Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་ང་ཡི་སྙན་ངག་པ་ཞིག་བཞུད་སོང་།

Posted on 2013-02-212013-02-22 By ཁ་བརྡ་ 15 Comments on དེ་རིང་ང་ཡི་སྙན་ངག་པ་ཞིག་བཞུད་སོང་།

བསང་ཆུ་འབྲུག་བྷེ།

༢༠༠༣ལོར་ཕྲན་གུས་པོ་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གི་ར་ལོ་ཁྱི་སྡོམ་བཞིན་རང་གི་ཕ་ཡུལ་གངས་རིའི་ཡུལ་དང་མཚོ་ཆེན་སྔོན་མོའི་ཁྱིམ་ཚང་དེར་སླར་རེ་ལོག་པའི་གོ་སྐབས་རག་ཅིང་། སྐབས་དེར་རང་གི་དགའ་ཁ་འཁྱེར་ཕྱོགས་ཀྱི་དབང་གིས་ན་སྙན་ངག་པ་གང་མང་དང་ལྷན་དུ་འགྲོགས་འདྲིས་ཀྱི་སྐལ་བ་ཐོབ་ཅིང་། ཁོ་ཚོ་དང་ཇ་ཞོར་ཆང་ཞོར་ལ་ལབ་གླེང་སྣ་ཚོགས་རེ་བྱས་པ་དུས་ད་ལྟའང་དྲན་འཛིན་གྱི་ཡིད་དུ་བརྟན་ཅིང་འོད་དུ་འཚེར།
སྤྱིིར་སྙན་ངག་དང་མཛེས་སྡུགརང་དབང་ཐད་བཅས་ཀྱི་རྩོམ་རིག་གི་དཔའ་མཛངས་ལྡན་པའི་བདག་ཉིད་ཅན་ཚོ་དང་། རྒྱ་དམར་དང་ཐོབ་ཐང་སོགས་གླེང་བཞིན་པའི་ཆབ་སྲིད་དྲིལ་སྒྲོག་པ་ལྟ་བུ་ཞིག་གི་ཟོལ་གྱི་བར་དུ་གླེང་མོལ་རེ་མེད་པ་ཧ་ཅང་གསལ་ཡང་། ཁོ་ཚོའི་དཀྱེལ་ཡངས་བློ་ཆེན་གྱི་བསམ་བློ་དེར་ང་རང་ནམ་ཡང་ཡིད་སྨོན་ནས་ཡོད། རེ་བས་བརྟས་ནས་ཡོད། དུས་རྟག་ཏུ་་་་་་
སྙན་ངག་པ་དེ་དག་གི་དཀྱུས་ན་སྐྱབས་ཆེན་བདེ་གྲོལ་ཟེར་བའི་ཇག་པ་ཞིག་དང་། རི་སྔོན་བླ་མ་ཐར་ཟེར་བའི་འུག་པ་ཞིག གཉའ་གོང་ལྷ་བྷེ་ཟེར་བའི་སྨྱོན་པ་ར་བཟི་ཞིག་སོགས་ཡོད། ཁོ་ཚོས་སེམས་ཁོང་གི་ན་ཟུག་ཕྱི་རུ་གཏོར་ཅིང་། ཟུངས་ཁྲག་གི་ནུས་པ་འཛད་མཐའ་མེད་པ་ཞིག་བོད་ཡུལ་གྱི་དར་རྒུད་ཆགས་འཇིག་དང་འབྲེལ་ནས་སྙག་ངག་ཅེས་པའི་མཛེས་སྡུག་དེའི་ཆེད་དུ་བསྟིམས་ཡོད་པ་སུ་ལང་འགྲེལ་དགོས་དོན་མེད། ལྷག་པར་དེ་རིང་ང་ཚོ་དང་གཏན་དུ་བྲལ་བའི་ན་སྙན་ངག་པ་གཉའ་གོང་ལྷ་བྷེ་ནི་ཕྲན་དང་འགྲོགས་ཡུན་ཐུང་ཞིང་།རྒྱུས་ཡོད་ནས་རྒྱུས་མེད་ལྟ་བུ་ཞིག་ཡིན། འདས་པོ་གང་གི་གྲོགས་མཆེད་ན་སྙན་ངག་པ་རི་སྔོན་བླ་མ་ཐར་གྱིས་ནམ་རྒྱུན་ཕྲན་ལ་སྙན་ངག་ཅེས་པ་ནི་སྡུག་བསྔལ་མྱོང་བྱེད་ཅིག་དང། སྙན་ངག་འབྲི་བ་ནི་དམྱལ་ཁམས་འགྲིམས་པ་གཅིག་མཚུངས་ཡིན་པའི་ནང་སེམས་དྲོན་མོ་རེ་ཡང་ཡང་བསྟན་མྱོང་། ངེད་གཉིས་འབོ་ར་ཡུལ་ཚོ་སྨན་ཁང་ཞིག་ནས་ཁང་མིག་གཅིག་དང་ཉལ་ཁྲི་གཅིག་གི་སྒང་ནས་དགའ་རོགས་ལྟ་བུའི་ལབ་གླེང་སྣ་ཚོགས་བྱས་དུས་ཁོང་གིས་ང་ལ་གཉའ་གོང་ལྷ་བྷེ་ཟེར་བའི་སྙན་ངག་པ་འདི་སེམས་ལ་བརྫངས་ཤིང་། ཡིད་ལ་དྲན་དུ་བཅུག
༢༠༠༤ལོར་སྟོན་ཁ་ཞིག་ལ་ཀན་ལྷོ་བོད་ཀྱི་རྩོམ་པ་བོའི་ལྷན་ཚོགས་ཞིག་གཙོས་གྲོང་ཁྱེར་དུ་འཚོགས་ཤིང་། སྐབས་དེར་ན་སྙན་ངག་པ་གཉའ་གོང་ལྷ་བྷེ་དང་མཇལ་འཛོམས་ཀྱི་བསྐལ་བ་ཐོག་མ་དང་མཐའ་མ་ཡིན། དུས་དེར་ཁོང་གི་འཇམ་གཤིས་མི་གཞི་དང་རྣམ་དག་གི་བསམ་བློ། མི་རིགས་དང་རྩོམ་རིག་ཐད་དཔའ་མཛངས་བློས་བསམ་གྱི་ཕུགས་བསམ་རིང་མོ་ཞིག་བཀྲུས་ནས་ཡོད་པ་དེར་ཡིད་སྨོན་བླ་ལྷག་སྐྱེས། དེའི་མཚུངས་སུ་བླ་མ་ཐར་དང་མཉམ་འབྲེལ་གྱིས་མཛད་པའི་(རླུང་)ཞེས་པ་དང་(ནམ་མཁའ་)ཞེས་པའི་སྙན་ངག་རིང་མོ་དེ་གཉིས་གངས་རྒྱན་མེ་ཏོག་གི་འདུ་ར་བཤམས་པ་ནས་བཟུང་བོད་ཁུལ་གྱི་སྙན་ངག་པ་མང་བོས་ཁ་པར་སོགས་བརྒྱུད་ལམ་སྣ་མང་ནས་ཁོང་གཉིས་ལ་རྟེན་འབྲེལ་དང་ཁ་ཡག་སྙན་མོརེ་རག་མྱོང་།
ལྷག་པར་འདས་པོ་སྙན་ངག་པ་ཁོང་ཉིད་ཀླུ་ཆུ་ཡུལ་ཚོའི་གྲོང་གསེབ་ཁུག་ཀྱོག་ཅིག་ནས་སྒོམ་ཉམས་ལེན་པ་དང་བྱ་བཏང་པ་ཅི་བཞིན་ཁེར་རྐྱང་ངང་རྩོམ་རིག་ཅེས་པའི་བདག་ཉིད་འདིའི་ཆེད་དུ་ཟུངས་ཁྲག་ཅི་ལྟར་ཕུལ་ཡོད་པ་ཁོང་གི་གསར་མའི་བརྩམས་སྒྲུང་དེ་དག་ལས་ཤེས་རྒྱུ་ལྷག་བསྡད་ཡོད།
གང་ལྟར་ཕྲན་གྱི་སེམས་ན་བརྟན་ཅིང་བརླིང་བའི་སྙན་ངག་པ་ཞིག་འདི་ལྟར་གཞུད་སོང་། དེ་རིང་ང་ཡི་སྙན་ངག་པ་ཞིག་འདི་བཞིན་བཞུད་སོང་།

སྣ་ཚོགས།

Post navigation

Previous Post: ས་སྲོད་ཀྱི་བསམ་གཞིགས། འཚོ་བ། ༼སྙན་ངག་ཚན་པ་གཉིས༽
Next Post: བྱམས་བརྩེའི་འོད་སྣང་།

Comments (15) on “དེ་རིང་ང་ཡི་སྙན་ངག་པ་ཞིག་བཞུད་སོང་།”

  1. བསོད་ནམས། says:
    2013-02-21 at 11:32 pm

    སྙན་ངག་པ་ཞིག་རྗེས་སུ་དྲན་པ་ཡི་རངས་ཞུ།

  2. གདོང་དམར་བ་ says:
    2013-02-22 at 1:06 am

    རེད་ཡ། སྙན་ངག་ཟེར་བ་དེས་བསྟོད་པའི་ཟོལ་གྱིས་སྨད་པ་དང་། སྨད་པའི་ཟོལ་གྱིས་བསྟོད་པ་སོགས་གོང་འོག་བརྗེ་བརྒྱུར་སྣ་མིན་སྣ་ཚོགས་ཤིག་བྱེད་པ་ནི་དངོས་ཡོད་རེད། དེ་བཞིན་ད་ཐེངས་ཡང་སྙན་ངག་པ་ཁ་ཤས་ཇག་པ་དང་། འུག་པ། སྨྱོན་པ་སོགས་ཀྱི་གནས་སུ་བཞག་པ་འདི་དག་ཀྱང་དེའི་ཆ་ཤས་ཤིག་ཡིན་སྲིད། འོན་ཀྱང་ཇག་ཅི་ཞིག་རྒྱབ་པ་དང་། ཐན་སྐད་ཅི་ཞིག་བསྒྲགས་པ། སྨྱོ་གཏམ་ཅི་ཞིག་བཤད་པ་སོགས་མདོར་བསྡུས་ཤིག་འགོད་གནང་ཡོང་བར་རེ།།

  3. བསྟན་པ། says:
    2013-02-22 at 3:03 am

    འུ་ཚང་གི་སྙན་ངག་པ་གྲགས་ཅན་དོན་གྲུབ་རྒྱལ་དགུང་ལོ་ཆུང་དུས་ནས་སྐུ་གཤེགསསོང་། དེ་རིང་སྙན་ངག་པ་གཉའ་གོང་ལྷ་བྷེ་གཤེགས་པར་མྱ་ངན་གུས་འདུད་ཞུ

  4. སྔགས་རྒན་ཚང་། says:
    2013-02-22 at 3:36 pm

    རེད་ཡ་སྙན་ངག་འམ་ཤེས་ཡོན་པ་ཞིག་འདི་ལྟར་བཞུད་སོང་བར་ཕངས་སེམས་ཚད་མེད་བྱུང་མྱ་ངན་དང་དྲན་གསོ་བྱ་འོས་ད་རུང་དཀའ་སྡུག་དང་གཉན་འཕྲང་གི་སྐབས་སུ་སྨྱུག་ཁའི་མདུང་རྩེ་སྤོབས་སེམས་ཀྱིས་བཏེགས་ཞིང་མནར་གཅོད་དང་སྡུག་སྦྱོང་དྲགས་པོས་ཉིན་མཚན་འཁྱོལ་དཀའ་བར་གནས་པའི་སྨྱུག་འཛིན་པ་གཉན་དང་ཐེའུ་རང་སོགས་ལ་ནམ་ཡང་དྲན་གསོ་བྱ་དགོས་སོ།།

  5. བསང་ཆུ་འབྲུག་བྷེ། says:
    2013-02-22 at 3:57 pm

    ཁྱེད་ཉིད་ཀྱི་རྩོམ་པ་བོ་ཁོ་ཚོ་དང་ཉེ་བར་བཅར་འདོད་ཚེ། ཁོ་ཚོའི་བརྩམས་ཆོས་དང་ཉེ་བར་བཅར་རྒྱུ་ལས་གཞན་འགྲེལ་བཤད་ཅིག་མེད། སྐྱབས་ཆེན་གྱི་སེམས་ཀྱི་ཞིང་ཁམས་ཁ་ཤས་དང། རི་སྔོན་བླ་མ་ཐར་གྱི་སྟོང་བསམ་གྱི་སྒྲུབ་ཕུག འདས་པོ་སྙན་ངག་པ་ལྷ་བྷེའི་སྒྲུབ་ཕུག་དམར་བོ་སོགས་ལ་ཞིབ་ལྟ་བྱེད་པར་འཚལ།

  6. པད་རྣམ། says:
    2013-02-22 at 6:34 pm

    རི་སྔོན་བླ་མ་ཐར་ཟེར་བས་སྙན་ངག་ནི་སྡུག་བསྔལ་མྱོང་བྱེད་ཅིག་དང་། སྙན་ངག་འབྲི་བ་ནི་དམྱལ་ཁམས་འགྲིམ་པ་དང་གཅིག་མཚུངས་སུ་ངོས་འཛིན་བྱེད་ཀྱི་ཡོད་ན་ཅིའི་ཕྱིར་སྙན་ངག་འབྲི་གི་ཡོད། སྙན་ངག་ཀྱང་མ་བྲིས། དམྱལ་ཁམས་ཀྱང་མ་འགྲིམ་ན་མི་ཆོག་གམ།

  7. ཀླུ་སྨྱོན། says:
    2013-02-22 at 7:17 pm

    མ་གཞི་ནས་སྙན་ངག་བདམས་པ་དང་འཆི་བ་བདམས་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན།

  8. བསང་ཆུ་འབྲུག་བྷེ། says:
    2013-02-22 at 11:59 pm

    ཐང་ཆད་པའི་ལོ་ཟླ་ལ་འཐབ་པའི་གོ་རིམ།
    གཉའ་གོང་ལྷ་བྷེ

    ཁ་བ་དལ་གྱིས་བབས་བྱུང
    དེ་དུས ངའི་བྱང་ཁོག་སྟོད་ལ
    འཁྱག་འདར་ཞིག་རྒྱབ་བྱུང
    དྲན་ཚུལ་ཞིག་ལ
    ངའི་ལྕགས་ཐབ་ནང་གི་མེ་འཁྱག་སོང
    སློབ་མ་ཚོས་གྲང་འདར་རྒྱག་གིན་ཡོད་དམ
    ངས་དེ་དག་བསམ་བཞིན གཉིད་འདོད་ཀྱང
    མེ་ལྕེ་སྤར་མོ་གང་གི་འོད་སྣང་གིས
    ང་གཉིད་དུ་མ་བཅུག

    དཔྱིད་ཀ་སླེབས་བྱུང་ཞེས་པའི་སློབ་ཚན་དེ་ཁྲིད་དུས
    ང་ཚོར་དཔྱིད་ཀ་སླེབས་མི་འདུག
    མེ་ཏོག་འདེབས་འདོད་ཀྱི་སེམས་པ་དྲག་ཏུ་རྒོད་ནའང
    སྐྱེས་མི་སྐྱེས་ལ་སེམས་ཁྲལ་ཧ་ཅང་ཆེ

    དབྱར་གཞུང ཕ་ཡུལ་ལ་འགྲོ་འདོད་སྐྱེས
    གསེར་ཆེན་གསེར་ཆུང་ཁོག་ན
    མེ་ཏོག་གསེར་ཆེན་བཞད་ཡོད་མེད་ལ
    ང་བལྟ་རུ་འགྲོ་མ་ཐུབ

    རླུང་བུ་གཡུག་བྱུང
    ལོ་མ་སེར་པོ་རྣམས་རླུང་གིས་ཁུར་ཐལ
    ཁུར་སོང་བའི་ཤུལ་ན
    སྡོང་རྒན་དེ ཁེར་རྐྱང་གིས་འགྲེང་བ་ཆོས་ཉིད་རེད

    ྃམཆན། སྙན་ངག་འདི་ནི་འདས་པོ་སྙན་ངག་པ་ཁོང་གི་མི་ཚེའི་མཐའ་མའི་སྙན་ངག་ཡིན་ལ།འདི་ན་ཁོང་ཅི་འདྲའི་མྱ་ངན་དང་ཡིད་གདུང་གིས་མནར་ནས་ཡོད་པ་ཚོར་ཐུབ་ཨང་།

  9. མེ་ཏོག་དཀར་པོ says:
    2013-02-23 at 12:11 am

    ད་ཅི་འདྲའི་ལྐུགས་པ་རྗེས་ལུས་པ་ཞིག སྙན་ངག་པ་དེ་གྲོངས་པ་དེ་སྙན་ངག་པ་དེའི་མིང་ཐོས་པ་ཐོག་དེ་ཆགས་སོང་།

  10. རྒན་བྲག says:
    2013-02-23 at 12:57 am

    བསང་ཆུ་འབྲུག་བྷེ་་་་་་་ཁྱེད་རང་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ཀྱི་སྙན་ངག༌ལ་དགའ་བ་ཐུགས་རྗེ་ཆེ་་་ཡིན་ནའང་ཁྱེད་voaགསར་འགྱུར་ནང་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ཁེར་རྐྱང་དང་དྭ་ཕྲུག་ཞིག་རེད་བཤད་འདུག དེ་གཏན་ནས་བདེན་པ་མ་རེད། གནས་ཚུལ་ཅི་ཞིག་བཤད་ན་གཟབ་གཟབ་བྱས། ང་སྙན་ངག་པ་ཁོ་རང་དང་སྡེ་བ་གཅིག་ཡིན། ཁོང་གི་ཨ་ཕའི་མིང་ལ་ཕུར་བ་ཟེར། ཨ་མའི་མིང་ལ་བཀྲ་ལོ་ཟེར་བ་རེད། ཁོང་ལ་སྤུན་མཆེད་བུ་གཉིས་དང་སྲིང་མོ་གཉིས་ཡོད། ཨ་ཕ་ཁོང་ཚོ་ལོ་ན་ཆུང་ཆུང་སྐབས་གྲོངས་པ་རེད། ཨ་མ་དང་སྤུན་མཆེད་གཉིས་དང་སྲིང་མོ་བཅས་རྨ་ཆུའི་ས་ཁུལ་ཞིག་ན་ཞོར་གླས་བྱས་ནས་འཚོ་བ་རོལ་བཞིན་ཡོད་པ་རེད། ཁོང་གི་ཨ་ཕ་ལགས་དང་ཨ་ཁུ་འཇིགས་མེད་གཉིས་སྤུན་མཆེད་རེད། ཨ་ཁུ་འཇིགས་མེད་ལགས་ནི་ཚང་མར་ཧ་ཅང་ཆ་རྒྱུས་ཆེ་བའི་ཆབ་སྲིད་བཙོན་པ་ཞིག་རེད་ལ། ཁོང་ནི་དགུ་བཅུ་གོ་གྲངས་ནང་ནས་རྒྱ་ནག་གི་བཙོན་འོག་ཏུ་བཅུག་ནས་ལོ་ངོ་བཅུ་བདུན་ཙམ་ཏུ་ཁྲིམས་ཐག་བཅད་ནས་ལྷ་སའི་གྲྭ་གཞི་བཙོན་ཁང་ནང་བཅུག་ཡོད་པ་རེད། ཁོང་དང་ང་ཚོ་སྡེ་བ་གཅིག་པ་རྡ་རམ་ས་ན་གཅིག་ཡོད། ལྷོ་ཕྱོགས་ན་ཨ་ཁུ་ཞིག་ཡོད། སིད་སི་ན་གཉིས་ཡོད། གང་ལྟར་ཁོང་རང་ཁེར་རྐྱང་དང་དྭ་ཕྲུག་མ་རེད། གཟབ་གཟབ་བྱས་ནས་ངོ་སྤྲོད་བྱེད་ན་ཧ་ཅང་བཟང་གི་་་་་་་ཁོ་རང་གི་ངོ་ཤེས་རྙིང་པའམ་གྲོགས་པོ་ཞིག་རྡ་རམ་ས་ན་ཡོད་རེད། སྙན་ངག་པ་ཁོང་གི་ཨ་ཞང་ལ་མཚོན་ན་རྒྱ་ནག་གི་འོག་ཏུ་མནར་གཅོད་གང་མང་བཞིན་ཡོད་པ་རེད། ཁོང་གི་རྨོ་རྨོ་ལགས་ཀྱི་མིང་ལ་མཁའ་འགྲོ་མཚོ་ཟེར། མོ་རང་ང་སྔོན་མ་ཕ་ཡུལ་ན་ཡོད་དུས་སྐུ་གྲོངས་སོང་། གང་ལྟར་ཁོང་དྭ་ཕྲུག་ཞིག་གཏན་ནས་མ་རེད།

  11. བསང་ཆུ་འབྲུག་བྷེ། says:
    2013-02-23 at 12:12 pm

    དྲ་འབུ་རྒན་བྲག་ལགས། ཕྲན་ནི་འདས་པོ་སྙན་ངག་པ་གང་གི་སྙན་ངག་ལ་ངོ་མཚར་དང་ཡིད་སྨོན་སྐྱེས་མཁན་ཞིག་དང་། དུས་འདིར་ཡུལ་དུས་ཀྱིས་ཁོང་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ་མཁན་ཞིག་ལས།ཁོང་གི་ནང་མི་ཁྱིམ་རྒྱུད་སྐོར་ལ་དེ་ཙམ་ཤེས་དགོས་དོན་མེད་པ་བཞིན་རྒྱུས་མེེད་ཆ་མེད་ཡིན་མོ།འོན་ཀྱང་གནས་ཚུལ་དེ་ཙམ་ངས་བོད་ནང་ཡོད་དུས་སྣང་ལ་མ་ངེས་པའི་གོ་ཚོར་ཐོས་ཚོད་ཙམ་མདང་ནུབ་གློ་བུར་དྲན་པ་བཞིན་བཤད་པ་ལས། དེ་ལས་འདས་པོ་སྙན་ངག་པ་ཁོང་དང་ནང་མི་ཤུལ་ལུས་ལ་གདུང་སེམས་མཉམ་སྐྱེས་མེད་པར་བཤད་པ་མིན་པའི་དེའི་དོན་དགོངས་འཇག་འཚལ། གཞན་གང་ཉིད་ནས་ངའི་ནོར་འཁྲུལ་དེར་ཀ་ཁ་བཞིན་གསལ་སྟོན་བྱེད་པར་ཐུགས་རྗེ་ཆེ།

  12. རྒན་བྲག says:
    2013-02-23 at 6:08 pm

    ལགས་སོ་་་་ཐུགས་རྗེ་ཆེ།

  13. རྒན་བྲག says:
    2013-02-23 at 7:36 pm

    བསང་ཆུ་འབྲུག་བྷེ་ལགས་་་་་་་་ཁྱོད་ཁོང་ཁྲོ་ཟིག་ལངས་མི་ཉན་་་་་་སྤྱིར་བཏང་ང་ནི་ཅི་ཡང་མི་ཤེས་བའི་བླུན་རྒན་ཁ་ནག་ཞིག་ཡིན་་་་་ངས་ཁྱེད་ཅག་སྙན་ངག་པ་ཚང་མ་ལ་ཐུགས་རྗེ་ཆེ་དང་སེམས་བཏང་ནས་ཧ་ཅང་དགའ་བོ་ཡོད་་་་་འདི་ངོ་མ་ཡིན་་་་་་་་ཡིནའང་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ཁེར་རྐྱང་དང་དྭ་ཕྲུག་ཞིག་རེད་གོ་དུས་སེམས་པ་ཅིག་མ་སྐྱིད་ཐ་་་་་་རྒྱུ་མཚན་ནི་ཁོང་གི་ཕ་ལགས་ཆུང་དུས་ནས་གྲོངས་བ་དང་ཨ་མ་ལགས་ཀྱིས་ཁོང་གི་མིང་སྲིང་ལྔ་ཡི་ཆེད་དུ་དཀའ་ལས་དང་སྡུག་བསྔལ་གང་མང་ཞིག་བརྒྱབ་པ་རེད། ཁོང་གི་ཁྱིམ་ཚང་གི་ལོ་རྒྱུས་གསལ་བོ་ཞིག་ལ་ཉན་དུས་མི་སུ་ཡིན་རུང་མིག་ཆུ་མི་ཤོར་མཁན་ཕལ་ཆེར་ཡོད་ནི་མ་རེད་་་་་དེའི་སྟབས་དུས་ང་རང་གི་ཤེས་ཚོད་ཀྱིས་ཅིག་བཤད་པ་ཡིན། ཁོང་ཁྲོ་ཟིག་མི་ལངས་བར་མཁྱེན། ང་རང་གི་སེམས་གཏིང་ནས་ཁྱོད་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་་་་་་རྒྱུ་མཚན་ནི་ཁོང་གི་ནང་མི་ལ་མཚོན་ན་འདི་ལྟར་བཤད་མཁན་དང་ཤེས་མཁན་དཀོན་པོ་རེད། ཐུགས་རྗེ་ཆེ་བསང་ཆུ་འབྲུག་བྷེ་ལགས་་་་་་་ངོ་མ་ཡིན་་་་་

  14. ཀླུ་སྨྱོན། says:
    2013-02-23 at 8:14 pm

    ཕྱི་རྒྱལ་བའི་གསར་འགྱུར་ཡིན་ན་ཅུང་ཞིབ་ཚགས་པོ་ཡོད་པ་རེད། ང་ཚོའི་གསར་འགྱུར་ནི་ཁོང་གྲོངས་སོང་ལྟ་བུ་ལས་ཅང་མི་འདུག ཁོང་གྲོངས་རྐྱེན་ཅུང་ཞིབ་ཚགས་པོ་ཞིག་ཡོད་ན་ཁོང་གི་ལོ་རྒྱུས་ཡིག་ཚགས་འབྲི་བར་ཕན་གྱི་རེད།

  15. ཀླུ་སྨྱོན། says:
    2013-02-23 at 8:15 pm

    ཁོང་ན་ནས་གྲོངས་པ་རེད་དམ་འགྲིམ་འགྲུལ་ཆག་སྒོ་དང་གཞན་གྱིས་བསམ་གཟས་ནས་བཀྲོངས་པ་རེད། ཁོང་ན་ནས་གྲོངས་པ་ཡིན་ན་མ་གྲོངས་སྔོན་ན་བ་དང་འཆི་བའི་སྐོར་སྙན་ངག་རེ་ཟུང་བྲིས་ཡོད་སྲིད་པས། དེ་ཚོ་རྩད་གཅོད་གཏོང་རྒྱུ་གལ་ཆེན་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme