Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་མར་ལྡེ་བ།

Posted on 2009-09-022009-09-02 By ཡེ་ཤེས་ 22 Comments on ཉི་མར་ལྡེ་བ།

sunbrune
ཀླུ་སྨྱོན།
ལོ་ནའི་དབང་གིས།
ཉི་མ་དྲོ་དུས་ང་རང་ཉི་མར་ལྡེ་བཞིན་ཡོད།
ཨ་རིའི་བོད་པ་ཚོ་ཇི་འདྲའི་བྲེལ་བ་ཚ་ནའང་།
ང་རང་ལྷོད་ལྷོད་ངང་ཉི་མར་ལྡེ་བཞིན་ཡོད།
ཐག་ཉེ་རུ་བྱ་བྱེའུ་འགས་སྡོང་མགོ་རུ་ཅ་ཅོ་འབྱིན་པ་དང་།
ཐག་རིང་ས་རུ་གནམ་གྲུ་ཆེན་པོ་ཞིག་ཞི་བདེའི་རྒྱ་མཚོའི་མཁའ་དབྱིངས་ནས་འདི་ཕྱོགས་སུ་འཕུར་ཡོང་ན་ཡང་།
ང་རང་བྲེལ་བ་ཅི་ཡང་མེད་པར་ཉི་མར་ལྡེ་བཞིན་ཡོད།
འདི་ནས་དཔག་ཚད་གཅིག་གི་ཕ་རོལ་ཏུ།
མཚེའུ་ཞིག་ཡོད་ཅིང་།
དེའི་མཐའ་སྐོར་ན་གཅེར་ཧྲེང་མང་པོ་ཞིག་བྲང་དང་རྐུབ་ཉི་མར་བསྟན་ནས་ཉི་མར་ལྡེ་བཞིན་ཡོད།
ང་རང་སྐབས་རེར་དེ་ཚོའི་གསེབ་ཏུ་འཛུལ་ནས་ཉི་མར་ལྡེ་བར་དགའ་བར་ཧ་ཅང་དགའ།
ཞི་མོ་ཚོའི་ནུ་མ་དང་ཞི་ལི་ཚོའི་དཔུང་ཤ་ཡིས་ཁོ་རང་ཚོར་སེམས་ཚོར་མི་འདྲ་བ་ཅི་ཙམ་ཞིག་སྤྲོད་ན་ཡང་།
ང་རང་ནི་ཞི་གནས་གྲུབ་པའི་དྲང་སྲོང་ཞིག་དང་མཚུངས་པར།
ལུས་སེམས་གཉིས་ཀ་ཉི་མར་ལྡེ་བ་ལས།
ཁོ་ཚོར་ཇུས་གཏོགས་ཅི་ཡང་བྱེད་ཀྱིན་མེད།
གང་ལྟར།
ཉི་མ་དྲོ་དུས།
ང་རང་བྲེལ་བ་ཅི་ཡང་མེད་པར་ཉི་མར་ལྡེ་བཞིན་ཡོད།

གསར་འགྱུར།, སྙན་ངག Tags:ཨཨཨ

Post navigation

Previous Post: རི་གྲོང་གི་ཚེ་སྲོག
Next Post: དེ་རིང་གི་སྙན་ངག

Comments (22) on “ཉི་མར་ལྡེ་བ།”

  1. མེ་ཆ་། says:
    2009-09-02 at 9:04 pm

    སྐུ་ཞབས་ཉི་མ་ལྡེ་ལགས་བཀྲ་ཤིས་བདེ་ལེགས་ཞུ་། ཁྱེད་ཚང་གི་ཞལ་རྩོམ་ཀློག་བཞིན་དགོད་ཀྱིན་ཡོད་། ཁྱེད་ཁ་ཚང་གི་ཞལ་ངོ་སོ་སྟོད་ད་། ད་གཅེར་ཧྲེང་ཡོད་ས་ནས་མྱིག་ཤེལ་ཕུད་མི་ཉན་། སེམས་ཆུང་བྱས་ o k །

  2. གསེར་ཆོས་ནས། says:
    2009-09-03 at 12:51 pm

    ཀླུ་ཡེ་ཤེས་རིན་པོ་ཆེ་ལགས་ལྗགས་རྩོམ་དཔེ་སྙན་པོ་འདུག་འདི་འདྲ་རེ་མུ་མཐུད་དེ་རྩོམས་རོགས།
    བོད་ཡིག་ཉག་ཕྲ་བའི་དུས་ཚོད་འདིར་བོད་པའི་རྩོམ་པོ་ཁྱེད་ལྟ་བུ་ནི། ཨ་ལ་ལ། ཁྱེད་ནི་ཞི་གནས་གྲུབ་པའི་དྲང་སོང་
    ཞིག་གི་དཔེར་ག་ལ་འོས་ལྷག་མཐོང་ཡང་ངོ་།

  3. ཀླུ་སྨྱོན། says:
    2009-09-03 at 1:06 pm

    བསྟོད་པ་རྒྱག་རྒྱུ་མང་དྲགས་སོང་ལགས། ཞི་ལྷག་གི་སྐོར་ལྟ་བུ་ལ་ངས་ནམ་རྒྱུན་སློབ་དཔོན་ཀྰམལཤྰིལ་མཆོག་ལ་གུས་བཀུར་ཆེན་པོ་བྱེད་ཀྱིན་ཡོད། བྲམ་ཟེ་དབྱིག་གཉེན་ལྟ་བུར་རི་རབ་ཅིག་ཅིག་ཅིག གླིང་བཞི་ཉུག་ཉུག་ཉུག་ཟེར་ནས་མགོ་མི་ཐུག་པའི་བསྟན་བཅོས་ཆེན་པོ་རེ་རྩོམ་པའི་ངལ་བ་ཁུར་དུ་ལེན་པ་ལས། སློབ་དཔོན་པད་མའི་ངང་ཚུལ་བཞིན་བོད་རྒན་སྨྱོན་པ་འདི་ཚོར་སེམས་པ་ལྷོད་ལ་འབབ་ཏུ་འཇུག་ཐུབ་པའི་ཞི་གནས་དང་ལྷག་མཐོང་གི་སྐོར་རེ་ལྗགས་རྩོམ་མཛད་པ་འདི་ངོ་མ་བསྔག་འོས་སུ་འདུག

  4. ཀླུ་སྨྱོན། says:
    2009-09-03 at 1:06 pm

    ཨཨཨཨཨཨཨཨ

  5. གསེར་ཆོས་ནས། says:
    2009-09-03 at 1:28 pm

    དྲྭ་གྲོགས་ཀླུ་བླ་ཡེ་ཤེས་རིན་པོ་ཆེ། །
    ལན་གཅིག་ཁྱེད་ཀྱི་གསེར་ཞལ་མཇལ་བར་སྨོན། །
    ངག་ལ་དབྱངས་ཅན་ལྷ་མོའི་བྱིན་ཆགས་པའི། །
    བརྩམ་པའི་ཚིག་རེར་ཨོ་སྒོར་བརྒྱ་རེ་རི། །
    ཤིན་ཏུ་ཉག་ཕྲ་བོད་པའི་སྐད་ཡིག་ལ། །
    རིན་ཐང་མཐོང་བ་དཀོན་པའི་དུས་ཚོད་འདིར། །
    ཨ་རིའི་ཡུལ་ནས་བོད་ལ་དུང་ཞེན་གྱིས། །
    བོད་ཡིག་འབྲི་བ་ཁྱེད་ལས་སུ་ཞིག་ཡོད། །
    དབྱིན་སྐད་ཤེས་དུས་བོད་སྐད་བསྐྱུར་ནས་འགྲོ །
    དབྱིན་ཡིག་ཤེས་དུས་བོད་ཡིག་གཡུག་ནས་འགྲོ། །
    དབྱིན་མོ་མཐོང་དུས་བོད་མོ་བརྗེད་ནས་འགྲོ། །
    ཨ་སྒོར་ཐོབ་ན་བོད་པས་ཅི་ཞིག་བྱ། །

  6. ཀླུ་སྨྱོན། says:
    2009-09-03 at 1:42 pm

    ཨ་ཨ་ཨ། ཁྱེད་ཀྱིས་བསྟོད་རྒྱུ་མང་དྲགས་སོང་། ང་ནི་མྱི་གཉོམ་ཆུང་ཁ་ནས་གང་དྲན་བཤད་པ། ལག་ནས་ཡོང་ཟིན་འབྲི་བ། སེམས་ནས་གང་དྲན་ལས་པ་ཞིག་ཡོད། གྲྭ་པ་རེད་ཟེར་ན་སྡོམ་པ་མེད་པ། མི་སྐྱ་རེད་ཟེར་ན་རྒན་མོ་མེད་པ། གཉིས་ཀ་རེད་ཟེར་ན་གཞི་མཐུན་མིན་པ། མྱི་ལྡོམ་ཁྱི་ལྡོམ་འདྲ་ཞིག་ཡོད། ཉི་མ་གཅིག་ང་གཉིས་ཐུག་གི་རེད། མི་འདི་ལ་མི་ཐུག་དང་ལམ་འདི་ལ་མི་ཞུགས་ཟེར་བ་ཞིག་ཡོད་ནི་མ་རེད།

  7. གཅན་བཟོད་རྒྱམ། says:
    2009-09-03 at 11:03 pm

    ཀླུ་སྨྱོན་ལགས། རྩོམ་ཡིག་གང་མང་ཞིག་བྲིས་འདུག ་རྗེས་སུ་ཡི་རངས་ཞུ། ལས་ཀའི་དབང་གིས་དྲ་ཐོག་ཏུ་ཡོང་ཁོམ་མི་འདུག འོན་རྩོམ་ཡིག་རྣམས་པར་གློག་བྱས་ཏེ་ཞིབ་ཏུ་བྲོ་བ་མྱོང་གིན་ཡོད། ཏུགས་རྗེ་ཆེ།

  8. འཆར་ཀ says:
    2009-09-04 at 7:05 am

    ཁ་ཡག་བཤད་ཤེས་མཁན་ཞིག་མིན། དྲང་མོར་བཤད་ན། སྙན་རྩོམ་འདི་དེ་ཙམ་གྱི་ཡག་པོ་ཞིག་ཚོར་གྱི་མི་འདུག འོན་ཀྱང་མི་ཁོམ་ཨ་རིའི་དམྱལ་བའི་འཕྲེང་རིང་ནས་ལུས་སེམས་ཉི་མར་ལྡེ་བཞིན་སྡོད་པ་ཡི་་གནས་ཚུལ་འདི་འདྲ་ངོ་མ་ཁྱད་མཚར་རེད། དལ་འབྱོར་རྙེད་དཀའ་བའི་དཔེ་བཞིན་སྒྲོ་ལོ་འཚོལ་བའི་དུས་ཚོད་ཡག་པོ་དེ་འདྲ་ཆུད་སོས་སུ་གཏོང་པ་དེར་ཧ་ཅང་ཕངས་སེམས་ཡོད།

  9. ཀླུ་སྨྱོན། says:
    2009-09-04 at 1:59 pm

    ངས་དྲ་གྲོགས་གཞན་ཚོས་རང་དབང་མེད་པར་སྤྲོད་དགོས་པའི་ཁང་གླ་གློག་གླ་ཆུ་གླ་འཁོར་གླ་སྣུམ་གླ་སྙིགས་གླ་སོགས་སྤྲོད་མི་དགོས་པས་ང་རང་འདི་ལྟར་ཉི་མར་ལྡེ་ཐུབ་པ་ཞིག་བྱུང་བ་རེད། བོད་ཀྱི་གཏམ་དཔེར། དྲིལ་བུ་ལངས་ནས་སྡོད་པ་དང་རྡོ་རྗེ་ཉལ་ནས་འདུག་པ་གཉིས་ཀའི་ནུས་པ་གཅིག་པ་རེད་ཟེར་བ་བཞིན་རེད།

  10. yeshe says:
    2009-09-04 at 2:00 pm

    ངས་དྲ་གྲོགས་གཞན་ཚོས་རང་དབང་མེད་པར་སྤྲོད་དགོས་པའི་ཁང་གླ་གློག་གླ་ཆུ་གླ་འཁོར་གླ་སྣུམ་གླ་སྙིགས་གླ་སོགས་སྤྲོད་མི་དགོས་པས་ང་རང་འདི་ལྟར་ཉི་མར་ལྡེ་ཐུབ་པ་ཞིག་བྱུང་བ་རེད། བོད་ཀྱི་གཏམ་དཔེར། དྲིལ་བུ་ལངས་ནས་སྡོད་པ་དང་རྡོ་རྗེ་ཉལ་ནས་འདུག་པ་གཉིས་ཀའི་ནུས་པ་གཅིག་པ་རེད་ཟེར་བ་བཞིན་རེད།

  11. འཇམ་དཔལ། says:
    2009-09-04 at 11:57 pm

    དེང་རབས་གསར་པའི་རྒྱལ་ཁབ་ཕར་གྱིས་མ་འོངས་གསར་པའི་མདུན་མ་བསུ། །
    ཐོན་རྫས་གསར་པའི་འཁོ་དགུའི་དཔལ་འབྱོལ་མི་རབས་གསར་པའི་གཅེས་སུ་གཤམ། །
    དུས་རབས་གསར་པའི་གོམ་སྒྲ་ཞིག་གིས་གཉིད་མུག་གསར་པའི་རུམ་ནས་སླང་། །
    ཡོད་ཚད་གསར་པ་གསར་པའི་དཔལ་ལ་སྤྲོ་དགའ་གསར་པའི་སྣང་བས་རོལ། །

    གངས་ཅན་བོད་ཀྱི་རེ་དོག་སེམས་ཀྱི་འདོད་པའི་བུ་ཆུང་ད་དུང་ཡང་། །
    ལྷ་སྒྲུང་དག་ལ་མགོ་བོ་གཡེང་ནས་བུ་ཚའི་སྐྲ་ལོ་མཚོན་གྱིས་བཅད། །
    ཉེ་ཤུ་རྩ་བཞིའི་དུས་འཁོར་ལོ་ཡིག་ཉོབ་ཞིག་གི་ཁྲོད་དུ་བོར། །
    རྨི་ལམ་ཙམ་གྱི་སྣང་བ་སྒུག་ནས་སླར་ཡང་མགོ་བོ་རུམ་དུ་བཅུག །

  12. འཆི་བདག་སྐྱབས་། says:
    2009-09-05 at 3:41 am

    ཨ་ཁུ་ཀླུ་སྨྱོན་ལགས། ད་སྐབས་ད་དཔེ་སྐྱིད་པོ་ཡོད་ས་རེད། ཌོ་ལོ་སྔོན་མོ་འདྲ་ཡོད་ན་ང་རང་ལའང་སྐུར་རོགས་གནང་དང་། ང་རང་ལ་རྒྱ་གར་ནང་སྤུན་ཉེ་དང་གཉེན་སོགས་ཅི་ཡང་མེད་དངོས་གནས་ཁག་པོ་
    འདུག
    སྙིང་རྗེ་ཟིག་སྒོམ་དང་། ཨ་ཁུ་ཀླུ་སྨྱོན་ལགས།

  13. yeshe says:
    2009-09-05 at 3:04 pm

    འཆི་བདག་སྐྱབས་ཁྱོད་སུ་ཡིན། འདི་ལྟར་མི་ངོ་མི་ཤེས་པ་ཞིག་ལ་སྒྲོ་ལོར་སློང་མོ་རྒྱག་པ་འདི་ང་ལ་མཚོན་ན་གསར་བ་ཅི་ཡང་མ་རེད། ངས་སྔོན་ཆད་རང་གི་རྩོམ་དེབ་ཚོ་དཔར་དུས་བལ་བོའི་ཕྱུག་བདག་ཚོའི་སྒོ་བརྡུངས་ནས་སློང་མོ་བྱས་པ་ཡིན། ལ་ལས་དམའ་འབེབ་དང་གཤེ་གཤེ་གཏོང་གི་འདུག ལ་ལས་སྤྲང་བོ་འདི་སྙིང་རྗེ་ཟེར་བཞིན་སྒོར་རྡོག་ཆ་རེ་སྤྲོད་ཀི་འདུག སྒོར་མོ་མེད་དུས་སློང་མོ་རྒྱོབས། ངས་ཀྱང་རང་ས་བོད་ཡུལ་དང་གཞན་ས་བལ་ཡུལ། ཕྱི་རྒྱལ་ཨ་རི་བཅས་ནས་སློང་མོ་བརྒྱབ་དང་རྒྱག་བཞིན་པའི་སྒང་ཡིན། ང་ལ་མཚོན་ན་སློང་མོ་ཟེར་བ་དེ་མི་ཞིག་ལ་སྐད་ཆ་བཤད་པ་ཙམ་ཞིག་རེད། སྐད་ཆ་དེར་ནུས་པ་ཐོན་སོང་ན་འགྲིགས་པ་རེད། ང་ལ་གཞན་དག་ལ་རོགས་རམ་བྱེད་ཐུབ་པའི་སྒོར་མོ་མེད། ངས་རང་ཉིད་ལ་སྒོར་མོ་དགོས་དུས་མི་གཞན་ལ་སློང་མོ་རྒྱག་གིན་ཡོད། གང་ཡིན་ཟེར་ན་ངས་ལས་ཀ་ལས་ཀི་མེད་པས་སོ།། སྐད་ཆ་དྲང་གཏམ་ཡིན། དགོངས་པ་མ་ཚོམས་ལགས།

  14. yeshe says:
    2009-09-05 at 3:06 pm

    ངས་ད་དུང་རྡ་རམ་ས་ལའི་ཨ་མདོ་ཨ་ལགས་ཚང་མར་སློང་མོ་བརྒྱབ་པ་ཡིན། ལ་ལས་སྟེར་གི་འདུག ལ་ལས་བསྡིགས་ཀིན་འདུག ཞིབ་ཆ་བཤད་མི་དགོས་ཀ། གང་ལྟར་ཤུ་རེ་བྱོས། མི་ཡུལ་ས་མཐའ་ན་བདེ་སྐྱིད་ཟེར་བ་ཞིག་མེད་པ་ཁྱོས་ལོས་ཤེས།

  15. yeshe says:
    2009-09-05 at 3:37 pm

    ངའི་ཕ་ཡུལ་ན་གཏམ་དཔེ་ཞིག་འདུག མྱི་ས་མཐར་བུད་ན་སྟག སྟག་ནགས་མཐར་བུད་ན་ཁྱི། །ཟེར་གི མྱི་ཟེར་བ་འདི་ས་མཐའ་བུད་ན་ཕ་ཡུལ་ན་ཡོད་དུས་ཀྱི་ལྡབ་བེ་ལྡིབ་བེ་དེ་འདྲ་མ་ཡིན་པར་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་སྣ་ཚོགས་ཀྱིས་སྦྱོང་བརྡར་ཐེབས་ནས་རང་ལམ་རང་གིས་འཚོལ་བའི་བསམ་བློ་དང་། རང་མགོ་རང་གིས་འདོན་པའི་སྙིང་སྟོབས་འདི་སྐྱེས་ཡོང་གི་ཡོད་པ་རེད། བུ་རྒོད་པོ་ཚོ། ས་མཐའ་ནས་ས་མཐའི་ཚོད་ཀྱི་ཕུགས་བསམ་རེ་འཆང་རོགས། རང་ཉིད་རང་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་པ་འདི་ས་མཐའ་ནས་ངོ་འཕྲོད་ཡོང་གིན་འདུག ཁྱོད་ལ་རོགས་བྱེད་ཅིག་ཅིག་མུག་མུག་བྱེད་ཟེར་མཁན་རེ་ཟུང་ལ་འཕྲད་སྲིད་ན་ཡང་དོན་ངོ་མར་རང་ཉིད་མ་གཏོགས་རང་ཉིད་ལ་སྙིང་ཉེ་བ་ཞིག་ས་མཐའ་ན་མེད་ཐག་ཆོད་རེད། འདི་ནི་ངའི་ས་མཐའི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་ཕྲན་བུ་ཞིག་ཡིན།

  16. གཞོན་ནུ་ཟླ་མེད says:
    2009-09-05 at 7:21 pm

    འ་ལགས་སེར་སྣ་ཚ་བོ་ཟེར་ནོ་རེད། ཧཧཧཧ སྒོར་མོ་ལྟེར་མི་ཐུབ་བའི་སྒང་ལ་བསླབ་བྱ་ལུང་པ་གང་རྒྱག་རྒྱུ་འདུག ཧཧཧཧ རྡ་སའི འ་ལགས དེ་ཚོ་དང་གཅིག་པ་གཅིག་རྐྱང་རེད ཡའ

  17. ཀླུ་སྨྱོན། says:
    2009-09-05 at 10:03 pm

    ཨ་རོགས་ཟླ་མེད་ལགས། ཁྱོད་འདིས་ནང་ཆོས་ལ་སྦྱངས་པ་མ་གཏོགས་འཇིག་རྟེན་མི་ཆོས་ལ་ཞེ་དྲགས་སྦྱངས་ཡོད་ས་མ་རེད། ཕྱི་རྒྱལ་གྱི་གཏམ་དཔེ་གྲགས་ཅན་ཞིག་སྟེ། ང་ལ་གསེར་སྟེར་བ་ལས་གསེར་འཚོལ་སྟངས་དེ་སློབས་རོགས་ཞུ། ཞེས་པ་དེ་གོ་མ་མྱོང་ངམ། མི་འདི་རིགས་ལ་ཨ་སྒོར་སྟེར་བ་ལས་ཨ་སྒོར་སློང་སྟངས་བསླབ་ན་ཡག་གི་རེད། ཨ་སྒོར་ང་གཅིག་པོས་བྱིན་པ་དེ་ཉི་མ་ཁ་ཤས་ཀྱི་རྗེས་སུ་རྫོགས་འགྲོ་གི་རེད། དེ་ལས་ཨ་སྒོར་སློང་སྟངས་ཤིག་བསླབས་ན་རྡ་རམ་ས་ལ་དང་ལྡི་ལི་རུ་ཕྱི་གླིང་བ་ཡོང་རྒྱུ་མཚམས་མི་ཆད་པས་གལ་སྲིད་སློང་སྟངས་མཁས་ན་ཨ་སྒོར་གྱི་ལག་ཡོང་ཡང་མཚམས་ཆད་ཀྱི་མ་རེད། མ་རེད་དམ། འདི་མོ་མྱིའི་འཚོ་བ་རོལ་སྟངས་འཚོལ་སྟངས་འདི་ཚོ་གཞུང་བཀའ་པོད་ལྔ་ཡི་ནང་ན་ཡོད་ཀྱི་མ་རེད། གང་ཡིན་ཟེར་ན་མྱི་དཀྱུས་མའི་འཚོ་བ་རོལ་སྟངས་དང་བཀའ་པོད་ལྔ་ལ་འབྲེལ་བ་ཆེར་མེད་པས་སོ། །

  18. གཞོན་ནུ་ཟླ་མེད says:
    2009-09-06 at 10:11 am

    འདི་ཡང་བདེན་པ་འདྲ་བོ་ཅིག་རེད་འདུག ཁ་པར་སླེབས་དུ་མགོ་ན་༩༡ ཤར་ཡོད་ཚེ་མགོ་ན་གི དཀའ་ངལ་ཅིག་ཡོད་ཡོད་པ་རེད་འདུག

  19. གཞོན་ནུ་ཟླ་མེད says:
    2009-09-06 at 10:13 am

    ཡིན་ན་ཡང་ང་ནི་ཁ་སྙན་མོ་དང་བྱང་པོ་ཡིན་ན་ཡང་ལག་པ་དམ་པོ་ཡོད་པས་སྐྱོན་མེད ཧཧཧཧ

  20. འཇམ་དཔལ། says:
    2009-10-08 at 9:19 pm

    ཅོ་ཅོ་ ཀླུ་སྨྱོན་ལགས། རང་འཇིག་རྟེན་ཆོས་བརྒྱད་མ་གཏོག་ནང་ཆོས་སྤྱི་དང་ལྷག་པར་དུ་དམ་ཆོས་འདུལ་བ་སྦྱངས་པ་ཆེར་མེད་པ་འདྲ། དམ་ཆོས་འདུལ་བ་ལས་འཚོ་བའི་ཡོ་བྱད་ལྔ་པོ་སློང་མོ་བྱེད་སྟངས་ཞིབ་ཕྲ་གསུང་ཡོད། མཐའ་ན་ང་ཚོ་བོད་ཀྱི་ངག་རྒྱུན་ལ། །འདུལ་བ་ཟ་ལུགས་འཐུང་སྟངས་རེད། །མངོན་པ་ཆགས་ལུགས་གྲུབ་སྟངསརེད། །ཞེས་པའི་ལེགས་བཤད་དེ་དག་གི་ཤེས་ཐུབ། གང་ལྟར་ཡང་མཆོག་གི་སློང་སྟངས་སློབ་གཏོན་གནང་བ་དེས་དངོས་ཡོད་བོད་པའི་རང་གཤིས་དེ་རྗན་པར་བསྟན་ཡོད། ང་ཚོའི་མི་རིགས་འདིས་གཞན་ལ་དཔལ་འབྱོར་རོགས་རམ་བྱེད་པ་མི་རིགས་གཞན་ལ་མཚོན་ན་ཆེས་ཉུང་ཉུང་རེད། ཡིན་ན་དྲང་བཤད་སློབ་གཏོན་བྱ་བ་ནི་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་ང་ཚོ་གཤིས་ལུགས་རེད། །

  21. འཇམ་དཔལ། says:
    2009-10-09 at 2:32 am

    དྲ་གྲོགས་ཚོ།
    ཁ་མཁས་ཤིག་གི་བཤད་སྒྲོས་མ་ཡིན་ཞིང་། །
    བརྗོད་དོན་བོར་བའི་གཏམ་རྒྱུད་མ་ཡིན་པའི། །
    དངོས་དང་དོན་གྱི་རྡོ་ཁ་གླེང་བ་ལ། །
    ཆོག་གསུམ་བོད་རིགས་སྤུན་ཟླ་ཤེས་པ་གཅེས། །

    རང་ཁེ་གཞན་ཕམ་ཕྱོགས་སུ་མ་ལྷུང་ཞིང་། །
    ང་ཤི་ཁྱེད་གསོན་དམར་འཛིང་མི་བགྱི་བར། །
    བདེན་མཐའ་ཞིག་གི་ལམ་འཕྲང་དེད་པ་ཡིས། །
    དབུ་མའི་ལམ་ནས་རང་དབང་འཚོལ་བ་གཅེས། །

    ཟས་བཅད་བྱས་ནས་སྡུག་སྒུར་མི་བགྱི་ཞིང་། །
    འབོད་སྒྲོགས་ནས་སྙིང་ཆུ་མི་དཀྲུག་པར། །
    རང་རིགས་ལ་རྒྱ་རིག་གཞུངས་གཅེས་འཛིན་གྱིས། །
    ཤེས་རིག་ལམ་ནས་བོད་དོན་འཚོལ་བ་གཅེས། །

    ཨ་སྒོར་བསམ་ནས་མི་གཡོག་མི་བགྱི་ཞིང་། །
    རྒྱ་སྒོར་ཆེད་དུ་བཙུན་གཟུགས་མི་བྱ་བར། །
    རང་རིགས་ལག་ཤེས་ཐོན་རྫས་སྤྱད་པ་ཡིས། །
    བོད་རིགས་ཤིག་གི་མི་ཚེ་འཚོལ་བ་གཅེས། །

    ཕ་མ་བོར་བའི་མིག་ཆུ་མི་གཏོང་ཞིང་། །
    ཁྱོ་ཤུགས་བྲལ་བའི་གདུང་བ་མི་གླེང་བར། །
    ཚང་འཛོམ་སྐྱིད་སྡུག་ཇ་ཆུའི་གཏུང་བ་ཡིས། །
    ཕལ་པའི་ཁྱིམ་གཞིའི་དྲོད་ཁོམ་འཚོལ་བ་གཅེས། །

    དྲན་ཤེས་མེད་པར་སོས་དལ་མི་བསྡོད་ཞིང་། །
    རི་བོང་ཅལ་འབྲོག་རྗེས་སུ་མི་འགྲང་བར། །
    རྟོགས་དཔྱོད་རན་པའི་སྲང་མདའ་མཐོ་དམན་ལ། །
    རྣམ་དཔྱོད་རིགས་པའི་རྟགས་པ་ཀུན་ཏུ་གཅེས། །

    མེས་པོའི་ཞལ་ལྟ་དུག་ཏུ་མི་བལྟ་ཞིང་། །
    དེངས་རབ་གསར་པ་སྨན་དུ་མི་རེ་བར། །
    རྟོགས་དཔྱོད་རན་པའི་མྱོང་བ་ཚད་མ་ཡིས། །
    ལེགས་ཉེས་སོ་ཁའི་རྣམ་དབྱེ་འཚོལ་བ་གཅེས། །

    དུ་ཆང་རྫས་ཀྱི་བཟི་ཁ་མི་མྱོང་ཞིང་། །
    བརྩེ་གདུང་འཇའ་ལ་སྣང་བ་མི་གཡེང་བར། །
    འཕྲལ་ཕུག་ཕན་བདེའི་འཇུག་སྒོ་ཤེས་པ་ཡིས། །
    རྣམ་ཀུན་ཤེས་རིག་གསར་པའི་བཏུ་བ་གཅེས། །

    ལྷ་སྒྲུང་ཞིག་ལ་ཡིད་བློ་མི་གཡེང་ཞིང་། །
    འདྲེ་སྒྲུང་ཞིག་ལ་ཞེ་ཁ་མི་ལོག་པར། །
    དངོས་གདན་འགྲུབ་འབྲས་གཡུལ་དུ་ཟ་བ་ཡི། །
    ཚན་རིག་ལག་ཤེས་སྦྱོང་བ་ཤིན་ཏུ་གཅེས། །

    ས་ཞིང་མུ་རུ་ནང་རྨེ་མི་བགྱི་ཞིང་། །
    སྒོར་གཅིག་ཆེད་དུ་འདི་ཕྱི་མི་གཙོང་བར། །
    གཤིས་བཟང་བོད་པའི་ཕྱི་ཐག་སྐྱོངས་བ་ཡིས། །
    མཛའ་མཐུན་ངང་ནས་དྲང་ལྡན་འཚོལ་བ་གཅེས། །

    ཁ་ལྟོའི་ཆེད་དུ་ཕོ་རླ་མི་གཙོང་ཞིང་། །
    ཡོངས་སྒོའི་ཆེད་དུ་འོག་སྒོ་མི་གཙོང་བར། །
    ཚུལ་ལྡན་ཞིག་གིས་མགོ་འཕང་སྟིག་པ་ཡིས། །
    ཡ་རབས་ཁྲོད་ནས་མིག་ལྟོས་འཚོལ་བ་གཅེས། །

    གཞུང་དོན་སྒྲུབ་ཚེ་ཟུར་འགྲོས་མི་བགྱི་ཞིང་། །
    སྒེར་དོན་སྒྲུབ་ལ་འདུར་སྒྱུག་མི་བྱ་བར། །
    ལ་རིག་ཤ་ཞེན་སྙིང་ལ་འཆང་བ་ཡིས། །
    སྤྱི་ཚོགས་ཞབས་ཞུས་མི་ཚེ་འཚོལ་བ་གཅེས། །

    གཞུང་ཞབས་མཚན་གྱིས་ཁེང་པ་མི་བགྱི་ཞིང་།
    དམན་པའི་མི་ལ་རྡོག་རྫི་མི་གཏོང་བར། །
    རང་བཞིན་བཟང་པོས་ཕྱོགས་ལྷུང་སྤང་པ་ཡིས།
    ངོ་ལྐོགས་མེད་པར་གཞུང་དོན་སྒྲུབ་པ་གཅེས། །

    ཡུལ་མཐའ་མ་ལེ་ཤ་ནས་རང་རིགས་ལ་གཅེས་པའི་བཙུན་གཟུགས་འཇམ་དཔལ་བཟང་པོས་དྲ་གྲོགས་རྣམས་ལ་ཕུལ་བའི་ལེགས་གཅེས་སོ།། །།

  22. རིག་པའི་རལ་གྲི། says:
    2009-10-09 at 4:08 am

    ཡག་པོ་བྲིས་འདུག་འཇམ་དཔལ་བཟང་པོ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme