Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུ་བོ་གང་གའི་མགོ་མཇུག་ནི་ལྷ་ཡུལ་དང་དམྱལ་ཡུལ་ཡིན་པའི་སྐོར།

Posted on 2013-03-032013-03-03 By ཁ་བརྡ་ 6 Comments on ཆུ་བོ་གང་གའི་མགོ་མཇུག་ནི་ལྷ་ཡུལ་དང་དམྱལ་ཡུལ་ཡིན་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

ནང་བཅུད་ཀྱི་སེམས་ཅན་རྣམ་གཞག་ལ་དཔྱད་ན། དེང་གི་ཚན་རིག་པའི་མཐོང་བ་དང་ཆེས་མི་མཐུན་ས་གཅིག་ནི། འགྲོ་བ་རིགས་དྲུག་ཅེས་མི་དང་དུད་འགྲོ་གཉིས་ཀྱི་ཐོག་ཏུ་གོ་རྒྱུ་རིག་རྒྱུ་མེད་པའི་སེམས་ཅན་མི་འདྲ་བ་བཞི་བརྩི་རྒྱུ་རྙེད་ཡོད་པ་འདི་རེད། འདི་ཡང་ནང་པ་སངས་རྒྱས་པ་ཁོ་ནས་རྙེད་པ་མིན་པར། གནའ་རབས་ཀྱི་ཆོས་ལུགས་ཡོད་ཚད་ཕལ་ཆེར་ཁ་གཅིག་མཐུན་ལྟ་བུར་གྱུར་འདུག རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་ནས། ལྷ་ཡུལ་དང་དམྱལ་ཡུལ་གཉིས་པོ་ནི་རླུང་ལྟར་གྲགས་ཤིང༌། རིག་བྱེད་ཀྱི་གཏམ་རྒྱུད་ཕལ་མོ་ཆེ་ཡང༌། ལྷ་དང་དམྱལ་བ་པའི་རྟོགས་བརྗོད་ལྟ་བུར་གྱུར་ཡོད། དཔེར་ན་ཆུ་བོ་གང་གའི་ཆུ་མགོ་ལྷ་དང༌། ཆུ་རྔ་དམྱལ་ཡུལ་དུ་ཟུག་པར་བཤད་པ་ལྟ་བུ་སྟེ་བགྲང་བས་ག་ལ་ལང༌།
མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོས། གནའ་བོའི་རྒྱ་གར་བ་རྣམས་ཀྱི་སེམས་ནང་གི་ལྷ་ཡུལ་དེ་ནི། མངའ་རིས་གངས་དཀར་ཏེ་སེའི་གཡས་གཡོན་ཙམ་ཡིན། ཞེས་གསུངས་པ་ནི། ཕལ་ཆེར་བདེན་པ་ལྟ་བུར་འདུག་ལ། དེ་ལྟར་ན་ཁོ་ཚོའི་སེམས་ནང་གི་དམྱལ་བ་དེའང༌། བྷང་༡ག་ལའི་མཚོ་ཁུག་དེ་ཙམ་ལས། ཞེད་སྣང་ལངས་དགོས་པའི་ས་ཆ་གཞན་པ་ཞིག་མིན་པ་འདྲ། ༼ཞེས་བྲིས་པ་རྣམས་ཀྱང་འོལ་སྤྱོད་ཙམ་དུ་མཐོང་སྟེ། ནང་ཆོས་ཀྱི་ཨ་ལོང་ནང་ཚུད་པའི་ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པའི་ནང་དུ། འགྲོ་བ་རིགས་དྲུག་ཁོ་ནར་ངེས་པའི་ཐོས་ཆུང་གིས་སྨྱུག་རྗེས་ཤིག་ཐལ་སོང་བ་མ་ཟད། རིག་བྱེད་ཀྱི་གཏམ་རྒྱུད་ཕལ་མོ་ཆེ་ཡང༌། (ལྷ་དང་དམྱལ་བ་པའི་རྟོགས་བརྗོད་ལྟ་བུར་གྱུར་ཡོད། དཔེར་ན་ཆུ་བོ་གང་གའི་ཆུ་མགོ་ལྷ་དང༌། ཆུ་རྔ་དམྱལ་ཡུལ་དུ་ཟུག་པར་བཤད་པ་ལྟ་བུ་སྟེ་)ཞེས་པའང་ཟོལ་ཚིག་ཏུ་ངེས་ཏེ། གྲུབ་མཐའ་འདི་དང་འདིའི་ཚད་ལྡན་གྱི་སློབ་དཔོན་འདི་ཞེས་བྱ་བའི་དཔེ་དེབ་འདིར། བརྗོད་ཚིག་འདི་འདྲ་ཞིག་བྲིས་ཡོད་ཅེས་པའི་ཁུངས་སྐྱེལ་མ་བཀོད་པར། སོ་སོའི་གང་དྲན་གྱིས་འོལ་སྤྱི་རྣམས་གོང་འོག་མང་པོ་ཞིག་ཏུ་བཀོད་པ་ལས་ཀྱང་དཔོག་པར་སེམས་སོ།།༽

རྩོམ་རིག

Post navigation

Previous Post: ཀླུ་སྨྱོན་ཧེ་རུ་ཀ་པ་ལར་གུས་ཕུལ།
Next Post: བློ་ཐག་རྦད་ཆོད་སྒོས་རང་སྲེག་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་ཏེ་དངོས་གནས་བོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ།

Comments (6) on “ཆུ་བོ་གང་གའི་མགོ་མཇུག་ནི་ལྷ་ཡུལ་དང་དམྱལ་ཡུལ་ཡིན་པའི་སྐོར།”

  1. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-03 at 9:04 pm

    བགྲང་བས་ག་ལ་ལང༌། ཞེས་པའི་ལང་། ལྡང་གི་ཟུར་ཆག་གཞུང་ཆེན་འགའ་ན་གསལ་ཡང་། དེ་ལ་ལྡང་། ཞེས་འབྲི་ན། དིང་སང་། འདང་། ཞེས་མང་པོས་འབྲི་བ་དེ་ནོར་བར་སྒྲ་རིག་པའི་གོ་བ་ལ་ཕན་ནོ།།

  2. བན་དེ་བ། says:
    2013-03-04 at 2:28 am

    ཆུ་བོ་གང་གྷའི་མགོ་འཇུག་ལྷ་ཡུལ་དང་དམྱལ་ཡུལ་ཟེར་བ་དེ་གོ་རྒྱུ་འདུག
    མགོ་ལྷ་ཡུལ་རྩ་གསུམ་གྱི་གནས་གངས་དཀར་ཏི་སེ་ཞང་ཞུང་གི་ཡུལ་དང། འཇུག་རྒྱ་གར་འཕགས་ཡུལ་དམྱལ་ཾཁམས་བཅོ་བརྒྱད་ལས་ཚ་དམྱལ་བརྒྱད་ཡིན་གསུངས་པ་འདྲ།

  3. རི་རྒྱལ་ཏི་སེ། says:
    2013-03-04 at 11:05 am

    བན་དེ་བ་ལགས། ཆུ་མོ་གངྒཱའི་མགོ་ལྷ་ཡུལ་སུམ་ཅུ་རྩ་གསུམ་གྱི་གནས་གངས་དཀར་ཏི་སེ་ཞང་ཞུང་གི་ཡུལ་དང༌། འཇུག་རྒྱ་གར་གྱི་ཡུལ་དེ་དམྱལ་ཁམས་བཅོ་བརྒྱད་ལས་ཚ་དམྱལ་བརྒྱད་ཡིན་པ་ལུང་དང་རིགས་གང་ཞིག་ཡོད་དམ།????????????????????????????????????????????

  4. བན་དེ་བ། says:
    2013-03-04 at 11:39 am

    གངས་དཀར་ཏི་སེ་ནི་ལྷ་ཡུལ་དང་སུམ་ཅུ་རྩ་གསུམ་གྱི་གནས་ཡིན་པར་ཧིན་དྷུ་བ་མང་པོས་དད་གུས་བྱེད་པར་མ་ཟད་ད་ལྟ་ཚན་རིག་ཞིབ་འཇུག་པས་བོད་ཀྱི་ཆོས་ལུགས་པ་དག་གིས་བཤད་པའི་སུམ་ཅུ་རྩ་གསུམ་དང་རི་རྒྱལ་ལྷུན་པོ་ཟེར་བ་ནི་གངས་ཏི་སེ་ཡིན་པར་བཤད་ཀྱི་ཡོད། ཧིན་དྷུ་བ་རྣམས་ཀྱིས་བོད་བཙན་བྱོལ་ལ་ཡོང་དུས་ཁོང་ཚོ་བོད་མི་ནི་ལྷ་ཡུལ་ནས་སླེབས་པར་ཡིད་ཆེས་ཀྱིས་བོད་པའི་རྐང་པ་དཀྲུས་ཤུལ་གྱི་ཆུ་ཡན་ཆོད་འཐུང་རབས་རྒན་རབས་པ་ཚོས་བཤད། རྗེས་སུ་རིམ་པས་བོད་མིས་ཆེ་ཤའམ་རྔ་མ་རིང་པོའི་ཤ་ཟ་བར་མཐོང་སྟེ་སྐྱུག་བྲོ་བ་རེད་ཟེར། ཆུ་བོ་གང་གྷ་དང་པོའམ་འགོ་དེ་ནས་རེད། དེ་བྱེད་དུས་ལྷ་ཡུལ་ནས་བབས་པ་རེད། བོད་རྒྱུད་ནང་བསྟན་པའི་མཛོད་སོགས་ནས་དམྱལ་བ་ནི་རྡོར་རྗེ་གདན་གྱི་འོག་ཏུ་ཡོད་པར་བཤད་དེ་བྱེད་དུས་གང་གྷ་དེ་རྒྱུད་ལ་བབས་པ་རེད་དོ།་ད་དུང་ལུང་དགོས་ན་མཛོད་ནང་ལ་གཟིགས། རྡོར་གདན་གྱི་ཞབས་འོག་ཏུ་ཡོད་པར་དཔག་ཚད་དང་བཅས་པར་བཀོད་འདུག་པས་ལུང་དེའི་འཐུས་ས་ཡོད། ལུང་ཡོད་ཚར་ན་ལུང་དེ་རྣམ་དག་ཅིག་ཡིན་དུས་རིག་པ་ནི་རང་བཞི་གྱིས་བསྒྲུབ་ཡོང་གི་རེད་དོ། ཧཧཧཧཧ

  5. རི་རྒྱལ་ཏི་སེ། says:
    2013-03-04 at 12:20 pm

    བན་དེ་བ་ལགས། ཚ་བ་མདའ་སྨྱུག་གིས། དཔེར་ན་ཆུ་བོ་གང་གའི་ཆུ་མགོ་ལྷ་དང༌། ཆུ་རྔ་དམྱལ་ཡུལ་དུ་ཟུག་པར་བཤད་ཅེས་པ་ལ་དཔག་ན། ཆུ་བོ་དེའི་རྔ་མ་དེར་རྒྱ་གར་རྡོ་རྗེ་འཁེལ་མིན་གྱི་ཐེ་ཚོམ་ཞིག་ཀྱང་ཡོད་པར་སྙམ།

  6. ལྷོ་ཕྱོགས་རྒྱ་མཚོ། says:
    2013-03-05 at 6:43 am

    དེའི་སྐོར་གཡུགས་ཤོག མ་ཎི་རེ་བགྲང་ཞིང་བཞུགས་ན་བདེ། རྗེས་སུ་ཆག་སྒོ་ཡོང་སྲིད་འཁྲུལ་སྨྱུག་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme