Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་ས་ལྟེ་སྨྲ་བ་ལས་ཀྱང་རིམ་པ་གཅིག་རྗེས་སུ་ལུས་ཡོད་པའི་སྐོར།

Posted on 2013-02-272013-02-27 By ཁ་བརྡ་ 3 Comments on ནུབ་ཕྱོགས་ས་ལྟེ་སྨྲ་བ་ལས་ཀྱང་རིམ་པ་གཅིག་རྗེས་སུ་ལུས་ཡོད་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

༼མངོན་མཛོད་ནས་གསུངས་པའི་༽ཚུལ་འདི་ནི་ནུབ་ཕྱོགས་ས་ལྟེ་སྨྲ་བ་ལས་ཀྱང་རིམ་པ་གཅིག་རྗེས་སུ་ལུས་ཡོད་སྟབས། ལུགས་འདིའི་བག་ཆགས་ཟབ་པའི་རང་རེའི་དགེ་བཤེས་ས་གྲགས་གནམ་གྲགས་རྣམ་པས་དུས་ད་ལྟ་ཡང༌། རི་བོ་མཆོག་རབ་དེ་ང་ཚོས་མཐོང་མི་ཐུབ་པ་མ་གཏོགས་ག་ཤེད་ཅིག་ཏུ་ཡོད་ངེས་རེད་ཅེས་ཨུ་ཚུགས་ཁོ་ན་གནང་བ་དང༌། ས་གཞི་ལེབ་ལེབ་མིན་པར་ཟླུམ་པོ་ཡིན་ན། ཆུ་བོ་གྱེན་དུ་འབབ་པར་ཁས་ལེན་དགོས་ཞེས་དང༌། ས་ལྒང་ནུབ་ནས་ཤར་དུ་འཁོར་འགྲོ་བཞིན་ཡོད་ན། ནུབ་སྐྱོད་གནམ་གྲུ་ནུབ་ཏུ་འཕུར་མི་དགོས་པར། ལྡིང་༡སྐོར་རྒྱག་སྟེ་བསྡད་ན་ཡང་ནུབ་ཕྱོགས་སུ་སླེབ་འགྲོ་བར་ཐལ་བ་དང༌། ༼ཞེས་པ་ལའང་དཔྱད་དུ་ཡོད་དེ། ནུབ་སྐྱོད་གནམ་གྲུ་དེ་ཉིད་ནུབ་ཏུ་འཕུར་མི་དགོས་པར། བར་སྣང་དེར་གར་ལྡིང་སྐོར་རྒྱབ་སྟེ་བསྡད་པ་ཡིན་ན། རང་རེའི་ས་ཡི་གོ་ལའི་འཁོར་འགྲོས་དེར་སླེབ་སྐབས་བབ་མཆོག་ན་ཡང༌། ཕར་སོང་བ་དང༌། དེར་ལྡིང་སྐོར་རྒྱབ་པ་གཉིས་ཀྱི་དུས་ཚོད་མགྱོགས་བུལ་ལ་ཡང་ལྟ་དགོས་ཏེ། དཔེར་ན། བུང་བུའི་ཁལ་མ་ལྟ་བུ་ཞིག་ཚུར་ཡོང་བཞིན་པ་ལ་སྒུག་བསྡད་པ་བས། རླང་འཁོར་གྱི་དེ་ཕྱོགས་སུ་ལེན་དུ་སོང་ན་འཁོར་ཁ་མྱུར་བ་ཇི་ལྟ་བ་བཞིན་ཡིན་ལ།༽ ཤར་སྐྱོད་གནམ་གྲུ་ཤར་ཕྱོགས་སུ་ཇི་ཙམ་འཕུར་ཡང༌། ཤར་ཁའི་འབབ་ཚུགས་སུ་བསླེབ་རྒྱུ་མེད་པར་༼གཅུང་ཁད་འགྱང་བ་ཙམ་ལས། གཏན་ནས་སླེབ་རྒྱུ་མེད་པར་༽ཁས་ལེན་དགོས་ཞེས་༼པ་༽སོགས་༼ཀྱིས་༽རིགས་སྐམ་ལྟར་སྣང་རེས་ཁ་ཕྲལ་འཇལ་ནས། དངོས་ཡོད་ལ་བསྙོན་འདིང་བཞིན་བཞུགས་དགོས་བྱུང་བ་༼ལྟ་བུ་ཡང་མ་༽རེད། ༼གང་ལགས་ཟེར་ན། སྔོན་ལ་འགྲོ་མཁན་དེ་ཉིད་ཇི་ཙམ་དུ་སོང་བ་ཡིན་ན། རྗེས་ནས་ཡོང་མཁན་དེ་ལ་གཅུང་རིང་ཙམ་དུ་འགྲོ་རྒྱུ་ཡིན་པ་ནི་སྨོས་མེད་རེད།
དེར་བརྟེན་ཁོ་བོས་རྨོངས་ཚོད་ཀྱིས་དཔག་ན། སའི་གོ་ལ་འདི་གཡས་སྐོར་དུ་འཁོར་གྱི་ཡོད་པའི་དབང་དུ་བཏང་ཚེ། འགྲུལ་བཞུད་ཀྱི་གྲུ་གཟིངས་དང་གནམ་གྲུ་སོགས་གཡོན་སྐོར་དུ་བསྐྱོད་པ་ཡིན་ན། ཡོང་མཁན་དང་འགྲོ་མཁན་གཉིས་ཐུག་ཕྲད་མྱུར་བ་ནི་མཐོང་ཆོས་སུ་གྲུབ་པའོ།།༽ འཇིག་རྟེན་རིལ་རིལ་ཡིན་པ་དང༌། ས་ལྒང་འཁོར་བཞིན་ཡོད་ཅེས་པ་འདི་རྩོད་ར་གོར་གོར་ཞིག་ཏུ་དཀྱིལ་ཀྲུང་གྲུ་བཞི་བཅས་ཏེ་བཞུགས་མཁན་གྱི་དམ་བཅའ་པ་ཞིག་དང༌། དེའི་དྲུང་དུ་ཐལ་མོ་དྲག་ཏུ་བརྡེབ་བཞིན་ཡར་རྒྱུག་མར་རྒྱུག་གནང་མཁན་གྱི་རྟགས་གསལ་པ་ཞིག་དང་བཅས་མི་གཉིས་ཁ་ཤགས་བཀྱེས་པའི་གྲུབ་དོན་ཙམ་ཞིག་མིན།

རྩོམ་རིག

Post navigation

Previous Post: ཞི་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་སྐོར་ལ་བགྲོ་གླེང་།
Next Post: རྟ་མགྲིན་ཞ་ར་དང་སྒྲོལ་མ། ད་དུང་ཇོར་ཇི།

Comments (3) on “ནུབ་ཕྱོགས་ས་ལྟེ་སྨྲ་བ་ལས་ཀྱང་རིམ་པ་གཅིག་རྗེས་སུ་ལུས་ཡོད་པའི་སྐོར།”

  1. ཆུ་ཐིགས་སྔོན་མོ says:
    2013-02-27 at 3:37 pm

    རྩོམ་ཡིག་འདི་ལ་གླེང་གཞི་ཙམ་ལས་ཅི་ཡང་མེད་པས་་་་་འདི་འདྲའི་སྐོར་ལ་དཔྱད་རྩོམ་འབྲི་བར་འདོད་ན་གནའ་དེང་གི་རིག་གཞུང་ལ་ཞིབ་འཇུག་དང་རང་གི་རིགས་པས་དཔྱད་པ་སོགས་བསྡུར་ནས་རྒྱས་ཙམ་བཀོད་ན་རང་གཞན་གཉིས་ཕན་ཡིན་པ་ལས་གླེང་གཞི་ཙམ་ཞིག་སྤེལ་ནས་བཞག་ན་་་་སྐོམ་མི་སོད་གི་ཡ

  2. དབང་འདུས། says:
    2013-02-27 at 11:32 pm

    མངོན་པ་མཛོད་ནས་བཤད་པའི་རིགས་པའི་རྣམ་གཞག་གསལ་རྒྱས་ཤིག་ཡིད་ངོར་འཆར་བ་མེད་ན་དགག་པ་རྒྱག་རྒྱུ་ཅུང་སྔ་ཐལ་བ་ཡིན། མངོན་མཛོད་ཙམ་མིན་པར་དཀར་རྩིས་སོགས་ནས་བཤད་པ་ཡང་དེང་སྐབས་ཚན་རིག་པའི་གོ་རྟོག་དང་མི་མཐུན་མོད། འོན་ཀྱང་ལུགས་དེས་ངོ་མཚར་བའི་གྲུབ་དོན་མང་པོ་ཞིག་ཏག་ཏག་སྟོན་བཞིན་པ་མིན་ནམ། དེས་ནས་ད་དུང་བདེན་རྫུན་གྱི་དབྱེ་བ་འབྱེད་རྒྱུ་ཅུང་སྔ་དྲགས་པ་མིན་ནམ། སངས་རྒྱས་གཉིས་པར་གྲགས་པའི་དབྱིགས་གཉེན་གྱིས་འཇིག་རྟེན་གྱི་རྣམ་གཞག་ཙམ་ཡང་མི་ཤེས་ན་ཤིན་ཏུ་རྟོག་དཀའ་བའི་གནས་ཚུལ་སྟོན་པར་ཇི་ལྟར་ཡིད་ཆེས་བྱེད་ཐུབ་བམ། ཅོལ་ཆུང་མི་བྱེད་རང་ཚུགས་བརྟན་པོའི་སྒོ་ནས་རིགས་པའི་རྣམ་གཞག་ལ་གོམས་འདྲིས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་།

  3. གཡུ་འབྲུག་དཀར་པོ། says:
    2013-02-28 at 8:57 am

    དབང་འདུས་ཀྱིས་བཤད་པ་ལྟར་སྐར་རྩིས་ཀྱི་གཞུང་ལུགས་རྣམས་སུ་ཡང་ཉི་ཟླས་རི་རབ་བསྐོར་ཚུལ་དང་། ཉི་ཟླ་གཟའ་འཛིན་སྐབས་དྲང་སྲོང་ཟེར་བའི་སྲོག་ཆགས་ཤིག་གིས་ཉི་ཟླ་གཉིས་བཟའ་བའི་ཚུལ་སོགས་བྱུང་བ་བཞིན། དེ་ལྟ་བུའི་རྣམ་གཞག་གི་སྟེང་ནས་ཉི་ཟླ་གཟའ་འཛིན་གྱི་དུས་ཚོད་གཏན་ལ་འབེབས་པ་དང་། ཟླ་བ་གང་གི་ཉ་ལ་རྒྱུ་སྐར་གང་ཞིག་འཆར་ཚུལ་བསྟན་པ་རྣམས་ཀྱང་ཏག་ཏག་འཁེལ་གྱི་འདུག་ན་དེ་དག་ལ་དགོངས་པ་བཞེས་དགོས་པར་འདུག་གོ། །མངོན་མཛོད་ནས་ས་ལྒང་ལེབ་མོ་ཡིན་ཞེས་གསུངས་པ་ཞིག་ངས་མཇལ་ཡོད་པ་དྲན་གྱི་མི་འདུག་ལ་ངས་དྲན་པ་ལྟར་ན་ས་ལྒང་འདི་ནི་ཟླུམ་པོ་ཡིན་པ་ཞིག་གསུངས་ཡོད་དྲན་གྱི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme