Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་སའི་གླུ་གཞས་དགོང་ཚོགས་ལ་ཕུལ།

Posted on 2013-02-16 By ཁ་བརྡ་ 10 Comments on རྡ་སའི་གླུ་གཞས་དགོང་ཚོགས་ལ་ཕུལ།

རེབ་ཐོག་མདའ།

 

ཨ་རི་གྲོང་གི་མྱི་ཞིག་སླེབས་ནས།།

རྡ་སའི་རི་ནས་ཀི་ཞིག་བཏབ་དུས།།

མི་གཞི་བོར་བའི་རྡ་སའི་མྱི་ཚོ།།

གླུ་དང་གར་གྱི་ཀློང་ན་བཟི་འདུག།

གླུ་བའི་གདངས་དེ་མྱ་ངན་ཡིན་ན།།

ལོ་གསར་ཚེས་གསུམ་དགོང་ཚོགས་ཨེ་དགོས།།

ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་ཡང་།།

ཤོག་སྦག་བརྒྱབ་སྟེ་གཞས་གཏོང་འདི་ཅི།།

 

གཞིས་ཀྱི་བོད་པས་མ་ཎི་བགྲང་བཞིན།།

སྒར་གྲོང་གཉི་ཀ་ཆོས་ལ་འཐིམ་དུས།།

བྱེས་ཀྱི་རང་དབང་ལུང་པའི་རི་ན།།

ཆང་གིས་བཟི་བཞིན་གླུ་ལེན་གར་རྩེ།།

 

རྔ་བའི་གྲྭ་ཞིག་དགོན་ནས་འབར་སོང་།།

བལ་བོའི་ཁྲོམ་ནས་ཡང་གཅིག་འབར་སོང་།།

རང་བཙན་བསྒྲགས་གཏམ་ཁ་ལ་འཁྱེར་བའི།།

གླུ་དང་གར་གྱི་དགྱེས་འཛོམས་འདི་ཅི།།

 

སྡུག་གི་ལོ་དེ་མིག་ཆུས་བསྐྱལ་ཡིན།།

ཉིས་སྟོང་བཅུ་གསུམ་འཛུམ་གྱི་བསུས་ཀྱང་།།

ད་ནངས་མེ་ལྕེ་དགུང་ལ་མཆེད་པ།།

ཡིད་ལ་འཁོར་ན་སེམས་འདི་སྐྱོ་གི།།

 

ལོ་དང་ཟླ་བའི་ཁུགས་སོ་ཞིག་ནས།།

ཁ་བ་བོད་པའི་ལས་དབང་ཟད་པོ།།

མི་གཞི་བོར་བའི་ས་མཐའི་གྲོང་ནས།།

མི་བུ་ང་ཚོས་བོར་ལ་ཉེས་གི།

 

དཔའ་བོ་མྱ་ངན་གླུ་ཡིས་བསུ་བཞིན།།

རང་བཙན་མིང་གི་ཧྲག་བར་དེ་ན།།

དགའ་བའི་འཛུམ་ཆུང་གདོང་ནས་མངོན་པའི།།

ཁ་སང་དེ་རིང་རྡ་སའི་མྱི་ཚོ།།

 

རྡ་སའི་མྱི་ཚོར་སེམས་ཤིག་ཡོད་ན།།

ཨ་རིའི་བུ་དེའི་གདངས་ལ་མ་ཆགས།།

དེ་རིང་ཁ་སང་བོད་པ་ཚང་ལ།།

དགའ་བ་ཡོད་ཀྱང་གདོང་ནས་མ་འདོན།།

 

ལོ་གཅིག་ལོ་ཟླ་ནག་པོ་ཤར་ནས།།

ཁ་བ་བོད་པ་སྡུག་གིས་བཏུམ་ཡོད།།

ཁ་སང་དེ་རིང་རྡ་སའི་རི་ན།།

གླུ་གཞས་དགོང་ཚོགས་འཚང་ཁ་ཤིག་ཤིག།

 

ཕྱི་ལོ ༢༠༡༣ ཟླ ༢ ཚེས ༡༤ ཉིན་རང་ཤག་ནས་རྡ་ས་ནས་དགོང་ཚོགས་འཚོག་བཞིན་པ་ཐོས་རྗེས།

སྙན་ངག

Post navigation

Previous Post: རང་བཙན་བསྒྲགས་གཏམ་ཀྱི་དགོངས་རྒྱན་ཕོ་གཏམ་རྒྱབ་ཤ་དཀར་པོ།
Next Post: བདེན་པ་སྐྱོང་བར་སྐུལ་བའི་གཏམ།

Comments (10) on “རྡ་སའི་གླུ་གཞས་དགོང་ཚོགས་ལ་ཕུལ།”

  1. བསམ་ཤེས། says:
    2013-02-16 at 3:48 pm

    ང་ཚོ་བསམ་བློ་གུ་ཡངས་པོ་བྱེད་དགོས་པ་ལ། ཕྱོགས་རིས་མེད་པ་བྱེད་དགོས། བོད་ནང་ལ་དཀའ་ལས་རྒྱག་པ་དོན་དངོས་རེད་ལ། སྐྱིད་པོ་གཏོང་མཁན་ཡོད་པ་ཡང་དོན་དངོས་རེད། བྱས་ཙང་བོད་ནང་གི་ཚང་མ་ལྷ་དང་རྡ་སར་ཞུགས་མཁན་ཚང་མ་འདྲེ་ལྟ་བུའི་སྐད་ཆ་བཤད་འོང་ན། གཞིས་བྱེས་དཀྲུག་པའི་ནང་ཉེས་ཚབ་ཆེན་ཡོང་གཞི་འདུག་པས། ང་ཚོ་ཚང་མ་བདེན་པ་དང་དངོས་ཡོད་ལ་གཞི་རྩ་བཅོལ་བའི་ཐོག་ལ། བརྒྱ་ཁ་གཅིག་གཅོད་བྱ་རྒྱུ་མིན་འདུག 

    བོད་ནང་ལ་ལྷ་ས་དང་། གཞིས་ཀ་རྩེ། དེ་བཞིན་ཟི་ལིང་དང་རེབ་གོང་སོགས་ལ་ལོ་གསར་གཏོང་མཁན་འདུག ད་ཆ་དངུལ་སྦེལ་པོ་ཡོད་ཙང་། འགྲོ་སོང་ཡང་སྔོན་མ་ལས་ལྡབ་འགྱུར་ཁ་ཤས་བཏང་ནས་ལོ་གསར་བསུ་མཁན་བོད་ནང་ལ་ཡོད་པ་དངོས་ཡོད་རེད། རྡ་ས་གཅིག་པུ་མ་རེད། བྱས་ཙང་སྐུ་མཁྱེན་གཞིས་བྱེས་དཀྲུག་པའི་ནག་ཉེས་ཚབ་ཆེན་འདི་འདྲ་མི་ཡོང་བ་མཁྱེན་མཁྱེན་མཁྱེན། རྩོམ་འདི་འདྲ་ལྟ་བུའི་གསེང་ནས་རྒྱ་འདྲེ་འདི་ཞུགས་ཡོང་ནས་བོད་པའི་མཐུན་སྒྲིལ་ལ་གནོད་པ་སྐྱེལ་བཞིན་ན། ང་ཚོ་ཚང་མས་གཟབ་གཟབ་བྱ་དགོས། རྡ་སར་བུ་གསོ་ཁང་དང་། བོད་གཞུང་ལས་ཁུངས་ཁག རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་ཡིག་ཚང་། དེ་བཞིན་དགོན་སྡེ་ཁག་གིས་ལོ་གསར་བཏང་མ་སོང་། བདེན་པ་སྨར་རྗེན་ཁྱེར་ནས་ཡོང་ན་ཡག་པོ་འདུག

  2. ཐབས་ཇུས་ཅན says:
    2013-02-16 at 8:32 pm

    རེབ་ཐོག་མདའ་ནི་མི་ཀླད་མེད་ཞིག་ཡིན་པ་ཁོང་གི་རྩོམ་འདི་ལ་བལྟས་ན་ཤེས་ཐུབ།

  3. འཇམ་གཅེས says:
    2013-02-16 at 10:24 pm

    རིགས་རུས་གཅིག་པའི་གཉེན་ཡིན་ཟེར། །
    ཕ་མ་གཅིག་པའི་སྤུན་ཡིན་ཟེར། །
    ལས་དང་ལ་རྒྱ་གཅིག་ཡིན་ཟེར། །
    ང་ཚོ་ཚང་མ་གཅིག་ཡིན་ཟེར། །

    སྐྱིད་ཀྱིས་རྟ་ཕོ་མཉམ་ཞོན་ཟེར། །
    སྡུག་གིས་ཁུར་པོ་མཉམ་འཁུར་ཟེར། །
    གདུང་སེམ་མཉམ་སྐྱེད་ཡོད་དོ་ཟེར། །
    ཁྱེད་ཚོར་དམིགས་དཔེར་ལྟ་བཞིན་ཟེར། །

    ཟེར་ཟེར་གཏམ་འདི་སྙན་སྙན་འདྲ། །
    དོན་དངོས་ཁ་ཁོག་མི་མཚུངས་པའི། །
    ཁྲེལ་མེད་རིགས་ཀྱིས་ལོ་གསར་འདིར། །
    དབང་མེད་མིག་ཆུ་ཤོར་བྱེད་ཤིག །

  4. ཨོ་རྡོ། says:
    2013-02-16 at 10:25 pm

    ཨ་ཡ་མཚན། ང་ཚོ་བོད་པ་ཚོས་སྐྱོན་ངོས་ལེན་མི་བྱེད་སེམས་ཐག་རེད། བོད་མི་རིགས་ཀྱི་གནས་སྟངས་འདི་འདྲ་ཞིག་ཏུ་གྱུར་ནས་ཡོད་ནའང་ང་ཚོ་དྲང་པོ། ང་ཚོ་སྐྱིད་དགོས། ང་ཚོ་ཁེ་དགོས། ང་ཚོ་ཡག་དགོས། ང་ཚོ་ལ་སྡུག་པ་ལབ་མི་ཆོག ང་ཚོའི་ནོར་པ་བཤད་མི་ཆོག ང་ཚོ་འཇོན་པོ་ཡོད། ང་ཚོ་རྗེས་ལུས་ཡིན་བསམ་མི་ཆོག་ཟེར་ནས་སྡོད་རྩིས་རེད་འདུག དངོས་གནས་བློ་ཕམ་པོ་རེད། སྐྱབས་བཅོལ་བ་ས་བར་མཐིལ་གང་ཡང་མེད་པར་སྡོད་ནས་ཡོད་ཀྱང་། རྒྱལ་ཁབ་གཞན་ལ་ཁ་བཏང་རྒྱུ་ལ་དགའ་བ། དཔེར་ན། རྒྱ་གར་ལ་རྐུ་མ། སྤྲང་པོ། རྫུན་ཅན་སོགས་ཟོར་བ་དང། དེ་བཞིན་དུ་བལ་པོ་ལའང་དེ་ལྟར་བརྗོད་ཀྱི་ཡོད། འོ་ན། ཁྱོད་ཚོའི་གནས་སྟངས་ག་འདྲ་ཞིག་ཡོད་ཅེས་དྲིས་ན། ལན་གང་ཞིག་འདེབས་དགོས་སེམས་ཀྱི་ཡོད་དམ། ངའི་དྲི་བ་འདི་ལ་མི་ངོ་ཚ་ཁྲེལ་མེད་ཁ་ཤས་ཀྱི་ལན་ལུང་པ་གང་འདེབས་རྒྱུ་ཡིན་པ་ཐག་ཆོད། གང་ལྟར། ང་ཚོས་ང་ཚོ་གནས་སྟངས་ག་འདྲ་ཞིག་གི་སྒང་ལ་ལྷག་ཡོད་ཤེས་པ་གནང་དགོས་པ་གལ་ཆེའོ།། །།

  5. མེ་ཏོག་དཀར་པོ says:
    2013-02-16 at 11:05 pm

    བསམ་ཤེས་དང་ཨོ་རྡོའི་བསམ་ཚུལ་དེ་འདྲ་ང་ལ་སྔ་ནས་ཡོད།

  6. འདྲེ་རྐང་ཐོ། says:
    2013-02-16 at 11:49 pm

    བསམ་བློ་ལྔ་གསུམ་བཅོ་ལྔ་སྟེ། །
    ཡང་ཡང་བཏང་བའི་འཇུག་འབྲས་སུ། །
    བདེན་གཏམ་ཁུ་བྱུག་སྒྲོགས་པ་ལ། །
    འདྲེ་ངས་འགྲིག་འདུག་སེར་རྐྱང་ཡིན། །

    ཐབས་ཇུས་མིང་ཅན་མི་བུ་འདིས། །
    སྙན་ངག་པ་ཡི་རྒྱལ་བོ་ལ། །
    ཀླད་མེད་རེད་ཅེས་སྡིག་པ་འདིས། །
    རང་གི་མཚོན་མདོག་བསྟན་ལས་ཅི། །

    ཁོང་ལ་ཀླད་པ་མེད་ཀྱང་རུང་། །
    ཁྱོད་ལ་ཀླད་པ་ཡོད་ན་ནི། །
    ཁོང་གིས་བྲིས་པའི་སྙན་རྩོམ་འདྲར། །
    ཐེངས་ཤིག་ཕྲིས་ར་ངར་ནི་ཡིན། །
    ཧཧཧཧཧ་ད་ཕྲིས་ཨ།

  7. རུ་ཤུལ་བུ་ says:
    2013-02-17 at 4:02 am

    ཚིག་སྦྱོར་སྙན་ལ་བྱང་ཆེ་བའི།།
    དེ་སྔོན་རེ་བ་ཅན་གྱི་ཐོག་མདའ།།
    བསྡད་ཀྱི་བསྡད་ཀྱིན་རེ་བའི་འབྲས་བུ།།
    ཁྱི་ནག་སྡེར་འཛིང་ཞིག་ལས་མ་བྱུང་།།

    གཞིས་བྱེས་གཉིས་ཀྱི་གང་གི་ཕྱོགས་ལ།།
    རྣམ་དཔྱོད་བཀྲ་ཞིང་འཆར་སྒོ་མྱུར་བའི།།
    ལྷག་བསམ་སྙིང་སྟོབས་ལ་རྒྱས་ཕྱུགས་པ།།
    སྐྱེ་བུ་དམ་པ་བགྲངས་ཀྱིས་མི་ལོངས།

    ལག་རྗེས་ཨབ་རའི་རིལ་མ་ཙམ་ཡང་།།
    སྟོན་རྒྱུ་མེད་པའི་ཅོལ་ཆུང་ཀླད་མེད།།
    འགའ་རེ་མིག་གི་མཐོང་བའི་རྐྱེན་གྱིས།།
    ཐམས་ཅད་འདམ་དུ་གཡུག་ན་ཨེ་འགྲིག།

  8. ཀླུ་སྨྱོན། says:
    2013-02-17 at 12:05 pm

    སྐྱིད་དུས་སྐྱིད་གླུ་ལེན་པ་དང་། །
    སྡུག་དུས་སྡུག་གླུ་ལེན་པ་འདི། །
    མགོ་ནག་མི་ཡི་གཤིས་ཀ་སྟེ། །
    འདི་ནི་མ་བཅོས་གཉུག་མ་འོ། །

  9. གནམ says:
    2013-02-17 at 4:49 pm

    ད་ལོའི་ལོ་འདི་ནས་བུད་ལས་དགྲ་བོ་རྒྱ་དམར་ཚང་གིས་ལས་ལས་བཅས་བཅས་ལ་ངོ་རྒོལ་དང་ཁོང་ཁྲོ། སྙིང་ནད། ང་རྒྱལ། ཨ་ཤི་རེ་ཁོ་ཡི་སྙིང་སྟོབས་ཀྱིས་བཀྱགས་ནས་རྩོད་དགོས་བ་ལས། སེམས་སྡུག་དང་མྱ་ངན། ཡིད་སྐྱོ་བ་སོགས་ཀྱིས་དུས་མི་འདའ་བར། རྒྱ་བོད་གཉིས་ཀྱི་བར་ན་ངན་ལ་རྩོད་རྒྱུ་ཞིག་མ་གཏོགས་བཟང་ལ་རྩི་རྒྱུ་ཞིག་མེད་པ་ཤེས་དགོས་བ་དང་དེའི་ཕྱོགས་སུ་བློ་སེམས་གཅིག་དུ་བཞག་ནས་འགུལ་དགོས་བ་ནི་གསལ་གསལ་དུ་རིག་པའི་ལས་ཐ་མ་དེ་རེད་དོ།

  10. བོད་ལ་ says:
    2013-02-17 at 8:33 pm

    ཁགཏད་གཅིག་དེ་མ་བརྗེད་པ་བགྱིས་ནས་ཚང་མས་ཤུགས་རྒྱོབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme