Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟོག་གེ་པའི་མིག་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན་ཞེས་པའི་སྐོར། ཧི་མ་ལ་ཡའི་འཕྲུལ་སྨྱུག

Posted on 2013-02-05 By ཁ་བརྡ་ 2 Comments on རྟོག་གེ་པའི་མིག་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན་ཞེས་པའི་སྐོར། ཧི་མ་ལ་ཡའི་འཕྲུལ་སྨྱུག

རྟོག་གེ་༼ཞེས་༽པའི་༼ཚིག་དོན་དེ་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དངོས་པོའི་གནས་ལུགས་ཇི་བཞིན་མ་མཐོང་བར་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་མཁན་གྱི་རིག་པ་སྨྲ་བ་པོ་ཞེས་པ་ལྟར། རྩོམ་པ་པོ་ཚ་སྒང་བ་བློ་གྲོས་དཔལ་ལྡན་རང་གི་༽མིག་གི་༼ནང་དུ་ནང་༽ཆོས་༼ནས་གསུངས་པའི་གནས་༽ལུགས་ཀྱི་༼ཚིག་དོན་རྣམས་ཇི་ལྟ་བ་བཞིན་མ་རྟོགས་པའམ་གཡོ་ཟོལ་གྱིས་རྣམ་པ་བསྟན་པར་བརྟེན། ཕྱོགས་ལྷུང་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་སྟེ།༽ འཇིག་རྟེན་༼འདིར་མཁས་རློམ་གྱི་དཔྱད་བརྗོད་གང་སར་སྤེལ་ཟིན་པ་ནི། མིག་ལྡན་གཡང་གཟར་དུ་མཆོང་བའི་ངང་ཚུལ་དེ་ཡང་རིམ་བཞིན་གསལ་བར་འགྱུར་ལ།

 འགྲེལ་ཚུལ་རྣམ་པ་གཞན་དུ་ན། དེང་འདིར་སངས་རྒྱས་པའི་རྗེས་འཇུག་ཕལ་མོ་ཆེ་ནས། ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པའི་ནང་ཆོས་ཀྱི་གནས་ལུགས་རྣམས་ཇི་ལྟ་བ་བཞིན་རང་རྒྱུད་ལ་མ་སྦྱར་ཏེ།༽ རྟོག་གེ་པའི་༼ཤན་ཤུགས་སྒེར་གཅོད་བསམ་བློ་བེད་སྤྱད་དྲག་པར་བརྟེན། ཚ་སྨྱུག་པས་དམིགས་འབེམ་བཀར་ཡུལ་གཙོ་བོ་ནི། (ཆོས་ལུགས་དེ་ཆོས་ལུགས་ཀྱི་ཚད་དུ་མ་གཞག་པར། དངོས་ཡོད་ཀྱི་འཇིག་རྟེན་ཡོད་ཚད་ཆོས་ལུགས་ཀྱི་ཁ་འོག་ལག་འོག་ཏུ་འདུ་དགོས་པར་འདོད་པའི་རང་རེའི་རྒྱུད་ཀྱི་ཐལ་མཐའི་བསམ་བློ་འདི་ཡོ་བསྲང་བྱ་རྒྱུ་ཁ་ཚ་དགོས་གཏུག་ཡིན་པ་དང༌། རང་ཉིད་ཆོས་དད་ཆེ་མདོག་གིས་མི་གཞན་པའི་ཆོས་དད་ཀྱི་དབང་ཆ་བཙན་འཕྲོག་བྱེད་མཁན་གྱི་ཆོས་ལུགས་སྒེར་གཅོད་ཀྱི་མི་སྣ་དེ་ཚོའི་མགོ་ལ་སྟ་རེ་ཞིག་མ་བཞུས་ན་ཐབས་མེད་རེད་འདུག་པས་ཡིན)། ཞེས་པ་དང༌། (སངས་རྒྱས་ཆོས་ལུགས་ལ་སྒེར་གཅོད་ཀྱི་རང་གཤིས་མེད་པ་བདེན་ན། སོ་སོའི་བསམ་ཚུལ་ཤོད་མཁན་གྱི་མི་རེ་གཉིས་རིག་མ་ཐག ཆོས་པ་ཚོའི་ངོ་གདོང་དེ་ཇ་མཛོ་བཅོ་བརྒྱད་ཆུ་ལ་ཤོར་སོང་བ་ལྟར་ཅི་ལ་ལོག་འགྲོ་བ་རེད)། ཅེས་པ་བཞིན། སྐབས་དེ་དང་དེའི་ཆེན་པོར་རློམ་པ་ཚོའི་༽མིག་༼གི་༽ནང་གི་༼རྒྱ་མོ་བཞིན་མངོན་ཐོན་གྱི་གཅེས་སྤྲས་མཛད་ས་ནི། སོ་སོའི་༽ཆོས་ལུགས་༼དང་དགོན་པ་བླ་བྲང་བྱེ་བྲག་པ་རྣམས༽ཀྱི་༼ཁ་ལྕེ་དབང་ཐང་ཁོ་ནར་གཟིགས་པ་ཞིག་ཡིན་པའི་རྒྱུ་མཚན་ཡང༌། (ང་ཚོའང་མི་ལུས་བླངས་ཚར་བས་མི་ཚེ་སྐྱེལ་སྟངས་ཀྱི་རིག་གཞུང་ཞིག་ཅི་ལ་མི་མཁོ། ཡིན་ནའང་ང་ཚོ་ཆོས་ལུགས་ཀྱིས་བཟི་དྲགས་པས་ཡར་མར་གང་ལ་ཡང་བསམ་བློ་མ་བཏང་བར་ད་ལྟའི་བར་དུ་ནག་ཐོམ་མེར་ལུས་སོང་བ་རེད)། ཅེས་པ་ལ་བགམ་ན།༽ འཇིག་རྟེན་༼འདིར་མཉམ་སྡོད་མཉམ་གནས་ཀྱི་འཚོ་སྡོད་བྱེད་བཞིན་པའི་ཡར་ཐོན་གྱི་རྒྱལ་ཁབ་ཁག་ལྟར་གོམ་པ་མདུན་སྤོས་ས་འདྲ་འདྲ་དང༌། གནམ་མཉམ་མཉམ་སྤྱོད་མ་ཐུབ་པའི་སྐྱོ་གནས་ཤིག་གླེང་བར་མངོན་ནོ།།༽

རྩོམ་རིག

Post navigation

Previous Post: ཝཱ་ར་ཎ་སིར་རྩོམ་རིག་སྐོར་ལ་ཁ་བརྡ་གློད་པ།
Next Post: གུས་བརྩི། བསོད་ནམས་ནོར་བུས་མཁོ་འདོན་བྱས།

Comments (2) on “རྟོག་གེ་པའི་མིག་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན་ཞེས་པའི་སྐོར། ཧི་མ་ལ་ཡའི་འཕྲུལ་སྨྱུག”

  1. དབང་འདུས says:
    2013-02-06 at 5:08 am

    དགག་ལན་དངོས་གནས་འོས་ལྡན་ཐོངས་དང་། ཚ་བའི་སྨྱུག་གི་མིང་དང་རྟོག་གེའི་མིག་ནང་གི་ཆོས་ལུགས་ཅེས་པ་ཙམ་ཡིག་ཚོགས་སྤྲོས་ནས་ཅི་བྱེད།དོན་དངོས་ཐོག་ནས་ཕྱོགས་གླང་དང་ཆོས་གྲགས་སོགས་ཀྱིས་མུ་སྟེག་རྣམས་བཀག་པ་དང་། ཟླ་བས་ཐལ་གྱུར་འཕེན་པ་བཞིན་གཏང་ན་ཕོ་ཁྱོ་ག་རྩིར་འོས།

  2. བྱང་ཆུབ་། says:
    2013-02-07 at 4:13 am

    ཨོ་ཉི
    ་སྤྲུལ་རྫུན་ངོ་མ་རེད་དོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme