Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག

Posted on 2013-02-062013-02-06 By ཁ་བརྡ་ 3 Comments on ༸ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག

སྤྲུལ་འཁོར་སྐལ་བཟང་དོན་ལྡན།

རྗེ་བཙུན་འཇམ་དཔལ་ངག་གི་དབང་པོའི་སྐུ།།
སྙིང་རྗེའི་གཏེར་ཆེན་བློ་གྲོས་བཟང་པོའི་གསུང་།།
ཡེ་ཤེས་མཐུ་སྟོབས་གསང་བའི་བདག་པོའི་ཐུགས།།
རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བརྟན་གསོལ། །
ཞེས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེར་གྱུར་ཅིང་མཁྱེན་པའི་ཆ་ལས་རྗེ་བཙུན་འཇམ་དཔལ་དབྱངས།   སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེར་གྱུར་ཅིང་བརྩེ་བའི་ཆ་ལས་འཕགས་མཆོག་སྤྱན་རས་གཟིགས།  སངས་རྒྱས་ཐམས་་ཅད་ཀྱི་ཐུགས་རྡོ་རྗེར་གྱུར་ཅིང་ནུས་པའི་ཆ་ལས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ། དེ་ལྟ་བུའི་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་ཏུ་བསྡུས་ཤིང་འཕགས་པ་རིགས་གསུམ་མགོན་པོ་དང་ངོ་བོ་དབྱེར་མ་མཆིས་པའི་མཉམ་མེད་སྤྲུལ་པའི་སྐྱེས་མཆོག་ཆེན་པོ།  ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་པོ། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཆེན་པོ། དད་ལྡན་མི་དམངས་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་ཆེན་པོ། རིས་མེད་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་འདི་ཕྱི་གཏན་གྱི་བླ་ན་མེད་པའི་སྐྱབས་གནས་ཆེན་པོ།  སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ།  དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸ རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་སྐུ་ལ་སྙུན་མི་མངའ་ཞིང་སྐུ་ཁམས་བཟང་ལ་སྐུ་ཚེ་རིང་བ་དམར་སེར་མདངས་འཁྱུད་ཀྱི་མཚན་དཔེས་རྫོགས་པའི་སྐུ་འཇམ་དཔལ་གཞོན་ནུར་གྱུར་པ་ལྟར་གཞོན་ཆར་གྱུར་པ།   གསུང་འགག་པ་མེད་ཅིང་དོན་ཆེ་ལ་ཚིག་འབྲུ་བཟང་བའི་ཆོས་དབྱངས་སྙན་ལ་འཚོ་བཞིན་གཞེས་ལ་ཟབ་རྒྱས་གསུང་གི་ཆོས་ཀྱང་སྟོན་པའི་གསུང་དབྱངས་ཡན་ལག་དྲུག་ཅུར་གྱུར་པའི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གསུང་ལྟར་ཚངས་དབྱངས་སུ་གྱུར་པ།  ཐུགས་འཁྲུལ་པ་གཏན་ནས་མེད་ཅིང་ནམ་ཡང་བསླུ་བ་མེད་པའི་འཕགས་པའི་ཐུགས་འཁྲུལ་པ་མེད་པ་ནུས་པའི་སྟོབས་ཡོངས་སུ་རྫོགས་པའི་ཐུགས་གསང་བདག་ཕྱག་ན་རྡོ་རྗེ་ལྟར་ཐམས་ཅད་ཡོངས་སུ་མཁྱེན་པར་གྱུར་པ། མདོར་ན་འཕགས་མཆོག་རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་སྡུད་པའི་༸ སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༸ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནམ་ཡང་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག །ཅེས་གོང་གསལ་ཚིགས་བཅད་ཤོ་ལོ་ཀ་འདི་ནི་སྔ་འགྱུར་རྙིང་མའི་སྐྱེས་ཆེན་དམ་པ་རྫ་རོང་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་བརྩམས་གནང་མཛད་པའི་བརྟན་ཞུགས་ཀྱི་གསོལ་འདེབས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་གསུང་རྩ་ཆེན་ཞིག་ཡིན་སྟབས་སྤྲུལ་འཁོར་སྐལ་བཟང་དོན་ལྡན་གྱིས་སྨོན་ཚིག་འགྲེལ་པ་མདོར་བསྡུས་ཙམ་སུག་བྲིས་བགྱིས།

༸ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་རྒྱལ་ལོ།།   སྤྱི་ལོ་ ༢༠༡༣། ཟླ་ ༡། ཚེས་ ༦ ཉིན།།  །།

རྩོམ་རིག

Post navigation

Previous Post: དེང་དུས་རབ་བྱུང་།
Next Post: ༄༅། །ཀུན་མཁྱེན་བསྟན་པ་རྒྱས་པའི་སྨོན་ལམ། ཨེ་མ་ཧོ།

Comments (3) on “༸ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-02-06 at 3:44 pm

    ༸ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རྒྱལ་ལོ།།

  2. མེ་ཏོག་དཀར་པོ says:
    2013-02-06 at 8:05 pm

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད།། ཞལ་གསུངས་མའོ།།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-07 at 6:01 am

    གསུང་སྙན་པ་འདི་ལྟ་བུ་གཞིར་བྱས་བདག་ཅག་གིས་བོད་སྤྱིའི་སྐད་ལ་འབྲི་བ་སྦྱངས་དགོས། དེ་མིན་སོ་སོ་རང་གིས་བྲིས་པ་ཡང་ཀློག་པ་ན་རང་གིས་ཀྱང་མི་གོ་བའི་རྩོམ་ཡིག་རྣམས་འབྲི་བ་པོ་རང་དང་། གཞན་ཀློག་པ་པོ་རྣམས་ངལ་བའི་རྒྱུར་གྱུར་པ་དེ་དག་ཅུང་ཟད་ལས་བདག་ལྟ་བུའི་བྲིས་དེ་མང་པོ་མ་འབྲི་ན་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme