Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་བོ་མཆོག་རབ་ཅེས་པའི་རི་ཆེན་པོ་ཞིག་ཡོད་པར་འདོད་པའི་སྐོར།

Posted on 2013-02-252013-02-25 By ཁ་བརྡ་ 4 Comments on རི་བོ་མཆོག་རབ་ཅེས་པའི་རི་ཆེན་པོ་ཞིག་ཡོད་པར་འདོད་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

འོན་ཀྱང་༼ས་གཞི་འབར་རི་འབུར་རི་༽དེའི་དཀྱིལ་དུ་རི་བོ་མཆོག་རབ་ཅེས་པའི་རི་ཆེན་པོ་ཞིག་ཡོད་པར་འདོད་པ་འདི་ནི། ༼སློབ་དཔོན་དབྱིག་གི་རྩ་ལག་ལྟ་བུ་གང་རུང་ཞིག་གིས་༽མཁས་ཁྱད་ཀྱི་བློས་བཏགས་བྱས་པ༼འི་རང་༽མཚང་དུ་སོང་བ་ཞིག་༼མིན་པ་༽སྟེ། དོ་དགོངས་མུན་རུབ་པ་ནས་བཟུང་སང་ཉིན་ནམ་མ་ལངས་ཀྱི་བར་དུ་ཉི་མའི་འོད་སྣང་རྟ་རྔ་ཙམ་ཡང་རིག་རྒྱུ་མེད་པ་འདི། རི་ཆེན་པོ་ཞིག་གིས་བསྒྲིབ་པ་ལོས་ཡིན་སྙམ་པའི་རྨོངས་ཚོད་བྱས་པ་༼ཙམ་༽ལས་གཞན་ཁུངས་དང་རྒྱུ་མཚན་ཅི་ཡང་མེད་༼ནའང༌། གདོད་མའི་སྤྱི་ཚོགས་དང་བསྟུན་ཏེ་གསུངས་པ་ནི་སྨོས་མ་དགོས་པ་ཞིག་རེད།༽
ལུགས་འདིས་ས་གཞི་ཁོ་ན་མ་ཟད་ཉི་ཟླ་སྐར་མའི་འཇིག་རྟེན་ཡོད་ཚད་ཀྱི་ལེབ་ལེབ་སླ་ང་ལྟ་བུ་རེ་འདོད་ཀྱིན་ཡོད་༼ན། ཁྱེད་རང་གིས་གོང་དུ་བཀོད་མ་ཐག་པའི་(རི་བོ་མཆོག་རབ་ཅེས་པའི་རི་ཆེན་པོ་ཞིག་ཡོད་པར་འདོད་ཅེས་པ་དེ་ཡང་སླ་ང་ལྟ་བུ་ཞིག་ཡིན་པ་ཐལ། ལུགས་འདིས་ས་གཞི་ཁོ་ན་མ་ཟད་ཉི་ཟླ་སྐར་མའི་འཇིག་རྟེན་ཡོད་ཚད་ཀྱི་ལེབ་ལེབ་)ཡིན་པའི་ཕྱིར་དང༌། མངོན་མཛོད་ཀྱི་ལུགས་ལྟར་ན། རྟེན་གླིང་སོ་སོའི་དབྱིབས་ཇི་ལྟ་བ་བཞིན་དུ། བརྟེན་པ་དེའི་བྱད་བཞིན་གྱི་དབྱིབས་ཀྱང་དེ་མཚུངས་ཡིན་དགོས་པར་བརྟེན། རྩོམ་པ་པོ་ཁོང་གི་གདོང་དབྱིབས་ཀྱང་སླང་ང་འདྲ་བ་ཞིག་ཡོད་པའི་དབང་དུ་མཛད་ནས་བྲིས་པར་མངོན་ནོ།།
འཇིག་རྟེན་ལེབ་ལེབ་ཅེས་པའི་ཐ་སྙད་དེ་ནི། མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་ནང་དུ་གསལ་བ་ཙམ་ལས། ད་བར་ཁོ་བོ་དང་འབྲེལ་བའི་མི་སྣ་མང་པོ་ནས། བཀའ་བསྟན་ཁྲོད་ཚིག་འབྲུ་གཅིག་ཀྱང་རྙེད་གསོན་མ་བྱུང་ན། དེ་མཚུངས་འཁོད་པའི་རྒྱབ་བརྟེན་དེ། ཡིག་འབྲུ་ཤོག་གྲངས་དང་བཅས་པ་གསལ་སྟོན་ཡོང་བ་ཞུ་རྒྱུ་ཡིན།༽

རྩོམ་རིག

Post navigation

Previous Post: བཀའ་ཁྲི་ཟུར་པ་དང་སྲིད་སྐྱོང་གཉིས་ཀས་ཤེས་རིག་སྐོར་གསུང་བཤད།
Next Post: ཨ་མདོ་རྔ་པ་ནས་ཡང་བསྐྱར་རང་ལུས་མེར་བསྲེགས།

Comments (4) on “རི་བོ་མཆོག་རབ་ཅེས་པའི་རི་ཆེན་པོ་ཞིག་ཡོད་པར་འདོད་པའི་སྐོར།”

  1. རོང་པོ་མཇོ་ན་ནས་ says:
    2013-02-26 at 10:03 am

    ཚན་རིག་པས་ཟེར་གྱི་འདུག་ཟེར་ན་མ་ཁྱབ་ཏེ་་་ཁོང་ཚོས་ལས་ཁས་མི་ལན་པའི་ཕྱིར་་་དེར་ཐལ་་་སྐྱེ་བ་སྔ་ཕྱི་ཁས་མི་ལན་པའི་ཕྱིར།

  2. རོང་པོ་མཇོ་ན་ནས་ says:
    2013-02-26 at 10:06 am

    ང་ཚོ་ཧ་ཅང་འགྲོགས་ཆེ་ན་ནམ་ཞིག་མ་བུ་ཆང་ས་རྒྱབ་ཡ་ལ་ཡང་ཧ་མི་ལས་པ་འགྲོ་མི་ཡི་ཐོབ་ཐང་ཡིན་ལུག་བཤད་ཚོད་རེད།

  3. རང་དབང་ཨ་རྡུ་མན་ says:
    2013-02-26 at 9:12 pm

    རྣམ་དཔྱོད་དང་རིགས་གསར་རློམ་པ་ཁ་ཤས་ཀྱིས་བསམ་ཚུལ་ལྟར་ན་་་་་་ཁྱེད་རང་ཡང་སེམས་མེད་ཀྱི་བེམ་པོ་ཡིན་པ་ཐལ།
    ཚན་རིགས་པས་དེ་ལྟར་འདོད་པའི་ཕྱིར།།

  4. དབང་འདུས། says:
    2013-02-27 at 11:38 pm

    ༄།། རང་རིག་རིག་གཞུང་བཅས་པ་རྗེས་ལུས་ཀྱི་གྲས་སུ་བཏང་སྟེ། ཚན་རིག་མི་ཤེས་ཤེས་མདོག་གི་ཁ་ཕོ་མ་བསྒྲགས་ཨང་། གལ་སྲིད་མངོན་པ་མཛོད་ནས་བསྟན་པའི་རྣམ་གཞག་ཇི་བཞིན་པར་ཤེས་ཀྱིན་ཡོད་ན། ལུགས་དེ་དང་མཐུན་པའི་ཉིན་ཞག ཚེས་ཞག ཁྱིམ་ཞག་གསུམ་གྱི་སྐོར་སྒྲོ་འདོགས་ཆོད་ངེས་ཤིག་བྲིས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme