Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཐོང་བ་མངོན་སུམ་ལ་ཏུའུ་ཆི་ཡིས་ལུང་བསྟན་རྒྱག་མི་དགོས་པའི་སྐོར།

Posted on 2013-03-022013-03-02 By ཁ་བརྡ་ No Comments on མཐོང་བ་མངོན་སུམ་ལ་ཏུའུ་ཆི་ཡིས་ལུང་བསྟན་རྒྱག་མི་དགོས་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

ཨི་ཊ་ལི་ནས་ཡིན་པའི་བོད་རིག་པའི་མཁས་དབང་ཏུའུ་ཆིས། བོད་ཀྱི་མཁས་པ་ཚོས་ས་གཞི་བྱ་སྒོང་ལྟར་ཁས་མི་ལེན་པར་སྡེར་མ་ཁ་སྦུབས་པ་ལྟར་ལོག་ཅིག་འཆད་བཞིན་འདུག་པ་དེ་བདེན་ཤས་ཆེ། ༼ཞེས་པའི་སྡེར་མའི་མཚན་གཞི་ཇི་ལྟ་བུ་ཞིག་ལ་བཀོད་མིན་ཡང་དཔྱད་གཞིར་རློམ་ལ།༽ ང་ཚོས་ལྟ་བ་འདི་མུ་མཐུད་བསྒྱུར་དགོས་པར་འདུག མཐར་ཐུག་བོད་བརྒྱུད་ནང་བསྟན་ནས་བཤད་པ་དེ་ཁོ་ན་དོན་ལ་གནས་པའི་དུས་ཤིག་འོང༌། ཞེས་གསུངས་ཡོད་ཅེས་ས་ལྡིང་༢གནམ་ལྡིང་༣བྱེད་ཀྱིན་འདུག་མོད། མཐོང་བ་མངོན་སུམ་གྱི་དོན་ལ་ཏུའུ་ཆིས་མ་འོངས་ལུང་བསྟན་རྒྱག་ག་ལ་དགོས། ༼ཞེས་པ་དེ་ཁོང་གིས་བརྩམས་དེབ་གང་ཡང་རུང་ནང་དུ་བྲིས་ཡོད་ཚེ། མཁས་དབང་ཞིག་གིས་རྣམ་དཔྱོད་ངེས་བརྟན་དཀྲུག་པའི་སྨྱུག་རྗེས་ཤིག་ཡིན་པས། ང་མཚོའི་ཀྱང་གདེང་འཇོག་བྱས་ཀྱང་འགལ་བ་མེད་དེ།༽ ད་ལྟའི་༼ཚན་རིག་པས་འཇིག་རྟེན་འདི་རིལ་རིལ་དུ་སྣང་གི་ཡོད་པའི་༽མིག་ཡོད་ཚད་འཁྲུལ་སོང་ན༼ས་བྱུང་བ་ཡང་ཡིན་མི་དགོས་ལ།༽ མ་འོངས་པར་མ་འཁྲུལ་བའི་མིག་ཞིག་༼ས་ཕྱོགས་༽གང་༼ཞིག་ནས་གསར་དུ་༽རྙེད་༼ཀྱང་མི་དགོས་ཏེ། དེ་དང་དེའི་དུས་ཀྱི་དཔྱད་འབྲས་ལ་དཔག་སྟེ་འཇོག་དགོས་པ་ནི། དཔེར་ན། ཚན་རིག་པ་སྔོན་མ་སྔོན་མའི་གཏན་ལ་ཕབ་ཚད་ཀྱི་རྗེས་སུ། ཕྱི་མ་ཕྱི་མ་རྣམས་ཤར་སྐྱོད་མི་བྱེད་པ་བཞིན་ཡིན་ལ། སྐབས་དེ་དང་དེར་༽རྙེད་༼པ་ཐམས་ཅད་༽ཀྱང་༼དེ་དང་༽དེ་ལ་སྐྱེ་བོ་སུ་ཞིག་གིས་༼ཀྱང་༽ཡིད་ཆེས་༼མི་འཕེར་བར་༽བྱེད་ཐུབ་༼པ་༽དེས་ན། མཁས་དབང་ཏུའུ་ཆིའི་བཀའ་མོལ་དེ་ནི་ང་ཚོ་ལ་རེ་ཞིག་གུ་ཡངས་བཏང་བ་ཙམ་ལས་གཞན་ཅི་ཡང་མིན་༼པ་ཡང་མི་སྲིད་དེ། གལ་སྲིད་དེ་ལྟར་དུ་ཡིན་ན། ཁོང་ནི་ཆོས་ལུགས་སམ་ལངས་ཕྱོགས་མི་མཐུན་པ་རེ་རེའི་སར་བཀའ་མོལ་རེ་རེ་གསུང་མཁན་ཞིག་ཏུ་ཐལ་སོང་བས། ཁ་གཅིག་ལྕེ་མང་གི་མཁས་དབང་ཐེབས་ཆག་ཅིག་ཡིན་པར་ཐལ་བའི་གཏན་ཚིག་དེ་དབུ་ཐོག་ཏུ་ལྷུང་བར་ངེས་སོ།།༽

ཁོ་ཚོ་ནུབ་ཕྱོགས་པ་དག་གི་ལུགས་ལ་ལག་ལེན་ནི། གནས་སྟངས་གཞན་ཞིག་རེད་མ་གཏོགས། བསམ་བློ་དང་སྨྲ་བརྗོད་ཀྱི་སྐབས་སུ་བདེན་རྫུན་གང་ཡིན་ལ་མ་ལྟོས་པར་ལྟ་བ་དང༌། གྲུབ་མཐའ་གང་འདྲ་ཞིག་ཡིན་རུང་མཉམ་གནས་བྱེད་ཆོག་ཅིང༌། ལྟ་ཚུལ་སྣ་ཚོགས་ཕན་ཚུན་གཙུབ་ཅིང་བརྡར་བ་ལས། ད་གཟོད་བསམ་བློ་གསར་པའི་ཚ་རླབས་འཕྲོ་ཐུབ་པའི་ཕྱིར་ན། ལྟ་གྲུབ་གང་འདྲ་ཞིག་ཡིན་རུང་ཡོད་ཆོག་པ་ཞིག་ཡིན་པར་མ་ཟད། ཡོད་དགོས་པ་ཞིག་ཀྱང་ཡིན་པར་འདོད་པ་ལས། ༼ཞེས་པ་འདིར་ཡང་ཚིག་སྔ་ཕྱིའི་ཧང་ཟོམ་ཇོ་མོ་གླང་མའི་རྒྱ་ཁྱོན་ཙམ་ཞིག་ཤོར་བར་མངོན་ཏེ། (ལག་ལེན་ནི་གནས་སྟངས་གཞན་ཞིག་དང༌། བསམ་བློ་དང་སྨྲ་བརྗོད་ཀྱི་སྐབས་སུ་བདེན་རྫུན་གང་ཡིན་ལ་མ་ལྟོས་པར་ལྟ་བ་དང༌། གྲུབ་མཐའ་གང་འདྲ་ཞིག་ཡིན་རུང་མཉམ་གནས་བྱེད་ཆོག་)པའི་ལྟ་ཚུལ་དེ་ལ་ནི། ཧང་སང་རྒྱུ་གང་ཡང་མེད་དེ། བཞེད་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་ཞིག་བྱེད་བཞིན་ཡོད་པ་ནི། སྐུ་ཉིད་ཀྱིས་བྲིས་པ་དེས་གསལ་བའི་ཕྱིར་རོ།།༽
ང་ཚོའི་༼ནང་བསྟན་རིང་ལུགས་པའི་གུ་ཡང་གི་༽བསམ་པ་ལྟར་༼ན། མི་ལ་སྐྱོན་དང༌། གསེར་ལ་གཡའ་ཞེས་པ་བཞིན། འཆིང་བ་ཀུན་ལྡན་གྱི་༽མི་སེམས་ཡོད་ཚད་ལ་སྐྱོན་གྱིས་མ་གོས་པའི་༼གང་ཟག་སོ་སྐྱེས་ཤིག་ཁས་མི་ལེན་པར་རྟེན། དེས་འཛིན་སྐྱོང་བྱེད་བཞིན་པའི་༽ལྟ་གྲུབ་གཅིག་ཁོ་ནས་ཁྱབ་ཐུབ་དགོས་པ་དང༌། རང་གི་༼རྩ་བརྒྱུད་ཀྱི་བླ་མའི་༽དགོངས་པ་དང་མི་མཐུན་པའི་༼ཕྱོགས་ཐམས་ཅད་༽ལྟ་ལོག་༼ཡིན་པར་སྨོས་ནས་༽ཡོད་ཚད་ཚར་བཅད་དེ་བསྣུབ་དགོས་པའི་བསམ་བློ་དེ་འདྲ་རྩ་བ་ནས་མེད་༼དེ། འགྲོ་མགོན་འཕགས་པ་དང༌། རྒྱལ་དབང་ལྔ་པའི་རྣམ་ཐར་ནང་ཆོས་ལུགས་ཆག་སྒྲིལ་ལ་ཞལ་བཞེད་གནང་མེད་པ་མ་ཟད། དེང་གི་དུས་འདིར་ཡང་རྒྱལ་དབང་མཆོག་གི་ ༽ དེའི་དབང་གིས་མཁས་དབང་ཏུའུ་ཆིས། སངས་རྒྱས་པའི་ལྟ་གྲུབ་ལ་ཡུལ་དུས་ལ་དཔགས་པའི་རྩི་འཇོག་དང་གུས་བཀུར་གནང་བ་ཡིན་ཚོད་རེད། དེ་མ་གཏོགས་ཏུའུ་ཆི་ཁོང་༼ཡང་གོང་དུ་བཀོད་པའི་༽ལོ་རྒྱུས་ཁས་མི་ལེན་ཞིང༌། མངོན་སུམ་ལ་བསྙོན་འདིང་བའི་དམུན་པོ་མུ་ཐོ་ལུམ་དེ་འདྲ་ཡིན་རྒྱུ་མ་རེད་སྙམ།

དཔེར་ན་ཨ་མེ་རི་ཀའི་དངོས་ཁམས་བར་འབྱམས་པ་ཧྥེ་མེན་ཟེར་བས། དོན་དངོས་ཐོག་ཏུ་ཚན་རིག་གིས་ལྷ་མེད་པར་སྒྲུབ་མི་ནུས། ཚན་རིག་གིས་ལྷ་མེད་པར་མི་འགྲུབ་པ་དེ་ངེད་ཀྱི་བློ་ལ་ངེས་པར་དུ་འབབ་པ་ཡིན། ཞེས་བཤད་ཡོད་པ་དེ་ལའང་གོ་བ་ཁྱད་པར་ཞིག་ཡོད་པ་ལས། ཉིན་དྲུག་གི་རིང་ལ་འཇིག་རྟེན་ཡོངས་རྫོགས་རྫ་མཁན་གྱི་རྫ་མ་ལྟར་གསར་དུ་བཟོས་ནས། ཉིན་བདུན་པར་ངལ་གསོ་རྒྱག་མཁན་གྱི་ལྷ་དེ་འདྲ་ཚན་རིག་གིས་མེད་པར་མི་འགྲུབ་ཟེར་བ་མིན་པ་ལྟར་རེད། གལ་ཏེ་ཡིན་ན་ས་ཁམས་ཆགས་རིམ་དང༌། སྐྱེ་དངོས་འཕེལ་འགྱུར་སོགས་ཚན་རིག་གི་གྲུབ་དོན་ཆེས་མང་པོ་ཞིག་རབ་འབྱམས་པ་ཧྥེ་མན་གྱི་བློ་ལ་མི་འབབ་པར་ཁས་ལེན་དགོས་སོ།།

རྩོམ་རིག

Post navigation

Previous Post: གཡག་གྲོང་ཁྱེར་གྱི་གཏམ་རྒྱུད། ལེའུ་གཉིས་པ།
Next Post: ཀླུ་སྨྱོན་ཧེ་རུ་ཀ་པ་ལར་གུས་ཕུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme