Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་གོམ་བགྲོད།

Posted on 2013-02-122013-02-12 By དགེ་རབ་ 7 Comments on རང་བཙན་གོམ་བགྲོད།
ཀུན་དགའ་ནོར་བུ།


སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་སྲས་འབྲིང་བ་ཀུན་དགའ་ནོར་བུ་དང་རྔ་བ་རབ་བརྟན་རྒྱ་མཚོ་གཉིས་ཀྱིས་ ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནས་ ནིའུ་ཡོག་བར་དུ་ཉིན་བཅུའི་རིང་གི་བོད་རང་བཙན་གོམ་བགྲོད་ཅིག་ ལོ་འདིའི་ཟླ་ ༣ ཚེས་ ༡༠ ཉིན་ཏེ་བོད་གྱེན་ལངས་ཀྱི་ཉིན་་མགོ་འཛུགས་བྱེད་རྒྱུ་ཡིན་འདུག

སྲས་ཀུན་དགའ་ནོར་བུ་ལགས་ཀྱིས་གོམ་བགྲོད་འདིའི་སྐོར་ལ་གསུངས་དོན། “ང་ཚོ་བོད་མི་རྣམས་ནི་རང་བཙན་ཤོར་ནས་ལོ་ ༥༠ ལྷག་ཕྱིན་ཡོད། ང་ཚོས་བོད་རང་བཙན་གྱི་སྐད་འབོད་བྱས་ཡོད། ཡིན་ན་ཡང་གྲུབ་འབྲས་ད་དུང་ཐོན་མེད། ངའི་པ་ལགས་ཀྱིས་རང་བཙན་གོམ་བགྲོད་ཐེངས་མང་པོ་གནང་བ་རེད། ངའི་སྤུན་ཆུང་དམ་པ་འཇིགས་མེད་ལགས་ཀྱིས་ཀྱང་རང་བཙན་གོམ་བགྲོད་མང་པོ་གནང་བ་རེད། དེའི་ལས་འགུལ་གྱི་མཇུག་སྐྱོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཡིན་ན་ཡང་། དེ་ལས་ཀྱང་གལ་ཆེ་ཤོས་དེ་ནི་རང་ལུས་མེར་སྲེག་ཐེངས་བརྒྱ་ལ་ཉེ་བའི་ད་ལྟའི་བོད་ནང་གི་སྡུག་བསྔལ་འདི་ཕྱི་ལོགས་ནས་སྒྲོག་རྒྱུ་དེ་རེད། ངའི་པཱ་ལགས་ཀྱིས་རྟག་པར་གསུངས་གི་ཡོད། བོད་འདི་བོད་མི་རྣམས་ལ་དབང་བ་རེད། ཅེས་གསུངས་གི་ཡོད། འདི་ནི་ངས་གང་ལ་ཡིད་ཆེས་བྱེད་པ་དེ་ཡིན།” ཞེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་གོམ་བགྲོད་པ་ཁྱེད་གཉིས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་ནིའུ་ཡོག་བར་དུ་གོམ་བགྲོད་བྱེད་དགོས་དོན་ཅི་ཡིན་ཞེས་དྲིས་སྐབས་ཁོང་གིས་གསུངས་དོན། “གཅིག་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནི་དམངས་གཙོའི་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་སྟབས་མཚོན་དོན་ཆེན་པོ་ཡོད་རེད། ནིའུ་ཡོག་ཀྱང་དེ་བཞིན་མཚོན་དོན་ཆེན་པོ་ཡོད་རེད། དེ་ནས་བོད་མི་མང་པོ་ནིའུ་ཡོག་དང་ཝ་ཤིང་ཊོན་ས་ཁུལ་དུ་སྡོད་ཀྱི་ཡོད། ང་ཚོས་བོད་མི་རྣམས་ལ་རེ་སྐུལ་ཞུས་ཏེ་གོམ་བགྲོད་ཆ་ཚང་ཞུགས་རོགས་ཞེས་ཞུ་གི་མེད། འོན་ཀྱང་ཉི་མ་གཅིག་གམ་ཡང་ན་ཆུ་ཚོད་འགའ་རེ་ལའང་མཉམ་ཞུགས་བྱས་ནས། བོད་ཀྱི་དཀའ་སྡུག་འདི་དག་འཛམ་གླིང་ལ་སྒྲོག་པར་ཕེབས་ཆེད་གོམ་བགྲོད་ལ་མཉམ་ཞུགས་བྱས་ན་ཧ་ཅང་ཡག་པོ་རེད། ང་ཚོ་བོད་མི་རྣམས་ནི་དཀའ་སྡུག་ཆེ་བའི་སྐབས་སུ་མཉམ་འབྲེལ་དང་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་འདི་གལ་ཆེན་པོ་རེད། ཅེས་གསུངས་བྱུང་།

ཀུན་དགའ་ནོར་བུ་དང་། འཇིགས་མེད་དམ་པའི་བུ་ཆེ་བ་གཉིས་ལྷན་དུ།

བོད་རང་བཙན་གྱི་ལས་འགུལ་སྤེལ་རྒྱུ་ལ་རིགས་མང་པོ་ཡོད་པ་ལས་གོམ་བགྲོད་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་དྲིས་སྐབས་ཁོང་གིས་གསུངས་དོན། “ངའི་པཱ་ལགས་ཀྱིས་ང་ལ་གསུངས་གི་ཡོད། ང་ཚོ་ཨ་རི་ལ་སྡོད་མཁན་བོད་མི་རྣམས་ནི་ཧ་ཅང་སྐྱིད་དྲགས་པ་རེད་གསུངས་གི་ཡོད། ང་ཚོས་ལས་ཀ་བྱས། དངུལ་བསགས། དེ་ནས་སྐྱིད་པོ་བྱས་ནས་སྡོད་ཀྱི་ཡོད། དེས་འགྲིག་གི་མི་འདུག ངས་གཞན་ཅིག་བྱེད་དགོས་པ་རེད། ངའི་པཱ་ལགས་ཀྱིས་ལས་འགུལ་འདི་ཧ་ཅང་ཡུན་རིང་པོར་བྱས་པ་རེད། ད་ངའི་མི་ཐོག་སྒང་ལ་བབས་པ་རེད། ད་ག་རེ་བྱས་ནས་གོམ་པ་བརྒྱབ་གི་ཡོད་ཅེ་ན། གོམ་པ་རྒྱག་རྒྱུ་འདི་དཀའ་ལས་ཁག་པོ་ཡོད་རེད། བྱས་ཙང་ང་གོམ་པ་རྒྱག་གི་ཡོད། ངས་རྐང་འཁོར་དང་སྦག་སྦག་བཏང་ནས་ཨ་རི་ལ་བསྐོར་བ་རྒྱག་ཐུབ་ཀྱི་རེད། དེ་ལས་སླ་བ་རེད། ང་ནི་ལས་སླ་བ་ཞིག་བྱེད་རྒྱུ་ལ་སྐྱེད་སྲིང་བྱས་ཡོད་མ་རེད། དཀའ་ལས་རྒྱག་ཐུབ་གི་ཡོད། ད་དུང་། ངའི་པཱ་ལགས་གོམ་པ་བརྒྱབ་གནང་བ་རེད། འཇིགས་མེད་གོམ་པ་བརྒྱབ་གནང་བ་རེད། ངས་ཁོང་ཚོ་གཉིས་ཀྱི་རྗེས་འབྲང་ནས་གོམ་པ་རྒྱག་གི་ཡོད།” ཅེས་གསུངས་སོང་།

ཀུན་དགའ་ནོར་བུ་ལགས་ཀྱི་སྤུན་ཆུང་བ་འཇིགས་མེད་ནོར་བུ་ལགས་ ༢༠༡༡ ལོའི་ཟླ་ ༢ ཚེས་ ༡༤ ཉིན་ ཧྥི་ལོ་ཪེ་ཌ་མངའ་སྡེའི་ནང་ རང་བཙན་གོམ་བགྲོད་སྐབས་ མོ་ཊ་བརྡབ་རྐྱེན་གྱིས་སྐུ་འདས་པ་དང་། སྐབས་དེའི་གོམ་བགྲོད་སྔོན་དེ་མ་ཐག་ལ་ཁོང་གིས་ཚིག་འདི་འདྲ་ཞིག་གསུངས་འདུག “ངའི་ལག་པ་དང་རྐང་པ་ནི་ངའི་ཕ་ཡི་ཆ་ཤས་ཤིག་རེད། ངའི་ཕ་ཡིས་གོམ་བགྲོད་འདི་འདྲ་ཟླ་རེ་རེའི་ནང་དུ་བྱུང་ན་བསམས་ཀྱི་ཡོད་པ་རེད། འདི་ཁོང་གི་ཐུགས་རེ་རེད། བྱས་ཙང་། ངས་དེ་སྒྲུབ་ཀྱི་ཡོད། བོད་མི་སུ་ཡིན་ང་དང་ལྷན་དུ་མཉམ་ཞུགས་བྱེད་རྒྱུར་དགའ་བསུ་ཡོད།”

ཐེངས་འདིའི་གོམ་བགྲོད་སྐོར་ལ་གནས་ཚུལ་ཞིབ་གསལ་མཁྱེན་འདོད་ཡོད་མཁན་ཚོས་ རང་བཙན་གོམ་བགྲོད་པ་རྔ་བ་རབ་བརྟན་རྒྱ་མཚོ་ལགས་སུ་འབྲེལ་བ་གནང་དགོས་པ་དང་། ཁོང་གི་ཁ་པར་ཨང་གྲངས་ནི་ (202) 412-4104 ཡིན་པ་རེད།

གསར་འགྱུར།

Post navigation

Previous Post: ༼ལྷན་འཛོམས༽ གླུ་གཞས།
Next Post: ༄༅། །༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་གྱི་ཉི་མ།

Comments (7) on “རང་བཙན་གོམ་བགྲོད།”

  1. ཅོ་རི་ཉི་མ། says:
    2013-02-12 at 6:23 pm

    ལྟག་མཚེར་རིན་པོ་ཆེན་མཆོག་གིས་དམིགས་ཡུལ་ལྟར་མི་རབས་ནས་མི་རབས་མཐུད་ནས་བོད་རང་བཙན་འཐབ་རྩོད་ཀྱི་ཐོག་ཏུ་ཞི་བའི་གོམ་བགྲོད་གནང་གི་ཡོད་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དཀའ་ངལ་ཆེ་བའི་དུས་སྐབས་སུ་དཔའ་པོ་ལྷ་སྲས་འཇིགས་མེད་ནོར་མཆོག་གིས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ཕན་ཐོགས་ཆེན་པོ་བྱུང་ཞུ་རྒྱུ་ཡིན། ངས་ཡང་དང་བསྐྱར་དུ་རྒྱལ་གཅེས་པ་ལྷ་སྲས་འཇིགས་མེད་ནོར་བུ་དྲན་བཞིན་ཡོད་ལ་དུས་ནམ་ཡང་དམ་པ་ཁོང་བརྗེད་མི་སྲིད།
    དེ་རིང་ཡང་ཕ་བཀྲོངས་ཚར་བའི་བུ་ཆུང་གཉིས་མཐོང་དུས་ངོ་མ་སེམས་པ་ཧང་ཅང་སྐྱོ་བྱུང་།

    གངས་ཅན་བོད་ཀྱི་ལྷ་སྲས་དམ་པ་རྒྱལ་གཅེས་འཇིགས་མེད་ནོར་བུ་མཆོག
    ཁོང་གི་ཚེ་སྲོག་གངས་ཅན་བོད་ཀྱི་རང་དབང་རང་བཙན་ཆེད་དུ་ཕྱིན།
    ངེད་ཅག་བོད་མི་ཉམ་ཆུང་རྣམས་ལ་སྙིང་སྟོབས་སྤྱིན་པའི་དཔའ་བོ་ཡིན།
    གདོང་དམར་བོད་ཀྱི་མི་རིགས་ལ་རྒྱ་ཡར་ལ་སྟོད་པའི་ཕོ་རྒོད་ཡིན།།

  2. ནག་ཐར་སྐྱིད། says:
    2013-02-12 at 7:19 pm

    སྟག་འཚེར་རིན་པོ་ཆེའི་བུ་རབས་ཚ་རྒྱུད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་རྗེས་སུ་ཡིད་རངས་ཡོད།

  3. ལུང་རྟོགས། says:
    2013-02-12 at 9:52 pm

    ཕ་ཤུལ་བུ་ཡིས་འཛིན་པར་ཡི་རང་ཡོད།

  4. གནམ་ནས། says:
    2013-02-12 at 11:01 pm

    ལ་ལྟག་མ་རེད་ས་སྟག་རེད། ཟམ་གདོང་བླ་མས་ཐུབ་བསྟན་ལུང་རིག་དང་སྣར་དཀྱིལ་ངག་དཔང་དོན་གྲུབ་གཉིས་ལ་བསླབ་ནས་རྗེས་སུ་ངག་དབང་དོན་གྲུབ་གྱིས་དར་སྤེལ་བྱས་པ་རེད། དེར་དགེ་འདུན་རབ་གསལ་གྱིས་ཀྱང་ཤུགས་བརྒྱབ་ནས་དྲ་བའི་ནང་བཀོད་དེ། ད་ལྟ་མདོག་འགྱུར་ནས་ལྟག་ཏུམགྱུར་སོང་། ཐབས་སྐྱོ་བ་ལ།

  5. གནམ says:
    2013-02-12 at 11:18 pm

    འགའ་བ་དང་གུས་བ་དང་བཅས་ངར་གི་ཞུ་ཡ་ཡིན།

  6. ངག་དབང་ says:
    2013-02-14 at 10:33 am

    ༄།ཁྱེད་གཉིས་ནས་བོད་རང་བཙན་གྱི་དོན་དུ་དཀའ་ལས་རྒྱབ་པ་འདི་སེམས་སྟེང་ནས་དགའ་མོས་ཡོད་ ཐུགས་རྗེ་ཆེ་ ༼བོད་རྒྱལ་དར་ཡོད་ ༼ བོད་ལ་་དངུལ་ལོ་ཡོད་ ༼བོད་ལ་ཡིག་ཟམ་ཡོད་ ༼བོད་ལ་དམག་མི་ཡོད་ ༼ བོད་ལ་བདེ་འཇག་ལས་བྱེད་པ་policeཡོད དེ་ཚོ་ཉེ་རྒྱ་དམར་གྱི་བཟོསཔའི་ བོད་ནང་གི་གསང་བ་ཞེས་པའི་གློག་བརྙན་ལས་ཁ་ཤས་གསལ་བས་ བོད་རང་བཙན་ཡིན་པའི་དཔང་རྟགས་རྒྱ་མི་རང་ནས་ཐོན་བཞིན་པས་ བདེ་པ་ནི་ནམ་ཡང་བླུ་བ་མེད་པ་ཞིག་རེད་འདུག་པས་བདེན་པ་ཉིད་རྒྱལ་བར་ཤོག།་

  7. རིག་པའི་བུ says:
    2013-02-18 at 2:55 pm

    ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme