Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པས་རྒྱ་གར་མར་བཙན་གཡེམ་གྱི་ཐོག་མ།

Posted on 2009-08-31 By དགེ་རབ་ 34 Comments on བོད་པས་རྒྱ་གར་མར་བཙན་གཡེམ་གྱི་ཐོག་མ།

བདུན་ཕྲག་འགའི་ཡར་སྔོན་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་་ གིས་ཝྭར་ཎའི་ས་གནས་རྒྱ་གར་གྱི་བུ་མོ་ལོ་ན་བརྒྱད་སོན་པ་ཞིག་ལ་བཙན་གཡེམ་བྱས་ པར་བརྟེན་སློབ་དཔོན་དེ་ད་ལྟ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་ཉུང་མཐའ་ལོ་ བཅོ་ལྔ་ནས་ཉི་ཤུའི་བར་བཙོན་འཇུག་བྱ་སྲིད་པ་རེད་ཅེས་ས་གནས་ཀྱི་རྒྱ་གར་ཚགས་ པར་ཐོག་ཐོན་ཡོད་པ་རེད་འདུག

འདས་ པའི་མི་ལོ་ལྔ་བཅུའི་རིང་བོད་པ་བཙན་བྱོལ་བ་ཚོར་རྒྱ་གར་གྱི་ས་ཐོག་ནས་རང་དབང་ དང་དྲོད་ཁོལ་ཐོབ་པ་ཉུང་ཉུང་ཞིག་གཏན་ནས་མ་ཡིན་ནའང་།བསམ་ཤེས་མི་ཐོངས་པའི་ཡུལ་ མིའི་ཕོ་གསར་རེ་ཟུང་གིས་བོད་པའི་བུ་མོ་དང་ཨ་ནེ་མང་པོ་ཞིག་ལ་བཙན་གཡེམ་བྱས་ ཤིང་ཁོ་མོ་ཚོའི་ལུས་སེམས་ཀྱིས་མྱངས་པའི་སྡུག་བསྔལ་དེ་མི་སུས་ཀྱང་རྟོགས་དཀའ་ བ་ཞིག་ཡིན་མིན་ལ་མ་བལྟས་པར་ང་ཚོ་ བོད་པ་ལ་མཚོན་ན་རྒྱ་གར་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྟབས་ད་ལོ་ང་ཚོ་གཞུང་ དམངས་གཉི་གས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་རིམ་སྣ་ཚོགས་ཤིག་སྒྲིག་བཞིན་ པའི་སྐབས་འདིར་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ དཔོན་ཞིག་གིས་གནས་ཀྱི་རྒྱ་གར་བུ་མོ་ལོ་ན་བརྒྱད་ལ་སོན་པ་ཞིག་ལ་བཙན་གཡེམ་བྱས་ པར་བརྟེན་བུ་མོ་དེའི་ནང་མིས་ས་གནས་ཉེན་རྟོག་པར་གཏུག་བཤེར་བྱས་ནས་དགེ་རྒན་ དེ་ད་ལྟ་ཝྭར་ཎའི་བཙོན་ཁང་དུ་བཅུག་ཡོད་པ་རེད་འདུག

འདི་ ནི་བོད་པ་ཞིག་གིས་རྒྱ་གར་མར་བཙན་གཡེམ་བྱས་པ་ཐོག་མ་དེ་ཆགས་ཡོད་པ་དང་།ལྷག་པར་ དུ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་གིས་བྱས་པའི་བཙན་གཡེམ་ ཐོག་མ་དེ་ཡང་ཆགས་ཡོད་པ་རེད་ལ། འདི་ ནི་ང་ཚོས་ངེས་པར་དུ་རྒྱ་གར་ལ་དགོངས་དག་ཞུ་དགོས་པའི་གནད་དོན་ཞིག་ཡིན་ན་ཡང་ ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་ངོས་ནས་གནས་ཚུལ་འདི་བྱུང་ནས་བདུན་ཕྲག་ གཉིས་འདས་ཟིན་ཀྱང་གསང་རྒྱ་དམ་པོ་བྱས་ནས་བཞག་ཡོད་པ་རེད།
བཀྲ་ཤིས་ནས་ཕུལ།

གསར་འགྱུར།

Post navigation

Previous Post: ཁ་མཆུ་འཛུགས་གི་ཡིན།
Next Post: ཅི་ཞིག་བོད་ཀྱི་རྩོམ་རིག་ཟེར། སུ་ཞིག་བོད་ཀྱི་རྩོམ་པ་པོ་རེད།

Comments (34) on “བོད་པས་རྒྱ་གར་མར་བཙན་གཡེམ་གྱི་ཐོག་མ།”

  1. དཀོན་མཆོག says:
    2009-08-31 at 9:01 am

    ཨེ་བདེན་ནམ། ཨ་་ཨ་་་་ཨ།

  2. ལྷ་རྟ་དཀར་པོ says:
    2009-08-31 at 10:05 am

    ཨོ་ཨོ་ཨོ་ཨོ་ཨོ་་་་་་་་་་་འདོད་ཆགས་ཀྱི་གཞན་དབང་དུ་འགྱུར་པའིི་སློབ་དཔོན་ཆེན་མོ་ལགས། ལས་དབང་གི་ཁྱེད་ཀྱི་གསང་བའི་འཁྲིམ་སྤྱོད་དེ་འཛྷཇིག་རྟེན་ཕྱིར་ཁྱབ་པ་ཞིག་ཡིན་པ་ལས་དང་པོ་བུད་མོ་དེས་ཁྱེད་ལ་དགཌྷཌྷའ་ཞེས་མོ་རང་གི་སྙིང་ཁྱེད་ལ་སྟོན་ཡོད་སྲིལ།

    ཁྲིམས་ཀྱི་ཐོག་ནས་བཤད་ན་བུད་མོ་རང་ལོ་༡༨སོན་རྗེས་དར་མ་ཡིན་ཙམ་ཁོ་གཉིས་མོས་མཐུན་བྱུང་ཡོད་ན་ཁྲིམས་ལ་སྐྲག་མི་དགོས།
    སྙིང་རྗེ་།

  3. དཀོན་མཆོག་བོད་རང་བཙན་དྲྭ་ཚིགས་ནས། says:
    2009-08-31 at 10:06 am

    གྲོགས་པོ། ཁྱེད་རང་གིས་སྤེལ་བའི་གནས་ཚུལ་དེ་དངོས་གནས་ཡིན་ན།

  4. འོས་ལངས། says:
    2009-08-31 at 11:16 am

    ཨ་ཙི། ཆག་སྒོ། ཆག་སྒོ། གནས་ཚུལ་དེ་དྲང་བདེན་ཡིན་ནམ། ད་དུང་ཞིབ་དཔྱོད་ནན་པོ་བྱེད་རྒྱུ་གལ་ཆེན་པོ་རེད། གནས་ཚུལ་དེར་བསམ་གཞིགས་བྱེད་དུས་གནས་ཚུལ་ཡོང་ཁུངས་ཀྱི་ཚགས་པར་གྱི་མིང་དང་། ཚགས་པར་གྱི་ངོ་བཤུས་སམ་དེའི་ཚིག་རིས་ཀྱི་དུམ་བུ་ཙམ་ཡང་མི་འདུག་པ་དང་། གནས་ཚུལ་བྱུང་སྐབས་ཀྱི་ཟླ་ཆེས་གནས་དུས་བཅས་ཀྱང་མེད་ལ། བཙན་གཡེམ་བྱེད་མཁན་དང་བྱེད་ཡུལ་གཉིས་ཀྱི་མིང་སོགས་ཅི་ཡང་མི་འདུག་པས་གནས་གསར་དེ་ནི་ཡིད་ཆེས་བྱེད་དཀའ་བ་ཞིག་འདུག གལ་སྲིད་གནས་ཚུལ་དེ་དྲང་བདེན་ཡིན་པའི་དབང་དུ་བཏང་ན། གོང་གསལ་ཁུངས་སྐྱེལ་ར་འཕྲོད་ཡོང་གཞིའི་ཆ་རྐྱེན་དེ་དག་དགོས་ངེས་ཙམ་དུ་མ་ཟད། མི་བུ་དེ་འདྲ་སྤྱི་ཚོགས་ཐོག་ནས་ཐེར་འདོན་བྱེད་དགོས་ཡོད་པ་སྨོས་མེད་རེད། སྤྱིར་ན་གནས་ཚུལ་དེ་འདྲ་ནི་གང་ཟག་སྒེར་གྱི་དོན་དག་ཅིག་ཅིས་ཀྱང་ཡིན་ངེས་པས། གང་ཟག་དེའི་མིང་དངོས་བཏོན་ནས་སྐབས་དེའི་ཁོ་ཡི་བྱ་སྤྱོད་དང་འབྲེལ་བའི་གནས་ཚུལ་ཅི་བྱུང་རྣམས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་འགོད་བྱས་ན་ད་གཟོད་འོས་ཤིང་འཚམས་པ་ཞིག་རེད་བསམ། དེ་མིན་གནས་ཚུལ་དངོས་ཡིན་མིན་གྱི་དཔང་རྟགས་ཅི་ཡང་མེད་པའི་ཁར། མི་རིགས་སྤྱི་ཡི་མཚན་མཐོང་ཁོ་ནར་གནོད་གཞིར་འགྲོ་བའི་ཁ་བྱང་༼ བོད་པས་རྒྱ་གར་མར་བཙན་གཡེམ་གྱི་ཐོག་མ༽འདི་འདྲ་ནི་ཧ་ཅང་ཐལ་དྲགས་འདུག

  5. འཛེར་མ་ར་མགོ། says:
    2009-08-31 at 11:29 am

    གཏམ་ངན་དེ་ཚོ་བདེན་ལས་ཆེ།་ལྟས་ངན། ད་དུང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་པའི་དགེ་རྒན་ཞིག ཨེ་ཤུ་རེ་ཁོ། བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཐོག་རྒྱ་གར་གཞུང་མང་གཉིས་ལ་ལེགས་སྐྱེས་ཡག་པོ་ཞིག་ཕུལ་འདུག ཞབས་འདྲེན་དེ་ཚོ་ཤི་ན་དགའ། ཅི་འདྲའི་རང་དབང་མེད་པའི་འདོད་ཆགས་ཤིག་ཨང་། ཞབས་འདྲེན། ལྟས་ངན།

  6. ལྷ་རྟ་དཀར་པོ says:
    2009-08-31 at 12:10 pm

    འདོད་ཆགས་མེད་མཁན་གྱི་གང་ཟག་མེད་ཡང་འཁྲིམ་སྤྱོད་སྐབས་བརྒྱ་མདུན་གཉིས་ཀྱི་གནས་སྟངས་ལ་ལྟས་དགོས་བ་གལ་ཆེ་དྲན། གནས་ཚུལ་འདི་བདེན་ལ་ཡིན་་མེད་ཐད་མཐོ་སློབ་དེ་ནང་མཆིས་པའི་གྲོགས་འགའ་ལ་དྲིས་སྐབས་བདེན་བ་རེད་ཅེས་ཟེར་སོང། རང་ནས་བསམ་པར་བཙན་གཡེམ་བཏང་ཡོད་ན་དྲན།

  7. མིའུ་ཕྲུག says:
    2009-08-31 at 1:20 pm

    བོ་མོ་དེ་ལོ་བརྒྱད་ཡིན་ན་སློབ་དཔོན་དེས་བཙན་དབང་ཇི་ལྟར་བྱ་དགོས་ཕལ་ཆེར་གྲ་རྟ་ལ་གོམས་པའི་གྲ་ཟུར་ཞིག་ཡིན་ངེས་རེད།

  8. Gedun says:
    2009-08-31 at 1:34 pm

    རྒྱ་གར་གསར་ཤོག་ཐོག་འདིའི་གནས་ཚུལ་ཐོན་འདུག་ཅེས་གྲོགས་པོ་ཞིག་གིས་ང་ལ་གསུངས་བྱུང་། ཉེས་ཅན་དྭོགས་པ་ཆགས་པའི་མི་དེ་དགེ་རྒན་མ་རེད། ཁོང་དཔེ་མཛོད་ཁང་གི་ལས་བྱ་ཞིག་རེད། ཕྲན་གྱིས་ཀྱང་ངོ་ཤེས། རྐྱེན་ངན་གྱི་གནས་ཚུལ་འདི་བྱུང་བ་ངོ་མ་རེད། བུ་མོ་དེའི་ལོ་ག་ཚོད་ཡིན་མིན་དང་སུ་ཡིན་མིན་བཅས་རྒྱ་གར་གྱི་དུས་བབ་གསར་ཤོག་ཏུ་འཁོད་འདུག་ཟེར། ལར་ནས་བོད་མི་འབུམ་གྱི་ནང་ནས་འདི་འདྲ་གཅིག་བྱུང་བ་ལ་ཧ་ལས་རྒྱུ་ཡོད་མ་རེད། ལས་ཀ་འདི་མ་རབས་རེད། ཡ་རབས་མ་རེད། འོན་ཀྱང་བོད་མི་ཚང་མ་གྲྭ་པ་མ་རེད་ལ། ལྷ་ཡང་མ་རེད། ཡོང་སྲིད་པ་ཞིག་རེད། ཡོང་ཆོག་པ་ཞིག་རེད། རྒྱ་དང་བཅས་པའི་མི་རིགས་གཞན་དང་བསྡུར་ཚེ། བརྗོད་གཞི་འདིའི་ཐད་ནས་བཤད་ན། བོད་མི་རྣམས་ནི་ཧ་ལམ་བཟང་སྤྱོད་ཀྱི་བརྒྱ་ཆ་མཐོ་ཤོས་ཤིག་ཡིན་མིན་ལ་དྭོགས་པ་མེད་པ་རེད།

  9. yeshe says:
    2009-08-31 at 1:42 pm

    བུ་མོ་ཆུང་ཆུང་བུ་ཕོ་ཆུང་ཆུང་གི །
    སྟུ་དང་བརླ་ལ་རྒྱོ་བའི་སེར་སྐྱ་ཚོ། །
    ད་ནི་རང་ཚོད་རང་གིས་མ་ཟིན་ན། །
    ཁྲིམས་ཁང་བཙོན་ཁང་འགྲིམ་ཉིན་འཕྱིས་ལེ་རེད། །

  10. མིའུ་ཕྲུག says:
    2009-08-31 at 1:47 pm

    དེ་རིང་ཨ་ལགས་ལ་ངེས་འབྱུང་ཞིག་སྐྱེས་སོང་ཧ་ཧ་ཧ་

  11. རིག་པའི་རལ་གྲི། says:
    2009-08-31 at 2:29 pm

    དངོས་གནས་མཁས་བླུན་ཀུན་རི་བོང་ཅལ་འགྲོགས་ཆེན་པོ་བྱེད་ཀྱི་འདུག རྒྱ་གར་ཀྱི་གསར་འབྱོར་དུ་གནས་ཚུལ་དེ་ཐོན་ཡོད་ནའང་། གནས་ཚུལ་དེ་དངོས་གནས་དེ་འདྲ་བྱུང་ཡོད་རེད་བསམ་གྱི་འདུག་གམ། བོད་པ་གཅིག་གིས་རྒྱ་གར་བུ་མོ་ལོ་བརྒྱད་ལོན་པ་ཞིག་ལ་བཙན་གཡེམ་བྱས་པ། བོད་པ་དེ་ཡང་ཝ་ར་ན་སའི་མཐོ་སློབ་ཀྱི་དགེ་རྒན་ཞིག ཧ་ཧ་ཧ་ཧ དགེ་རྒན་འདི་སྨྱོན་པ་དངོས་གནས་ཆགས་ཡོད་ན་ནི་བཤད་ཚོད་མི་ཐིག དྲན་པ་རང་བཞིན་དུ་གནས་བཞིན་པ་ཞིག་ཡིན་ན་ནི། རྒྱ་གར་གྱིས་ཉེས་མེད་ཉེས་འཛུགས་བྱས་པ་ཡིན་འང་འདྲ། མི་དགའ་བ་གཞན་གྱིས་ཁྲབ་པ་ཞིག་ཡིན་པར་ཐག་ཆོད། གང་ལྟར་ཝར་ནིའི་མཐོ་སློབ་ཀྱི་བོད་ཀྱི་དགེ་རྒན་དེས་རྒྱ་གར་བུ་མོ་དེ་ལ་གཙན་གཡེམ་བྱས་པའི་སྐད་ཆ་འདི་ནི། རྣ་བར་ལྕགས་ཐུར་ཀྱིས་འཛུད་ཀྱང་འགྲོ་མི་འདུག

  12. གཞོན་ནུ་ཟླ་མེད says:
    2009-08-31 at 2:59 pm

    ག་མ་གོ་ཡིས་གོ་ལོག་གོ་ལ་བཤད།།
    གོ་ལོག་གོ་ཡིས་རྒྱུགས་ལ་དགའ་ལ་བཤད།།
    རྒྱུགས་ལ་དགའ་ཡིས་སྐྱ་ཀ་ཁ་ལ་བཤད།།
    སྐྱ་ཀ་ཁ་ཡིས་ག་ས་གང་དུ་སྒྲོགས།།

    ཕར་ཙམ་ཕར་ཙམ་གཤིབ་དུ་རྩད་བཅད་ན།།
    ཚུར་ཙམ་ཚུར་ཙམ་ནག་ཁུང་ནག་ཁུང་ཆགས།།
    འདི་ལ་ཞིབ་ཏུ་བསམ་བློ་བཏང་བ་ན།།
    ང་ཚོ་མི་རིགས་འདི་ཡི་གཤིས་ཀ་ཡིན།།

    རྒྱ་ཡི་སྙན་ངག་ཉན་ནུའུ་ཅོ་ཡི་ནང་།།
    ༼རང་གཅུན་ལུགས་སྲོལ་འུར་སྒྲོགས་ཆེར་སྤེལ་སྒོས།།
    བློ་སེམས་གཅིག་གིས་རོ་ལངས་རྒྱགས་རྩིས་བསམ༽
    ཅེས་བ་འདི་ཡིས་ང་ཚོའི་གཤིས་ཤིག་སྟོན།།

    རང་གིས་རང་ལ་གཅུམ་པའི་ལུགས་སྲོལ་འདིས།།
    རྐང་ལག་ཐམས་ཅད་བསྐྱོངས་བསྐུམས་མི་ནུས་པས།།
    ང་ཚོ་འཛམ་བུ་གླིང་དུ་སྐྱེས་ན་ཡང་།།
    རང་ཉིད་མདུན་དུ་སྐྱོད་པའི་ཕུགས་བསམ་བྲལ།།

    གསར་འགྱུར་ཡིན་ན་གསལ་ཁ་དགོས་པ་ལ།།
    སྙན་ངག་ཡིན་ན་ཉམས་འགྱུར་དགོས་པ་ལ།།
    ལོ་རྒྱུས་ཡིན་ན་ལོ་ཚིགས་གསལ་བོ་དགོས།།
    དེ་མིན་རྟོག་བཟོ་འདྲ་བས་ཅི་ཞིག་ཕན།།

  13. བདུད་འདུལ་རོལ་བའི་རྩལ། says:
    2009-08-31 at 3:39 pm

    མི་རིགས་གཞན་དང་བསྡུར་ན་བོད་པའི་སྤྱི་ཚོགས་ཁྲོད་འདི་འདྲའི་དོན་རྐྱེན་་བྱུང་པ་ཧ་ཅང་ཉུང་ཉུང་རེད།ཉེས་ཅན་ཁོང་གི་བཟའ་ཟླ་དང་ཉེ་མི་ཚང་མ་སྙིང་རེ་བརྗེ།

  14. ཁང་གསར་རྡོ་རྗེ། says:
    2009-09-01 at 12:54 am

    ང་ཡིད་མ་ཆེས་པར་རྒྱ་གར་གྱི་གསར་ཤོག་བཙལ་བ་ཡིན། བདེན་མིན་མ་ཤེས། གསར་ལམ་དུ་གནས་ཚུལ་ཐོན་འདུག གཡེམ་མཁན་དེ་དྷ་ས་ནས་ཡིན་པ་དང་ཝ་ཎ་མཐོ་སློབ་ཏུ་ལས་ཀ་བྱེད་ཞོར་ཟ་ཁང་གཉེར་བཞིན་ཡོད་པར་བཤད། ཟ་ཁང་དུ་ལས་ཀ་བྱེད་མཁན་དུ་ཁོའི་བཟའ་ཟླས་ཨོ་རི་ས་ནས་འཁྲིད་ཡོང་བའི་རྒྱ་གར་བུ་མོ་གཉིས་ཡོད་པར་ཁོས་སྔ་རྗེས་སུ་བཙན་གཡེམ་བྱས་ཤིང་བུ་མོ་གཉིས་ཀྱིས་སྐོར་སྲུང་བར་བཤད་པས། མཚན་ལ་ཁོང་བཟའ་ཚང་གཉིས་ཀ་བཟུང་སྟེ་ད་ལྟ་བཙོན་ལ་ཡོད་འདུག སྨན་ཁང་དུ་བརྟག་དཔྱད་བྱས་པ་ལྟར་ན། རྒྱ་གར་གྱི་བུ་མོ་དེ་གཉིས་ལ་བཙན་གཡེམ་བྱས་ཡོད་པ་དངོས་བདེན་ཡིན་འདུག འདི་དག་གསར་འགྱུར་གྱི་སྙིང་དོན་ཡིན། གསར་འགྱུར་ནང་བུ་མོ་གཉིས་ཀྱི་མིང་ངོ་མ་གསང་འདུག གཡེམ་མཁན་བོད་རིགས་དེའི་མིང་ལ་Pemta Chheling ༼སྤེམ་བཀྲ་ཆེ་ལིང་༽དང་ཁོའི་བཟའ་ཟླའི་མིང་ལ་བསོད་ནམས་ཟེར་ཞེས་བཤད་འདུག དབྱིན་ཡིག་གསར་འགྱུར་ཆ་ཚང་གཤམ་དུ་ལེབ་བཤུས་བྱས་ཡོད།

    http://timesofindia.indiatimes.com/news/city/varanasi/Restaurateur-jailed-for-raping-minor-employees/articleshow/4919950.cms

    Restaurateur jailed for raping minor employees
    TNN 21 August 2009, 10:03pm IST
    Print Email Discuss Bookmark/Share Save Comment Text Size: |
    VARANASI: The Sarnath police arrested a restaurant operator on Thursday night for raping two minor sisters. The arrested man was sent to jail
    while the girls were sent to women protection home, Jaitpura, after medical examination.

    According to the police, Pemta Chheling, a Dharmshala (HP) native, was employed at the Central Tibetan University and also operated a restaurant near Tibetan temple, situated a few yards away from the Sarnath police station. Chheling’s wife, Sona had visited Navaguti village in Orissa two months back. She returned with two minor girls Rani (12) and her 10-year-old cousin Soni (changed names), who were put to work at the restaurant. After some days, Chheling raped Rani allegedly in an inebriated state. And, recently he also molested Soni. The minor rape victims somehow managed to escape from the restaurant on Thursday evening and went to the Sarnath police station. The police were shocked to listen to their revelations.

    Taking a serious note of their complaints, police raided Chheling’s restaurant at night and caught the couple. Later, on the basis of the complaints of the girls, Chheling was booked under section 376, 363 of IPC and the Child Labour Act. The girls were sent to district hospital for medical examination in which it was confirmed that they had been raped. Chheling was sent to jail after being produced before the court on Friday.

  15. འཆི་བདག་སྐྱབས་ says:
    2009-09-01 at 2:15 am

    ༄༅།། གནས་ཚུལ་དེ་ནི་དངོས་གནས་རེད་པས་ང་ཚོས་གསང་རྒྱ་དང་མིན་ཁུལ་མ་བྱས་པར་ད་ལྟ་གོང་དུ་བཀྲ་ཤིས་ལགས་ཀྱིས་གསུངས་བ་བཞིན་བྱས་ན་ཡག་པོ་འདུག་མོད་ཀྱང༌། དེ་འདྲ་བའི་གནས་ཚུལ་རིགས་ལ་རྒྱ་གར་གཞུང་ལ་དགོངས་དག་ཞུ་བ་ལ་ང་ཚོ་བོད་པའི་ངོས་ནས་སྐུ་ཚབ་སུ་ཕྱིན་ན་ཡག་གམ༌། དེ་མིན་ན་གློག་འཕྲིན་དང་ཡིག་ལམ་བརྒྱུད་ན་ཡག་གམ༌། དངོས་གནས་དེ་རིགས་གི་གནས་ཚུལ་ནི་ཞེ་དྲགས་ཀྱི་རྙོག་འདྲ་ཆེ་ལ།་བྱེ་བྲག་ཏུ་སློབ་གླིང་དེའི་དགེ་སློབ་རྣམས་ལའང་དེ་བས་མི་བདེ་བའི་སྣང་བ་ཞིག་མ་ཡིན་ནམ༌། རྒྱུ་མཚན་ནི་གནས་ཚུལ་དེ་རིགས་ནི་ད་བར་བོད་པར་ཐོག་མ་དེ་ཡིན་པས་སོ༌།།

  16. འཆི་བདག་སྐྱབས་ says:
    2009-09-01 at 2:56 am

    ཁོ་རང་དཔེ་མཛོད་ཀྱི་ལས་བྱེད་ཅིག་དང༌། ཁོང་ལ་ཟ་ཁང་ཞིག་ཡོད་པ་རེད། མིང་ལ་སྤེན་པ་ཚེ་རིང་ཟེར། བཙན་གཡེམ་བྱས་སོང་ཟེར་བའི་བུ་མོ་དེ་ནི་ཨོ་རི་སཱ་ནས་ཡིན་པ་དང༌། ནང་གི་གཡོག་པར་ཉར་ཡོད་པ་རེད།
    རྒྱ་གར་གསར་ཤོག་སྒང་དུ་ལོ་བརྒྱད་ཅན་ཞིག་ལ་ཞེས་བརྗོད་ཡོད་ཀྱང༌། གོ་ཚུལ་ལ་ལོ་དེ་ལས་ཆེ་བ་ཞིག་ཡིན་པར་བཤད་ཀྱིན་འདུག བུ་མོ་གཉིས་ཡོད་པ་རེད། ཁ་ཤས་ཀྱིས་བཤད་ཚུལ་ལ་གཉིས་ཀར་བཙན་གཡེམ་བྱས་པ་རེད་ཟེར།

  17. བློ་བཟང་དབང་ལྡན་ says:
    2009-09-01 at 5:01 am

    སྒྲོ་འདོགས་ཀྱིས་བོད་ཀྱི་མཐོ་རིམ་སློབ་གྲྭ་ལ་མཚན་ཤེད་མ་བཟོ་རོགས་གནང༌།
    སྤེན་པ་ཚེ་རིང་ཟེར་བ་ཁོ་ཝཱ་ཎ་མཐོ་སློབ་ཀྱི་དགེ་རྒན་དེ་འདྲ་གལ་རེད་མི་འདུག ཝཱ་རཱ་ཎ་སིའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་འགྲམ་གྱི་གངས་ལྗོངས་ཟ་ཁང་ཞེས་པ་གཉེར་མཁན་གྱི་མི་དེ་རེད་འདུག བཙན་གཡེམ་བྱ་སའི་བུ་མོ་གཉིས་པོ་ཡང་ཟ་ཁང་དེའི་གཡོག་མོ་རེད་འདུག ཁོ་ཝཱ་ཎ་མཐོ་རིམ་སློབ་གྲྭའི་དགེ་རྒན་རེད་མི་འདུག ཁུངས་མེད་ཀྱི་གནས་ཚུལ་དེ་རིགས་ལ་གནས་དྲ་རྒྱ་དོ་དམ་པ་སོགས་ཚང་མས་ཐུགས་སྣང་གནང་གལ།

  18. འཇམ་དབྱངས་རྒྱ་མཚོ། says:
    2009-09-01 at 5:54 am

    བཙན་གཡེམ་བྱས་པའི་སྐོར་བཤད་ན། ཉེ་སྔོན་མ་སུ་རི་བོད་ཁྱིམ་གྱི་ཁྱིམ་ཚང་པཱ་ལགས་ཞིག་ནས། སློབ་ཕྲུག་ཨ་མདོའི་བུ་མོ་ལོ་བཅུ་དྲུག་ཅན་ཞིག་ལ་བཙན་གཡེམ་བྱས་པ་དེ་སློབ་གྲྭའི་ངོས་ནས་གསང་བ་བྱས་སོང་ངཱ༌། གསང་བ་དེ་ཕྱི་ལ་ཤོར་ནས་མདོ་སྨད་དབུས་རྒྱུན་ཟེར་བས་དང་པོར་ངར་ངར་རྫིག་རྫིག་གིས་བརྩད་ཞིབ་བྱས། མཐའ་མ་དེར་མ་སུ་རི་སློབ་གྲྭས་ཐག་གཅོད་དེ་འགྲིག་འདུག་ཅེས་ནང་ཚག་གི་ཐག་གཅོད་དང༌། མཐའ་མ་དེ་བོད་པའི་སྤྱི་ཚོགས་ཀྱི་མཚན་ཤས་རེད་ཟེར་ནས་གསང་བ་བྱས་སོང་ངཱ༌།
    བུ་མོ་དེར་བཙན་གཡེམ་བྱས་པ་ཐེངས་གཅིག་ཡིན་ས་མ་རེད། འདིའི་སྐོར་མདོ་སྨད་དབུས་རྒྱུན་ལ་གསལ་ཆ་ཡོད་ནའང༌། གསང་བ་བྱས་ནས་བསྡད་ཡོད་རབས་གོ་རྒྱུ་འདུག མི་ཚོས་བཤད་སྟངས་ལྟར་ན། མ་སུ་རི་བོད་ཁྱིམ་གྱི་ཐག་གཅོད་ནི་བུ་མོ་དེ་མ་སུ་རི་སློབ་གྲྭ་ནས་སློབ་གྲྭ་གཞན་ཞིག་ལ་བཏང་ཡོད་པ་དེ་དང༌། མདོ་སྨད་དབུས་རྒྱུན་གྱིས་བརྩད་ཞིབ་རྗེས་མ་སུ་རི་བོད་ཁྱིམ་དང་མདོ་སྨད་དབུས་རྒྱུན་གཉིས་ཀྱིས་ནང་ཚག་གི་ཐག་གཅོད་ནི། ཁྱིམ་ཚང་པཱ་ལགས་ཀྱི་གསོག་དངུལ་བརྒྱ་ཆ་ཕྱེད་ཀ་བུ་མོ་དེར་སྤྲོད་རྒྱུའི་ཐག་གཅོད་བྱས་ཏེ། བཙན་གཡེམ་གྱི་གནས་ཚུལ་ཚབས་ཆེན་འདི་མུ་མཐུད་གསང་བའི་ངོ་བོར་བཞག་རྒྱུ་བྱས་ཡོད་པ་རེད་འདུག

  19. རིན་ཆེན says:
    2009-09-01 at 5:41 pm

    འདི་ཕྱོགས་ནས་ང་ཚོ་བོད་པས་་་་་་་་་་་་་་་་་་་
    བོད་པ་ཚང་མ་སེམས་པ་བཟང་པོ་་་་་་་་་་་་་་་་་་་་་་་་་་་
    ཚང་མ་བྱང་ཆུབ་སེམས་དཔའ་ཤ་སྟག་་་་་་་་་་་་་་་་་་་་་་་་་་་་་་
    གྲྭ་བ་ཞིག་ལ་སྐྱོན་བྱུང་ལ་གྲྭ་ཚང་གི་མཚན་ཤེད་སློབ་ཕྲུག་ལ་སྐྱོན་བྱུང་ན་སློབ་ཁང་གི་མཚན་ཤེད་བྱུང་གི་དྭོགས་ནས་གཅིག་བྱུང་ན་གཅིག་སྦས་པས་གཉིས་བྱུང་་་་་་་་་་་་་་་་་་་་་་་་་་་་་་་
    གཉིས་བྱུང་བས་གཉིས་སྦས་མང་དུ་མང་དུ་ཕྱིན་་་་་་་་་་་་་་་་་་་་་་་་་་་
    ཐ་མར་སྦས་ཚོད་མེད་པ་ཆགས་དུས་་་་་་་་་་་་་་་་་་་་་་་་་་་་
    འུ་ཐུག་ད་ཅི་དྲག་གང་དྲག་ཟེར་་་་་་་་་་་་་་་་་་
    བྱབ་ཆུང་ཁ་ཤས་ཀྱིས་བོད་པས་ངོས་ནས་དགོངས་དག་ཞུ་དགོས་ཟེར་བཞིན་གྲོས་འདོན་ཁ་བྱེད་་་་་་་་་་་
    རྒྱབ་ནས་མི་ཁ་ཤས་ང་ཚོ་བོད་པ་འདི་ངོ་མ་རྗེས་ལུས་རེད་འདུག་བསམ་འཞིན་ཡིད་སྐྱོ་སྟེ་འདུག་་་་་་་་་་་་

  20. རིན་ཆེན says:
    2009-09-01 at 5:45 pm

    ལྟ་བའི་མིག་འདི་ཀུན་ལ་གཅིག་པ་ཡོད། །
    མཐོང་བའི་མིག་རྒྱང་ཡོད་པ་འགའ་རེ་ཙམ། །
    སྨྲ་བའི་ལྕེ་འདི་ཡོད་པ་འདྲ་འདྲ་ལ། །
    དོན་སྙིང་བརྗོད་དང་མ་བརྗོད་འདྲ་མ་ཡིན། །

  21. བོད། ལྷ་ཀླུ་གཉན་གསུམ། says:
    2009-09-01 at 5:54 pm

    དཀྲོགས་གཏམ་ཞིག་གིས་དྲ་ངོས་ཟིང་ཟིང་བཟོས།།
    ཟིང་ཟིང་ཁོ་ནར་ཧུར་གྱིས་བཀང་བ་ལས།།
    དོན་གྱི་གནད་དུ་བཟུང་དེ་མི་ངན་དེས།།
    ལོ་རྒྱུས་ཁ་གསལ་ཞིག་ཀྱང་དབྱིན་བོད་གཉིས།།
    གང་གི་ནང་དུ་མེད་པ་ག་རེ་རེད།།
    སྤུན་ཟླ་ཁྱེད་ཅག་སེམས་འཁྲལ་བྱེད་པ་ལས།།
    གསར་འགོད་པ་ཚོས་ལས་འདི་རྩར་བཅད་ན།།
    བདེན་རྫུན་ཁྲུན་ཐག་དེ་ནས་ཆོད་ངེས་ཡིན།།
    ལ་ལའི་སློབ་དཔོན་ཞིག་ནི་ཡིན་རབས་ཟེར།།
    ལ་ལའི་ཚོང་དཔོན་ཞིག་ནི་ཡིན་སྐད་གསུང་།།
    དོན་ལ་མི་འདིས་རིགས་རུས་གང་ཡིན་སོགས།།
    སུས་ཀྱང་ཁུངས་ལྡན་ཞིག་ནི་རྙེད་མི་འདུག།

  22. tashi says:
    2009-09-02 at 11:02 am

    ད་ནངས་ཞོགས་ཀ་འདིར་མཆན་ཞིག་བཏབ་ཡོད་ཀྱང་ད་བསུབ་ཚར་འདུག
    ག་རེ་བྱས་བ་རེད།

  23. tashi says:
    2009-09-02 at 11:19 am

    ངས་ཝར་ཎའི་དགེ་རྒན་ཡིན་ནམ་ལས་བྱ་ཡིན།སློབ་ཕྲུག་ཡིན་ལ་ཁ་ཡ་བྱེད་ཀི་མེད།ངའི་ལས་འགན་དེ་སྐྱོན་ཆ་དེ་ཚོ་ཐེར་འདོན་བྱ་རྒྱུ་དེ་ཡིན།ད་ལན་ཝར་ཎའི་སློབ་མ་གཅིག་ར་དྲ་ཐོག་ཡོང་རྐྱུ་མེད་པ་ཅི་རེད།ངོ་ཚ་བ་ཨེ་རེད།ཧ་ཧ་ཧ་

  24. ནམ་མཁའ་དགྲ་འདུལ says:
    2009-09-06 at 3:37 pm

    ད་ཡིན་དེ་རིང་ངོ་མ་ཅིག་མི་བཤད་ཁ་མེད་རེད། གང་ཡིན་ཟེར་ན་བོད་པ་ཚང་གིས་ཞབས་འདྲེན་ཅང་ཅང་བཞག་གི་འདུག། ད་ཡིན་ན་ངོ་ཚར་སོང་།

  25. ནམ་མཁའ་དགྲ་འདུལ says:
    2009-09-06 at 3:42 pm

    ངའི་དྲྭ་གྲོགས་ྲརྣམས་པ་ལ་ཞུ་རྒྱུ། ང་ནི་དེ་རིང་འདི་ལ་གསར་དུ་སླེབས་པའི་མི་ཞིག་ཡིན། བྱས་ཙམ་ངའི་ཁྱེད་རྣམས་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

  26. བོད་ཀྱི་བུ་མོ། says:
    2009-09-08 at 6:30 am

    གནས་ཚུལ་འདི་བདེན་པ་ཞིག་རེད།་འོན་ཀྱང་ང་རང་སྒེར་གྱི་ངོས་ནས་གནས་ཚུལ་འདི་འདི་ལྟར་ཧ་ཅང་གི་ཆེན་པོ་བཟོ་རྒྱུའི་དགོས་པ་མཐོང་གི་མིན་འདུག།་ཁོ་རང་གི་ཁྲིམས་འགལ་ལས་ཀ་བྱས་པ་དེ་ལ་ཁྲིམས་ཀྱི་ཐོག་ནས་ཉེས་པ་རག་ཡོད།་འོན་ཀྱང་ང་ཚོ་མང་པོའི་མི་ཚེ་ནང་མཐོང་ཐོས་མང་པོ་བྱུང་ཡོད།་བོད་མི་གཅིག་གི་བཙན་གཡེམ་འདི་ཐོག་མ་རྩ་བ་ནས་མིན།་སློབ་གྲ་ཁག་དང་གཞིས་ཆགས་ཁག་ནང་གནས་ཚུལ་དེ་འདྲ་མི་ཉུང་བ་བྱུང་མྱོངས་ཡོད།འོན་ཀྱང་བཙན་གཡེམ་བྱས་མཁན་རྣམས་ཁྲིམས་ཐོག་ནས་འཇུད་ཐུབ་མེད།ད་རེང་ཁོ་རང་རླུང་རྟ་ཆགས་པ་རེད་བསམ་གྱི་འདུག་
    དེ་འདྲ་སོང་ཙང་ཁོ་ལ་ཚིག་ངན་འདྲ་མིན་ཤོད་ནས་སྡིག་པ་མ་གསོག་དང།།།

  27. ཆོས་འཕེལ། says:
    2009-09-08 at 11:12 am

    བོད་ཀྱི་བུ་མོས་ཟེར་བ་དེ་ལ་མོས་མཐུན་ཡོད། འགྲོ་བ་མི་ཞིག་ཡིན་ཕྱིན་རྒྱོ་ལ་མི་དགའ་བ་ཞིག་མེད། ཁོ་འདོད་ཆགས་ཀྱིས་དེད་ནས། སོང་ཉིན་ཕན་ཆོད་བརྗེད་ཡོད་འགྲོ། ཡིན་ནའང། གོ་ཐོས་ལ། རྒྱ་གར་བུ་མོ་དེ། ལོ་བརྒྱད་རེད་ཟེར་གྱི་འདུག ལོ་བརྒྱད་ཡིན་མཁན་ཞིག་བཙན་གཡེམ་བྱས་ན་ཤི་རྒྱུ་མ་རེད་པས། བུ་མོ་དེ་ལོ་བརྒྱད་མ་གཏོགས་མིན་ན། མི་དེ་སེམས་ཐང་པོ་མེད་པ་ཐག་ཆོད།

    བཙན་གཡེམ་བཏང་བ་དེ་ནག་ཉེས་ཆེན་པོ་མཐོང་གིན་མེད། བུ་མོ་ལ་ཡང་དགོས་ཀྱི་ཡོད་རེད་བསམ་གྱི་ཡོད། ཕྲུག་གུ་བཟོས་ན་སྙིང་རྗེ། སྐྱེས་པ་རྣམས་སྙིང་རྗེ་བྱ་རོགས་ཟེར་འབོད་བསྐུལ་བྱ་དགོས་ཤིག་ཐུག་རྒྱུ་རེད།

  28. ནམ་མཁའ་དགྲ་འདུལ་ནས says:
    2009-09-08 at 11:29 am

    བོད་ཀྱི་བུ་མོ་ལགས། ངའི་ཁོང་ལ་ཚིག་ངན་བཤད་པ་མིན། འོན་ཀྱང་ཁྱེད་ཀྱིས་སློབ་གྲྭ་ཁག་དང་། གཞིས་ཆགས་ཁག་སོགས་ལ་དེ་འདྲ་བྱེད་སུ་ཡོད་པ་ཤེས་བཞིན་དུ། ཁྱེད་ཀྱིས་ཁོང་ཚོ་ལ་ཟོ་བཏབ་ཞིག་མི་སྤྲད་པ་གང་ཡིན། མི་དེ་ཚོའི་དྲས་དེ་བོད་པའི་ཞབས་འདྲེན་རེད།

  29. ནམ་མཁའ་དགྲ་འདུལ་ནས says:
    2009-09-08 at 11:32 am

    ཆོས་འཕེལ་ལགས། ཁྱེད་ད་ལྟ་གང་ན་ཡོད། ངའི་ཁྱེད་གང་ཡོད་ཤེས་འདོད་འདུག

  30. རིན་ཆེན says:
    2009-09-08 at 11:51 am

    ཆོས་འཕེལ་ཁྱོད་ཀྱི་སྐད་ཆ་བཤད་སྟངས་ལ་བལྟས་ན་ཁྱོད་རང་ལ་སྐྱག་གནོང་ཞིག་ཡོད་པ་འདྲ་་་་་་་་་་་་་་ བཙན་གཡེམ་ཡིན་ཚར་ན་མ་འགྲིགས་པ་རེད་་་་་་་་་་་་་་་ འདོད་ཆགས་ཀུན་ལ་དགོས་ཡོད་པ་དང་དགོས་པ་བཞིན་རང་དབང་ཡང་ཀུན་ལ་དགོས་་་་་་་་་་་

  31. ཆོས་འཕེལ། says:
    2009-09-08 at 12:16 pm

    བོད་པ་ཡིན་ངེས་དང་། ལྷག་པར་འབྲོག་པ་ཞིག་ཡིན་ན་བཙན་གཡེམ་ལ་གོམ་འདྲིས་ཆེ་ཐག་ཆོད་ཡོད་རབ་རེད། རིན་ཆེན་རང་ལ། བཙན་གཡེམ་ཕར་ཞོག འདོད་བཞིན་དུ། སྤྱད་ཡ་གོ་སྐབས་རེག་མཁན་ཞིག་མ་འདྲ་དོ།

  32. གཞོན་ནུ་ཟླ་མེད says:
    2009-09-08 at 1:19 pm

    སྔོན་མ་༢༠༠༡ ཡིན་ན་ཅིག་ཡིན་ས་ཡོད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས། གྲོང་སྡེ་དྲུག་པའི་སློབ་གྲྭ་ནང་གི་བོད་བའི་བྱིས་པ་གཉིས་ལ་རྒྱ་གར་དགེ་རྒན་ཅིག་གིས་ཁ་ནང་ལ་བྱས་པ་དེ་ལོ་བརྒྱད་ལས་ཆུང་བ་ཡོད། དེའི་ཚོ་སྐོར་ལ་རྒྱ་གར་གཞུང་ནས་ཡང་མ་ཤེས་མ་ཚོར་བ་ལྟར་རེད། འདི་འདྲ་ལ་བོད་པ་ཚོས་ཀྱང་ས་གསང་རྡོ་གསང་བྱས་ནས་བཞག་བཞག་པ་དང་། བོད་པ་ཅིག་གིས་བྱས་ས་སྟུ་དང་ལོ་ཚད་ལོངས་བ་ཅིག་ལ་བྱས་ན་དེ་ནི་ལོ་ཆུང་རུ་བཏང་། དེ་ཡང་ཝ་ནའི་སློབ་དཔོན་ཡིན་ན་ཅིག་རེད་ཟེར་ནས་འུར་བརྒྱག་པ་འདི་ཚོ་ལ་བོད་པའི་རྒལ་ཚིགས་ཅིག་རྩ་ནས་མཐོང་གི་མི་འདུག

  33. གཞོན་ནུ་ཟླ་མེད says:
    2009-09-08 at 1:27 pm

    འོ་ད་བོད་པའི་རྟགས་བཞག་པ་ཅིག་ལ། པན་འཇའ་པེ་གཅིག་གིས་རྡ་སའི་བྱི་ལི་ཞིག་གི་རྐུབ་ལ་རྒྱོ་ནས་རྐུབ་ཐོ་གང་རལ་བཞག་པ་དེ་ཡང་སྤྱི་ཚོགས་མེ་ལོང་ཟེར་བ་དེའི་ནང་ལ་ཐོན་ཙམ་བྱུང་སོང་བ་དེ་རེད། དེ་ཡང་རྒྱ་གར་བས་བོད་པ་ལ་བཙན་གཡེམ་བྱས་པ་ལོས་ཡིན། གོང་གི་བྱིས་པ་བུ་མོ་ཆུང་ཆུང་གཉིས་ཀྱི་ཁ་ནང་ལ་བྱས་པ་དེ་ཚོ་ཕ་མ་ཕར་བཞག ང་ཡིན་ན་ཡང་སྙིང་གཏིང་ནས་ལངས་གི འོན་ཀྱང་སྐབས་དེའི་གཞིས་འགོ་ནས་ལས་གནས་ནས་ཕུད་པ་ཙམ་ལས་ཁྲིམས་ཐོག་ལ་བསྐྱལ་བཅུག་མེད།

  34. པདྨ་མཚོ། says:
    2011-04-01 at 5:48 am

    ཁ་བརྡ་དྲ་བའི་གཡང་ཁྱིམ་འདིར་འཛོམས་པའི་བོད་རིགས་སྤུན་ཟླ་ཡོངས་དང་ལྷག་པར་དུ་དྲ་བའི་ལས་བྱེད་པ་རྣམ་པར་ཐོག་མའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག། དེ་རིང་ནས་བཟུང་རིགས་མཐུན་མ་ང་ཡང་ཁྱེད་ཅག་གི་ཁྱིམ་མི་ཞིག་ཏུ་འགྱུར་ཐུབ་པའི་རེ་འབོད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme