Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་རྔ་པ་ནས་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་སྲེག་གནང་འདུག

Posted on 2013-02-202013-02-20 By ཁ་བརྡ་ 22 Comments on མདོ་སྨད་རྔ་པ་ནས་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་སྲེག་གནང་འདུག

ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ ཚོའི་མགར་གདོང་སྡེ་བའི་རིན་ཆེན་། རང་ལོ་༡༧ དང་། བསོད་ནམས་དར་རྒྱས། རང་ལོ་༡༨ ཡིན་པ་ཁོང་གཉིས་ཀྱིས་རྐྱང་ཚ་ཞང་ཐོག་ནས་རང་ལུས་མེ་སྲེག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གནང་ནས་སྐབས་ཐོག་དེར་སྐུ་ གྲོངས་ཡོད་འདུགའོན་ཀྱང་སྐབས་དེར་སྐད་འབོད་ག་རེ་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་ རྟོགས་ཐུབ་མེད། དམ་པ་ཁོང་གཉིས་ཀྱི་སྐུ་ཕུང་ནང་མིའི་ལག་ཏུ་རག་ཡོད་ལ་བོད་རང་གི་སྲོལ་རྒྱུན་ གྱི་འགྲོ་ལུགས་ལྟར་དུར་འཇུག་དང་དགེ་སྒྲུབ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ འདུག
རིན་ཆེན་གྱི་ཕ་མིང་ལ། དོན་འགྲུབ་ཚེ་རིང་། མ་མིང་ལ། ཨ་དོན༼འདས་ཟིན༽། བསོད་ནམས་དར་རྒྱས་ཀྱི་ཕ་མིང་ལ། ཚེ་རིང་དོན་འགྲུབ། མ་མིང་ལ། བཀྲ་ཁོ་ཟེར། ཁོང་གཉིས་ཆུང་དུས་ནས་རྐྱང་ཚ་ཡུལ་ཚོའི་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་ རྗེས་རིན་ཆེན་ཝུན་ཁྲོན་ཕྱོགས་སུ་ལོ་ཤས་རིང་སློབ་སྦྱོང་དུ་སོང་ཡོད་ལ་ལོ་ གཅིག་ཙམ་གྱི་གོང་ནས་མཚོ་སྔོན་ཕྱོགས་སུ་སོང་སྟེ་ལས་གླ་བྱས་ནས་ད་རེབ་ལོ་སར་ གུང་སེང་ལ་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་ཕྱི་ལོ་༢༠༡༣།༢།༢༠ ཉིན་སྤེལ།

 

གསར་འགྱུར།

Post navigation

Previous Post: ༢༠༡༣ ལོའི་བོད་ཀྱི་མཛངས་མ་སླེབས་འདུག
Next Post: རྒྱལ་སྤྱིའི་ཡུམ་སྐད་ཉིན་མོའི་བྱུང་བ་རགས་བསྡུས། སྐལ་བཟང་ཉི་མས་ཕབ་བསྒྱུར་བྱས།

Comments (22) on “མདོ་སྨད་རྔ་པ་ནས་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་སྲེག་གནང་འདུག”

  1. ཤར་ཕྱོགས་ཁུག་རྟ། says:
    2013-02-20 at 4:51 am

    ཨ་ཁ་ཁ་་་་་ཅི་འདྲའི་ཕངས་སེམས་གཟུང་དུ་མེད་པ་ཞིག གནས་ཚུལ་འདི་འདྲ་ཐོས་ཐེངས་རེར་ཅི་གང་བྱེད་རྒྱུ་མེད་པ་ནག་འདེད་བྱེད་པ་ཤིན་ཏུ་མཚུངས།། ད་གང་དྲག

  2. རྣམ་རྒྱལ་རྩེ་མོ། says:
    2013-02-20 at 5:28 am

    མདོ་སྨད་རྔ་པ་ནས་བྱུང་བ་མ་རེད་ལགས།མདོ་སྨད་མཛོད་དགེ་ནས་རེད་ལགས།

  3. རྣམ་རྒྱལ་རྩེ་མོ། says:
    2013-02-20 at 5:32 am

    ཁམས་བྲག་མགོ་ནས་བཏང་ན་དཀར་མཛེས་རེད་ཅེས་ན་འགྲིག་གི་རེད་དམ།དཔེར་ན།རྨར་ཁམས་དང་བྲག་གཡབ་འདྲ་བོ་ཅིག་ནས་བཏང་ན་ཆབ་མདོ་ནས་བཏང་ལབ་ན་འགྲིག་གི་རེད་དམ།

  4. མེ་ཏོག་དཀར་པོ says:
    2013-02-20 at 6:59 am

    དཀོན་མཆོག་གསུམ་པོ་མཁྱེན་ནོ།། སྙིང་ན་གི་་་་་་དཀོན་ཅོག

  5. ཁྱུང་དཀར says:
    2013-02-20 at 7:20 am

    ཨ་ཧ་བོ། ད་དཀོན་མཆོག་གསུམ་པོས་མཁྱེན་རུང་མི་བུ་རང་ངོས་ནས་འགུལ་བསྐྱོད་མབརྒྱབ་ན་གེ་བྱེད་ཡ་འདྲ་མི་འདུག་ག

  6. འཇམ་གཅེས says:
    2013-02-20 at 7:39 am

    ཨ་ཁ་ཁ་་་་་ད་ཡིན་ན་་གང་དྲག་་་་ད་ནི་ཞེ་ཅིང་ཕིང་ཀྱིས་འགན་དབང་ཡོངས་རྫོགས་གང་མགྱོགས་རྩིས་ལེན་དགོས་འདུག་་་་རེ་བ་འདྲ་ཡོད་ན་་་་་དེ་མིན་གང་དགོས་མི་ཤེས་པའི་གནས་སུ་ལྷུང་ནས་འདུག་དགོས་ངེས་རེད་་་་་་་

  7. སྤྱང་ཤོག་ says:
    2013-02-20 at 10:56 am

    བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས།
    །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས།
    །ཚ་བས་ཉམ་ཐག་བསིལ་བར་ཤོག།

  8. འདྲེ་རྐང་ཐོ། says:
    2013-02-20 at 11:20 am

    རྐྱང་ཚ་ལབ་དགོས་རེད་དམ་་་་་ཡང་ན་ལྕང་ཚལ་ལབ་དགོས་་་་་གང་ལྟར་ཡང་ཡུལ་སྡེ་འདི་ནི་འབར་ཁམས་ཟེར་བའི་ཞིང་ཆེན་དེའི་ཁོངས་གཏོགས་་་་རྫོང་ཁག་མི་འདྲ་བ་ཁ་ཤས་ཡོད་པ་ལས་་་་་མཛོད་དགེ་རྫོང་གི་ཁུངས་གཏོགས་རེད། ་་་རྔ་བ་ནས་ལབ་ཀྱང་མ་འགྲིག་པ་ཆེར་མེད་མོད་་་་དཔའ་བོ་ཁོང་གཉིས་ཀའི་སྐྱེས་ཡུལ་ས་གནས་ངོ་མ་གང་ཡིན་ཤེས་དགོས་པར་གལ་ཆེན་དུ་མཐོང་བས་འདི་ལབ་ཡིན།

  9. བན་དེ་བ། says:
    2013-02-20 at 11:27 am

    ལོ་བཅུ་བདུན་ཟེར་དུས་ཕྲུག་གུ་རེད། བོད་ལོ་བཅོ་བརྒྱད་ནི་ཕྱི་ལོ་བཅུ་བདུན་རེད། བོད་པས་ལོ་བརྩི་དུས་ཕྱི་ལུགས་ལྟར་ལོ་ཧྲིལ་པོར་མི་བརྩི་བར་ལོ་དེ་ཚེས་པ་དང་ལོ་གཅིག་འཁོར་ཚར་བ་རེད་དེ་ཡིན་དུས་གང་ལྟར་ཕྲུག་གུ་རང་རེད།
    ཨ་ཁཁཁ་ད་སྲོག་ཤོར་མི་དགོས་པའི་ཐབས་ལམ་གཞན་གྱི་སྟེང་ནས་བོད་དོན་བསྒྲུབ་རྒྱུ་ཡོད་ན་ལམ་སྟོན་འདྲ་བྱེད་རན་འདུག

  10. བོད། ཤ་ཁྲག་རུས་གསུམ། says:
    2013-02-20 at 11:41 am

    གཞོན་ནུ་དར་མའི་ལང་ཚོ་མེ་ཡིས་འཁྱེར།།
    རིགས་ཀྱི་ཞེན་རྩ་ཁྲོན་མོ་མེ་ལ་བསྲེག།
    རེ་བའི་འབོད་པ་གངས་ཅན་བོད་དུ་ལུས།།
    གཞིས་བྱེས་བོད་མིའི་སྐྱིད་སྡུག་ཕྲག་དུ་བླངས།།
    ཡོད་ཚད་བློས་གཏོང་བྱས་པའི་གངས་ཕྲུག་གཉིས།།
    ཕྱི་མར་ངན་སོང་མེད་པར་དལ་བའི་རྟེན།།
    མྱུར་དུ་ཐོབ་ནས་སླར་ཡང་བོད་ལྗོངས་སུ།།
    སྐྱེ་བ་བཞེས་པར་སྨོན་ལམ་སྙིང་ནས་འདེབས།།

  11. ཁྱི་རྒན། says:
    2013-02-20 at 1:42 pm

    ཁྱོད་གཉིས་ཀྱིས་བློས་གཏོང་དེར་དོན་ཡོད་པར་སྨོན།།།།།།།།།།

  12. ཆུ་ཐིགས་སྔོན་མོ། says:
    2013-02-20 at 3:15 pm

    རྣམ་རྒྱལ་རྩེ་མོ་ཟེར་བ་དེས་སྐད་ཆ་གསལ་བོ་མ་རྟོགས་པར་རྙོག་གླེང་འདྲ་ཞིག་བཤད་འདུག་་་་ཞིབ་གཟིགས་གནོང་་་་གོང་དུ་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཞེས་མངའ་ཁུལ་ཞིག་དང་དེ་རྗེས་མཛོད་དགེ་ཞེས་ཡུལ་བྱེ་བྲག་པ་དེ་ངོས་བཟུང་སྟེ་གནས་ཚུལ་སྤེལ་འདུག་པ་ལས་རྔ་བ་ནས་མེར་བསྲེག་བཏང་འདུག་ཅེས་བྲིས་མེད་པས་བསམ་བློ་བཏང་ནས་སྐད་ཆ་བཤད་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཤེས་རྒྱུ་དེ་གལ་ཆེན་རེད

  13. ཨ་ཕྱི་ཆོས་སྒྲོན says:
    2013-02-20 at 3:20 pm

    ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ

  14. ངག་དབང་ says:
    2013-02-20 at 7:51 pm

    ༄།གང་ཅན་བོད་ཀྱི་དཔའ་བོ། གང་ཅན་བོད་ཀྱི་བལྟ་བའི་མིག། གང་ཅན་བོད་ཀྱི་ ཁོག་པའི་སྙིང། གང་ཅན་བོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང། རྒྱ་རོ་བཅོམ་པའི་ཐོ་བ། རྒྱ་དམར་གྱི་དར་དམར་བསེགས་པའི་མེ། ཁྱེད་གཉིས་རྒྱལ་བ་ཡབ་སྲས་གཉིས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།

  15. བཙན་རྒོད། says:
    2013-02-21 at 1:24 am

    དཀོན་མཆོག་མཁྱེན།རྒྱལ་གཅེས་བ་འདི་གཉིས་ལ་གདུངས་སེམས་མཉམ་སྐྱེད་དང་གུས་འདུད་ཞུ།ཁོང་གཉིས་ཀྱི་བློས་གཏོང་འདི་འདྲ་བྱས་བ་ལ་ཡིད་རང་དང་བསྔགས་བརྗོད་བྱེད་པ་ལས།ཕྱོགས་ཞེན་གྱི་སྐད་ཆ་མ་བཤད་ན་ཡག་པར་འཁུམས་སོ།

  16. བཀྲར་རྒྱམ། says:
    2013-02-21 at 2:39 am

    རྒྱལ་གཅེས་དཔའ་བོ་ཁོང་གཉིས་ཀྱིས་བོད་མི་རིགས་ཆེད་བློས་གཏོང་དེ་འདྲ་གནང་བར་གུས་འདུད་ཞུ།འོན་ཀྱང་།བར་སྐབས་ཤིག་ནས་ས་གནས་བྱེ་བྲག་པ་ཅིག་གི་མིང་གི་ཁྱབ་ཁོངས་རྒྱ་བསྐྱེད་ཀྱི་ཞེན་ཁོག་སྐམ་པོ་ཅིག་བཅིངས་ཏེ།མགོ་ལོག་ཛམ་ཐང་དང་དབལ་ཤུལ་རྨེ་བ།རྒྱལ་རོང་ཚོ་བདུན་དང་མཛོད་དགེ་སོགས་གང་ནས་མེར་བསྲེགས་བཏང་ན།ཨ་མདོ་རྔ་བ་ནས་མེར་བསྲེགས་བཏང་ཞེས་བཀོད་ཡོང་གི་འདུག།འདི་ཕྱོགས་ཞེན་མིན་ན་གང་རེད།འདི་འདྲ་སྐྱག་རྫུན་བཤད་ན་ལས་རྒྱུ་འབྲས་སུ་འགྲོ་རྒྱུ་རེད་དམ།
    དཔེར་ན།ཀན་ལྷོ་ཁྱབ་ཁོངས་རྨ་ཆུ་རྫོང་དང་བསང་ཆུ་རྫོང་།དཀར་མཛེས་ཁུལ་གྱི་མངའ་ཁོངས་རྟའུ་སོགས་གང་ནས་མེར་བསྲེགས་ཀྱང་ཐད་ཀར་རྟའུ་དང་གསེར་རྟ།རྨ་ཆུ་དང་བླ་བྲང་སོགས་གསར་ལམ་ཁག་ཏུ་འཁོད་ཀྱི་འདུག་ཅིང་།ཐ་ན་རྒྱ་ཡིག་དང་ཨིན་ཇིའི་གསར་ལམ་ཁག་ཏུ་ཐད་ཀར་ཞིང་ཆེན་དང་རྫོང་གི་མིང་བཟུང་འདུག
    འོན་ཀྱང་།ཛམ་ཐང་དང་མཛོད་དགེ།ཁྱུང་མཆུ་དང་འབར་ཁམས་སོགས་རྫོང་ཁག་གང་དུ་མེར་བསྲེགས་བཏང་ན།ཡིན་ཅིག་མིན་ཅིག་དེ་ཚོའི་མིང་མགོར་ཨ་མདོ་རྔ་བ་བཞག་སྟེ་རྔ་བ་ས་གནས་ཀྱི་ཆེ་བ་འདོན་ཐབས་གནང་གི་འདུག་མོད།བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རྒྱལ་གཅེས་པ་ཚོས་སྲོག་བློས་བཏང་བཞག་པ་སྟེ་ས་གནས་ཤིག་གི་ཆེ་བ་མཚོན་གང་ཐུབ་བྱེད་པའི་གཡོ་ཇུས་བཤམས་ན།བྱབ་ཆུང་དང་མི་གཞན་ཁྲེལ་རྒྱུ་ཡིན་པ་ཤེས་ན་ལེགས།

  17. རིག་པའི་བུ says:
    2013-02-21 at 11:33 am

    བདེན་དོན་གྱི་དཔའ་བོའི་རྣམ་པ་ཚོ་རྒྱལ་གྱུར་ཅིག

  18. འཇམ་དཀར says:
    2013-02-21 at 2:38 pm

    ད་དངོས་གནས་རང་ལུས་མེ་བསྲེགས་མཚམས་ཆད་ན་བསམ་ནས་ཡོད།དཔའ་བོ་ཁྱེད་རང་གི་བསམ་དོན་འགྲུབ་པའི་སྨོན་ལམ་འདེབས།དྲ་གྲོགས་མཚམས་ཆད་པའི་ཕྱོགས་སུ་འབད་རོགས་ཞུ་ཞུ་རྒྱུ་ཡིན།

  19. སྐལ་བཟང says:
    2013-02-22 at 7:16 am

    བོད་བླ་མ་བྱང་སེམས་ཅན་ཡོད་ན་རང་ལུས་མེ་བསྲེགས་བཀག་འགོག་བྱེད་དགོས་པའི་བཀའ་སློབ་གནང་རན་འདུག

  20. tsering kyab says:
    2013-02-22 at 5:56 pm

    ༄༅།ལངས་འཚོའི་དར་ལ་གནས་བའི་ཞུ་ནུ་ལགས།
    ཁྱེད་ཀྱི་ཕུགས་བསམ་འགྲོ་བའི་རྩ་དོད་ཆེད།
    སྙིངས་སྟོབས་ཞུམ་མེད་སྐུ་ཟུགས་མེ་ལ་སྲེགས།
    ཁྱེད་ཁྱི་ཕུགས་བསམ་གུས་བཏུས་ཡིད་རང་ཡོད།
    སླར་ཡང་བོད་དོན་བདེན་མཐའ་མ་གསལ་བར།
    ཉིན་མཚན་མེད་པར་བོད་དོན་བདེབ་མཐའ་རྩོད།
    རྒྱལ་བཅེས་ཡོངས་ཀྱི་ཞལ་ཆེམས་འགྲུབ་པར་ཤོག།
    སླར་ཡང་དལ་འབྱོར་མི་ལུས་ཐོབས་པར་སོག།
    རྒྱལ་བཅེས་ཡོངས་ལ་སྙིང་ནས་གུས་དཀུར་ཞུ།

  21. འདྲེ་རྐང་ཐོ། says:
    2013-02-22 at 6:03 pm

    ཡིག་ནོར་ཟེར་ནོ་ངའི་མགོའི་སྐྲ་ལས་མང་གི་་་་ཧ་ཧ

  22. སྐལ་བཟང says:
    2013-02-24 at 11:11 pm

    འདྲེ་རྐང་ལགས་ཁྱེད་མགོ་ལ་པུ་ཁ་ཤས་མ་ཏོག་སྐྱེས་ཡོད་ས་མ་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme