Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །དཔལ་རྒྱལ་བ་ཇོ་ནང་པའི་བསྟན་རྒྱས་སྨོན་ལམ་འཆི་མེད་ཀུན་བཟང་། ཨེ་མ་ཧོ།

Posted on 2013-02-26 By ཁ་བརྡ་ 5 Comments on ༄༅། །དཔལ་རྒྱལ་བ་ཇོ་ནང་པའི་བསྟན་རྒྱས་སྨོན་ལམ་འཆི་མེད་ཀུན་བཟང་། ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཙིཏྟ་ཡེ། །
རབ་འབྱམས་སྲས་བཅས་རྒྱལ་བའི་སྤྱི་གཟུགས་མཆོག །
སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་པོ་དང་། །
རིག་འཛིན་ཆེན་པོ་པདྨ་ཀ་ར་ཡིས། །
ཀུན་ཏུ་མཁྱེན་པའི་དགེ་ལེགས་བསྩལ་དུ་གསོལ། །
མདོ་སྔགས་བསྟན་པའི་སྙིང་པོ་བདེ་གཤེགས་ཆོས། །
ཟབ་རྒྱས་གདམས་པའི་གཏེར་མཛོད་ཀུན་མཁྱེན་བསྟན། །
ངེས་དོན་ཐེག་པའི་སྲོལ་འཛིན་ཇོ་ནང་པའི། །
བཤད་སྒྲུབ་ཕྲིན་ལས་ཕྱོགས་ཀུན་ཁྱབ་གྱུར་ཅིག །
མི་བསྐྱོད་རྡོ་རྗེ་ཀུན་མཁྱེན་ཡབ་སྲས་ནས། །
འཛིན་སྐྱོང་སྤེལ་བའི་ངེས་དོན་རྒྱལ་བའི་བསྟན། །
གསང་གསུམ་གཉུག་མའི་དེ་ཉིད་མངོན་མཛད་པའི། །
རྒྱལ་བ་ཇོ་ནང་བསྟན་པ་རྒྱས་གྱུར་ཅིག །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེའི། །
སྙིང་པོའི་སྲོག་འཛིན་བདེ་གཤེགས་སྙིང་པོའི་དོན། །
ཇི་བཞིན་མ་ནོར་འགྲོ་ལ་སྟོན་མཁས་པའི། །
རྒྱལ་བ་ཇོ་ནང་བསྟན་པ་རྒྱས་གྱུར་ཅིག །
སོ་ཐར་ངེས་འབྱུང་རྣལ་མའི་སྡོམ་པ་བཙུན། །
ཐེག་ཆེན་བྱང་ཆུབ་སེམས་ཀྱི་བསླབ་པར་མཁས། །
གསང་སྔགས་རྣལ་འབྱོར་དགོངས་པའི་དེ་ཉིད་བཟང་། །
རྒྱལ་བ་ཇོ་ནང་བསྟན་པ་རྒྱས་གྱུར་ཅིག །
རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་བྱིན་རླབས་དང་། །
རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །
སྙིང་པོའི་བསྟན་པ་ཚུལ་བཞིན་སྒྲུབ་མཛད་པའི། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་ཀུན་ཁྱབ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཆོ་འཕྲུལ་དུས་ཆེན་ནམ། བོད་རྒྱལ་ལོ་ ༢༡༤༠ རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཟླ་ ༡ ཚེས་ ༡༥ ཕྱི་ལོ་ ༢༠༡༣ཟླ་༢ཚེས་༢༥ཉིན། བདག་གིས་བྲིས་པའི་ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག་ཅེས་པའི་ནང་དུ་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་རྒྱས་སྨོན་ལམ་ཆད་འདུག་ཅེས་མཁན་པོ་འོད་གསལ་མཐའ་ཡས་དང་ཁ་བརྡ་དྲ་བར་འབྲུག་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་གསུངས་པ་དང་རང་གིས་ཀྱང་རྨི་ལམ་ཡ་མཚན་ཅན་དུ་མ་རྨིས་པའི་ནང་ལས་ཀུན་རིག་མས་ཇོ་ནང་བསྟན་རྒྱས་སྨོན་ལམ་གསོལ་འདེབས་ཤིག་འབྲི་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སྦྱོང་རིག་འཛིན་ཨེ་མ་ཧོས། ཉི་གླིང་རྒྱ་མཚོའི་ཤྲྰི་ཨ་ནནྟ་བཛྲའི་ཆོས་ཚོགས་ཁང་ནས་གང་ཤར་བཞིན་དུ་སྨོན་ལམ་བཏབས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།
རྩོམ་རིག

Post navigation

Previous Post: སྙན་ངག་པ་ལྷ་བྷེ་ལ་མྱ་ངན་ཞུ་ཚིག
Next Post: གླུ་གཞས་གསར་པ་༼ བོད་པའི་ཁྱད་ཆོས།༽

Comments (5) on “༄༅། །དཔལ་རྒྱལ་བ་ཇོ་ནང་པའི་བསྟན་རྒྱས་སྨོན་ལམ་འཆི་མེད་ཀུན་བཟང་། ཨེ་མ་ཧོ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-02-26 at 5:28 pm

    སོ་ཐར་བྱང་སེམས་གསང་སྔགས་མཛོད་འཛིན་ཅིང་། །
    ཐོག་མའི་ས་བོན་བདེ་གཤེགས་སྙིང་པོའམ། །
    འཁོར་ལོ་ཐ་མའི་དགོངས་དོན་སྙིང་བཅུད་དངོས། །
    གསལ་སྟོན་ཇོ་ནང་བསྟན་པ་རྒྱས་གྱུར་ཅིག །

  2. ལོང་བ། says:
    2013-02-28 at 10:07 am

    གཞི་ཡི་གནས་ལུགས་འོད་གསལ་གཉུག་མའི་གཤིས།།
    ལམ་མཆོག་ངེས་པའི་གསེང་ལམ་ལ་བསྟེན་ནས།།
    འབྲས་བུ་གཞི་ལས་མ་གཡོས་གསལ་རྟོགས་པ།།
    ངེས་དོན་སྙིང་པོའི་བསྟན་པ་རྒྱས་གྱུར་ཅིག།

  3. ཨ་ཕྱི་ཆོས་སྒྲོན says:
    2013-03-01 at 9:08 am

    སྒྲུབ་བཤད་བཅོ་བརྒྱད་གྲལ་དུ་མ་རྩིས་ཀྱང་། །
    གཞན་སྟོང་ཐེག་ཆེན་སེངྒེའི་སྒྲ་སྒྲོག་ཅིང་། །
    སྦྱོར་དྲུག་ཟུང་འཇུག་དུས་འཁོར་ལ་བརྩོན་པའི། །
    ཀུན་མཁྱེན་ཇོ་ནང་བསྟན་པ་དར་གྱུར་ཅིག །

  4. དྲི་མེད་ལྷག་བསམ། says:
    2013-03-01 at 9:34 am

    མདོ་དོན་མཐར་ཐུག་བྱམས་ཆོས་སྒོམ་ལུགས་པ། །སྔགས་དོན་ཟབ་མོ་རྡོ་རྗེ་རྣལ་འབྱོར་གྱི། །བཤད་སྒྲུབ་བཀའ་བབས་ངེས་དོན་བསྟན་པའི་བདག །ཇོ་ནང་ཀུན་མཁྱེན་བསྟན་པ་རྒྱས་གྱུར་ཅིག །དྲི་མེད་པས་སོ། ། ཨ་ཕྱི་ལགས། སྒྲུབ་རྒྱུད་ཤིང་རྟ་བརྒྱད་དུ། ཇོ་ནང་ལ་དུས་འཁོར་སྦྱོར་དྲུག་པ་དང་། ས་སྐྱ་ལ་ལམ་འབྲས་པ། དགེ་ལུགས་ལ་བཀའ་གདམས་གསར་མར་བསྡུས་པ་ལགས། །

  5. ཤག་པོ་ says:
    2013-03-15 at 5:59 am

    ཇོ་ནང་གཞན་སྟོང་པ་ཆེན་པོ་ལ་དད་པ་ཆེན་པོ་ཡོད། གོང་ས་མཆོག་ནས་རྩ་ཆེན་པོ་རེད་ཅེས་ཡང་ཡང་གསུང་གི་འདུག། ཡིན་ན་ཡང་གུས་པ་རང་ཉིད་ཆུང་ཆུང་ནས་སློབ་གྲ་སོང་བས་དབྱིན་ཡིག་ཨོ་ཙེ་ཤེས་ཀྱི་ཡོད་བོད་ཡིག་ཏོག་ཙམ་ཤེས་ཀྱི་ཡོད། ནང་ཆོས་ལ་ཤེས་འདོད་ཆེན་པོ་ཡོད་ཀྱང་ཁག་པོ་འདུག། རང་སྟོང་དང་གཞན་སྟོང་ཟེར་བ་གང་རེད། དགེ་ལུགས་པའི་དགེ་བཤེས་ང་ཡིན་ཟེར་མཁན་ཞིག་ལ་སྐད་ཆ་དྲིས་པ་ཡིན་ཁོང་གིས་གསུང་ན་ཇོ་ནང་པ་རྗེ་རེན་པོ་ཆེས་བཀག་ཟིན་པ་རེད་ལབ་གི་འདུག། དངོས་གནས་བཀག་ཚར་ན་ག་རེ་བྱེད་ནས་རྩ་ཆེན་པོ་རེད་ ཁྱེད་རྣམས་པས་གུས་པ་མི་ཤེས་པ་ལ་བྱམས་གཟིགས་ཞིག་གནང་རོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme