Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཙོང་གི་སྐོར།

Posted on 2013-02-072013-02-07 By ཁ་བརྡ་ 32 Comments on ཙོང་གི་སྐོར།
                                                                                    N.Suguna  སུ་གུ་ན་ཡིས་བརྩམས།
                                                                                                                                                     རིགས་སློབ།   མཚོ་འགོ་འཇམ་དབྱངས་པས་བསྒྱུར།
ཙོང་ནི་རྒྱ་གར་ནང་དུ་ཁྱིམ་ཚང་ཚང་མས་ངེས་པར་དུ་བེད་སྤྱོད་བྱེད་དགོས་པའི་རྗས་ཆ་ཞིག་རེད། མ་ཟད་དེ་ནི་འཛམ་གླིང་གང་སར་འཛད་མེད་དུ་སྤྱོད་ཀྱིན་ཡོད་པ་དང་།  དེ་ལ་ལོ་ངོ་སྟོང་ཕྲག་རིང་གི་བེད་སྤྱོད་ཀྱི་ལོ་རྒྱུས་ཡོད། ཙོང་དེ་དག་ལ་ཚོན་མདོག་དམར་པོ་དང་། དཀར་པོ། སེར་པོ། དེ་མིན་ཆེ་ཆུང་ཡང་འདྲ་མིན་སྣ་ཚོགས་ཡོད། དེ་དག་སྤྱིར་བཏང་སྒ་སེར་བཏབ་པའི་ཤ་ཡོད་ཟས་རིགས་དང་། ཤ་མེད་ཟས་རིགས་ཀྱི་ཁུ་བའི་རྫས་ཆར་ཆེད་མངགས་བེད་སྤྱོད་བྱེད།  དེ་བཞིན་སྒ་སེར་བཏབ་པའི་རིགས་དང་གཞན། གྲང་ཚལ། སྐྱུར་མོའི་རིགས་དང་སྙལ་ཚལ་བཅས་ཀྱི་ནང་དུ་བེད་སྤྱོད་བྱེད་ཀྱིན་ཡོད། དེ་ནི་འཕྲོད་བསྟེན་ལ་ཕན་ཐོགས་ཆེ། ཙོང་དེ་དག་རྫས་སྦྱོར་གྱི་ནང་དུ་ཚུད་པ་མ་ཟད་དེ་དག་ལ་གཉན་འཇོམས། འབྲས་ནད་ཁྲག་ཕུང་། ཁྲག་ཚིལ།   གཡའ་སོགས་འགོག་ཐུབ་པའི་ཁྱད་ནུས་ལྡན་ཡོད།
ཙོང་དེ་དག་གིས་མཇིང་པའི་འབྲས་ནད་དང། མགོ་བོའི་འབྲས་ནད་ཀྱི་ཉེན་ཁ་ཉུང་དུ་གཏོང་བ། སྤྱིར་བཏང་གི་ཆམ་པའི་རིགས་ཀྱིས་གཙོས་སྙིང་ནད་ཀྱི་རིགས་དང་། གཅིན་ནད། དེ་མིན་ནད་རིགས་གཞན་ལ་སྨན་གྱི་ནུས་པ་ལྟར་བཅོས་ཐུབ་པའི་ཁྱད་ནུས་ལྡན་ཡོད། ཙོང་དེ་དག་གི་ཕྱིའི་ཤུན་པགས་མང་ཆེ་བ་ཆགས་རིམ་བཞིན་ཡུན་རིང་བཤུ་དགོས། གལ་སྲིད་ཁྱེད་ཀྱིས་ཤུན་པགས་བཤུ་ཚད་དེ་གཏིང་རིང་དུ་གཏང་ན།    ཙོང་གི་བྲོ་བ་ཆ་ཚང་བརླག་འགྲོ་གི་ཡོད། 
                          ཙོང་གིས་འཕྲོད་བསྟེན་ལ་ཁེ་ཕན་འབྱུང་སྟངས་གཤམ་གསལ། 
ཙོང་གི་ཉིང་ཁུ་ཐུར་མ་གང་དང་སྒ་སྨུག་གི་ཉིང་ཁུ་ཐུར་མ་གང་སྦྲང་རྩི་ཐུར་མ་གང་བཅས་བསྲེས་ན། སྤྱིར་བཏང་གི་ཆམ་ནད་སེལ་བའི་ནུས་པ་སྦྱིན་པ་དང་།  དེས་ཁྱེད་རང་གི་འགོས་ནད་འགོག་སྲུང་གི་མ་ལག་ཡར་རྒྱས་གཏོང་བར་ཕན་ཐོགས་པ་མ་ཟད་ཆམ་ནད་ལ་འཐབ་རྩོད་ཤུགས་ཆེ་རུ་གཏོང་། ལོ་རྒན་ཁོག་ལ་ཐབས་ལམ་ཞིག་ཡོད་པ་ནི་ཙོང་ཕྱེད་ཀ་ཁང་པའི་ནང་དུ་དཔྱང་དགོས་ལ་དྲི་མ་དེ་བཞིན་ཁང་པའི་ནང་དུ་དལ་ཁྱབ་ཏུ་བཏང་སྟེ་སྐུ་ཉིད་ཀྱི་མགྲིན་པ་དང་སྣ་བུག་ནང་དུ་ཉར་ན་ཆམ་ནད་དྲག་སྐྱེད་གཏོང་གི་ཡོད། དེས་སྣ་བུག་གཙང་མ་བཟོ་བར་ཡང་ཕན་གྲོགས་བྱེད། ཙོང་དེ་མེ་ཤུགས་ཆུང་ཆུང་ཐོག་སྲེག་པ་དང་། ཚ་ཏོག་ཙམ་སྒང་ལ་གཏོར་ཏེ་བཟས་ན། ཟས་འཇུབའི་ནུས་པ་འཕེལ་རྒྱས་འགྲོ་གི་ཡོད། སོ་རྙིལ་གྱི་ན་ཟུག་ལས་ཐར་བའི་ཆེད་དུ་ཙོང་གི་ཉིང་ཁུ་དང་ཚ་ཏོག་ཙམ་མཉམ་བསྲེས་བྱས་ཏེ་མཐའ་འཁོར་ལ་བྱུགས་ན་ཕན་འབྲས་འཐོན།
རྣ་བའི་ན་ཟུག་ལས་ཐར་བའི་ཆེད་དུ་ཙོང་ཚ་པོའི་ཉིང་ཁུ་ཏོག་ཙམ་བཙིར་ཏེ་ཐིགས་པ་བཞི་ཙམ་རྣ་ཅོག་ནང་དུ་བླུགས་ན་ཕན་འབྲས་ཐོན། མཚམས་རེ་མགོ་དང་སྣ་བུག་ནས་ཁྲག་མང་པོ་ཐད་ཀར་ཐོན་ན་སྣ་ཁུང་སོ་སོར་ཙོང་གི་ཉིང་ཁུ་ཐིགས་པ་བཞི་ཙམ་བླུག་དགོས། དེའི་དེ་མ་ཐག་ཏུ་སྡུག་བསྔལ་སེལ་གྱིན་ཡོད། ཙོང་གི་ལྡི་ཁུ་རྨའི་ཟུར་གྱི་གཡས་གཡོན་ལ་ཡང་བྱུག་ཆོག 
ཤིང་ཏོག་དང་སྔོ་ཚལ་སྣ་མང་ལྡན་པའི་ཟས་རིགས་དང་ལྷན་གཅིག་སྤྱོད་ཚེ། དེས་སྙིང་དང་ཁྲག་གི་རྩ་སྦུགས་ལ་དགོས་ངེས་ཀྱི་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད་སྐྱུར་མོའི་འཚོ་བཅུད་དང་ལྡན་པའི་སྔོ་ཚལ་གཞན་དང་མཉམ་དུ་བཞེས་ན་སྙིང་ཁྲག་འགག་པའི་ནད་གཞིའི་སྔོནའགོག་ཡང་བྱེད་ཐུབ། 
ཙོང་རྗེན་པས་སྦྲང་བུས་ཁ་བཙུགས་པ་ལས་བྱུང་བའི་སྐྲངས་འབུར་ཡང་ཞི་བར་བེད་སྤྱོད་ཆེན་པོ་ཡོད་པར་བརྗོད།
ཙོང་གི་ནང་དུ་ཡོད་པའི་མུ་ཟིས་ང་ཚོའི་ཕུང་གྲུབ་འབྲེལ་མཐུད་བྱེད་ལ་ཐད་ཀར་མཐུན་རྐྱེན་སྦྱོར་བར་ཕན་གྲོགས་བྱེད་པ་མ་ཟད་རུས་པའི་བདེ་ཐང་ཡང་འཕེལ་རྒྱས་གཏོང་གི་ཡོད། ཙོང་དེ་བེད་སྤྱོད་ཡང་ཡང་བྱས་ཚེ་རུས་པའི་མཐུག་ཚད་གོང་འཕེལ་དང་སྐྱོན་ཆག་ཤོར་བའི་ཉེན་ཁ་སོགས་ཉུང་དུ་གཏོང་གི་ཡོད་ལ་རུས་པའི་མཐུག་ཚད་མྱོང་བ་བརླགས་པའི་བུད་མེད་ལ་དམིགས་གསལ་ཕན་ཐོགས་ཆེན་པོ་ཡོད།
ཙོང་གི་ཟས་སྤྱོད་དེ་རན་པོ་ཞིག་སྤྱད་ཚེ་འབྲས་ནད་ཀྱི་ཉེན་ཁ་ཉུང་དུ་གཏོང་བའི་གསལ་སྟོན་བྱས་ཡོད་ལ་ཉིང་ལྟར་ཙོང་གི་
ཟས་སྤྱོད་བྱེད་པ་འདིས་སྐྲན་ནད་རིགས་ལ་ཤུགས་རྐྱེན་ཆེན་པོ་བཟོ་གིན་ཡོད།
ཙོང་གི་ནང་དུ་མུ་ཟིའི་འབྱུང་ཁུངས་དེ་མཐོ་བོ་དང་ཕུན་སུམ་ཚོགས་པོ་གནས་ཐུབ་ན་ནད་པའི་ཁྲག་གི་ཞག་ཚི་ཆ་སྙོམས་པོ་བཟོ་བ་མ་ཟད་མཁྲིས་ཞག་དང་ཁྲག་ཤེད་ཀྱི་དཀའ་ངལ་ལ་སྟངས་འཛིན་བྱེད་པར་ཕན་ཐོགས་བྱེད་ཐུབ།
ཙོང་གི་ནང་དུ་མུ་ཟིའི་འབྱུང་ཁུངས་ཕུན་སུམ་ཚོགས་པོ་ལྡན་པ་དེའི་ཁྲག་དགོག་པའི་རྐྱེན་བྱེད་པ་
དང་ཁྲག་རྡོག་ཟློག་ཐབས་བྱེད་པར་ཕན་འདོགས་བྱེད་ལ་ཙོང་གི་ཉིང་ཁུ་དེ་གཟའ་ནད་བཅོས་བྱེད་ལ་མཆོག་ཏུ་གྱུར་པ་ཞིག་རེད། ཙོང་གིས་གྲོད་ཁོག་བདེ་པོ་མེད་པ་དང་གཞན་ཕོ་བ་དང་རྒྱུ་མའི་སྐྲངས་ནད་མི་བདེ་བའི་རིགས་སེལ་བར་ཕན་གྲོགས་བྱེད་ཐུབ་པ་མ་ཟད་ཟས་ཀྱི་དང་གའི་ནུས་ཤུགས་ཆེ་རུ་གཏོང་གི་ཡོད།
རྒྱུན་གཏན་ཙོང་གི་ཉིང་ཁུས་འཛེར་པ་འཇོམས་པར་ཕན་འདོགས་བྱེད་ཐུབ་ལ་གློ་བ་དང་གློ་ཡུའི་མ་ལག་ནང་གི་ཁྲག་རླུང་བརྗེ་ལེན་བྱེད་པར་ཕན་ནུས་ཆེན་པོ་ཡོད། ཙོང་གི་ཤུན་པགས་གད་སྣོད་ནང་དུ་མི་གཡུགས་པར་བཙིར་ཏེ་སྐྲ་འཁྲུད་བྱེད་དུ་བེད་སྤྱོད་བྱས་ན་ཁྱེད་ཀྱི་སྐྲ་ལེགས་པོ་དང་མཐུག་པོ་སྐོགས་ཤུ་མེད་པར་གནས་ཐུབ་པ་དང་། དེའི་ཁྱེད་ཀྱི་སྐྲ་སེར་མདངས་ཅན་དུ་འགྱུར་གྱི་རེད། ཙོང་གི་ཤུན་པགས་ལས་བྱུང་བའི་ཇས་ཁྱེད་ཀྱི་སྙིང་གི་འཕར་ཚད་སྔོན་འགོག་མ་ལག་གོང་འཕེལ་གཏོང་བ་དང་ཤ་གནད་རྩ་འཆུས་ཉུང་དུ་གཏོང་བའི་བྱེད་ལས་བྱེད།།
དེ་གར་ཙོང་གི་ཤུན་པགས་སྒང་ལ་ཆུ་ཁོལ་བླུགས་ཏེ་བཙིར་བ་དང་ཁྱེད་ཀྱི་གཟུགས་པོ་ལ་གནོད་པའི་བུལ་རྫས་དང་ཚྭ་རླངས་རང་བཞིན་གྱིས་ཉུང་དུ་གཏོང་བ་དང་གཙང་མ་བཟོ་ཐབས་ལ་བེད་སྤྱོད་བྱེད་ཆོག་གི་ཡོད་ལ་དེས་སྙིང་གི་ནད་གཞིའི་རིགས་གསོ་ཐབས་ལ་ཡང་ཕན་ཐོགས་ཆེན་པོ་ཡོད།
ཁྱེད་ཀྱིས་ཁུ་བ་བཟོ་བའི་སྐབས་སུ་བཙོང་གི་ཤུན་པགས་བེད་སྤྱོད་བྱས་ན་དེའི་དམིགས་གསལ་གྱི་ཁུ་བ་ཅིག་པའི་ཁ་མདོག་མི་སྟེར་ཡང་ཁྱེད་ཀྱི་ཁུ་བ་འཕེལ་བར་ཁེ་ཕན་ཆེན་པོ་ཡོད།  ཁྱེད་ཀྱིས་སྒོ་ང་དང་ཙོང་གི་ཤུན་པགས་གཉིས་མཉམ་དུ་བཙོས་ན་རང་བཞིན་གྱིས་སྒོ་ངའི་ཚོན་མདངས་མཛེས་པོ་ཆགས། ཙོང་གི་ཟས་སྤྱོད་ལས་བདེ་ཐང་ལ་ཁེ་ཕན་ཆེན་པོ་འབྱུང་གི་ཡོད་ཀྱང་མི་འགའ་ཤས་ཀྱིས་དེ་དག་ལས་གཡོལ་ཐབས་བྱེད་ཀྱིན་ཡོད། ཆོས་ལུགས་འགའ་ཤས་ཀྱི་མི་རྣམས་ཙོང་བཟའ་རྒྱུར་དེ་འདྲའི་འཛེམས་ཟོན་བྱེད་དགོས་པའི་རྒྱུ་མཚན་དེ་ཡང་ཁོང་ཚོས་(“Tamasik” tatwa) དཀོན་མཆོག་གི་ཕྱག་མཆོད་ལ་བར་ཆད་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། སྤྱི་ཚོགས་ཀྱི་ལྟ་ཚུལ་ལ། ཙོང་གིས་གཟུགས་པོ་ལ་དྲི་མ་ངན་པ་སྒོ་བར་བྱེད་པ་མ་ཟད་ཟས་སྤྱོད་ཀྱི་བྲོ་བ་ངར་བ། ཁ་ལག་གི་དྲི་མ་ངར་པོ། གཞན་ལ་འབྲེལ་གཏུགས་བྱེད་དཀའ་བ། གཞན་ལ་གུས་ཞབས་མེད་པ་བཅས་ཙོང་གིས་བཟོ་ཐུབ་ཀྱི་ཡོད་པར་བརྗོད།
• ནན་བརྗོད། (Tamasik Tataw) ཞེས་པ་འདི་ཧིན་དུའི་ཆོས་ལུགས་ནང་གི་བྱེ་བྲག་ཞིག་ཡིན་པ་རེ་འགས་འགྲེལ་བརྗོད་བྱེད་ཀྱིན་འདུག་ཀྱང་གུས་པར་ད་དུང་ཚིག་འདི་ཧིན་དུའི་ཆོས་ལུགས་ནང་གི་ཡ་གྱལ་ཞིག་ཡིན་པ་ཁ་གསལ་ཆགས་མ་སོང་བས་གལ་སྲིད་ཀློག་པ་པོ་རྣམས་ཀྱི་ཤེེས་ཚེ་བཀའ་སློབ་གང་མང་ཡོད་པ་ཞུ་རྒྱུ་བཅས།
རྩོམ་རིག

Post navigation

Previous Post: བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་༡༠༠་འཁོར་བའི་དུས་དྲན་སྲུང་བརྩི་བྱ་འཆར།
Next Post: རྨི་ལམ་ནང་གི་ཁ་བ།

Comments (32) on “ཙོང་གི་སྐོར།”

  1. བན་དེ་བ། says:
    2013-02-07 at 1:47 pm

    དཔེ་ཡག་པོ་གསུང་འདུག་ཡིན་ནའང་དེ་ལྟར་ཕན་པའི་སྒྲུབ་བྱེད་བོད་སྨན་དང་ཕྱི་ལུགས་སྨན་པ་དང་སྨན་གཞུང་ནས་བཤད་པ་ཡིན་ནམ་ཡང་ན་ཚན་རིག་པ་བཤད་པ་རེད་ཡང་ན་རྒན་རབས་ཀྱི་ཁ་རྒྱུན་ལས་བྱུང་བ་རེད། ཁུང་ཐུབ་ཀྱི་འགྲེལ་བཤད་ཡོད་ན་ཡག་པོ་འདུག
    ཙོང་ཟས་པ་ཡིན་ན་སྐྱེ་བ་རྗེས་མར་སེ་དྲི་ཅན་དུ་སྐྱེ་བ་དང། སྒོག་ཙོང་ཟ་མཁན་ལྷ་ཁང་ལ་མེ་ཤོར་བ་ཡིན་ནའང་མེ་གསོད་པར་ཡོང་མི་ཆོག་ཟེར། དེ་བཞིན་བོན་གཞུང་ཀླུ་འབུམ་སོགས་ནས་སྒོག་ཙོང་གི་རྩ་བར་ཀླུ་ཡི་གྲོང་ཁྱེར་འབུམ་ཕྲག་མང་པོར་གནས་པས་དེ་དག་བཀོག་ནས་ཟོས་པ་ཡིན་ན་དེ་དག་ལ་གནོད་འཚེ་འབྱུང་རབས་དང། སྒོག་ཙོང་ཟས་ན་གཙང་རིགས་ཀྱི་ལྷ་མི་འཁོར་བ་སོགས་མང་དུ་འདུག་པས་དེ་ཙམ་ཡིན།

  2. ཅོ་རི་ཉི་མ། says:
    2013-02-07 at 3:30 pm

    ཨོ་་་ཧཧཧཧཧཧཧ་་་་་བན་དེ་བ་་་་ཚེ་འདི་ལ་ཙོང་ན་དྲི་ངན་སྐྱེ་མ་ཕྱི་ལ་ཁ་བསྡད་ཀྱི་ཡོད་ན་་་་ཧཧཧཧ་་་་ངོ་མ་དགོད་མོ་ཤོར་ནས་ཤི་སོང་།

  3. ཀླུ་སྨྱོན། says:
    2013-02-07 at 5:19 pm

    ཙོང་མ་ཟོས་ན་མིའི་སྐྱེ་བ་བླངས་པ་དོན་མེད་ཡིན།

  4. གནམ says:
    2013-02-07 at 5:48 pm

    ཙོང་གཟན་དང་ཙོང་གཟན་གྱི་རྒྱུད་ལ་བསེ་རི་འབྱུང་བ་ནི་ཀ་དང་ང་རེད། ཙོང་ཟོས་ན་ཕན་པ་ཡོད་པ་ཡང་བདེན་པ་རེད། ཙོང་མ་ཟོས་ན་ཙོང་རི་མི་ཁ་བ་འདི་ཤེས་བྱ་གསར་བ་རེད། ཐུགས་ཚགས་ལ་མ་སྒུར་བར་སྐུ་ལས་གནང་པར་ཁ་བྲོ།

  5. སྤྱང་ཤོག་ says:
    2013-02-07 at 8:02 pm

    བོད་ལུགས་ཀྱི་རིན་ཆེན་རི་བུ་ལས་ཕན་ནུ་ཆེ་བར་བཤད་འདུག།

  6. བན་དེ་བ། says:
    2013-02-07 at 9:19 pm

    ཨོ་ཧུ་ཅོ་རི་ཉི་མ་ལགས། དེ་འདྲ་སེམས་ཆུང་མ་གནང། ངས་ཁྱེད་རང་ལ་རྣམ་དཔྱོད་ཡོད་པར་ཆ་བཞག་གི་ཡོད་ད། དཔྱིད་དུས་སོ་ནམས་འབད་པ་ལས་སྟོན་དུས་འབྲུ་དྲུག་འབྲས་བུ་སྨིན་གྱི་རེད་དམ་མ་རེད། ཡང་ན་དཔྱིད་ཀ་རང་སྨིན་པ་རེད་དམ་དམ། ལས་འབྲས་ཁས་ལེན་མཁན་དང་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་ན་དོག་པ་སྐྱེ་དོན་མེད། ཧཧཧ་ཙོང་དང་ཀླུ་གཉིས་ལ་འབྲེལ་བ་ཡོད་ཁོ་ཐག་རེད་འདུག ཨ་ཁུ་ཀླུ་ཡིས་ཀྱང་མཆན་བུ་དང་པོའི་གྲལ་ལ་བཀོད་པར་ཕེབས་འདུག་ག་ཧཧཧཧཧཧ

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-07 at 10:13 pm

    མཚོ་འགོ་འཇམ་དབྱངས་ཀྱིས་ལེགས་པར་བསྒྱུར་པ་བཀླགས་པས་དགའ་བ་བྱུང་།
    ་
    ཤ་ཆང་སྒོག་ཙོང་སྤང་བར་བྱ། ཞེས་གསུངས་པ་ནི། ལུས་ལ་ཕན་པའི་ཁེ་ལ་མ་གཟིགས་པར་དྲི་མ་ངན་པ་མི་བཟོད་པ་ལྟ་བུ་ཡོད་པས། དེའི་ཆ་ནས་བཀའ་བསྟན་དུ་གཞུང་དཔེ་དག་ཏུ་སྒོག་ཙོང་གི་ཉེས་དམིགས་བསྟན། རང་རེས་ཉམས་མྱོང་གི་སྒོ་ནས་བལྟ་ན་ཡང་། སྒོག་པ་བཟོས་པའི་མིའི་ཁ་ནས་དྲི་ངན་བྲོ་བ་མངོན་སུམ་གྱིས་གྲུབ། བདག་གིས་༡༩༥༥ལོར་བོད་དུ་རྒྱ་མི་སྒོག་པ་ཟོས་པའི་ཁ་ནས་དྲི་ངན་ཚོར་བ་དངོས་སུ་མྱངས་མྱོང་། རྒྱ་གར་སློབ་དཔོན་ཞིག་གིས་ཀུ་ཤུ་ཟ་ན། སྨན་པ་རྒྱང་རིང་དུ་འཇོག་ཐུབ་བཤད་པ་ན། སློབ་མ་ཞིག་གིས། ངས་་དེ་ལས་ཀྱང་ལྷག་པ་ཞིག་ཤེས་ཟེར། དེ་ནི། ཙོང་རྡོག་ཅིག་ཟ་ན། ངས་མི་ཐམས་ཅད་རྒྱང་རིང་དུ་འཇོག་ཐུབ་ཅེས་བཤད་པ་གད་མོ་སློང་བའི་ཚུལ་དུ་བཤད་སྲོལ་ཡོད་པ་ཐོས།
    ་
    ཨེ་ཇིབ་ཀྱི་རྡོ་བརྩེགས་ཁང་པ་ཡར་གནམ་དུ་ལངས་པ་དེ་ཀུན་ལོ་ངོ་སུམ་སྟོང་སྔོན་དུ་བརྩིགས་སྐབས་སུ། ལས་བྱེད་པ་རྣམས་ལ་ཙོང་རྗེན་པ་ཟ་བར་བཏང་བའི་ལོ་རྒྱུས་དེ་ཙོང་ཟ་བའི་ཕན་ཡོན་དུ་བྲིས་པ་མཐོང་། རྒྱ་གར་དུ་ཚ་བའི་དུས་ལ་ར་རྫི་དང་ལུགས་རྫིས་ཙོང་རྡོག་ཁུར་ནས་ཚ་རླུང་གི་ཤུགས་མི་ཕོག་པར་ཐབས་ཤེས་བྱེད་པར་བཤད།
    ་
    དེས་ན། ཙོང་དང་སྒོག་པ་ལུས་ལ་ཕན་ཐོགས་ཆེ་བ་རང་རེས་མེད་དུ་མི་རུང་བར་སྤྱོད་དགོས་པ་ཡིན། རྒྱ་གར་གྱི་ཟ་ཁང་འགའ་རེར་ཙོང་རྗེན་པ་ཟ་བར་གཏོང་སྲོལ་མཐོང་། ཙོང་ལ་དྲི་ང་བ་ཆེར་མེད་ཀྱང་། སྒོག་པ་ལ་ནི་དྲི་ང་བ་ཆེན་པོ་མཆིས། གཞན་ལ་དྲི་ངན་མི་སྟེར་བའི་ཆེད་དུ་དགོངས་མོའི་དུས་ལ་སྤྱོད་དགོས་པར་མཐོང་།
    ་
    ངས་ཟས་སུ་སྒོག་པ་བཀོལ་པའི་ཟས་དེ་ཨ་རི་པ་གྲོགས་སློབ་མ་ཞིག་གིས་ཟོས་ཏེ། ནང་ལ་ལོག་དུས་ཁོའི་ཆུང་མས་དྲི་ང་བའི་ཚོར་སྣང་གིས་སྐྱོན་བརྗོད་བྱེད་པར་བཤད། དེ་ལྟར་སྒོག་ཙོང་གི་དྲི་ངན་ལས་སྐྱོབ་ཐབས་བྱས་ཏེ། སྒོག་ཙོག་སྤྱོད་དགོས་པར་མཐོང་ངོ་།།

  8. མེ་ཏོག་དཀར་པོ says:
    2013-02-07 at 10:56 pm

    ཙོང་བརྔོས་མ་དང་བཙོས་མའི་བྲོ་བ་འདིའོ་མ་ཤེས་མོད། ཙོང་ལྗེན་ཕྱེད་ཀ་ཅན་ཚ་དང་བསྲེས་ཏེ་ཟ་བས་འབྲས་དང་ལྡ་ལིའི་བྲོ་བ་ལྡབ་འགྱུར་གྱི་འཕར་འགྲོ

  9. གཡུ་འབྲུག་དཀར་པོ། says:
    2013-02-08 at 1:25 am

    ༼ཙོང་རྗེན་པས་སྦྲང་བུས་ཁ་བཙུགས་པ་ལས་བྱུང་བའི་སྐྲངས་འབུར་ཡང་ཞི་བར་བེད་སྤྱོད་ཆེན་པོ་ཡོད་པར་བརྗོད།༽འདི་ཕལ་ཆེར་དུག་སྦྲང་གིས་རྨུགས་པའམ་མདུང་རྒྱབ་པ་ལ་ཟེར་བ་ཡིན་པ་འདྲ། ངའི་ལུང་པར་ཡང་དུག་སྦྲང་གིས་མདུང་རྒྱབ་དུས་མདུང་དེ་བཏོན་མ་ཐག་སྒོག་བཙོང་ལེབ་མོར་བཅད་དེ་མདུང་རྒྱབ་ཤུལ་དེར་སྦྱར་བ་དང་བྱུགས་པ་སོགས་བྱེད་སྲོལ་འདུག།
    ༼ཙོང་གི་ཉིང་ཁུ་དེ་གཟའ་ནད་བཅོས་བྱེད་ལ་མཆོག་ཏུ་གྱུར་པ་ཞིག་རེད།༽གཟའ་ནད་ཅེས་པ་ཕལ་ཆེར་ངའི་ལུང་པར་དྲང་སྲོང་ཟེར་བ་དེ་ཡིན་ནམ་སྙམ། དྲང་སྲོང་ནད་ཅེས་པ་འདི་ནི་གཟུགས་ཀྱི་ཚིགས་རུས་རྣམས་ལ་གཟེར་ཟུག་རྒྱབ་པའམ་རྐང་ལག་བསྐུམ་འགྲོ་བ། དེ་བཞིན་གཟུགས་པོ་འདར་གསིག་བྱེད་པ་སོགས་ལ་བརྗོད་ཀྱི་ཡོད། གལ་དེ་ཡིན་ན་ངའི་ལུང་པའི་མི་རིགས་ཀྱིས་ནི་དྲང་སྲོང་གི་ནད་གཞི་ཡོད་མཁན་གྱིས་སྒོག་ཙོང་ཟ་བ་ལ་ཤིན་ཏུ་དོགས་ཟོན་བྱེད་དགོས་པར་བརྩི་སྟེ་སྒོག་ཙོང་གིས་དྲང་སྲོང་གི་ནད་གོང་འཕེལ་གཏོང་བར་འདོད།
    ད་དུང་སྒོག་ཙོང་ནི་གྲིབ་ཟས་ཤིག་ཏུ་འང་བརྩི། ང་རང་ལ་ཆ་མཚོན་ན་ཡང་ཚོད་མ་དང་ཨེ་རྫས་སོགས་ལ་སྒོག་ཙོང་ཞིག་མེད་པར་གཏན་ནས་མི་ཟ། འོན་ཀྱང་སྒོག་ཙོང་རྗེན་པར་ཟ་ན་དེ་མ་ཐག་ཏུ་གཉིད་ཁུག་ཡོང་གི་འདུག། རྒྱ་གར་ནང་གི་གྲྭ་ས་རྣམས་སུ་རྡོབ་རྡོབ་ཚོས་ཨེན་ཆུང་ཚོ་ལ་རྐུ་མ་རྒྱབ་ནས་གཡབ་དུས་ཀྱང་ཨེན་ཆུང་གཉིད་མི་ཚོར་བའི་ཐབས་ཤེས་སུ་ཁོང་གི་སྣ་ཁུང་ལ་སྒོག་ཙོང་གི་ཁུ་བ་བླུགས་སྲོལ་ཡོད་པར་ཐོས།
    ༼ཁྱེད་ཀྱིས་ཁུ་བ་བཟོ་བའི་སྐབས་སུ་བཙོང་གི་ཤུན་པགས་བེད་སྤྱོད་བྱས་ན་དེའི་དམིགས་གསལ་གྱི་ཁུ་བ་ཅིག་པའི་ཁ་མདོག་མི་སྟེར་ཡང་ཁྱེད་ཀྱི་ཁུ་བ་འཕེལ་བར་ཁེ་ཕན་ཆེན་པོ་ཡོད། ༽ཁུ་བ་འཕེལ་བར་ཁེ་ཕན་ཡོད་ཟེར་བ་ནི་རྒྱོ་རྒྱག་རྒྱུའི་ནུས་པ་འཕེལ་བ་ལ་ཟེར་བ་ཡིན་པ་འདྲ་སྟེ་སྔོན་གྱི་རྒན་རབས་ཀྱི་ངག་རྒྱུན་དུ་ཡང་སྒོག་ཙོང་ཟོས་ན་རྒྱོ་རྒྱག་རྒྱུའི་ནུས་པ་འཕེལ་ཞེས་བཤད་སྲོལ་འདུག།
    རྒན་ལ་དྭགས་པས་གསུངས་པའི་ནང་པའི་གཞུང་ལུགས་རྣམས་སུ་སྒོག་ཙོང་ཟ་མི་རུང་བར་བཤད་ཟེར་བ་དེ་ཡང་བྱ་རྒྱུད་ཀྱི་གཞུང་ལུགས་རྣམས་མིན་ནམ་སྙམ། ངའི་ལུང་པར་སྒྲོལ་མ་གཡུལ་བཟློག་སོགས་བྱ་རྒྱུད་ཀྱི་ཆོ་ག་འདོན་དུས་ཆོ་ག་བ་རྣམས་ལ་སྒོག་ཙོང་དྲངས་མི་རུང་ཞེས་དེ་ཉིན་ཚོད་མ་ལ་ཤ་ཉ་སྒོག་ཙོང་སོགས་རྩ་བ་ཉིད་ནས་དྲང་སྲོལ་མེད། དེ་བཞིན་ཀླུ་ཆོག་སོགས་བྱེད་དུས་ཀྱང་སྒོག་ཙོང་ལ་འཛེམས་སྲོལ་ཡོད། འཛེམས་དགོས་པའི་རྒྱུ་རྐྱེན་ནི་གང་ཡིན་མི་ཤེས། བན་དེས་བཤད་པ་ལྟར་ན་ཀླུ་རྣམས་ཀྱིས་སྒོག་ཙོང་ཟ་མཁན་ཚོར་ཁོང་གི་ཁང་པ་གཏོར་བཤིག་བཏང་མཁན་དུ་བརྩི་གི་ཡོད་པ་འདྲ།

  10. གནམ says:
    2013-02-08 at 3:18 am

    གཡུ་འབྲུག་དཀར་པོ། ཧ་ཧ་ཧ་ཧ། དེང་སང་མྱིག་མ་ཞར་ན་རིག་རྒྱུ་མང་གི་ཡ། གཡུ་ཡིན་པ། དཀར་པོ་ཡང་ཡིན་པ། ཆི་འདྲ་འདྲའི་འབྲུག་དགོད་སྤྱད། ཧ་ཧ་ཧ་ཧ།

  11. ལུང་རྟོགས། says:
    2013-02-08 at 4:34 am

    གནམ་འདི་ངོ་མ་གནའ་མི་ཞིག་ཡིན་ས་རེད། གནའ་ཡིག་རྐྱང་རྐྱང་འབྲི་ཡི་འདུག ཧཧཧ

  12. dechensemkyi says:
    2013-02-08 at 4:45 am

    ཆོས་ལུགས་ཀྱི་ནང་ན་ཙོང་ཟོས་ན་སྡིག་པ་ཡོད་ཟེར་བའི་རྒྱུ་མཚན་གསལ་པོ་བཤད་ཚར་འདུག་ག དེ་ནི་སྒོག་ཙོང་ཟོས་ན་ཁུ་བ་འཕེལ་ནས་རྒྱོ་མང་པོ་རྒྱག་དགོས་གི་ཡོད་ས་རེད། ཆོས་ལུགས་པའི་རབ་བྱུང་བ་ཚོའི་མཇེ་ལངས་ཡོང་གི་ཡོད་ས་རེད། དེ་ལ་བརྟེན་ནས་ཆོས་ལུགས་ལ་ལ་ནས་སྒོག་ཙོང་ཟ་མི་རུང་བ་བཤད་པ་ཡིན་ངེས་རེད། རྒྱུ་མཚན་དམར་རྗེན་དུ་བཤད་མ་འདོད་ནས་མ་ཟ་མ་ཟ་ཟེར་བ་ཡིན་ས་རེད།

  13. གཡུ་འབྲུག་དཀར་པོ། says:
    2013-02-08 at 5:07 am

    གནམ་ཞེས་པ་དེ་དངོས་ནས་གནའ་མི་ཞིག་རང་རེད་འདུག། ཇི་འདྲའི་གུ་དོག་པ་ལ་ཨང་། གལ་ཏེ་གཏན་ནས་མི་སྲིད་པ་ཞིག་མིང་དུ་འདོགས་མི་ཆོག་ན་ཁྱེད་རང་གི་མིང་ལ་ཡང་བརྗེ་པོ་རྒྱབ་དགོས་པར་ཐལ་ཏེ་གནམ་གྱིས་ཁ་བརྡའི་ནང་དུ་ཁ་བརྡ་བྱེད་མི་སྲིད་པས་སོ། །ཧ་ཧ་ཧ་ཧ་

  14. གོང་དཀར་ངག་རྣམ། says:
    2013-02-08 at 5:16 am

    ད་ནས་བཟུང་ངས་ཙོང་ཟ་རྒྱུར་སྣང་མེད་བྱེད་ཀྱི་མིན།

  15. མཚོ་འགོ་འཇམ་དབྱངས། says:
    2013-02-08 at 5:56 am

    ཀློག་པོ་བན་དེ་བ་ལགས། སྐུ་ཉིད་ཕྱོགས་ན་གུས་པར་དོགས་དྲི་གསུམ་གནང་བར་ཐོག་མར་བཅོས་མིན་གྱི་ཐུགས་རྗེ་ཞུ་བ་དང་ཆབ་ཅིག་གོང་གི་དྲི་བ་གསུམ་ནས་གཅིག་ལ་ལན་འདེབས་བྱས་ན་ཕལ་ཆེར་གཞན་གཉིས་ཀྱི་དོག་པ་རང་བཞིན་གྱིས་གསལ་བའི་རེ་བ་ཡོད། བཙོང་གི་སྐོར་ཞེས་པའི་བརྩོམ་ཡིག་འབྲི་མཁན་དེ་ནི་རྒྱ་གར་གྱི་སྨན་པ་ཞིག་ཡིན་འདུག་ལ་གུས་པ་བོད་སྨན་དང་ཕྱི་ལུགས་སྨན་དེ་བས་ཚན་རིག་སྐོར་གྱི་འགྲོ་སྟངས་ཐོག་ལ་དམིགས་གསལ་གྱི་རྒྱུས་མངའ་དེ་ཙམ་མེད་པས་དེའི་འགྲོ་སྟངས་ལྟར་བཤད་པ་རེད་ཞེས་ངོ་མ་བཤད་དཀའ་ཡང་གུས་པའི་བསམ་ཚོད་ལྟར་བྱས་ན་སྨན་པ་ཁོང་གིས་རང་གི་ལུང་པའི་གོམས་གསོལ་དང་ཕྱི་ལུགས་སྨན་གྱི་འགྲོ་སྟངས་ལྟར་བཤད་ཡོད་ཀྱི་རེད། གང་ཡིན་ཞེས་ན་རྒྱ་གར་ནང་གི་སྨན་ལུགས་འགྲོ་སྟངས་ཚན་རིག་དང་མཐུན་པས་ཕལ་ཆེར་ཕྱི་ལུགས་ལྟར་བཤད་ཡོད་ཀྱི་རེད། ཙོང་ཟས་པ་ཡིན་ན་སྐྱེ་བ་རྗེས་མར་སེ་དྲི་ཅན་དུ་སྐྱེ་བ་དང། སྒོག་ཙོང་ཟ་མཁན་ལྷ་ཁང་ལ་མེ་ཤོར་བ་ཡིན་ནའང་མེ་གསོད་པར་ཡོང་མི་ཆོག་ཟེར་བའི་ཁ་རྒྱུན་དེ་དག་ལ་དམིགས་གསལ་གྱི་རིག་པའི་སྒྲུབ་བྱེད་མེས་པས་རེ་ཞིག་བཏང་སྙོམས་སུ་བཞག་ན་ལེགས་པར་སེམས།

  16. བོད་ལ་ཞེན། says:
    2013-02-08 at 6:42 am

    ཙོང་དེ་ནང་བརྒྱའི་སྨན་དཀར་པོ་གཅིག་ཐུབ་ཟེར་བ་ཡིན་པ་འདྲ་ཞིག་བྲིས་འདུག

  17. མཚོ་འགོ་འཇམ་དབྱངས། says:
    2013-02-08 at 6:59 am

    དྲ་གྲོགས་གཡུ་འབྲུག་དཀར་པོ་ལགས། ༼ཁྱེད་ཀྱིས་ཁུ་བ་བཟོ་བའི་སྐབས་སུ་བཙོང་གི་ཤུན་པགས་བེད་སྤྱོད་བྱས་ན་དེའི་དམིགས་གསལ་གྱི་ཁུ་བ་ཅིག་པའི་ཁ་མདོག་མི་སྟེར་ཡང་ཁྱེད་ཀྱི་ཁུ་བ་འཕེལ་བར་ཁེ་ཕན་ཆེན་པོ་ཡོད། ༽ཞེས་པའི་ཁུ་བ་དེ་ནི་ང་ཚོས་རྣམ་རྒྱུན་(soup) ཞེས་པ་དེ་ཡིན་པ་ལས་སྐྱེས་པ་ཕའི་ཁུ་བ་( spermཡང་ན་semen )མིན་པ་གསལ་པོ་རེད། མ་ཡིག་ལས་soup ཞེས་འཁོད་པ་ལས་sperm or semen ཞེས་འཁོད་མི་འདུག་པས་དེ་དོན་དགོངས་ཞེད་ཡོད་པ་མཁྱེན། ངག་རྒྱུན་ལས་བཙོང་གི་ཤུན་པགས་བཟས་པ་ལས་རྒྱོ་རྒྱག་རྒྱུའི་ཁུ་བའི་ནུས་པ་འཕེལ་བ་རེད་ཟེར་བ་དེ་་འདྲ་གོ་བ་དང་པོ་ཡིན་པས་རྒན་རབས་པ་རྣམས་ལ་བཀའ་སློབ་ཞུས་ཆོག

  18. ཨོ་རྒྱན་ཉི་མ། says:
    2013-02-08 at 7:06 am

    ཕན་ཡོན་གང་ཡོད་མ་ངེས། ཁོ་བོ་ནི་ཙོང་ཟ་བ་ལ་དགའ་བའི་ཙོང་རྒན་ཡིན། ཙོང་རྗེན་པར་ཤིན་དུ་དགའ།

  19. གཡུ་འབྲུག་དཀར་པོ། says:
    2013-02-08 at 7:33 am

    འདིར་དྲི་བ་ཞིག། གོང་དུ་ཙོང་གི་ཕན་པ་མང་པོ་ཞིག་བཤད་འདུག་རུང་སྣ་བུག་གཙང་མ་བཟོ་བ་སོགས་ལ་ཕན་ཚུལ་བཤད་པ་ལས་མིག་གསལ་བ་ལ་ཕན་ཚུལ་བཤད་པ་མཐོང་མ་སོང་། ཙོང་གཏུབ་དུས་མིག་ཚ་ཞིང་མིག་ནས་མཆི་མ་ཡང་མང་པོ་འདོན་གྱི་འདུག་པས་ཙོང་གིས་མིག་ལ་ཕན་གནོད་གང་ཡོད་དམ་ཅིག་གསུངས་ཐུབ་མཁན་ཡོད་དམ།
    སྤྲུལ་སྐུ་ཨོ་ཉི་ལགས། སྐུ་ཉིད་ཀྱིས་ ཁྱེད་རང་ཙོང་རྗེན་པར་ཟ་རྒྱུ་ལ་དགའ་མཁན་ཞིག་ཡིན་པར་གསུངས་སོང་། དེ་ལྟར་དགའ་དགོས་པ་ནི་རྒྱུ་མཚན་ཅན་ཞིག་ཡིན་ནམ་ཡང་ན་རྒྱུ་མཚན་གང་ཡང་མེད་པ་དེ་ག་རང་དགའ་བ་ཡིན། ངས་གོ་ཐོས་ལ་གསང་སྔགས་ཀྱི་གཞུང་དུ་ཁུ་བ་ཉམས་པར་འགྱུར་བའི་ཟས་སྤང་དགོས་ཚུལ་དང་། ཁུ་བ་འཕེལ་བར་བྱེད་པའི་ཟས་སོགས་བསྟེན་དགོས་ཚུལ་གསུངས་ཡོད་པར་ཐོས། སྐུ་ཉིད་ཙོང་ལ་དགའ་བའི་རྒྱུ་མཚན་ཡང་དེ་ལ་བརྟེན་ནས་མིན་ནམ། མ་གསང་དྲང་པོའི་གཏམ་ལན་བཤད་པའི་རེ་བས་བསྒུག་ཡོད།

  20. བན་དེ་བ། says:
    2013-02-08 at 9:42 am

    གཡུ་འབྲུག་ལྐུགས་རྟགས་ཚ་བ་ལ། ཨོ་ཉི་ཙོང་ཟ་རྒྱུ་ལ་དགའ་བའི་རྒྱུ་མཚན་ནི་ཁོང་སོར་སྡོམ་གཏོང་དགོས་པའི་རྒྱུ་མཚན་དང་་་་་་རྒྱ་ན་རོ་་་་་་ཅན་གྱི་བྱ་བར་དགའ་ནས་རེད། གོང་དུ་ཙོང་གི་ཕན་ཡོན་བཤད་སོང་ང་འདོད་པ་ཁུ་བ་འཕེལ་གྱི་རེད་ཟེར་སོང་ང་་་་རྒྱུ་མཚན་དེ་རེད།

  21. ཨོ་རྒྱན་ཉི་མ། says:
    2013-02-08 at 9:47 am

    ཧཧ་ཁུ་བ་འཕེལ་གྱིན་ཡོད་མེད་གོ་མ་སོང་། ཙོང་གི་བྲོ་བ་ལ་ཆགས་ནས་ཡིན། གལ་སྲིད་ཁུ་བ་དངོས་གནས་འཕེལ་སྲིད་ན་་་་་་་ཧཧཧཧབ

  22. བན་དེ་བ། says:
    2013-02-08 at 10:12 am

    དྲ་གྲོགས་ཨོ་ཉི་ལགས་ད་ཆོས་བཤད་དུས་སུ་རང་རང་ཡོད་པ་ཞིག་བྱེད་དགོས། ལྷག་པར་དུ་ཁ་མར་འཁོར་ནས་གཅིག་བཤད་དུས་རང་རྒྱུད་ལ་ཞུག་དག་ཡག་པོ་གནང་རོགས་མ་གཏོགས། སློབ་བུ་ཚོར་ཆོས་ལུགས་མི་རིགས་ལ་དག་སྣང་དང་ཆགས་སྡང་བྱེད་མི་ཉན་རབས་ཀྱི་ལུང་པ་བཅོ་བརྒྱད་བཤད་རང་གི་ལག་ཏུ་ལེན་དུས་དེ་ལས་ཕྱིན་ལོག་ཏུ་འགྲོ་བ་གང་བསམ་ས་རེད། དེང་སང་མགོ་སེར་ཚོའི་ལྟ་བར་དག་སྣང་རིས་མེད་ཟེར་བར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ཁོང་ཚི་རྟག་བརྟན་ཞིག་མ་ཡིན་པར་མ་ཟད་བླ་མ་ཆོས་ལུགས་ལ་ཤིང་སྡོང་གི་རྩེར་འཛེགས་ཀྱི་སྤྲེལ་བཞིན་གཅིག་ལེན་གཅིག་བསྡུད་བྱེད་མཁན་ཞིག་ཡིན་ཅིང་དེ་དུས་བླ་མ་འདི་ནི་ཆགས་སྡང་ཆེ་རབས་བླ་མ་འདི་ནི་རྒྱོ་དགའ་ཡིན་རབས་བླ་མ་འདི་ནི་ཆེ་ལ་གུས་ཞབས་ཆུང་ལ་མཐོང་ཆུང་བྱེད་རབས་ཟེར་ནས་གཞན་ལ་སྒྲོག་པ་ཁྱེད་ཀྱིས་ལོས་ཤེས། ངས་སྔོན་ནས་བཤད་ཡིན་པ་སྔར་ང་ལ་ཁྱེད་ཀྱི་སློབ་མ་ཡིན་ཟེར་ཅིང་དེང་སང་ཆོས་ལུགས་འགྱུར་ཡོད་ཟེར་ནས་ཁྱེད་ལ་མང་མང་བཤད་བྱུང་དེ་ཚོའི་མང་དུ་ངས་གོང་དུ་བཤད་པའི་དོན་ཚན་དག་འདུག་གོ། གཟབ་གཟབ་མ་བྱས་ན་དགེ་ཕྲུག་མེད་པའི་དགེ་རྒན། སློབ་བུ་མེད་པའི་སློབ་དཔོན། མཁན་བུ་མེད་པའི་མཁན་པོ། ཆགས་པའི་ཉེན་ཁ་འདུག་ད། ཁྱེད་རང་གིས་ནང་བསྟན་མ་དར་ན་སྤྲུལ་སྐུ་རྣམས་མིག་གེར་ཤི་རབས་གཅིག་བཤད་སོང། དེ་ལ་ངས་ཆུ་མ་ཡོང་གོང་ནས་ཆུ་རགས་ཀྱི་བུལ་དུ་བཤད་ཡོད་དོ། ཉན་དང་མི་ཉན་ཁྱོད་རང་ཤེས། ཁ་ཆུ་ཕ་ལུའི་རྣམ་བསླབ་བྱ་རྒྱབ་ཡོད་དོ། ཨ་ལགས་ད་ཀུ་རྩེས་ཞུས་ཡིན།

  23. བན་དེ་བ། says:
    2013-02-08 at 10:12 am

    དྲ་གྲོགས་ཨོ་ཉི་ལགས་ད་ཆོས་བཤད་དུས་སུ་རང་རང་ཡོད་པ་ཞིག་བྱེད་དགོས། ལྷག་པར་དུ་ཁ་མར་འཁོར་ནས་གཅིག་བཤད་དུས་རང་རྒྱུད་ལ་ཞུག་དག་ཡག་པོ་གནང་རོགས་མ་གཏོགས། སློབ་བུ་ཚོར་ཆོས་ལུགས་མི་རིགས་ལ་དག་སྣང་དང་ཆགས་སྡང་བྱེད་མི་ཉན་རབས་ཀྱི་ལུང་པ་བཅོ་བརྒྱད་བཤད་རང་གི་ལག་ཏུ་ལེན་དུས་དེ་ལས་ཕྱིན་ལོག་ཏུ་འགྲོ་བ་གང་བསམ་ས་རེད། དེང་སང་མགོ་སེར་ཚོའི་ལྟ་བར་དག་སྣང་རིས་མེད་ཟེར་བར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ཁོང་ཚི་རྟག་བརྟན་ཞིག་མ་ཡིན་པར་མ་ཟད་བླ་མ་ཆོས་ལུགས་ལ་ཤིང་སྡོང་གི་རྩེར་འཛེགས་ཀྱི་སྤྲེལ་བཞིན་གཅིག་ལེན་གཅིག་བསྡུད་བྱེད་མཁན་ཞིག་ཡིན་ཅིང་དེ་དུས་བླ་མ་འདི་ནི་ཆགས་སྡང་ཆེ་རབས་བླ་མ་འདི་ནི་རྒྱོ་དགའ་ཡིན་རབས་བླ་མ་འདི་ནི་ཆེ་ལ་གུས་ཞབས་ཆུང་ལ་མཐོང་ཆུང་བྱེད་རབས་ཟེར་ནས་གཞན་ལ་སྒྲོག་པ་ཁྱེད་ཀྱིས་ལོས་ཤེས། ངས་སྔོན་ནས་བཤད་ཡིན་པ་སྔར་ང་ལ་ཁྱེད་ཀྱི་སློབ་མ་ཡིན་ཟེར་ཅིང་དེང་སང་ཆོས་ལུགས་འགྱུར་ཡོད་ཟེར་ནས་ཁྱེད་ལ་མང་མང་བཤད་བྱུང་དེ་ཚོའི་མང་དུ་ངས་གོང་དུ་བཤད་པའི་དོན་ཚན་དག་འདུག་གོ། གཟབ་གཟབ་མ་བྱས་ན་དགེ་ཕྲུག་མེད་པའི་དགེ་རྒན། སློབ་བུ་མེད་པའི་སློབ་དཔོན། མཁན་བུ་མེད་པའི་མཁན་པོ། ཆགས་པའི་ཉེན་ཁ་འདུག་ད། ཁྱེད་རང་གིས་ནང་བསྟན་མ་དར་ན་སྤྲུལ་སྐུ་རྣམས་མིག་གེར་ཤི་རབས་གཅིག་བཤད་སོང། དེ་ལ་ངས་ཆུ་མ་ཡོང་གོང་ནས་ཆུ་རགས་ཀྱི་བུལ་དུ་བཤད་ཡོད་དོ། ཉན་དང་མི་ཉན་ཁྱོད་རང་ཤེས། ཁ་ཆུ་ཕ་ལུའི་རྣམ་བསླབ་བྱ་རྒྱབ་ཡོད་དོ། ཨ་ལགས་ད་ཀུ་རྩེད་ཞུས་ཡིན།

  24. གཞུང་ཤིང་བུ། says:
    2013-02-08 at 1:20 pm

    སྤོབས་པ་མཐའ་ཡས་་ལགས། ཁྱེད་ལ་རྒྱུ་མཚན་ཏིལ་ཙམ་འདུག་མོད་སྒོག་ཙོང་བཟའ་མཁན་ལྷ་ཁང་ལ་མེ་ཤོར་ཀྱང་བསད་དུ་ཡོང་མི་མཆོག་ཞེས་པ་དེ་ཕོ་མོ་དབྱེར་མེད་དུ་གསུང་གི་ཡོད་མ་རེད་དམ། ཧེ་ཧེ།

  25. དབྱངས་ཅན་འབངས། says:
    2013-02-08 at 3:59 pm

    ངལ་གསོ་ཐེབས་པའི་རྩོམ་ཞིག་འབྱོར་བས། ཞབས་འཆན་བཅས་པ་ཀློག་ཐེངས་གཅིག་ལ་བཀླགས། ཡིན་ནའང་བཙོང་ཟོས་ན་སྣ་ཡི་ནད་ལ་ཕན་པར་བཤད་པ་གང་འདྲ་ཡིན་ནམ། ཡ་མའི་ནད་པ་སུ་ཡིན་ཡང་བཙོང་ཟོས་ན་དེ་མ་ཐག་སྣ་ཁུང་བསྡམས། སྣ་ཆུ་ལུག་ནས་རྙོག་ཁྲ་བཟོ་བ་གཅིག་གྱུར་གྱི་ཉམས་མྱོང་རེད། ལན་ལ་སྒུག་རྒྱུ་ཡིན།

  26. ཨོ་རྒྱན་ཉི་མ། says:
    2013-02-08 at 4:39 pm

    —-ཧཧཧཧཧཧཧཧཧ བན་དེ་བ། ཐེ་ཝན་གྱི་་་་་་་་་་་་་་་་་་་་་་་་་་རྒྱལ་ཡོངས་སློབ་མ་འགའ་ཞིག་དང་འཕྲད་ཡོད་ས་རེད། ང་ལ་སློབ་མ་གཅིག་ཀྱང་མེད། ཁོ་ཚོས་ང་ལ་བཤད་ན་བཤད་དུ་ཆགས། བཤད་རྒྱུ་ཡོད་ན་ལེགས་པའི་རྟགས།

  27. འོད་གསལ says:
    2013-02-08 at 7:11 pm

    ཙོང་འདི་ནི་བདུད་ཀྱིས་བརླབས་པའི་རྫས་ག་ལ་ཡིན། ཙོང་འདི་མེད་ན་འཇིག་རྟེན་མི་ཡུལ་འདིའི་དགའ་སྤྲོ་ཇེ་ཆུང་དུ་འགྲོ་ངེས། ཀློང་ཆེན་པས་ཆང་བསྟོད་གནང་བ་བཞིན་དུ། སྤྲུལ་སྐུ་ཨོ་རྒྱན་ཉི་མ་དང་། ཅོ་རི་ཉི་མའམ། ཀླུ་སྨྱོན་སོགས་ཁ་བརྡའི་མཁས་པ་ཞིག་གིས་ཙོང་བསྟོད་ཞིག་གནང་རོགས་ཞུ།

  28. དཔྱིད་འགོའི་མེ་ཏོག says:
    2013-02-08 at 11:18 pm

    བཀླགས་ཡོད།

  29. བསྟན་འཛིན། says:
    2016-01-11 at 5:55 am

    བཀྲིས་བདེ་ལེགས།

  30. རེ་སེམས། says:
    2016-01-11 at 5:57 am

    ལགས་སོ།

  31. རེ་སེམས། says:
    2016-01-11 at 6:03 am

    འོད་གསལ་ལགས།
    ཙོང་མེད་ན་འཇིག་རྟེན་འདིར་དགའ་སྤྲོ་ཇེ་ཆུང་དུ་འགྲོ་ཚུལ་ཇི་ལྟར་ཡིན་ནམ།

  32. བསྟན་འཛིན་ཚེ་སྐྱིད། says:
    2023-04-06 at 4:44 pm

    ཙོང་གི་ཕན་ཡོན་ཧ་ལས་པ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme