Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྡོང་སྐམ་དང་ཆུ་མིག །༼བོད་འབྱོར།༽

Posted on 2013-02-142013-02-14 By ཁ་བརྡ་ 1 Comment on སྡོང་སྐམ་དང་ཆུ་མིག །༼བོད་འབྱོར།༽

གངས་ལྷ།

ང་རང་ཆུང་དུས་ཨ་ཞང་དང་མཉམ་དུ་རྫིའུར་འགྲོ་རྒྱུར་དགའ། མཚམས་རེར་རི་ནས་རྟའི་རྨིག་ལྕགས་ཟད་པོ་རེ་རྙེད་པ་ན་གྲི་བརྡུང་ལོ་ཡོང་བསམ་པའི་དགའ་ཚོར་གྱིས་ཨ་ཞང་ལ་སྟོན་དུས་ཁོང་གིས་དབུགས་རིང་འདོན་བཞིན་འདི་ཟིང་འཁྲུག་སྐབས་རྒྱ་དམག་གི་རེད་ཟེར། ཡང་གདོང་ལ་སྐྱོ་ཉམས་དང་བཅས་ངའི་ཕ་འདས་པོ་གཅིག་གཅིག་དང་། ཕའི་ནུ་བོ་གཅིག་གཅིག་ཅིག་ཟེར་ནས་མ་ཎི་རེ་འདོན་པ་དང་། དེ་མ་ཐག་ཅི་ཞིག་དྲན་པ་ལྟར་ཕྱོགས་ཕྱོགས་སུ་བལྟ་ཞོར་ཁོས་མ་ཎི་བཏོན་པ་གཞན་ལ་སྨྲ་མི་ཉན། གལ་སྲིད་སྨྲས་ན་ཁོས་ཁྱོད་རྫི་བོར་མི་འཁྲིད་སོགས་ཟེར། ང་རང་ཆེས་སྐྲག་པ་ནི་ཨ་ཞང་གིས་ངའི་དྲི་བ་ལ་ལན་མི་འདེབས་པ་དེ་རེད། ངས་ཀྱང་ཨ་ཞང་ལ་ཕྲེང་བ་ཞིག་སྦས་རྒྱུ་ཡོད་པ་དང་། ང་ལ་དྲིས་ལན་མི་དགོས་ཚེ་ཁོང་གི་ཁ་ནས་ཅི་ཞིག་འདོན་གྱི་ཡོད་པ་གཞན་ལ་བཤད་མི་སྲིད། ངས་ཁོང་ལ་རྒྱུན་དུ་སྟག་དང་གཟིག་གཉིས་སུ་ངར། ལ་འདིའི་ཕར་ནང་ན་གནམ་ཨེ་ཡོད། རི་འདི་ཚོ་མེད་ན་ང་ཚོའི་མགོ་ཐོག་ཏུ་གནམ་འདི་ལྷུང་ཨེ་ཡོང་། ཁྱོད་ཀྱི་སྲིང་ཆུང་དང་ཡུལ་ཚོའི་མི་མང་པོ་མུག་གེས་ཤི་སོང་སྐད་པ་དེ་ཚོས་རྩམ་པ་མ་ཟོས་པ་ཅི་ཡིན་སོགས་ཆད་མེད་དུ་འདྲི། ཨ་ཞང་གིས་ངའི་དྲི་བ་ལ་སུན་སྣང་མེད་པར་ལན་རེ་རེ་བཞིན་འདེབས་པ་མ་ཚད། ང་ལ་ས་མིང་དང་རི་རྩིས་སྤྲོད་པ། རྩི་ཤིང་དང་། རི་དྭགས་ཀྱི་མིང་སློབ་པ་སོགས་ཀྱིས་ངས་ཁོང་ལས་མཁས་པའི་མི་ཞིག་གནམ་འོག་ཏུ་མེད་པའི་ཐག་གཅོད་མྱོང་།
དཔེར་ན། ངས་ཁོང་གི་མདུན་ནས་དབྱར་ས་ནས་དགུན་འཚེར། སོས་སླས་དང་སྟོན་མལ་གྱི་རི་ལུང་ཐང་གསུམ་ཚང་མར་མིང་ཡོད་ལ། དེ་ཡང་རྒྱུ་མཚན་རེ་ལ་བརྟེན་ནས་བཏགས་ཚུལ་ཡང་རིམ་གྱིས་ཤེས།
སོས་ཀ་ཞིག་ངེད་ཚང་གི་རུ་བ་འོ་ཁ་རུ་སྤོས་སོང་། དེ་ནི་ཕྱོགས་བཞི་བྲག་རིས་བསྐོར་བ། ཤིང་སྣ་མང་ཞིང་རྩྭ་ཆུ་འཛོམས་པ། རྒྱུས་མངའ་ཡོད་པའི་མི་ཟོག་མ་གཏོགས་གཞན་པས་དེར་འགྲོ་བའི་ལམ་མི་རྙེད་ས་ཞིག་འདུག །འོ་ཁ་ཟེར་དོན་ཡང་སོས་ཀ་གནས་འདིར་རྩི་ཤིང་དང་སྔོ་རྩེ་འབུས་སྔ་བས་ར་ལུག་གི་བདག་པོ་འོ་མ་དང་ཁ་ཐུག་པ་སླ་བས་མིང་དེ་ལྟར་ཐོག་སྐད། འོ་ཁའི་སོས་འཚེར་གྱི་རྒྱབ་རིའི་གཡོན་ཕྱོགས་མདའ་རྒྱང་ཙམ་གྱི་བྲག་ངོས་ནས་ཤུགས་ཀྱིས་བཞུར་བའི་ཆུ་མིག་ཕྱུག་པ་ཞིག་འདུག་པའི་འགྲམ་དུ་འདི་ཕྱོགས་ན་མཐོང་དཀོན་པའི་ཤུག་སྡོང་ཆེན་པོ་རྩེ་མོ་སྐམ་པ་རྩ་བ་ཅུང་རུལ་བ་བཞི་གཤིབ་ཅིག་འགྲེང་འདུག
ཨ་ཞང་གིས་བཤད་ན། འདིར་ངག་རྒྱུན་དུ་ཀླུ་སྤུན་བཞི་གནས་པར་སྔར་སོག་པོ་རྟ་ཁྲབ་ཅན་ཟེར་བའི་དམག་དཔུང་ཡུལ་འདིར་འོངས་ནས་བསྟན་དགོན་བཅོམ་བསྒྱུར་དང་། ས་གནད་དང་། ཆུ་མིག་དག་ངན་དུ་བཅོས་སྐབས་ཤིང་སྡོང་འདི་རྣམས་ལ་ཡང་ཁྲིམས་ཆད་ཕོག་སྟེ་མེ་བརྒྱབས་པ་རེད་ཟེར། ད་སྐབས་ནི་གཅིག་ཐང་དུ་འགྲིལ་ནས་རུལ་བ་དང་། གཞན་གསུམ་སྐམ་པོར་གྱུར་འདུག །ཁྱད་མཚར་བའི་བྲག་ཁུང་གི་ཆུ་དེ་ཡང་ཤུགས་ཉམས་ཏེ་མ་ཆད་ཙམ་ལས་མི་འདུག །སྔར་འདི་ནས་མཚན་མོ་ནོར་ལུག་སླས་ར་ནས་གསའ་གཟིག་ལ་འཆོར་བ་དང་། ཉིན་མོ་ཡང་རྫི་བོ་མཉམ་འགྲོ་མ་བྱས་ན་གཅན་གཟན་གྱིས་ཟ་འགྲོ། རི་དྭགས་གླ་བ་དང་། གནའ་བ། བྱ་གག་སོགས་རི་སྐྱེས་སྲོག་ཆགས་རིགས་གཅན་གཟན་གྱིས་ཟོས་པ་ཉིན་བཞིན་དུ་མཐོང་རྒྱུ་ཡོད། འོན་ཀྱང་མི་ལོ་བཅུ་ཕྲག་ཕྱེད་བཞིའི་རྗེས་ཀྱི་དེ་རིང་ནི་གཅན་གཟན་གྱི་རྗེས་དང་རི་དྭགས་ཀྱི་སྤུ་གཉིས་ཀ་མཐོང་ལམ་དུ་མེད་པར་རྩྭ་གསེང་ན་གཡུ་མདོག་གངས་ཆུའི་འགྱིག་སྦུག་སྟོང་པ་རེ་དང་། ཤིང་རྩེ་ན་འགྱོགས་ཐུག་གི་ཤུབས་སྟོང་རེ་སྤུར་གྱིན་འདུག །ཤིང་སྡོང་སྐམ་པོ་དེ་དང་ཆུ་མིག་ཟད་པོ་འདི་མིན་ན་ངས་ཡུལ་ངོ་ཙམ་ཡང་ཆོད་དཀའ་བར་གདའ་འོ། །

སྣ་ཚོགས།

Post navigation

Previous Post: བོད་རང་དབང་ཆེད་སྐུ་ལུས་མེར་སྲེག་གནང་མཁན་བརྒྱར་ཟིན་པ།
Next Post: སྨན་བླ་སྐྱབས་ཀྱི་ཞབས་བརྟན་ཧི་མ་ལ་ཡའི་སྐར་རྒྱན་ཞེས་བྱ་བ།

Comment (1) on “སྡོང་སྐམ་དང་ཆུ་མིག །༼བོད་འབྱོར།༽”

  1. ཅོག་རོང་གི་མྱི། says:
    2013-02-17 at 12:55 am

    ཁྱེད་ཀྱི་སྒྲུང་གཏམ་འདིར་རྔ་མ་མི་འདུག མཐར་ཐུག་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme