Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ལྟའི་དུས་ཚོད་འདི་བོད་ཕྱི་ནང་གཉིས་སུ་བོད་མི་ཚོར་ཆེས་གཉན་འཕྲེང་གི་དུས་ཤིག་ཡིན་ཟེར།

Posted on 2013-03-042013-03-04 By ཁ་བརྡ་ 11 Comments on ད་ལྟའི་དུས་ཚོད་འདི་བོད་ཕྱི་ནང་གཉིས་སུ་བོད་མི་ཚོར་ཆེས་གཉན་འཕྲེང་གི་དུས་ཤིག་ཡིན་ཟེར།

གནས་ཚུལ་མཁོ་གཏོང་བ། ཀླུ་རྒྱལ་དོན་གྲུབ།

སུད་སིའི་ས་གནས་ར་བྷ་སུ་བེར་རུ་མི་མང་ཚོགས་པས་གོ་སྒྲིག་འོག་མི་མང་༣༠༠ ལྷག་ལྷན་འཛོམས་ཀྱིས་དེ་རིང་ཉིན་རྒྱབ་ས་གནས་ཀྱི་དུས་ཚོད་༢ པའི་སྟེང་སྐྱབས་བཀའ་ཟུར་རྗེ་རྐིརྟི་རིན་པོ་ཆེས་མི་མང་ལ་བཀའ་སློབ་དང་མི་མང་གི་དྲི་བ་དག་ལ་ལན་འདེབས་ཀྱི་མཛད་རིམ་ཞིག་འཚོགས་སོང་། རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་དབུ་འཛུགས་མ་གནང་གོང་དུ་སུད་སིའི་བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་མཆོག་ནས་སུད་སའི་ས་གནས་བོད་མིའི་སྤྱི་ཚོགས་ངོ་སྤྲོད་གནང་དོན། ༼སུད་སིའི་བོད་མིའི་སྤྱི་ཚོགས་སུ་མི་གྲངས་ཚོད་རྩིས་༥༠༠༠ ལྷག་ཡོད་ལ་བོད་རིགས་སྤྱི་ཚོགས་ཀྱི་ས་གནས་སུ་ཐོ་འགོད་ཞེས་ཟིན་པའི་མི་གྲངས་༤༠༠༠ ལྷག་ཡོད་ཟེར། སུད་སིའི་བོད་ཀྱི་སྤྱི་ཚོགས་སུ་ཚོགས་ཆུང་༢༣ ཡོད་པའི་སྐོར་དང་གཞན་ད་རུང་སུད་སིའི་བོད་ཀྱི་སྤྱི་ཚོགས་ཀྱི་ད་ལྟའི་བར་དུ་ལས་དོན་གང་ཞིག་བསྒྲུབས་ཡོད་པ་སོགས་ངོ་སྤྲོད་གནང་སོང་།༽ མཐའ་མར་ཁོང་གིས་གསུངས་དོན་༼ས་གནས་མཐུས་ཚོགས་འོས་འདེམས་བྱུང་ནས་ལོ་འཁོར་གཅིག་འཁོར་བའི་དུས་ཚོད་འདིར་སྐྱབས་རྗེ་རྐིརྟི་རིན་པོ་ཆེས་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་པར་ང་ཚོ་ངོས་ནས་སྐལ་བ་བཟང་པོ་ཞིག་ཏུ་བརྩི་གི་ཡོད་༽ཟེར།

ལས་རིམ་གཉིས་པར་སུད་སིའི་བོད་ཀྱི་དོན་གཅོད་ཐུབ་བསྟན་བསམ་འགྲུབ་མཆོག་ནས་སྐྱབས་རྗེ་རྐིརྟི་རིན་པོ་ཆེའི་ད་རེས་ཕྱོགས་སྐྱོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། མཛད་རིམ། དགོས་མཁོ་སོགས་ངོ་སྤྲོད་གསལ་བོར་གནང་སོང་ལ། དེ་དང་འབྲེལ་བའི་བོད་ཀྱི་མེ་བསྲེགས་ལས་འགུལ་གྱི་ཁྲོད་དུ་བརྒྱ་ཆའི་ལྔ་བཅུ་རྐིརྟི་ཕྱོགས་གཏོགས་སུ་བྱུང་ཡོད་པ་སོགས་ཀྱི་བཀའ་སློབ་ངོ་སྤྲོད་གནང་སོང་། དེའི་རྗེས་སུད་སིའི་བོད་མི་མང་ཚོགས་པའི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་སྐྱབས་རྗེ་བཀའ་ཟུར་རྐིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཕྱོགས་བསྡུས་ངོ་སྤྲོད་སོགས་གནང་སོང་། སྐྱབས་རྗེ་བཀའ་ཟུར་རྐིརྟི་རིན་པོ་ཆེ་མཆོག་ནས་མི་མང་ལ་བཀའ་སློབ་གསུངས་དོན། ༼སུད་སི་ནི་བོད་མི་སྐྱབས་བཅོལ་དུ་ཕེབས་ནས་ཕྱིའི་རྒྱལ་ཁབ་ཏུ་སླེབས་པའི་གཞི་ཆགས་ཐོག་མ་དེ་ཆགས་ཡོད་པ་དང་། ད་ལྟའི་འཆར་བོད་ནས་འབྱོར་བའི་མི་རབས་གཉིས་པ་ཡང་གང་འཚམས་ཤིག་སླེབས་ཡོད་པ་རེད། ཁྱེད་རང་ཚོས་ངོས་ནས་༧གོང་ས་མཆོག་གིས་བཀའ་སློབ་གང་གནང་བ་དེར་བསམ་བློ་ཡག་པོ་ཞིག་བཏང་ནས་རང་ཉིད་ཀྱིས་ཅི་ཞིག་ལག་ལེན་ཏུ་སྟར་ཐུབ་མིན་བསམ་བློ་གཏོང་དགོས་པའི་དུས་ལ་སླེབས་ཡོད་ཟེར། གཞན་རིན་པོ་ཆེ་མཆོག་ནས་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་ཡོང་དགོས་པའི་རྒྱུ་མཚན་རྒྱ་ནག་གིས་ཁོར་ཡུག་རྩ་གཏོར་དང་མི་རིགས་གྲངས་ཉུང་བཟོ་བ། བོད་མིའི་འཕྲོད་བསྟེན་ལ་ཚད་བཀག་གིས་བོད་མིའི་ཚེ་སྲོག་ལ་གནོད་འཚེ། བོད་ནང་དུ་བོད་མིའི་གནས་སའི་ཁོར་ཡུག་གི་རྒྱ་ཁྱོན་ལ་ཚད་འཛིན་གྱི་གནོན་ཤུགས་སྤྲོད་ཀྱིན་པ། བོད་མིའི་དགོན་སྡེ་ཁག་ལ་དམ་དྲགས་ཤུགས་རྐྱེན་བྱས་བཞིན་པ། བོད་མིས་རང་གི་སྐད་དང་ཡི་གེ་གཙོས་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་མེད་པ། བོད་ཀྱི་ས་གནས་གང་སར་བོད་རིགས་རང་ས་ནས་གྲངས་ཉུང་མི་རིགས་བཟོ་ཐབས་བྱེད་བཞིན་པ། བོད་མིའི་འགྲིམ་འགྲུལ་གྱི་རང་དབང་ལ་དམ་དྲགས་བྱེད་བཞིན་པ་སོགས་ནི་རང་ལུས་མེ་བསྲེགས་ཀྱི་བྱུང་རྐྱེན་གཙོ་བོ་ཡིན་པར་ངེས་འཛིན་གནང་གི་ཡོད་ཟེར།­༽

ཁོང་གིས་ད་ལྟའི་དུས་ཚོད་འདི་བོད་ཕྱི་ནང་གཉིས་སུ་བོད་མི་ཚོར་ཆེས་གཉན་འཕྲེང་གི་དུས་ཤིག་ཡིན་པར་འགྲེལ་དོན། ༼བོད་ནང་དུ་རྒྱ་མིས་ཐབས་ཤེས་སྣ་དགུ་བཏོན་ནས་བོད་འདི་ཐ་སྙད་ཙམ་དུ་གཏོང་གིན་ཡོད་པ་དང་། བོད་ཕྱི་རུ་༧རྒྱལ་བ་རིན་པོ་ཆེ་དགུང་གྲངས་ཀྱི་ཕྱོགས་ནས་ལྟོས་ཡོང་དུས་གནས་སྟངས་འདི་གཉན་འཕྲེང་ཅན་དུ་འགྱུར་འགྲོ་གི་ཡོད་པ་གསལ་བོ་རེད་ལ། ཕྱིི་རྒྱལ་ཁག་ཏུ་ཡང་བོད་ཀྱི་རིག་གཞུང་གཙོས་སྐད་དང་ཡི་གེར་སྲུང་སྐྱོབ་བྱེད་མ་ཐུབ་པར་ད་སྐབས་ཨ་རི་གཙོས་ཡུ་རོབ་ཁག་གི་བོད་པའི་སྤྱི་ཚོགས་སུ་བོད་སྐད་བཤད་མི་ཤེས་པའི་བོད་ཕྲུག་མང་ནས་མང་དུ་འགྲོ་བཞིན་ཡོད་པ་སོགས་ནི་གནད་འགག་དང་གཉན་འཕྲེང་ཅན་ལ་བརྩི་དགོས་པ་རེད་༽ཟེར། ཡང་ཁོང་གིས་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་ཆོས་ཕྱོགས་ནས་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་དོན།༼ དེ་ནི་གཙོ་བོ་སེམས་ཀྱི་ཀུན་སློང་ལ་རག་ལས་ཡོད་པ་རེད། སྟག་མོ་ལུས་སྦྱིན་གྱི་སྐབས་སུ་ཡང་སྟག་མོ་མ་བུ་ལྔའི་ཆེད་དུ་སངས་རྒྱས་ཀྱི་རང་ལུས་སྦྱིན་པར་གཞིིར་བཞག་ན་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ལུས་མེ་བསྲེགས་གཏོང་བ་དེར་ལས་འགུལ་རྩུབ་པོ་ཞིག་རེད་མ་གཏོགས་འཚེ་བའི་ལས་ཀ་མ་རེད་ལ་ནང་བ་སངས་རྒྱས་པའི་དགོངས་པ་དང་འགལ་ཡོད་པ་རེད་བསམ་གྱི་མེད་༽ཅེས་གསུངས་སོང་།

མཐའ་མར་ཁོང་གིས་བོད་མི་མེ་བསྲེགས་ཀྱི་ལས་འགུལ་འདིའི་ནུས་པའི་སྐོར་ལ་གསུངས་དོན། ༼ད་ལྟའི་དུས་སུ་བོད་མི་མང་པོ་ཞིག་གིས་བོད་མིའི་མེ་བསྲེགས་ཀྱི་ལས་འགུལ་འདིར་ནུས་པ་མི་འདུག་ཟེར་ནས་བཤད་མཁན་ཡོང་གི་ཡོད་དུས། གནས་སྟངས་ལ་གཞིགས་རྒྱུ་གལ་ཆེན་རེད། ལས་འགུལ་གྱི་ནུས་པ་ཟེར་དུས་ཀྱང་བློ་གཟི་བོར་གནས་ནས་དབྱེ་བ་འབྱེད་དགོས་པ་རེད། རྒྱ་ནག་ད་ལྟའི་ཆར་འཛམ་གླིང་གི་སྟེང་སྟོབས་ཤུགས་ཆེན་པོ་ཆགས་སྡད་ཡོད་པས་དེར་ནུས་པ་ཤུགས་ཆེན་པོ་ལམ་སེང་ཐོན་པར་དཀའ་ལས་ཡོད་རུང་། བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་བསམ་བློ་བཏང་བ་ཡིན་ན་ཧ་ལས་པའི་ནུས་པ་ཆེན་པོ་རེད་བསམ་གྱི་ཡོད། བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ་བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་མེ་བསྲེགས་ཀྱི་ལས་འགུལ་འདི་བརྒྱུད་ནས་ཐོན་ཡོད་པ་ལྟ་བུ་ཞིག་ང་ཚོའི་ལོ་རྒྱུས་སུ་མཐོང་རྒྱུ་མེད་པ་གསལ་བོ་རེད། དེ་ལས་འགུལ་འདི་ནུས་པ་རེད་བསམ་གྱི་ཡོད་༽ཟེར། ཡང་ཁོང་གིས་རྒྱལ་བ་རིན་པོ་ཆེ་བཀའ་དྲིན་རྗེས་དྲན་བྱེད་རྒྱུའི་ཐད་ལ་གསུངས་དོན།༼ ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་བཅུ་དྲུག་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་མེ་ཚེ་ཧྲིལ་བོར་བཏང་ཡོད་པ་དེར་བཀའ་དྲིན་རྗེས་དྲན་བྱེད་པར་རིན་པོ་ཆེས་ཅི་གསུངས་པ་དེ་ལག་ལེན་ཏུ་སྟར་དགོས་རྒྱུ་དེ་རེད།༽ཟེར།

ད་རེས་སྐྱབས་རྗེ་རྐིརྟི་རིན་པོ་ཆེའི་ཕྱོགས་སྐྱོད་འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཀོད་སྒྲིག་འོག་གཞུང་འབྲེལ་ཕྱོགས་སྐྱོད་ཀྱི་ལས་འཆར་ཞིག་ཡིན་འདུག་ལ། ཚེས་བཅུ་བདུན་ཉིན་སུད་སིའི་རྒྱལ་ས་བྷན་ནས་གྲོས་ཚོགས་ཀྱི་ཚོགས་མིར་བོད་ཀྱི་ཛ་དྲག་གི་གནས་སྟངས་སྙན་ཞུ་དང་། ཚེས་ལྔ་ཉིན་འཇི་ཎིའི་ལྦའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མདུན་ནས་༼བོད་དང་བོད་མིའི་སྡུག་བསྔལ་ཞུ་གཏུགས་དང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་འདུ་འཛོམས་༽ཞེས་པའི་གོམ་བགྲོད་འདུ་འཛོམས་ཤིག་འཚོགས་རྗེས་ཡོ་རོབ་གྲོས་ཚོགས་ཀྱི་རྒྱལ་ས་སྦལ་རྒྱམ་དང་། དེ་བཞིན་ཕའི་རན་སི་དང་འཇར་མན་མཐར་དབྱིན་ཇི་སོགས་སུ་བོད་དོན་འགྲེལ་བརྗོད་དང་ཞུ་གཏུགས་བྱེད་པར་བསྐྱོད་འཆར་ཡོད་འདུག

གསར་འགྱུར།

Post navigation

Previous Post: གླིང་ཚ་ཚེ་བརྟན་རྡོ་རྗེ་དང་རྒྱ་མིའི་རྒྱལ་དར།
Next Post: ང་རང་སྐྱེས་ཚུལ་དང་ངའི་སྨོན་ལམ།

Comments (11) on “ད་ལྟའི་དུས་ཚོད་འདི་བོད་ཕྱི་ནང་གཉིས་སུ་བོད་མི་ཚོར་ཆེས་གཉན་འཕྲེང་གི་དུས་ཤིག་ཡིན་ཟེར།”

  1. རང་དབང་ཨ་རྡུ་མན། says:
    2013-03-04 at 11:38 am

    ཀིརྟི་སྐྱབས་མགོན་ལ་མཚན་སྨོད་བྱས་པ་འདི་འདྲ་ལ་ཁ་བརྡའི་ནང་ས་མིག་མེད། མཆན་གསུབ་པ་ཡིན། ཁ་བརྡས་

  2. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-03-04 at 3:05 pm

    གོང་གི་རང་མིང་ཙམ་ཡང་བརྗོད་མི་ཐུབ་པའི་དྲ་འབུ (རང་དབང་ཨ་རྡུ་མན།) གྱི་ཁ་ནང་དུ་སྐྱག་པ་ཁྱོར་བ་གང་བརྫངས་རོགས། གང་ཡིན་ཟེར་ན་ཁོའི་སྐད་ཆ་བཤད་སྟངས་ལ་བལྟས་ན་རྨང་གཞིའི་མི་ཆོས་ཀུན་སྤྱོད་ཙམ་ཡང་མི་འདུག

  3. ཨ་ནུ་ཐང་བསོད་ནམས says:
    2013-03-04 at 5:09 pm

    རིན་པོ་ཆེས་བོད་དོན་གྱི་ཆེད་དུ་ཡོ་རོབ་ཏུ་ཁུལ་ཕེབས་པ་སྙིང་དབུས་ནས་ཐུགས་རྗེ་ལེགས་འབུལ་དང་། བཀའ་སློབ་གནང་བ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། གོང་དུ་མི་གཅིག་གིས་རིན་པོ་ཆེ་རང་སྲེགས་ཀྱི་དེད་དཔོན་ཡིན་ཚུལ་བཤད་པ་ནི་རྒྱ་གཞུང་གི་ཞེན་འདོད་རེད་ལ། གཉའ་གནོན་བཏང་མཁན་གསོན་སྲེག་གི་མཁན་པོ་རུ་་མི་འགྱུར་བ་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཅི་ལྟར་འགྱུར་བ་རེད། དེ་ལྟར་ཡིན་ན་གོང་ས་མཆོག་རྒྱ་གར་དུ་ཕེབས་པ་དང་། བོད་མི་རྣམས་བཙན་བྱོལ་དུ་བྲོས་བ། བོད་མི་རྣམས་ཀྱི་རྒྱ་ངག་མ་རྩིས་བ་ཐམས་ཅད་མེ་མཆོད་ཀྱི་འབྱུང་རྐྱེན་འགྱུར་བས་གཉའ་གནོན་མཁན་ཉེས་བ་མེད་པ། མྱོང་མཁན་ལ་ཉེས་བ་ཁོ་ན་འབབ་པས་གནས་ལུགས་གོ་ལྡོག་དང་ཆོས་ཉིད་གོ་ལྡོག་རེད། གཅིག་བྱས་ན་ཆོས་དཔོན་རེ་ཟུང་ལ་ཕྱི་གླིང་གི་སྦྱིན་བདག་རྩ་རྒྱུ་དཀའ་ངལ་འཕྲད་པས་ཡིན་ཤས་ཆེ། ཁོང་ཚོས་རང་ལ་སྦྱིན་བདག་ཐོབ་ཆེད་བོད་མི་རྣམས་ཉེ་རིང་ཆགས་སྡང་བྲལ་བའི་སངས་རྒྱས་སྒྲུབ་ཅིང་སངས་རྒྱས་ལ་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེད་བ་དགོས་དོན་མེད་ཚུལ་བསྒྲུབས་ནས་ཕྱི་གླིང་རྣམས་མགོ་སྐོར་བཏང་བའི་རྫུན་རྐུབ་འབུད་པས་ཡིན་ཤས་ཆེ། དེ་མིན་བོད་དང་ཚེ་སྲོག་ལ་བཅས་བ་ཡིན་ན་རྒྱ་གཞུང་གི་མ་དྲང་བའི་སྲིད་ལ་ཁ་རྡུང་བཏང་ཞིང་མི་ཆོས་ལས་འདས་བའི་ཁྲིམས་གཅོད་ལ་ཁ་རྡུང་བཏང་དང་། དེས་རིམ་བཞིན་མི་མང་ས་ཡ་མང་པོས་ཚེ་སྲོག་གཅོད་ཐུབ་པ་འདོད།

  4. ཨ་ནུ་ཐང་བསོད་ནམས says:
    2013-03-04 at 5:39 pm

    ནོར་བཅོས། མི་མང་ས་ཡ་དུ་མའི་ཚེ་སྲོག་སྐྱོབ་ཐུབ་པ་འདོད། གང་ལྟར་སྐད་ཆ་གང་ཞིག་བཤད་ཀྱང་དགའ་མ་དགའ་སྡུག་གིས་ཐག་གཅོད་བྱེད་ཡ་མིན་པ་རྒྱུ་མཚན་དང་དྲང་པོ། ལྟོས་ས་ལྟོས་འཇོག་གིས་ཐག་གཅོད་བྱེད་ཐུབ་ན་རང་རོགས་ཀུན་ལ་ཕན་པ་འདོད། གལ་སྲིད་བདེན་པ་མིན་པའི་གཏམ་རེ་ཡོད་ན་གཡོ་སྲང་གནང་བ་ཞུ།

  5. སྙིང་དཀར། says:
    2013-03-04 at 8:38 pm

    ཧ་ཧ། རང་དབང་ཨ་རྡུ་མན་ཟེར་བའི་དྲ་འབུ་དེའི་སྐད་ཆ་ལ་ཉན་ན། ཁོ་ཚོགས་པ་གང་གི་ཡིན། སུའི་རྒྱུག་ཁྱི་ཡིན་ང་ཚོ་གངས་པས་གསལ་བོར་ཤེས་ཀི། འོ་རེད། ཀིརྟི་རིན་པོ་ཆེས་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་གྱོན་པ་སྙིང་ཁུང་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུ། ང་ཚོ་གངས་ཅན་པས་ནམ་ཡང་བརྗེད་མི་སྲིད།

  6. རང་དབང་ཨ་རྡུ་མན། says:
    2013-03-04 at 9:41 pm

    ལགས་སོ་་་་་་མཆན་བསུབ་པ་དེར་ངོ་རྒོལ་སེ་གལ་མེད་་་་་ངས་བསམ་པ་དྲ་བ་འདིའི་ནང་དུ་སྨྲ་བརྗོད་རང་དབང་རེད་བསམ་བྱུང་། སོང་ཙང་སོ་སོའི་མཐོང་ཚུལ་ཁག་གཅིག་བཤད་ནས་ཕྱི་འབྱུང་གི་བོད་རིགས་སྤུན་ཟླ་ཚོར་ཕན་ཐོག་ཞིག་བྱུང་་རོགས་བྱེད་ན་བསམ་བྱུང་། དེ་མིན་རྐེརྟི་བླ་མ་དང་ལ་སྒེར་གྱི་འཁན་འཛིན་བཅངས་པ་ད་འདྲ་རྩ་བ་ནས་མིན།།

  7. འདྲེ་རྐང་ཐོ། says:
    2013-03-04 at 11:18 pm

    བླ་ཆེན་ཡིན་ཞེས་འགྱིངས་ནས་མ་བསྡད་པར། །
    མི་ཚེ་གང་བོར་བསྟན་དང་འགྲོ་བའི་དོན། །
    སྙིང་རྗེ་ཆེན་པོས་ཕྲག་ཏུ་བཞེས་པ་ལ། །
    མི་འཇིགས་སྤོབས་པ་མངལ་ལ་ཕྱག་འཚལ་ལོ། །

  8. ལུང་རྟོགས། says:
    2013-03-05 at 2:31 am

    ཀིརྟི་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ། ཨ་རྡུ་མན་ཞེས་པ་འདི་སྔར་ནས་རྒྱ་ཁྱི་དང་དོལ་ཚོགས་གང་རུང་ཡིན་པ་ཤེས་ནས་ཡོད་པས་ཁ་བརྡ་ཚང་གིས་གནང་སྟངས་ལ་རྒྱབ་སྐྱོར་ཡོད། ད་དུང་སྤྲུལ་སྐུ་དབང་ཆེན་གྱི་མཆན་དེ་ཡང་གསུབ་ན་ལེགས།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-03-05 at 3:41 am

    ཀིརྟི་རིན་པོ་ཆེ་ཡིས་སྐུ་ལས་བསྐྱོན་བགྱིད།

  10. སྙིང་དཀར། says:
    2013-03-05 at 8:09 am

    ཁ་བརྡ་ཚང་ལ་ངོ་མ་བཀའ་དྲིན་ཆེ། རྒྱ་འདྲེ་དང་གདོན་འདྲེ་སེམས་ལ་ཞུགས་ཡོད་མཁན་ཚོས་བོད་མི་ནང་ཁུལ་ལ་དཀྲུག་ཤིང་གི་མཆན་བུ་བཏབ་པ་དེ་དག་བསུབས་པ་དང་ས་མིག་མ་གནང་པར་ཡི་རང་དང་རྒྱབ་སྐྱོར་ཡོད།

  11. ངག་དབང says:
    2013-03-07 at 12:22 am

    ༄། སྐྱབས་མགོན་྄ཁྱེད་ཚང་ནི་བླ་ན་མེད་པའི་བསྒྲུབས་རྒྱུད་དགའ་ལྡན་པའི་བསྟན་པའི་དར་ཆེན། མགོན་པོ་གང་ནས་ཡོ་རོབ་ཁུལ་དུ་ཞུ་བཏུགས་གནང་བ་བཀའ་དྲིན་བླ་ན་མེད་པ་ཆེ། སྔར་ལོ་རྒྱུས་ལ་བསྟན་པའི་མེ་རོ་སྨད་ནས་གསོས་པ་རེད་ ད་ད་ཆ་ཆབས་སྲིད་ཀྱི་མེ་རོ་སྨད་ནས་གསོས་བཞིན་པའི་སྐབས་དང་ ྄ཁྱད་པར་དུ་ཡང་ ༼ རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ལས༽དེ་ནི་ཏཱ་ལའི་བླ་མ་སྐུ་གོང་མ་ཐུབ་བསྟན་རྒྱ་མཚོ་ལ་བརྟེན་ནས་བྱུང་ ཁོང་གིས་བོད་ནང་སྲིད་དང་ཆོས་ཀྱི་དབུ་འཁྲིད་ལོ་མང་གནང་ཞིང་ ཁོང་གི་དུས་སུ་སླར་ཡང་བོད་ཅེས་ཟུར་དུ་རང་བཙན་ཡིན་པ་ཞིག་བཟོས་ཞེས་གསུངས་པ་ལྟར
    སྐུ་གོང་མས་བོད་རང་བཙན་གཙང་མའི་སྔ་ཆེན་བསྒྲགས་ནས་ལོ་བརྒྱ་འཁོར་བའི་དུས་སུ་ཡང་སྐྱབས་མགོན་ཁྱེད་ཚང་ནས་བོད་དོན་ཞུ་གཏུགས་གི་སྔ་ཆེན་བསྒྲགས་པ་བཀའ་དྲིན་་གཞལ་ཟླ་བྲལ་ ཁྱེད་ནི་སྐུ་ཚེ་དྲང་སོང་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་པར་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme