Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤུན་ཆུང་དང་ལྷན་དུ་མོལ་བ། དོལ་སྨྱོན།

Posted on 2013-02-08 By ཁ་བརྡ་ 6 Comments on སྤུན་ཆུང་དང་ལྷན་དུ་མོལ་བ། དོལ་སྨྱོན།

འགྱུར་མེད།
བརྩེ་བའི་མ་ཡུམ་འཇིག་རྟེན་ཕྱི་མར་གཤེགས་ཤིང་།།
ཡབ་རྗེ་དམ་པར་རྒྱང་རིང་ཡུལ་གྱིས་བསྐལ་ནས།།
ས་མཐའི་གླིང་ན་ཁེར་རྐྱང་འཚོ་བར་རོལ་རྗེས།།
དེ་རིང་ཁྱེད་དང་མཇལ་དུས་སེམས་པ་དྲོ་སོང་།།

དོལ་སྨྱོན།
ཡུན་རིང་སེམས་སུ་ཉར་བའི་རེ་ཞགས་དམར་པོ།།
དེ་རིང་མངོན་དུ་གྱུར་བའི་སྐལ་བ་ཤར་སོང་།།
སེམས་ཀྱི་གཅུང་པོ་ཁྱོད་ཉིད་དངོས་སུ་མཐོང་དུས།།
དགའ་བའི་ཚོར་བ་ལུས་སེམས་ཡོངས་ལ་ཁྱབ་སོང་།།

འགྱུར་མེད།
ནང་མི་སྤུན་མཆེད་བོར་ཏེ་ལྷོ་མཐའི་གླིང་ནས།།
ཤེས་བྱ་ཡོན་ཏན་ཟེར་བར་སྦྱོང་ཁུལ་བྱས་ཀྱང་།།
བརྩེ་བའི་རླན་གྱིས་བོར་བའི་སེམས་པ་འདི་ཉིད།།
གཅེན་པོ་ཁྱེད་དང་མཇལ་དུས་ལྷོད་ལ་བབ་སོང་།།

དོལ་སྨྱོན།
སེམས་ཀྱི་སྦུབས་སུ་འཐིམ་པའི་ཁྱོད་ཀྱི་བཞིན་ལ།།
གཞན་ཡིད་འགུགས་པའི་སྣུམ་ཞག་ཅན་དེ་མེད་རུང་།།
སྒལ་ཚིགས་དྲང་པོར་བསྲིངས་པའི་མི་གཞི་དེ་ལ།།
གཅེན་པོ་ང་ཡི་བློ་སེམས་གཏིང་ནས་ཤོར་སོང་།།

འགྱུར་མེད།
ང་ཡི་སེམས་ལ་ཉར་བའི་ཁྱེད་ཀྱི་བཞིན་ལ།།
ནག་ནོག་ར་རི་ཅུང་ཙམ་མཐོང་རྒྱུ་འདུག་ཀྱང་།།
ཁྱེད་ཀྱི་སེམས་ཀྱི་བསམ་བློའི་དཔལ་གྱི་བེ་འུར།།
འཚོ་བའི་བཅུད་ཀྱིས་གང་བར་དགའ་སྤྲོས་བརྟས་ཡོད།།

དོལ་སྨྱོན།
བརྩེ་བའི་ཡབ་ཀྱི་སེམས་ཀྱི་འཛུམ་ཆུང་མངར་མོ།།
ནང་མི་སྤུན་མཆེད་རྣམས་ཀྱི་རེ་ཞགས་ལྕི་མོ།།
ཞི་བསིལ་ཆོས་ལ་བརྩོན་པའི་སེམས་པ་ཡངས་མོ།།
དགོན་གོང་མི་རབས་ནང་ན་ཁྱོད་རང་ཡིན་སོང་།།

འགྱུར་མེད།
སློབ་ཕྲུག་ཡིན་པར་ངེད་གཉིས་ཁྱད་པར་མེད་ལ།།
མི་ཡུལ་འགྲིམས་པར་ཁྱད་པར་དེ་བས་མེད་ཀྱང་།།
ཁྱེད་ལ་ཐོབ་པའི་སྦས་པའི་གནས་མཆོག་དེ་དང་།།
སྦས་པའི་དུང་སེམས་དེ་ལ་སེམས་པ་འཁྲེང་སོང་།།

དོལ་སྨྱོན།
གཟན་ཤམ་རླུང་གིས་བསྐྱོད་པའི་ལྷོ་མཐའ་དེ་རུ།།
ཁྱེད་ཀྱི་ལུས་བོངས་སྐམ་ཤ་ཅན་དུ་གྱུར་ཀྱང་།།
སེམས་ཀྱི་ཟབ་སར་འཐིམ་པའི་དཔལ་ཡོན་དེ་ལ།།
ཁོ་བོ་སེམས་ཀྱི་གཏིང་ནས་ཡིད་སྨོན་ཤོར་ཡོད།།

འགྱུར་མེད།
འགྲོ་ལམ་ཀྱག་ཀྱོག་དག་ནས་མགོ་བོ་འཁོར་བཞིན།།
སྣུམ་ནག་གཞུང་ལམ་མང་པོ་ཕྲེད་ལ་བཤགས་ནས།།
དེ་རིང་ཁྱེད་ལ་ཐུག་པའི་དུས་ཚིགས་འདི་ནི།།
ཡུན་ནས་ཉར་བའི་སེམས་ཀྱི་རེ་དོན་ཡིན་ནོ།།

དོལ་སྨྱོན།
དཀའ་སྡུག་རྔུལ་ཆུའི་ཐིགས་པས་འགྲོ་ལམ་བརླན་ཅིང་།།
བཟློག་མེད་ནམ་ཟླ་སྐྱ་བོ་གདོང་གིས་བསུས་ནས།།
འོད་སྟོང་འབུམ་གྱིས་ཕྱུགས་པའི་བསྟི་གནས་ཡངས་པོར།།
ཁྱོད་ཀྱིས་མིང་བྱང་བཀོད་པར་སྤྲོ་བ་བརྟས་ཡོད།།

འགྱུར་མེད།
ལག་ཁྱེར་ཟེར་བར་མཁོ་བོ་དེ་ཙམ་མི་མགུ།།
ཡིག་རྒྱུགས་གྲུབ་འབྲས་ཨང་ནི་ལ་ཁའི་རླུང་རྟ།།
འོན་ཀྱང་ཁྱེད་ཀྱི་བསམ་བློའི་ཁྱེར་ཕྱོགས་དེ་ནས།།
ང་ལ་དགོས་པའི་ལེགས་ཆ་མང་དུ་མཐོང་སོང་།།

དོལ་སྨྱོན།
དང་པོ་རྡོ་ལས་མཁྲེགས་པའི་མི་གཤིས་རྒྱོང་པོ།།
བར་དུ་འདྲེ་ལས་གྱོང་བའི་སྤྱོད་ཚུལ་གཏུམ་པོ།།
མཐའ་མ་དོན་ཆེན་སྒྲུབ་ལ་ངང་ཚུལ་རིང་པོ།།
ང་ཡི་སྤུན་ཆུང་འགྱུར་མེད་བསྟན་འཛིན་ཡིན་ནོ།།

འགྱུར་མེད།
དང་པོ་ཡབ་དང་ལྷན་དུ་དཀར་དུང་འབུད་མཁན།།
བར་དུ་ཚུལ་འཆལ་དྲི་མས་ཅུང་ཙམ་འགོས་མཁན།།
མཐའ་མར་ལྷ་རྗེའི་འཛིན་རིམ་ཕ་མཐར་ཁྱོལ་བའི།།
བདག་གི་གཅེན་པོ་དོལ་སྨྱོན་ཤེས་རབ་འོད་འབར།།

དོལ་སྨྱོན།
ཕྱི་ཡི་རྣམ་འགྱུར་དག་ལ་རྒྱང་བལྟ་བྱས་ན།།
ཁྱོད་ལ་དྭངས་བ་འདྲེན་རྒྱུ་དེ་ཙམ་མེད་རུང་།།
སེམས་དང་བསམ་པའི་སྦུབས་སུ་ཡུན་གྱིས་འགྲིམས་དུས།།
བཅོས་མིན་བདེ་བ་ཞིག་གིས་ལུས་སེམས་སྦྲིད་སོང་།།

འགྱུར་མེད།
འདས་སོང་དུས་ལ་ལོག་ནས་ཁྱེད་ལ་བལྟས་ན།།
ཁྱེད་ཀྱི་མི་ཚེར་མུན་ནག་སྨག་གིས་དཀྲིགས་ཡོད།།
དཀའ་སྡུག་སྟོང་ལ་བཟོད་པའི་ཧུར་བརྩོན་ལོ་ཟླས།།
ད་ལྟའི་མི་ཚེའི་འགྲོ་ལམ་ཡངས་པོར་ཕྱེ་འདུག།

དོལ་སྨྱོན།
རང་དོན་ཁོ་ནར་སེམས་པའི་བསམ་བློ་དེ་དང་།།
གཞན་དོན་མགོ་བོ་བསྐོར་བའི་སྤྱོད་ཚུལ་དེ་གཉིས།།
ས་འོག་རིམ་པ་དགུ་ཡི་གཏིང་དུ་བསྐུངས་ནས།།
མི་བུའི་རང་གཤིས་ངོམས་ཤིག་བདག་གི་སྤུན་ཆུང་།།

འགྱུར་མེད།
ཉིན་ཞག་གསུམ་ལ་ཁྱེད་དང་ལྷོད་ཀྱིས་བཤིབས་དུས།།
ཁྱེད་ཀྱི་ཕྱི་ནང་གསང་གསུམ་བདག་གིས་རྟོགས་སོང་།།
ཁྱེད་ཀྱི་འགྲོ་བའི་ལམ་གྱི་མ་འོང་མི་ཚེར།།
རོ་བཅུད་ལྡན་པའི་འཚོ་བས་བསུ་བར་རེ་ཡོད།།

08.02.2013

རྩོམ་རིག

Post navigation

Previous Post: ཕ་མ་དྲན་པའི་མིག་ཆུ། དཀོན་མཆོག་དཔལ་བསྐྱེད།
Next Post: རྒྱལ་བ་རིན་པོ་ཆེར་ཕུལ་བའི་ལྷ་ཆབ་ཀྱི་སྙན་ངག་གསར་བ་ཞིག

Comments (6) on “སྤུན་ཆུང་དང་ལྷན་དུ་མོལ་བ། དོལ་སྨྱོན།”

  1. མེ་ཏོག་དཀར་པོ says:
    2013-02-08 at 10:23 am

    མཆེད་གཉིས་ཀྱི་མཆིད་སྙན་སོང་།

  2. དོལ་སྨྱོན། says:
    2013-02-08 at 10:32 am

    མེ་དཀར་བྱོན་པ་ལེགས་སོ།།

  3. མེ་ཏོག་དཀར་པོ says:
    2013-02-08 at 10:42 am

    ༼བར་དུ་ཚུལ་འཆལ་དྲི་མས་ཅུང་ཙམ་འགོས་མཁན༽ འདིས་ཧུཾ་ནག་མེ་འབར་ཁྱོད་སྐུ་ཞོ་ཟུར་པ་ཞིག་ཡིན་པ་ཤེས་སོང་། ཧ་ཧཧ

  4. དོལ་སྨྱོན། says:
    2013-02-08 at 10:50 am

    ཧ་ཧ་ཧ་ཧ སྐུ་ཞབས་ཟུར་པ་ཡིན་ན་ཅིག

    ཕོ་བརྒྱ་སྙིང་རླུང་ལང་བ།།
    མོ་བརྒྱ་ཡིད་དབང་ཤོར་བ།།

    དེ་ང་རེད་དོ།། ཧ་ཧ་ཧ་ཧ

  5. མེ་ཏོག་དཀར་པོ says:
    2013-02-10 at 10:54 pm

    ༼གཟན་ཤམ་རླུང་གིས་བསྐྱོད་པའི་ལྷོ་མཐའ་དེ་རུ༽ ཕལ་ཆེར་རྒྱ་གར་ལྷོ་ཕྱོགས་ཀྱི་དགེ་དགོན་སེ་རའམ་རྙིང་དགོན་རྣམ་གྲོལ་གླིང། བཀའ་དགོན་གང་རུང་དུ་ཡོད་ས་རེད། ད་ཁྱོད་ཀྱི་སྤུན་ཆུང་ཡང་སྨན་པ་འདྲ་ཨེ་འཐོན་ལྟོས། དགོན་པ་དེ་ཚོར་སྡོད་ནས་འཆི་བ་དྲན་པའི་ཆོས་པར་འགྱུར་ན་དགའ་འོས་ཡིན་ཀྱང་། ཕྱི་སྟོང་པ། ནང་སྟོང་པ། ཕྱི་ནང་སྟོང་པ་དེ་འདྲ་འོང་སྲིད་པས་གཟབ་འཚལ།

  6. དོལ་སྨྱོན། says:
    2013-02-11 at 9:39 am

    ང་ཡི་སྤུན་ཆུང་དེ་དུས་རབས་ཉེར་གཅིག་པའི་རབ་བྱུང་ཕྱི་རྫིག་ནང་རྫིག་ཅིག་ཡིན་པའི་སྤོབས་པ་ཆུང་ཆུང་ཞིག་ཡོད་ལགས། ཧ་ཧ་ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme