད་པར།།

བློ་གཟུ་བོའི་འཛམ་གླིང་གི་མི་སྣས།།

བོད་ཆོས་ལྡན་ཞིང་ཁམས་ཀྱི་ལོ་རྒྱུས།།

ཁྲ་ལྷང་ངེར་ཚང་མ་ལ་ཤེས་སོང་།།

རྒྱ་དམར་པོའི་སྟོང་བཤད་ལ་འགྱུར་སོང་།།

རྒྱ་གུང་ཁྲན་དམར་པོ་ཡི་གཞུང་གིས།།

བོད་གངས་ལྗོངས་ཆོས་ལྡན་གྱི་ཞིང་ལ།།

སྐྱིད་ཉི་མའི་འོད་སྟོང་ལྟར་ཡོད་ཟེར།།

དེ་ཡོད་ན་གུང་ཁྲན་ལ་ངོ་རྒོལ།།

བྱེད་དགོས་པའི་གནད་དོན་དེ་མེད་དོ།།

རྒྱ་དམར་པོ་བཙན་འཛུལ་ལ་བྱས་བཟུང་།།

བོད་གངས་ལྗོངས་ཁྲག་དམར་དེ་བསྒྱུར་སོང་།།

བོད་གཞིས་ལུས་མི་དམངས་ཀྱི་སེམས་ཁམས།།

ཉིན་གཅིག་ཀྱང་བདེ་སྐྱིད་ལ་མེད་པའི།།

ཆེས་ཁྲག་དང་མིག་ཆུ་དེ་བསྒྱུར་སོང་།།

ལོ་ཉིས་སྟོང་བརྒལ་བ་ཡི་རྒྱལ་རབས།།

བོད་རང་བཙན་གཙང་མ་ཡི་རྒྱལ་ཁབ།།

ཕྱི་དུས་རབས་ཉི་ཤུ་ཡི་ནང་ལ།།

རྒྱ་དམར་པོས་དྲག་པོ་ཡི་དཔུང་འཇུག།།

ཆེས་གདུག་རྩུབ་དྲག་གནོན་གྱིས་བོད་ཡུལ།།

བོད་མི་རིགས་འབུམ་ཕྲག་ལ་བཅུ་གཉིས།།

རྒྱ་དམར་པོས་ཚེ་སྲོག་དེ་འཕྲོག་སོང་།།

 

ཕྱི་ལོ་ང་དགུ་ལོ་ལ། །སྔ་མེད་གངས་ལྗོངས་ས་ཁུལ།།

དུས་འགྱུར་རླུང་འཚུབ་བྱུང་སྟེ། །བོད་ཀྱི་ལོ་རྒྱུས་ནང་ལ།།

གོད་ཆག་མགོ་འཛུགས་བྱུང་ངོ་། །ཕྱི་ལོ་ང་གཅིག་ལོ་ལ།།

རྒྱ་ནག་དམར་པོ་གཞུང་གིས། །བཙན་པོ་དབང་ཡོད་ཐོག་ནས།།

བོད་རྒྱ་གྲོས་མཐུན་འཇོག་དགོས། །རྒྱ་ནག་ཡོང་དགོས་བརྗོད་ལྟར།།

རང་གཞུང་སྐུ་ཚབ་འགའ་ཤས། །རྒྱ་ནག་ཡུལ་ལ་ཕྱིན་ཡོད།།

གྲོས་མཐུན་དོན་ཚན་བཅུ་བདུན། །རྒྱ་གཞུང་འདོད་མོལ་ནང་ལྟར།།

རང་རེའི་སྐུ་ཚབ་རྣམས་ལ། །འཇིགས་སྐུལ་སྣ་ཚོགས་བྱས་ནས།།

རྒྱ་ནག་པེ་ཅིང་ནང་ལ། །ས་རྟགས་རྒྱབ་དགོས་བྱུང་ཡོད།།

རང་རེའི་སྐུ་ཚབ་རྣམས་ཀྱིས། །རྟགས་ཐེ་མེད་ཚུལ་བརྗོད་སྐབས།།

རྒྱ་ནག་དམར་པོའི་གཞུང་གིས། །རྟགས་ཐེ་རྫུས་མ་བཟོས་ཏེ།།

ཡིག་ཆ་ཁུངས་ལྡན་ཡོང་ཆེད། །རྟགས་ཐེ་བཙན་གྱིས་ཕབ་བཅུག།

རང་གཞུང་ངོས་ཀྱི་ཕྱོགས་ནས། །གྲོས་མཐུས་འདོད་མོལ་མེད་ཀྱང་།།

རྒྱ་ཆེ་མི་མང་རྣམས་ལ། །བརྡབ་གསིག་མི་ཡོང་ཆེད་དུ།།

མི་ལོ་དགུ་ཙམ་རིང་དུ། །རྒྱ་དམར་གཞུང་ལ་མཐུན་ལམ།།

གང་གཟབ་ལྷོད་མེད་གནང་ཡང་། །རྒྱ་ནག་དམར་པོའི་གཞུང་གི།

རྣམ་འགྱུར་གདུག་རྩུབ་སྟོན་ནས། །སྐུ་ངལ་ཚད་མེད་བཟོས་ཡོད།།

ང་ལྔའི་ལོ་མཇུག་ཙམ་ལ། །བོད་ཀྱི་ས་གནས་འགའ་ལ།།

དཀའ་ངལ་ཚད་མེད་འཕྲད་ནས། །མཐའ་མ་ང་དགུ་ལོ་ལ།།

གངས་ལྗོངས་བོད་འབངས་ཡོངས་ཀྱིས། །ཞི་བའི་ངོ་རྒོལ་ཐོག་མར།།

རྒྱ་ནག་དམར་པོའི་གཞུང་གིས། །ཁྲག་དྲི་བྲོ་བའི་དྲག་གནོན།།

སྙོམ་ཆུང་བོད་མིའི་དུ་མ། །དམར་བསད་ཁྲག་ལ་བསྒྱུར་ཡོད།།

ང་ཚོའི་ལོ་རྒྱུས་དེ་ནི། །ནམ་ཡང་བརྗེད་ཐབས་མེད་དོ།།

གངས་ལྗོངས་བོད་འབངས་ཡོངས་རྫོགས། །གཞིས་བྱེས་གཉིས་སུ་འགྱེལ་ནས།།

ཁྲག་དང་མིག་ཆུའི་འོག་ཏུ། །མི་ལོ་ང་བཞི་འཁོར་བ།།

མི་ལོ་དེ་དག་ནང་དུ། །རྒྱ་ནག་དམར་པོ་གཞུང་གིས།།

བོད་ཡུལ་མེད་པ་བཟོ་ཐབས། །ལས་འགུལ་སྣ་མང་སྤེལ་ཡང་།།

གཞིས་ལུས་རྒྱ་ཆེ་མི་མང་། །སྙིང་སྟོབས་རི་བཙུགས་ནང་བཞིན།།

འགྱུར་མེད་བརྟན་པོའི་ཐོག་ནས། །སེམས་ཤུགས་ཞུམ་མེད་ཐོག་ནས།།

བོད་དོན་བདེན་མཐའ་རྩོད་ཡོད། །བོད་ཀྱི་ཆོས་དང་རིག་གཞུང་།།

ཡོངས་རྫོགས་མེད་པ་བཟོ་རྒྱུའི། །དམིགས་ཡུལ་ངན་པ་བཟུང་ནས།།

དྲུག་ཅུ་རེ་དྲུག་ལོ་ནས། །རིག་གནས་གསར་བརྗེ་ཞེས་པའི།།

ལས་འགུལ་གདུག་རྩུབ་སྤེལ་ནས། །གཏོར་བཤིག་ཚད་མེད་བཏང་ཡོད།།

དེ་ནས་རིམ་གྱི་བོད་ལ། །ཆབ་སྲིད་ཕྲན་བུ་གུ་ཡངས།།

གཞིས་བྱེས་ཉེ་འཕྲད་འགྲོ་ཡོང། །ཆོག་པའི་དུས་སྐབས་བྱུང་ཡོད།།

རྒྱ་དམར་གུང་ཁྲན་ཏང་གིས། །བོད་མིའི་མགོ་སྐོར་གཏོང་ཆེད།།

ཐབས་ལམ་འདྲ་མིན་སྣ་ཚོགས། །བོད་མི་བསླུ་ཐབས་བྱས་ཀྱང་།།

གཞིས་ལུས་བོད་མི་རྣམས་ཀྱི། །ཡོད་ཚད་བློས་བཏང་གནང་ནས།།

ཕྱི་ལོ་གྱ་བདུན་ལོ་ལ། །ཞི་བའི་སྐད་འབོད་གནང་ཡོད།།

རྒྱ་ནག་དམར་པོའི་གཞུང་གིས། །སྙོམ་ཆུང་བོད་རིགས་ཐོག་ལ།།

དེང་དུས་འཕྲུལ་འཁོར་སྤྱད་དེ། །དྲག་གནོན་ཚད་མེད་བྱས་ཡོད།།

དེ་ནས་ཉིས་སྟོང་བརྒྱད་ལོ། །ཆོལ་གསུམ་བོད་རིགས་ཡོངས་ཀྱི།།

སེམས་ནང་དཀའ་སྡུག་སྟོན་པས། །རྒྱ་ནག་དམར་པོའི་གཞུང་གིས།།

ཁྱོད་ཤི་ང་གསོན་བརྗོད་དེ། །དྲག་གནོན་ཚད་མེད་བྱས་ཡོད།།

དེ་འདྲའི་གནས་སྟངས་འོག་ནས། །ཕྱི་ལོ་ཉིས་སྟོང་དགུ་ནས།།

རང་རེའི་རྒྱལ་གཅེས་པ་རྣམས། །ཡོད་ཚད་མི་རིགས་རྩ་དོན།།

ཆེད་དུ་སྐུ་ལུས་མཆོད་མེ། །སྒྲོན་མཁན་དཔའ་བོ་དཔའ་མོ།།

བརྒྱ་དང་བདུན་ལ་སླེབས་ཡོད། །ད་དུང་བཙན་རྒྱལ་དམར་པོས།།

ངོ་ཚ་ཁྲེལ་གཞུང་མེད་པའི། །དེ་དག་ངན་བསྐུལ་བྱེད་མཁན།།

བཙན་བྱོལ་བོད་གཞུང་ཡིན་ཟེར། །ཁུངས་ལུང་མེད་པའི་འཆམ་གཏམ།།

ད་ནས་མཚམས་འཇོག་བྱས་ནས། །དངོས་ཡོད་བོད་མིའི་ཐོག་ལ།།

ངེས་པར་དགོངས་པ་བཞེས་དགོས། །ང་ཚོ་གངས་ཅན་བོད་མི།།

གཞིས་བྱེས་གཉིས་སུ་འགྱེལ་ནས། །ཁྲག་དང་མིག་ཆུ་འོག་ཏུ།།

འཚོ་བ་སྐྱུར་མོ་རོལ་ནས། །མི་ལོ་ང་བཞི་འཁོར་སོང་།།

ད་ནི་བོད་རིགས་ཡོངས་རྫོགས། །རྡོག་རྩ་གཅིག་བསྒྲིལ་གནང་ནས།།

རང་དབང་བདེན་དོན་རྩོད་དགོས། །རང་དབང་མྱུར་དུ་འཐོབ་པའི།།

གསོལ་བ་སྨོན་ལམ་འདེབས་སོ།།

སྙན་ངག

Post navigation

Previous Post: ངའི་ཤུལ་ཏུ་ལུས་པའི་ཕ་མ་གཉིས་དང་ནང་མི་བུ་ཕྲུག་ཚོ།
Next Post: སེམས་ཅན་དམྱལ་བའི་སྲུང་མ་རྣམས་འགྲོ་བ་རང་རྒྱུད་པ་ཡིན་མིན་གྱི་སྐོར།

Comments (7) on “བཀའ་དྲིན་རྗེས་དྲན། ཆབ་མདོ་ངག་ཕུན།”

  1. དཔའ་བོ་། says:
    2013-03-07 at 7:23 am

    ཡག་པོ་འབྲི་འདུག་ཐུགས་རྗེ་ཆེ་།

  2. ཨ་ཕྱི་ཆོས་སྒྲོན says:
    2013-03-07 at 8:31 am

    སྙིང་སྟོབས་གཅིག་ཏུ་སྒྲིལ།
    གདོད་མའི་མི་རིགས་རང་གཤིས་གཅེས་སེམས་ཤིག་མངོན་ན།།
    གདོང་དམར་ཚང་གི་ལས་དབང་བསམ་ཤེས་ཤིག་གནང་དང་།།
    ཡབ་མེས་བཙན་པོའི་རྐང་ཤུལ་སྙིངས་སྟོབས་དེ་འཚོལ་བཞིན།།
    མཐོ་སྒང་ཆོལ་གསུམ་བོད་པའི་སྐད་གདངས་རྣམས་མ་བརྗེད།།

    གངས་རིའི་ལས་དབང་དར་རྒུད་དྲན་འདང་ཞིག་ཡོད་ན།།
    མགོ་ནག་བོད་པ་རྣམས་ཀྱིས་མཐུན་སྒྲིལ་ཞིག་གནང་དང་།།
    མ་འོངས་གངས་རིའི་བདེ་སྡུག་ལས་དབང་དེ་འཚོལ་བཞིན།།
    ཡབ་མེས་བཙན་པོའི་མཁར་རྫོང་བརྗིད་རྔམས་དེ་མ་བརྗེད།།

    རང་གཞན་རྣམ་ཀུན་སྨན་པའི་བརྩེ་སེམས་ཤིག་མཆིས་ན།།
    སྦྲ་ནག་བོད་པ་རྣམས་ཀྱིས་མཐུན་སྒྲིལ་ཞིག་བརྩོན་དང་།།
    ཁ་བའི་སྐྱིད་སྡུག་རིང་ལུགས་འདུན་དོན་དེ་འཚོལ་བཞིན།།
    ཕོ་བྲང་དམར་པོའི་ཞིངས་ཁམས་འོད་མདངས་དེ་མ་བརྗེད།།

    དུས་རབས་གསར་པའི་མདུན་སྐྱོད་འཚོ་ལམ་ཞིག་དྲན་ན།།
    དེ་དང་མཐུན་པའི་རིག་ལམ་གསར་གཏོད་ཅིག་སྐྲུན་དང་།།
    ཡབ་མེས་སྲོལ་བཟང་སྐྱོང་བའི་འདུན་དོན་དེ་འཚོལ་བཞིན།།
    དུས་རབས་གསར་རྙིང་ཀྱོག་མཚམས་ཉམས་རྒུད་དེ་མ་བརྗེད།།

    ཡར་ཐོན་རྒྱལ་ཁམས་འགྲན་པའི་ཤེས་ཡོན་ཞིག་བསམ་ན།།
    ཀ་དམ་སུམ་ཅུའི་སྐད་གདངས་ལྷད་མེད་ཅིག་གནང་དང་།།
    མི་རིགས་བདེ་སྡུག་སེལ་བའི་ཐབས་ལམ་དེ་འཚོལ་བཞིན།།
    རང་རེའི་ཆོལ་གསུམ་གདོང་དམར་མཐུན་སྒྲིལ་དེ་མ་བརྗེད།།

    རང་ལས་གཞན་གཅེས་སེམས་པའི་བློ་དཀར་ཞིག་དྲན་ན།།
    རང་རེའི་གྲུབ་མཐའ་ཀུན་གྱིས་མཐུན་སྒྲིལ་དེ་གནང་དང་།།
    མཐོ་སྒང་བོད་པའི་ལས་དབང་བསོད་ནམས་དེ་འཚོལ་གྱིན།།
    ཡབ་མེས་སྦྲ་ནག་གཡང་དཀར་ལྷོད་འཇམ་རྣམས་མ་བརྗེད།།

    མཐོ་སྒང་བསིལ་ལྡན་བོད་པའི་མཁར་རྫོང་རྣམས་དྲན་ན།།
    མཐོ་སྒང་ཆོལ་གསུམ་བོད་པའི་སྙིང་སྟོབས་གཅིག་ཏུ་སྒྲིལ།།
    མཐོ་སྒང་མི་རིགས་མདུན་སྐྱོད་ལེགས་ལམ་དེ་འཚོལ་བཞིན།།
    མཐོ་སྒང་གདོང་དམར་ཡིན་པའི་བསམ་ཤེས་བཅས་མ་བརྗེད།།

  3. བན་དེ་བ། says:
    2013-03-07 at 8:50 am

    ༼རང་ལས་གཞན་གཅེས་སེམས་པའི་བློ་དཀར་ཞིག་དྲན་ན།།
    རང་རེའི་གྲུབ་མཐའ་ཀུན་གྱིས་མཐུན་སྒྲིལ་དེ་གནང་དང་།།
    མཐོ་སྒང་བོད་པའི་ལས་དབང་བསོད་ནམས་དེ་འཚོལ་གྱིན།།
    ཡབ་མེས་སྦྲ་ནག་གཡང་དཀར་ལྷོད་འཇམ་རྣམས་མ་བརྗེད།།༽
    མི་འདི་ཡི་ཁ་ནས་འདི་འདྲ་ཐོན་ཡོང་གི་འདུག
    གདོང་དམར་མི་རིགས་མཐུན་བསྒྲིལ་ཞིག་དགོས་ན།
    ཆོས་ལུགས་ཆགས་སྡང་སྨྱོས་ཆུ་དེ་སྤོང་རོགས།
    གངས་པ་ཅན་ལ་ཞི་བདེ་ཞིག་སེམས་ན།
    མཐོ་དམན་ཀུན་ལ་སྐུར་འདེབས་དེ་འདོར་རོགས།

  4. སྟོན་ཁ། says:
    2013-03-07 at 10:13 am

    ལོ་རྒྱུས་ཀྱི་གོ་རིམ་ལྡན་པའི་ཐོག་ནས་གོ་སླ་བོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ།

  5. མ་ཧཱ་སིདྡྷི། says:
    2013-03-07 at 1:41 pm

    ཕུགས་ཀྱི་དམིགས་ཡུལ་རང་བཙན་གཙང་མ་ཡི་ལོ་ཏོག། (རང་བཙན)
    འཕྲལ་གྱི་ཁེ་ཕན་སོག་མའི་ཕུན་པོ་ལ་རྗེས་ན།། (དབུ་མ)
    ཡུན་རིང་མུ་གེས་མནར་བའི་གངས་ཅན་པའི་ཞིང་པ།།
    མངོན་འདོད་གང་ཡིན་ཁྱེད་ཀྱི་སེམས་ཁུངས་ནས་མ་བརྗེད།

  6. དགའ་སྐྱིད་ says:
    2013-03-07 at 8:29 pm

    ཆབ་མདོ་ངག་ཕུན་ལགས་ཚེ་རིང་ནད་མེད་བེད་སྐྱིད་ཕུན་གསུམ་ཚོགས། ཙོམ་འདིར་བོད་གངས་ཕྲུག་ངོམ་མ་་རང་རེདའདུག་་།པ དེ་རིང་ཉི་མ་ཧ་ཅང་སྐྱིད་པོ་འབྱུང་། ཐུགས་རྗེ་ཆེ་ཆབ་མདོ࿒ངག་ཕུན་ལགས་། མཆན་ཡང་྄༤ བར་ཡག་པོ་འབྲིས་འདུག་བོད࿒མི་རིགས་ཀྱི་འགན࿒འཁྱེར࿒འདུག࿒། འཁྱེར་ལ་ང་དང་གྲོགས་པོ་ཚང་མས་ས྄

  7. དགའ་སྐྱིད་ says:
    2013-03-07 at 8:36 pm

    ཡབ་མེད་བཙན་པོའི་ཡོད་ན་དགའ་བར࿒ལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme