Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་སྙན་ངག

Posted on 2009-09-042009-09-06 By དགེ་རབ་ 7 Comments on དེ་རིང་གི་སྙན་ངག

གཅན་བཟོད་རྒྱམ།
——————–
དེ་རིང་གི་སྙན་ངག
————-དུས་གསུམ་བརྗོད་པའི་མགྱོགས་བྲིས།
ཞོགས་པ།
རྡོ་ལ་རི་མགོ་གངས་ཀྱིས་གཡོགས་ཤིང་ཤོད་ཀྱི་རི་འདབས་སྨུག་སྤྲིན་མཚོ་མོ་ལྷོད་ཀྱིས་འཁྱིལ།།
ཆར་གྱིས་བཀྲུས་པའི་རི་སྐད་དག་ན་ལྗོན་ཤིང་སྟུག་ཅིང་བར་བར་གྲོང་ཁྱིམ་མཛེས་ཤིང་སྡུག།
མིང་འདོགས་མི་ཤེས་བྱ་བྱེའུ་སྐད་སྙན་ལྷང་ལྷང་སྒྲོག་གིན་རྒྱ་བོད་སྲང་ནས་གར་འགྲོ་མགྱོགས།།
ངས་ཀྱང་རྩིས་འཁོར་རྒྱབ་ཏུ་འཁུར་ཏེ་བག་ལེབ་ཟ་བཞིན་གོམ་པའི་རྟ་ཁ་གངས་སྐྱིད་བསྐོར།།

ཉིན་གུང་།
ཉི་འོད་འཕྲོས་པའི་རྡོ་ལ་རི་དང་ལྗོན་ཤིང་གྲོང་ཁྱིམ་ལྟ་ན་སྡུག་པ་ལྷ་ཡིས་རི་མོར་བཀོད་མིན་ནམ།།
ཤོད་ཀྱི་སྨུག་སྤྲིན་མཚོ་མོའི་ཀླུང་ན་སྐྱེ་འགྲོ་དག་གིས་རྒྱུ་བ་ཅི་བྱེད་བདག་གི་སྨྱུག་རྩེས་བརྗོད་ལས་འདས།།
འོན་ཏེ་གངས་ཅན་སྐྱིད་པའི་གཤོང་ན་ལྷོད་ལ་བབས་པའི་ལས་བྱེད་འགའ་རེས་དོན་ཡོད་དོན་མེད་ལྷོད་ཀྱིས་རྒྱུ།།
ང་འདྲའི་ལས་མེད་ལས་བྱེད་དག་ནི་ཟ་དགའ་གཉིད་ལོག་སྔུར་བས་གྲལ་མཚེས་ལ་གནོད་དབྱར་དགུན་སྟོན་དཔྱིད་བསྐྱེལ།།

དགོང་མོ།
གནམ་ས་གཉིས་ཀ་སྨྱོས་པ་མིན་ནམ་གནམ་ནས་དྲག་ཆར་ཤོད་ཤོད་འབབ་ཅིང་ས་ནས་ཆུ་སྙོག་ལྷོག་ལྷོག་རྒྱུགས།།
མི་དང་རྐང་གཉིས་རྐང་བཞི་འཕྲུལ་འཁོར་ཀྱག་ཀྱོག་ལམ་དུ་སུ་མགྱོགས་གང་བདེའི་གཅིག་ལམ་གཅིག་གིས་འགོག་བཞིན་དུ།།
མེག་ལོར་སྲང་དང་རང་གནས་གང་དེའི་ཕྱོགས་སུ་ཅི་ཞིག་ཐོབ་པར་ཡོད་དམ་འདི་འདྲའི་བྲེལ་འཚུབ་བྱེད་དོན་ཅི།།
ང་ནི་གར་ཡང་ལྷོད་ལ་དགའ་བས་གནམ་དྭངས་ཆུ་འཇག་སྒུག་གྱིན་སྒུག་གྱིན་རྒྱང་རིང་མུན་པ་གངས་སྐྱིད་ལྷུང་།།

རྩོམ་ཡིག་འདི་དེ་རིང་སེམས་སུ་དྲན་པ་དང་ཤར་མར་སྤེལ་བ་ལས་བསམ་གཟས་ཏེ་ཅི་ཞིག་བརྗོད་འདོད་པ་མིན་པ་ཐུགས་ལ་འཇག་པར་འཚལ།
༢༠༠༩ལོའི་ཟླ་༩བའི་ཚེས་༤་ཉིན་གངས་སྐྱིད་ལས་ཤག་ནས་བྲིས།

སྙན་ངག

Post navigation

Previous Post: ཉི་མར་ལྡེ་བ།
Next Post: ༄༅།།ཏུང་ཧོང་ཡིག་ཆའི་ནང་ཆེས་ཐོག་མར་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་ཡིག་ཆ་རྙེད་པ།

Comments (7) on “དེ་རིང་གི་སྙན་ངག”

  1. ཀླུ་སྨྱོན། says:
    2009-09-04 at 12:11 pm

    འདི་འདྲའི་སྙན་ངག་སྙན་མོ་མ་མཐོང་ནས་ཞེ་དྲགས་འགོར་སོང་། ཐུགས་རྗེ་ཆེ། འབྲི་སྟངས་འདི་རིགས་བོད་ལ་མང་ཙམ་དགོས། ཧོར་འཇིགས་ལས་ནས་བསྒྱུར་པའི་དགེ་ཆོས་ཀྱི་མཚོ་སྔོན་པོ་བརྒྱུད་ནས་ལྷ་སར་ཡོང་སྐབས་ཀྱི་སྙན་ངག་ཅིག་འདི་འདྲ་རེད། དེའི་རྗེས་སུ་ཆོས་རྒྱམ་དྲུང་པའི་སྙན་ངག་དག་ཀྱང་འདི་འདྲ་རེད། དེ་ནས་རྒྱ་རྩོམ་བོད་བསྒྱུར་ཆུ་ངོགས་གཏམ་རྒྱུད་ནང་ནི་སྙན་ངག་དག་ཀྱང་འདི་འདྲ་རེད། འདི་འདྲ་ཚིག་རྒྱན་གྱི་ཞེ་དྲགས་མཐོང་རྒྱུ་མེད་པར་ཤེས་ཡོན་ཅན་ཡིན་མིན་ཚང་མས་བྲོ་བ་མྱོང་ཐུབ་པ་རེ་འབྲི་ཐུབ་ན་སྙན་ངག་ལ་ཞེན་པ་ལོག་པའི་དུས་ངན་འདི་ལ་ཅུང་ཟད་རེ་ཕན་གྱི་རེད། སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་འཇིག་རྟེན་དུ་གནས་པ་འདི་ཨུའུ་ཙམ་རེད། སྙན་ངག་གི་བསྟན་པ་བོད་ལ་ལོ་བརྒྱ་ཕྲག་ཁ་ཤས་ལས་མ་གནས་པ་འདི་ནི་ངོ་མ་ཡིད་ཕངས་པ་ལ། ངས་ཀྱང་སྔོན་ཆད་འབྲི་སྟངས་འདི་ལ་ཚོད་ལྟ་འགའ་རེ་བྱས་མྱོང་ན་ཡང་གཅིག་ནས་རང་ཉིད་ཀྱི་ཤེས་རབ་ཀྱི་རྩལ་ཁ་མ་ཕྱེ་བ་དང་། གཉིས་ནས་སྐུལ་ལྕག་བྱེད་མཁན་ཡང་མེད་པས་བག་ལ་ཞ་བར་གྱུར་ཏོ།།གང་ལྟར་ཉིད་ཀྱི་སྙན་ངག་འདི་རིགས་མང་ཙམ་སྤེལ་གནང་ཡོད་པ་ཞུ།

  2. བསེ་རུ། says:
    2009-09-04 at 12:49 pm

    ང་དང་ཁྱོད་ནི་སྐྱེད་ཚལ་གཅིག་གི་མེ་ཏོག་ཇི་བཞིན་རིག་པའི་གཏེར་སྒོ་གཅིག་ལས་ཐོན།།
    ཁྱེད་ནི་ཐང་དཀར་རྒོད་པོ་བཞིན་དུ་སྣ་ཚོགས་གཤོག་གྱུར་ས་མཐའི་མཁའ་དབྱིངས་ཀུན་ཏུ་མྱུལ།།
    ནགས་ཀྱི་བསེ་རུ་རྭ་གཅིག་ང་ནི་ལེ་ལོའི་འདམ་ནས་འཕག་བཞིན་འཕག་བཞིན་ལོ་ཟླ་འདས།།
    བཀའ་དྲིན་ཅན་གྱི་ཁ་བརྡ་དྲ་རྒྱའི་བརྩེ་བའི་སྙིང་རྗེས་དེ་རིང་ངེད་གཉིས་ཐུག་སྐལ་གནང་།།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-09-04 at 2:52 pm

    རིང་མོ་ཞིག་ནས་སྤུན་ཟླ་ཁྱེད་ཅག་མཚན་ནི་དྲ་རྒྱ་གང་མང་ནས།།
    ཐོས་པའི་མི་ཚད་སེམས་སུ་གཉར་བའི་རིགས་ཞེན་སྤུན་གྱི་བརྩེ་ཞེན་གྱིས།།
    ཕན་ཚུན་གཅིག་ལ་གཅིག་གི་བསམ་ཚུལ་ཤར་མར་དྲ་བའི་ཐོག་སྤེལ་དུས།།
    རང་རང་སྣང་བའི་ཟོལ་བཅོས་མེད་པར་གཅིག་གི་ལན་དེ་གཅིག་གིས་སྟེར།།

  4. རིན་ཆེན says:
    2009-09-04 at 8:41 pm

    ངའི་སེམས་ཀྱི་རྒྱ་མཚོ་ན་འཁྱིལ་བའི་སྙན་ངག་སྟོང་ཕྲག་་་་་་་་་་་་་་་་་་་་་་་་་་
    ཞེ་འཁོན་དང་འཁང་ར་ཁྲི་ཕྲག་་་་་་་་་་་་་་་
    ལེགས་ཉེས་ཐམས་ཅད་སྡོམ་ན་འབུམ་ཕྲག་འདི་དག་་་་་་་་་་་་་་་་་་
    སུ་ཞིག་ལ་བཤད་སུ་ཞིག་གིས་ཉན་་་་་་་་་་་་་་་་་་

    རྣམ་རྟོག་དང་རེ་དོགས་གྲངས་གིས་མི་ཆོད་པས་དྲྭ་བས་གཅིག་སྣེ་གཅིག་གིས་འཐུད་ཅིང་ཐམས་ཅད་ཕན་ཚུན་དུ་འཛིང་པའི་ཁོར་ར་ཁོར་ཡུག་གི་འཇིག་རྟེན་ཆེན་པོ་འདིའི་གསེབ་ག་ཤེད་ན་ངའི་སྙན་འདི་ཅི་འདྲའི་ཆུང་ཆུང་ཞིག་རེད་ཨང་་་་་་་་་་་་་་
    འོན་ཀྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སུ་ལའང་འཁང་ར་མེད་་་་་་་་་་་་་་་་་་་་་་་་་་་་་་་

    འཁར་ར་མེད་རུང་འཁྲུན་ཐག་མ་ཆོད་པའི་དྲི་བ་འདི་དག་ནི་རླུང་ལྟར་གཡོས་ཆུ་ལྟར་འཁྱོམ་མེ་ལྟར་སྲེག་པས་ང་སྡོད་དུ་མི་བཅུག་་་་་་་་་་་་་་་་་་་ ལས་དབང་གིས་ང་ལ་ཁ་གཅིག་མ་གཏོགས་མ་སྦྱིན་ན་རྣ་མཆོག་གཉིས་ཅི་ལ་སྦྱིན་་་་་་་་་་་་་་ ང་ལ་བཤད་མི་ཆོག་ཉན་དགོས་ཟེར་བ་ཡིན་ནམ་་་་་་་་་་་་་་་་་་་་་་ བཤད་མི་ཆོག་ན་ངའི་ཡིད་འདིར་ཆེས་མང་པའི་རྟོག་ཚོགས་གི་གྲོང་ཁྱེར་ཆེན་པོ་འདི་ཅི་ལ་བསྐྲུན་་་་་་་་་་་་་་་་་་་་་

    ལས་དབང་ང་ཁྱོད་ལ་དྲི་བ་ད་དུང་ཡོད་ཁྱོད་ཀྱིས་ང་སྡོད་དུ་མ་གཅུག་ན་ངས་ཀྱང་་་་་་་་་་་་་་ཁྱོད་་་་་་་་་་་་་་
    ཨ་རུ་་་་་་་་་་་་་་་་་་་་་་་་་་་་ ལས་དབང་སྐུ་མཁྱེན་་་་་་་་་་་་་་་ ང་ ལ་ ཨ་ ལན་ ཅིག་ སྤྲོད་ དང་ སེམས་ གསོ་ ཅིག་ བྱོས་ དང་ ལན་ ཞིག་ སྦྱིན་ དང་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་

  5. བཟོད་རྒྱམ། says:
    2009-09-05 at 1:08 am

    ཨ་ཁུ་ཀླུ་སྨྱོན་ཚང་དང་དྲ་གྲོགས་ཚོས་བསྟོད་པ་གནང་བར་དགའ།

  6. བཟོད་རྒྱམ། says:
    2009-09-05 at 1:37 am

    ཁྱེད་རྣམས་ཕེབས་ནས་བསྟོད་པ་གནང་བར་དགའ།

  7. འཆི་བདག་སྐྱབས་། says:
    2009-09-05 at 3:28 am

    འདི་ལ་སྙན་ངག་ཟེར་རམ། ཨ་ཁུ་ཀླུ་སྨྱོན་ལགས།
    སློབ་འབྲིང་སློབ་མ་ཞིག་གི་སྨྱུག་ཁ་ནས་སླེབས་པ་འདྲ་ཞིག་འདུག

    བཙན་བྱོལ་གཞུང་གི་སློབ་གསོའི་སྲིད་ཇུས་མ་འགྲིག་པས་མིན་ན།
    བོད་ཁྱིམ་སློབ་མ་ཚོས་ཀྱང་འདི་འདྲ་རེ་འབྲི་ཐུབ་དགོས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme