Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ལ་ཨོལ་སྒོའི་རྨེན་བུའི་ནད་བྱུང་པའི་་ནད་རྟགས་བཅུ།

Posted on 2013-02-232013-02-23 By ཁ་བརྡ་ 4 Comments on ཁྱེད་ལ་ཨོལ་སྒོའི་རྨེན་བུའི་ནད་བྱུང་པའི་་ནད་རྟགས་བཅུ།

ཚོད་དཔགས་བྱེད་ན་དེང་འཛམ་གླིང་ནང་སྐྱེ་བོ་ས་ཡ་མང་པོར་ཨོལ་སྒོའི་རྨེན་ནད་ཡོད་པ་ཡིན། ཡིན་ཡང་མང་པོས་ནད་གཞི་དེ་དག་ཇི་ལྟར་ཡིན་མིན་ད་དུང་ཤེས་ཀྱི་མེད་པ་རེད། ཨོལ་སྒོ་ནི་མཇིང་པའི་ནང་ངོས་ཕྱེ་མ་ལེབ་ཀྱི་གཟུགས་དང་འདྲ་བའི་རྨེན་བུ་ཞིག་ཡིན་པ་དང། དེས་ལུས་པོའི་ནང་ཟས་ཀྱི་བཅུད་རྫས་རྣམས་བསྡུ་ལེན་གྱིས་གཟུགས་པོར་མཁོ་སྤྲོད་བྱ་མཁན་གྱི་མ་ལག་གཙོ་བོ་ཞིག་ཡིན། ཅི་སྟེ་ཁྱེད་ཀྱིས་ཨོལ་སྒོའི་བྱེད་ལས་ཚུལ་བཞིན་མ་གནས་ན་ལུས་ཀྱི་བདེ་ཐང་ཐོག་ཤུགས་རྐྱེན་འཐེབས་ངེས་ཡིན། དམིགས་ཀར་དུ་ལྗིད་ཚད་དང། སེམས་ཁམས་མི་བདེ་ཞིང་ཡིད་ཞུམ་པ། ལུས་ཟུངས་ཉམས་པ་བཅས་བྱུང་།

ཨོལ་སྒོའི་རྨེན་ནད་བརྟག་བཅོས་མ་བྱེད་པ་དེས་ལུས་འཚོ་ཆེས་པར་རྒྱགས་པ་ཆགས་མགྱོགས་པ་དང། སྙིང་ནད་འབྱུང་བ། ཡིད་ཞུམ་པ། བྲེད་དངངས། སྐྲ་བྱིད་པ། རོ་ཙྭ་ཉམས་པ། སྐྱེ་འཕེལ་གྱི་ཉུས་པ་ཉམས་པ་ལ་སོགས་མི་འཕྲོད་པའི་ནད་རྟགས་དུ་མ་བྱུང་བས་ངེས་པར་དུ་ཁྱེད་ནས་བརྟག་དཔྱད་ལ་ལྷོད་གཡེང་གནང་མི་རུང། ཁྱེད་ལ་ཨོལ་སྒོའི་རྨེན་ནད་ཡོད་པར་ནད་རྟགས་ཐམས་ཅད་ཚང་དགོས་པའི་ཁྱབ་པ་མེད། ཡིན་ཡང་འདིར་སྤྱི་རྟགས་འགའ་བཀོད་ཡོད་པས་ཁྱེད་ལ་ཨོལ་སྒོའི་ནད་ཡོད་མེད་ཤེས་ཐུབ།
༡༠། ཤ་གནད་དང་ཚིགས་མཚམས་ན་ཟུག་བྱུང་བ། ཆུ་རྒྱུས་ན་ཟུག
ཁྱེད་ཀྱི་ཤ་གནད་དང་ཚིགས་མཚམས་སུ་ཟུགས་གཟེར་མངོན་པ་དང། ལག་པའི་ནུས་ཤུགས་ཉམས་པ། ལག་པའི་མཁྲིག་མ་དང་རྐང་ཉྭར་ཁུངས་སྦུ་ཡོད་སྙམ་དུ་སེམས་པ་བཅས་ནི་ཨོལ་སྒོའི་རྨེན་ནད་ཡོད་པའི་མངོན་རྟགས་ཡིན།

༩། མཇིང་པ་མི་བདེ་བ། ཇི་ཆེར་རྒྱས་པ།

རང་གི་ཚོར་བའི་ནང་མཇིང་པ་སྐྲངས་པའམ། མིད་པ་འགགས་པའམ་སྡམ་པ་ལྟར་ཚོར་བ། སྐད་འཛེར་བའམ་མཇིང་པ་ཇི་ཆེར་རྒྱས་པ་བཅས་ནི་ཨོལ་སྒོའི་རྨེན་ནད་བྱུང་བའི་ནད་རྟགས་ཡིན།

༨། སྐྲ་དང་པགས་པ་འགྱུར་ལྡོག་ཏུ་སོང་བ།༼ Hair/Skin Changes༽

ཨོལ་སྒོའི་ནད་རིགས་ལ་སྐྲ་དང་ལུས་ཀྱི་པགས་པ་ནི་འགྱུར་སླ་བའི་རང་བཞིན་ཞིག་ཡིན། མ་ཟད་སྐྲ་བྱི་བ་ནི་མངོན་རྟགས་ཆེ་ཤོས་ཞིག་ཡིན། ཨོལ་སྒོའི་རྨེན་གཤེར་ཆེས་ཉུང་བའི་ནད་པར་དུས་རྒྱུན་དུ་སྐྲ་ཆགས་ཉེན་ཅན་བྱུང་བ་དང། སྐྲ་རྩུབ་ཞིང་སྐམ་པ། སྐྲ་རྩེ་གཉིས་བྱུང་ཞིང་བྱི་སླ་བ་བཅས་བྱུང་བ་ཡིན། ལུས་ཀྱི་པགས་པའང་རེག་བྱ་རྩུབ་པ། མཐུག་པོ་ཆགས་པ། སྐམ་ཞིང་ཤུན་ལྐོགས་ཅན་བཅས་བྱུང་བ་ཡིན། ཨོལ་སྒོའི་རྨེན་གཤེརཉུང་བའི་རྐྱེན་བྱུང་ན་རྒྱུན་ལྟར་མ་ཡིན་པར་མིག་སྤུ་དབྱི་བ་སོགས་བྱུང། རྨེན་གཤེར་མང་ན་སྐྲ་དབྱི་བ་དང་པགས་པ་སྐམ་ཞིང་རིད་པ་བཅས་བྱུང་།
༧། ཕོ་བ་མི་བདེ་བ།༼ Bowel Problems ༽
གཤང་བ་རྒྱུན་རིང་ཚབས་ཆེན་དུ་འགགས་པ་ནི་ནད་རྟགས་ཞིག་ཡིན་ལ། ཕོ་བ་འཁྲུ་བ་དང་མི་བདེ་བ་བྱུང་བ་ནི་ཨོལ་རྨེན་ནད་ཀྱི་མངོན་རྟགས་ཡིན།

༦། ཟླ་མཚན་མི་སྙོམས་པ་དང་སྐྱེ་འཕེལ་གྱི་ནུས་པ་ཉམས་པ།༼རོ་ཙཱ་ཉམས་པ།༽
ཟླ་མཚན་ཕོན་ཆེ་བ་དང། མི་སྙོམས་པ། ཟླ་མཚན་སྐབས་ན་ཟུག་དྲགས་པ་བཅས་ནི་ཨོལ་རྨེན་ཟད་པའི་ནད་རྟགས་ཡིན། ཨོལ་རྨེན་འཕེལ་བའི་རྟགས་སུ་ཟླ་མཚན་དུས་ཡུན་ཐུང་བ་དང། འབོར་ཉུང་བ། དུས་ཐོག་མ་བྱུང་བ་བཅས་བ་ཡིན། རོ་ཙཱ་ཉམས་པའམ་སྐྱེ་འཕེལ་ནུས་པ་ཉམས་པ་བཅས་ནི་ཨོལ་སྒོའི་ནད་རྟགས་སོ།

༥། ནང་མིའི་ལོ་རྒྱུས།༼family history༽
གལ་ཏེ་ཁྱེད་ཀྱི་ནང་མིར་ཨོལ་སྒོའི་རྨེན་ནད་ཡོད་པའི་ལོ་རྒྱུས་ཡོད་ན་ཁྱེད་ཉིད་ལའང་བྱུང་བའི་ཉེན་ཚབས་ཆེ་བ་ཡིན་པས་ངེས་པར་དུ་གཟབ་དགོས། དམིགས་ཀར་དུ་ལོ་ན་རྒས་པའི་མིས་དེ་དག་ལྦ་བར་ངོས་འཛིན་བཞིན་ཡོད། སོང་ཙང་དུས་རྟག་ཏུ་རྨེན་བུའམ་ལྦ་བས་རྐྱེན་པས་ལུས་ཀྱི་ལྗིད་ཚད་འཕར་བའི་སྐོར་གླེང་སྐབས་ངེས་པར་དུ་དོ་སྣང་བྱེད་དགོས།

༤། མཁྲིས་ཞག་གམ་མཁྲིས་ཚིལ་ནད་བྱུང་བ།༼ Cholesterol Issues ༽
དུས་རྟག་ཏུ་འཕྲོད་པའི་ཟས་བསྟེན་པ་དང་སྤྱོད་ལམ་ཚུལ་མཐུན་ཟབ་ཀྱང་མཁྲིས་ཞག་རྒྱས་པ་དང་། མཁྲིས་ཞག་གི་སྨན་གཏོང་ཡང་ཕན་སྐྱེད་མི་མངོན་ན་ཨོལ་སྒོའི་རྨེན་ཁུ་ཟད་པའི་རྟགས་ཡིན། རྒྱུན་ལྟར་ན། མཁྲིས་ཞག་ཟད་པ་ནི་ཨོལ་རྨེན་རྒྱས་པའི་ནད་རྟགས་ཡིན།

༣། ཡིད་ཞུམ་པ་དང་བྲེད་དངངས་བྱུང་བ།༼ Depression and Anxiety༽
ཡིད་ཞུམ་པ་དང་བྲེད་དངངས་སམ་སེམས་སྡུག་བྱུང་བ། དེ་ཡང་གློ་བུར་དུ་སེམས་འཚུབ་པ་བཅས་ནི་ཨོལ་སྒོའི་ནད་རྟགས་ཡིན། ཨོལ་རྨེན་ཟད་པའི་རྟགས་སུ་ཡིད་ཞུམ་སེམས་ངལ་བཅས་བྱུང་བ་ཡིན། ཨོལ་རྨེན་འཕེལ་བའི་རྟགས་སུ་བྲེད་དངངས་དང་སེམས་འཚུབ་པ་བཅས་བྱུང་བ་ཡིན། ཡིད་ཞུམ་སེམས་ངལ་སྨན་བཅོས་བྱེད་ཀྱང་དྲག་སྐྱེད་མ་བྱུང་ན་ཨོལ་སྒོའི་རྨེན་ནད་ཡིན།

༢། ལྗིད་ཚད་མི་བརྟན་པ། འགྱུར་ལྡོག་མང་བ།༼Weight Changes༽

ཁྱེད་ཀྱིས་རྒྱུན་ལྟར་ཟས་དང་སྤྱོད་ལམ་གཟབ་ལ་རྩོལ་བཅག་རན་པར་བྱེད་ཀྱང་ལུས་ཀྱི་ལྗིད་ཚད་འཕར་ཆག་མེད་པ་དང། ཁྱེད་ཀྱིས་ཟས་སྤྱོད་ལམ་སྟོན་ཚུལ་མཐུན་དུ་སྤྱད་ཀྱང་ལྗིད་ཚད་གཞན་ལྟར་ཆག་མི་ཐུབ་པ། ལྗིད་ཚད་ཆག་དཀའ་བ། གཞན་ཡང་རྒྱུན་ལྟར་ཟས་མང་ཉུང་འཚམས་པར་རོལ་ཡང་ལྗིད་ཚད་ཆག་པ་དང། རྒྱུན་ལྡན་ལས་ཆེས་མང་པ་བཟས་ཀྱང་ལྗིད་ཚད་འཕར་བ་སོགས་བྱུང་བ་ནི་ནད་རྟགས་ཡིན། གཞན་ཡང་སྐབས་འགར་ལུས་ཚོ་ཆེས་པ་དང་། སྐབས་འགར་ལྗིད་ཚད་ཆག་པར་མངོན་པ་བཅས་ནི་ཨོལ་སྒོའི་རྨེན་གཤེར་འཕེལ་ཟད་དུ་འགྱུར་བའི་རྟགས་ཡིན།

༡། ལུས་ངལ་དུབ་བྱུང་བ། ཐང་ཆད་པ།༼Fatigue༽
ཞོགས་ལྟར་ལངས་དུས་ལུས་ངལ་དུབ་སྒྱིད་ལུགས་སུ་མངོན་པ། མཚན་མོར་ཕྱག་ཚོད་ ༨ ནས་ ༡༠ ལྷག་ཉལ་ཡང་གཉིད་མ་འངས་བའི་ཚོར་བ་བྱུང་ཞིང་། ཉིན་མོར་སྒྱིད་ལུགས་པ་བཅས་ནི་ནད་རྟགས་ཡིན། ཨོལ་རྨེན་འཕེལ་བའི་རྟགས་སུ་གཉིད་ཡེར་བས་ཉིན་གང་ལུས་ཐང་ཆད་པ་སོགས་བྱུང་བ་ཡིན།
འདོར་ན་དེང་རང་རེའི་སྤྱི་ཚོགས་ནང་ཨོལ་རྨེན་རྒྱས་པའི་ནད་གྲངས་ཇི་མང་དུ་འཕེལ་བཞིན་ཡོད་པས་དུས་རྟག་ཏུ་རང་ལུས་རང་གཅེས་ཀྱིས་བརྟག་དཔྱད་སྨན་བཅོས་ཞུ་དགོས་ལ། རྒྱུད་ལས་ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང། ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན། ཞེས་གསུངས་པ་བཞིན་དུས་རྟག་ཏུ་རང་ཉིད་ལ་འཕྲོད་པའི་ཟས་སྤྱོད་ཚུལ་བཞིན་སྤྱོད་དགོས་པ་དང། ཟས་མི་འཕྲོད་པ་དང་སྤྱོད་ལམ་མི་མཐུན་པ་གཉིས་པོ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་རྟག་ཏུ་སྤང་བར་བྱའོ། མིང་གི་རྣམ་གྲངས་གཞན་ཁག་ནི། ལྦ་རྨེན། བད་ཀན་རྨེན་བུ།

____གསོ་རིག་ཉམས་གསོག་སློབ་མ་སྨད་མཆོག་པས།

གསོ་རིག

Post navigation

Previous Post: བླ་མའི་རིང་ལུགས་ཀྱི་ཆོས་ལུགས། སྤྲུལ་སྐུ་དབང་ཆེན།
Next Post: རྒྱལ་གཅེས་དཔའ་བོ་བསོད་ནམས་རབ་ཡངས་ཀྱི་རྐང་པ་གཉིས་བཅད་འདུག

Comments (4) on “ཁྱེད་ལ་ཨོལ་སྒོའི་རྨེན་བུའི་ནད་བྱུང་པའི་་ནད་རྟགས་བཅུ།”

  1. ཨ་ར་དཀར་པོ says:
    2013-02-23 at 5:52 am

    ན་ཚ་དེ་ལ་ཕན་པའི་སྨན་ཡོད་དམ བཅོས་དཀའ་འམ་སླ ཁ་གསལ་ཞིག་གསུང་རོགས

  2. བྷོ་ཏའི་འཁྱམ་པོས། says:
    2013-02-23 at 9:19 am

    ཨ་ར་དཀར་པོ་ལགས། ནད་ལ་ཕན་པའི་སྨན་མེད་པ་ནི་མི་སྲིད། ཡིན་ཡང་སྨན་པའི་ཤེས་ཡོན་དང་འཇོན་ཐང་གིས་མ་འདེངས་པས་དེང་སྨན་ཆེད་དཀོན་པོ་རེད། ངས་ཤེས་ཚོད་ཀ་རྒྱུད་བཞིའི་ནང་ནད་ཐམས་ཅད་ལ་སྨན་ཡོད་པར་གསུངས་ཡོད།

  3. བྷོ་ཊའི་འཁྱམ་པོ། says:
    2013-02-23 at 9:30 am

    བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་རྒྱས་པ་མཁྱེན་འདོད་ན་ http://www.sorigling.com ཐོག་གཟིགས་དང་། གསོ་རིག་གླིང་གིས་སྐུ་ཉིད་ཀྱི་འཕྲོད་བསྟེན་ཆེད་ཕན་པ་བསྐྲུན་ངེས་ཡིན།

  4. བློ་དབང་། says:
    2013-03-09 at 2:12 am

    ཨ་ར་དཀར་པོ་ལགས། ནད་འདི་ལ་ཕན་པའི་སྨན་ཡོད་ད་ཡོད། འོན་ཀྱང་ཕན་མ་ཕན་གྱི་གནས་ཚུལ་ནི་གནས་སྟངས་མང་པོ་ཞིག་ལ་རག་ལས་པ་ཡིན། དཔེར་ན་ནད་འདི་ཚུལ་བཞིན་རྟོགས་ཐུབ་ཡོད་མེད ནད་འདི་ཚུལ་བཞོན་རྟོགས་ཡོད་ཀྱང་དེ་ལ་ནད་ཐོག་སྨན་འཁེལ་བྱུང་ཡོད་མེད། ནད་འདི་ཚུལ་བཞིན་རྟོགས་ཡོད་པར་གཉེན་པོའང་ཚུལ་བཞིན་སྦྱར་ཡོད་རུང་སྨན་གྱི་སྤུས་ཚད་སྐྱོ་བོ་ཅན་ཡིན་ཚེ་ཕན་དཀའ་བ་ཡིན་པས་ནད་གང་ཡིན་རུང་ཕན་དང་མ་ཕན་ཟེར་བ་དེ་ཇ་ཅང་བརྗོད་དཀའ་བ་ཡིན། མདོ་དོན་གོང་གསལ་ཨོལ་མདུད་རྨེན་བུའི་ནད་ལ་བོད་སྨན་ཐོག་ནས་སྨན་བཅོས་ཀྱི་ཆ་རྐྱེན་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme