Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་ཐེངས་ལྔ་བ།

Posted on 2013-02-212013-02-21 By ཁ་བརྡ་ 3 Comments on ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་ཐེངས་ལྔ་བ།

གནས་ཚུལ་མཁོ་གཏོང་བ། སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས།

བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་རང་ལུས་མེར་བསྲེགས་བཏང་སྟེ་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༠ ཉིན་སླར་ཡང་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། སིད་སུ་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་། སྟག་ཚང་དཀོན་མཆོག་ཁྱིམ་ཚང་གཉིས་ཀྱིས་ཞུ་གཏུག་གི་ལས་འགུལ་ཐེངས་ལྔ་བ་སྤེལ་འདུག་པ་མ་ཟད། བོད་བསྟན་སྲིད་མི་རིགས་ཆེད་རྒྱ་གཞུང་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཆེས་ཚད་མཐོ་བའི་ཞི་རྒོལ་གནང་སྟེ། རང་གི་རྩ་ཆེའི་ལུས་སྲོག་མི་རིགས་འདིའི་ལས་དབང་གི་ཆེད་ཕངས་མེད་དུ་མེར་བསྲེགས་བཏང་ཟིན་པའི་གཞིས་བྱེས་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཆེད། གོང་ཚེས་ཉིན་བོད་མིའི་དབུས་སྒྲིག་འཛུགས་བཀའ་ཤག་གིས་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་ཚང་མས་ཉིན་བརྒྱ་དུས་གཅིག་ཏུ་གདུང་སེམས་མཉམ་སྐྱེད་དང་། མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གསུངས་དགོས་པའི་གཞུང་འབྲེལ་བཀའ་རྒྱ་ཕེབས་པ་བཞིན། ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུའང་རྒྱལ་བའི་ཞབས་བརྟན་སོགས་བཏོན་ནས་བསྔོ་སྨོན་རྒྱ་ཆེར་བྱས་འདུག སྐབས་དེར་སུད་སི་ཇི་ནེ་ཝའི་བོད་རིགས་ཚོགས་ཆུང་གི་ཚོགས་མི་ཉི་ཤུ་ལྷག་གིས་ཀྱང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་མཉམ་ཞུགས་གནང་འདུག དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་གཞིས་བྱེས་གཉིས་སུ་ང་ཚོ་བོད་དང་། མི་རིགས་འདི་འཚོ་གནས་སླད་རང་གི་གཅེས་པའི་ལུས་སྲོག་མེར་བསྲེགས་བཏང་བ་སོགས་འཛམ་གླིང་གི་བྱུང་རབས་ལོ་རྒྱུས་ཁྲོད་ཆེས་སྐྱི་གཡའ་ཞིང་འཇིགས་སུ་རུང་བའི་བོད་དང་བོད་མིའི་ལོ་རྒྱུས་ཀྱི་སྐྱོ་གར་ཞུ་གཏུག་ཆེད། སླར་ཡང་དགོས་འདུན་དོན་ཚན་ ༦ བཏོན་ཏེ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་འདུག

དགོས་འདུན་དོན་ཚན་ཁག་ནི།
དང་པོ། ཕྱི་ལོ་ ༡༩༥༩ དང་ ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་རྒྱུ་དང་།
གཉིས་པ། བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ།
གསུམ་པ། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས།
བཞི་བ། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས།
ལྔ་བ། བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ།
དྲུག་པ། བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་རྒྱུ་བཅས་ཡིན་འདུག

གསར་འགྱུར།

Post navigation

Previous Post: འཁོར་བའི་སྙིང་བོ།
Next Post: སེམས་ཀྱི་ལེའུ། གནས་ཀྱི་ལེའུ། ༼སྙན་རྩོམ་ཁག་གཉིས༽ རེབ་ཐོག་མདའ།

Comments (3) on “ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་ཐེངས་ལྔ་བ།”

  1. བཀྲ་ཤིས་ཉི་མ། says:
    2013-02-21 at 8:55 pm

    ཨེ་ད་སུད་སིར་གནས་པའི་བོད་རིགས་ཚོས་མ་གཟབ་ན། སུད་སི་ན་ཡོད་པའི་དཀོན་རྡོར་བླ་མ་ཟེར་བ་དང་། ལྟ་སྲས་ཚུལ་ཁྲིམས་ཟེར་བ་སོགས་ཀྱིས་ཁྱེད་ཚོ་རྒྱ་དམར་ལ་རྩིས་སྤྲོད་བྱེད་ངེས་རེད། སུད་སིར་དེ་སྔོན་ནས་རྒྱ་དཔོན་ཧུ་ཅིན་ཐའོ་སོགས་ཡོང་སྐབས་ཁ་བཏགས་བཟུང་ནས་རྒྱུགས་མཁན་དང་། བོད་རྒྱ་མིའི་ཆ་ཤས་ཡིན་པར་ཁས་ལེན་མཁན་གྱི་རྒྱ་གཞུང་གི་གསོས་ཕྲུག་དང་། དོལ་ཕྲུག་ཁ་ཤས་ཡོད་པ་རེད་དཱ།

  2. གཅན བཟོད་རྒྱ། says:
    2013-02-21 at 10:34 pm

    ཁྱིམ་ཚང་གཉིས་ཀྱི་ལས་འགུལ་འདི་འདྲ་སྤེལ་བར་བསྔགས་བརྗོད་ཞུ།
    བོད་ཕྱི་ནང་གཉིས་ནས་འདི་ལྟར་རང་སོ་སོས་གང་ནུས་ཀྱིས་བོད་དོན་ཐད་ལ་ལས་འགུལ་ཆེ་ཕྲ་གང་དང་ཅི་སྤེལ་གལ་ཆེ་ཞིང་། དེ་ཡང་མདོར་དེད་ན་རང་སོ་སོས་བོད་མི་རིགས་དང་རིག་གཞུང་དང་། རྒྱལ་ཁབ་དང་འབངས་མི་ལ་ཕུལ་བའི་ལྷག་བསམ་དང་བརྩེ་བ་ཆེ་བའི་ལོས་ཡིན།
    དགོས་འདུན་དང་པོ་དང་གཉིས་པ་གཉིས་ལ་ཤུགས་སྣོན་རྒྱག་རྒྱལ་དང་དེར་གྲུབ་འབྲས་འཐོན་པར་བོད་མི་ཕྱི་སྡོད་པ་ཚོས་གཏུགས་བཤེར་རབ་དང་རིམ་པས་བྱ་དགོས་གལ་ཆེ་ཞིང་། དེ་ལྟར་ན་བོད་དོན་འདི་རྒྱལ་སྤྱིའི་གདེངས་ཆའི་ཐོག་ན་སྔར་ཡང་གླེང་སློང་བྱེད་དགོས་པ་ཞིག་ཆགས་རེ་ཆེ་ཞིང་། དེ་མིན་བོད་དོན་ནི་ཚོགས་པ་སྒེར་བ་རེ་གཉིས་དང་གཞུང་འབྲེལ་ལས་སྣེ་ཟུར་བ་རེ་གཉིས་ཀྱི་ཁ་ནས་གླེང་ཙམ་བྱེད་པ་ལས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཆེས་མཐོའི་དཔོན་པོ་ཚོའི་ཁ་དང་མིག་ལས་ག་ལེར་ཡལ་ཉེན་ཆེ་བར་སྙམ།

    གང་ལྟར་ཁྱིམ་ཚང་གཉིས་ཀྱི་ལས་འགུལ་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཞུའོ།།

  3. གནམ says:
    2013-02-22 at 4:20 am

    ཐུགས་རྗེ་ཆེ། ཕྱོགས་སོ་སོ་ནས་བོད་དར་འཛིན། བོད་དོན་གླེང་། ཁྱིམ་ཚང་སྟོང་གཅིག་ཡོད་ན་ཅི་མ་རུང་། ཁྲི་གཅིག་ཡོད་ན་ཅི་མ་རུང་། ཡུལ་ལ་འདུག་ནི་དང་ནག་ལ་འགྲོ་ནི་གཉིས་ཀ་དགོས། རྒྱལ་ཞེན་གྱིས་ཕྱུག་པའི་བོད་གངས་ཅན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme