ཧི་མ་ལ་ཡའི་འཕྲུལ་སྨྱུག
བོད་པ་ཚོས་གློ་པད་མ་བཀོད་དུ་རྩམ་པའི་ཕུག་པ་དང༌། འོ་མའི་ཆུ་མགོ་ཡོད། རྒྱ་གུང་ཕྲང་ཏང་གིས་མི་རྒན་པ་ཚོ་གསོན་བཤའ་དང༌། ཕྲུ་གུ་ཚོ་གསོན་བཙོ་བྱེད། ཅེས་སོགས་བཤད་མྱོང་བ་དེ་དག་དང་འདྲ་པོ་འདུག་སྟེ། སྙིང་རྗེ་བའི་གནས་སོ།། ༼ཡོངས་གྲགས་གློ་བོ་ཞེས་པའི་ས་ཆ་དེ་ནི། ད་ལྟའི་བ་ཡུལ་རྒྱལ་ཁབ་ཀྱི་ཁོངས་གཏོགས་གློ་ཆུ་མིག་བརྒྱ་རྩའི་ཞེས་པ་དེའི་སྐོར་དུ་ཡིན་ཞིང༌། དེ་ཡི་ས་མཚམས་ནི། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་འབྲོང་པ་རྫོང་དང༌། ས་ག་རྫོང་གཉིས་ཀྱི་མཐའ་མཚམས་སུ་འཁེལ་གྱི་ཡོད་ལ། པདྨ་བཀོད་ལ་གཉིས་ཡོད་པ་ལས། པདྨ་བཀོད་ཆུང་ནི། ཀོང་པོ་སྨིན་གླིང་རྫོང་གི་ཁུངས་སུ་གཏོགས་ལ། པདྨ་བཀོད་ཆེན་ནི། རྒྱ་གར་མོན་ཏ་དབང་ཨ་རུ་ཎ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་ཀྱིན་ཡོད་ན། ས་འབྲེལ་གྱི་ཆ་ནས་འགབ་ཐུག་མིན་རྒྱ་བོད་བལ་གསུམ་གྱི་ས་ཁྲ་ལ་གཟིགས་ན་ཐེ་ཚོམ་སེལ་ནུས་སུ་ངེས་སོ།།༽
ང་ལོ་བཅུ་བཅུ་གཅིག་ཙམ་ལ་གློ་ཆུ་མིག་བརྒྱ་རྩ་ཚར་གཉིས་ཙམ་མཇལ་མྱོང་། དཀྱིལ་དུ་ལྷ་ཁང་ཅིག་འདུག དེའི་ནང་གི་སྐུ་འདྲ་དེ་ཚོ་མི་དྲན་ཡང་། དེའི་ནང་ལ་ཆུ་ལ་མེ་འབར་ཞེས་མེ་ཆན་པོ་ཅིག་འབར་བགྱིན་འདུག དེའི་ཟུར་ཅིག་ན་རྡོ་ཆེན་པོའི་ཅིག་གི་འོག་ལ་་མེ་སྔོ་རིལ་རིལ་ཆུང་འགའ་མཇལ་རྒྱུ་འདུག དེ་ཚོ་ད་ལྟ་ཡང་མིག་སྔར་དྲན་ཡང་། འདི་འདྲ་སྔོན་གནས་ཡིན་ནའང་སྙམ་པའི་ད་ལྟ་ཐེ་ཚོམས་ཀྱང་ཟ་བགྱིད་འདུག ཁྱད་མཚར་རེད།
ཆན་པོ་་་ཆེན་པོ་དང་། སྔོན་གནས་དངོས་གནས་ལ་བཅོས།
དེ་ལ་ཁྱད་མཚར་དགོས་མ་རེད། དེ་ཚན་རིག་པས་བརྟག་དཔྱད་བྱས་དུས་ས་དེ་གར་ས་སྣུམ་ཡོད་འདུག་ཅེས་བཤད་སོང། ནང་ཧིན་པས་དེ་ཡ་མཚན་དུ་བརྩིས་ཏེ་གནས་ཡི་་ཟེར་ནས་ནང་ཧིན་གཉིས་སུ་ཐོབ་ཀྱི་འགྲན་རྩོད་ཀྱང་འདུག
མ་གཞི་ནས་གློ་བ་པདྨ་བཀོད་ནུབ་ཕྱོགས་སུའང་ཡོད་ཆོག་གང་ཡིན་ཟེར་ན་ཕུག་པ་ཡ་མཚན་པ་དེ་འདྲའི་རིགས་ནི་གྷུ་རུའི་སྒྲུབ་ཕུག་རེད་ཅེས་བཤད་ཀྱི་འདུག་གང་ཤེས།
རྒན།
ཀློ་པད་མ་བཀོད་རེད་དམ། གློ་པད་མ་བཀོད་རེད་དམ། ང་ཚོས་ཀོང་པོའི་མཐིལ་གྱི་མི་རྣམས་ལ་ཀློ་པ་ཟེར་སྲོལ་འདུག ལ་ལས་ཀློ་མ་རེད་ལྷོ་རེད་ཟེར། དགེ་ཆོས་ཀྱིས་ལྷོ་ལ་འདོད་སྙམས་མོད།
ད་ལྟ་བོད་ནང་ལ་རྒྱ་མིས་ཀློ་པ་མི་རིགས་ཅེས་ཟུར་དུ་ཕྱུང་ནས། ཁོང་ཚོ་བོད་པའི་མི་རིགས་ལས་ལོགས་སུ་གྱེ་བར་བྱེད།
ཧི་མ་ལ་ཡའི་འཕྲུལ་སྨྱུག་འདི། ཀློ་བ་ཞིག་ཡིན་པ་འདྲ་བོད་ཀྱི་ཁ་སྐད་ཀྱི་འགྲོས་དང་རྡ་དག་གང་ལ་ཡང་ཞུན་ཆ་མེད་པའི་ཐོག་རྐུན་རྩོམ་ལེབ་བཤུས་ལ་ཚིག་རེ་གཉིས་ལ་མཆན་བུ་རྒྱབ་པར་སྣང་། ཡང་ན་ར་ཟི་བའི་སྐབས་སམ་གཉིད་མ་ཐམ་ཐོམ་ལ་བྲིས་བ་ཡིན་སྲིད། འཕྲུལ་སྨྱུག་ཟེར་བའི་མིང་འདི་ཡང་ཕྱེད་རྐུན་མ་རྒྱབ་པ་རེད། རིག་པའི་དཔའ་བོ་ཚ་བའི་མདའ་སྨྱུག་གི་མིང་ཕྱེད་རེད། ག་རེ་མཚོན་ཡོད་ཟེར་ན་ཁོ་རང་གི་མི་གཤིས་དམར་རྗེན་དུ་བུད་བ་མཚོན་ཡོད།
གློ། བློ། ཀློ། གློ་བོ། བློ་བོ་བཅས་འབྲི་ཚུལ་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་བློ་བོ་རང་དུ་བྲིས་པའི་ཡིག་ཆ་རྙིང་པ་དང་རྒྱལ་རབས་ཆོས་བྱུང་སོགས་ཀྱི་ནང་ལ་བློ་བོ་ཟེར་ནས་བྲིས་ཡོད། གློ་བོའི་སྐོར་བོད་ཕྱོགས་ནས་བྲིས་པའི་གྷུ་རུའི་པདྨ་བཀའ་ཐང་དང་དེ་བཞིན་བླ་མ་གོང་མའི་མཛད་རྣམས་སོགས་སུ་ག་གློ་བྲིས་པ་མཐོང་རྒྱུ་ཡོད་ལ། ཡང་སྡེ་དགེ་པར་ཁང་གི་དཀར་ཆག་གཅིག་གི་ནང་བློ་བོ་ལ་ཀ་ཀློ་བྲིས་པའང་ཡོད།། གང་ལྟར་བློ་བོའི་ནང་གྷུ་རུའི་གནས་བྱིན་ཅན་མང་པོ་མཇལ་རྒྱུ་ཡོད་པ་རེད། དཔེར་་ན་གྷུ་རུའི་གདན་ས་གནས་ཆེན་བློ་བོ་དགེ་སྒར་དང་སྐུ་ཚབ་གཏེར་ལྔ། འོ་མའི་མཚོ། གསེར་གྱི་རི་བདུན། གྲུབ་ཆེན་བརྒྱད་བཅུས་བྱིན་གྱིས་བརླབས་པའི་གནས་ཆེན་ཆུ་མིག་བརྒྱ་ཚ། གྷུ་རུ་གསང་ཕུག དམུ་ལི་གངས་ཆེན་བཅས་ཡོད། གནས་རྣམས་ཀྱི་ནང་ནས་བློ་བོ་དགེ་དཀར་་ནི་བོད་ཀྱི་བསམ་ཡས་དགོན་པ་མ་ཞེངས་སྔོན་དུ་གྷུ་རུ་རིན་ཆེས་སྲིན་མོ་བཏུལ་རྗེས་སྲིན་མོའི་རྐང་ལག་བཞིའི་སྟེང་དུ་མཆོད་རྟེན་བརྒྱ་དང་བརྒྱད། སྲིན་མོའི་མགོ་ལ་ལྡེའུ་ནག་པོ་བདུན་དང་སྲིན་མོའི་སྙིང་ཁའི་སྟེང་བློ་བོ་དགེ་དཀར་དགོན་ཐོག་ཚད་དགུ་དང་ལྡན་་པ་བཞེངས་ཡོད་པ་ནི་གྷུ་རུའི་རྣམ་ཐར་ པདྨ་བཀའ་ཐང་སོགས་ལས་གསལ་ལོ།
གློ་བོ་དང་ཀློ་པདྨ་བཀོད་གཉིས་ཁ་ཁ་རེད། ཀློ་བ་ཟེར་བ་ཟེར་བ་དེང་སང་པདྨ་བཀོད་དང་ས་འབྲེལ་སུ་ཆགས་ཡོད་ཅིང་། བོད་ལྗོངས་མེ་ཏོག་རྫོང་ཁོངས་ཀྱི་མི་ལའང་མོན་པ་དང་ཀློ་བ་སོགས་སུ་འབོད་ཅིང་། ཀློ་ཁ་ཁྲ་ཞེས་པ་ཙ་རིའི་ཕྱོགས་ལ་བྱུང་མྱོང་ཡོད་པས་སྔོན་མ་ཀློ་མོན་ཟེར་བ་ཀོང་པོ་སོགས་ནས་རིམ་བཞིན་མོན་དང་འབྲུག་ཡུལ་ཕྱོགས་ལ་གོ་བར་འདུག ཀློ་བ་ཞེས་པ་ནི་ཤིང་ནགས་སུ་གནས་པའི་གདོད་མའི་མི་ཚེ་སྐྱེལ་སྟངས་ཀྱི་འཚོ་མཁན་རྣམས་ལ་ཟེར། དེང་སང་ཀློ་བ་ཞེས་པའི་ཡུལ་དེ་པདྨ་བཀོད་དང་ས་འབྲེལ་དུ་ཡོད་པས་ཀློ་པདྨ་བཀོད་ཅེས་བརྗོད་ཆོག་སྟེ། འབའ་ཐང་དང་ལི་ཐང་གཉིས་འདབས་སྦྲེལ་དུ་ཆགས་པས་འབའ་ལི་ཐང་ཟེར་སྲོལ་ཡོད་པ་ལྟར་རེད།
སྔོན་དུས་གྲུབ་ཆེན་ཐང་སྟོང་པས་ཀློ་ཁ་ཁྲ་རྣམས་རྫུ་འཕྲུལ་གྱི་འདུལ་ནས་ཆོས་ལ་བསྐུལ་ལུགས་རྗེ་ཉིད་ཀྱི་རྣམ་ཐར་རྣམས་སུ་གསལ་པོར་གསུང་འདུག
དིང་སང་ཡང་འམགས་པ་འཇིག་རྟེན་དབང་ཕྱུག་གི་ཆོས་སྐོར་དར་པོ་ཡོད་གསུང་འདུག
ཡིན་ཡང་ཀློ་པད་བཀོད་པ་རྣམས་ཀྱི་གྲུབ་ཆེན་གྱི་ཀློ་འདུལ་ལུགས་ལོ་རྒྱུས་གང་དུའང་བཀོད་མིན་འདུག་ལ་ ཡང་ན་གྲུབ་ཆེན་གྱི་འདུལ་བའི་ཀློ་ཁ་ཁྲ་གཞན་ཞིག་ཡིན་ནམ?