Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝཱ་ར་ཎ་སིར་རྩོམ་རིག་སྐོར་ལ་ཁ་བརྡ་གློད་པ།

Posted on 2013-02-042013-02-05 By ཁ་བརྡ་ 9 Comments on ཝཱ་ར་ཎ་སིར་རྩོམ་རིག་སྐོར་ལ་ཁ་བརྡ་གློད་པ།

དེ་རིང་སྟེ་སྤྱི་ལོ་༢༠༡༣་ལོའི་སྤྱི་ཟླ་༢་བའི་ཚེས་༣་ཉིན་ང་ཚོ་རྩོམ་དགའ་ཁག་ཅིག་ལྷན་འདུས་ཀྱིས་གཟའ་ཉི་མའི་བགྲོ་གླེང་ཞིག་གནས་མཆོག་ཝཱ་ར་ཎ་སཱིའི་མཆོད་རྟེན་ཆེན་མོའི་ཉེ་འདབ་ནས་འཚོགས་ཤིང་རང་རང་གི་ལྟ་ཚུལ་བཤད་རྒྱུའི་གོ་སྐབས་བསྐྲུན་པ་རེད། དེ་རིང་འདིར་ཞུགས་པའི་མི་སྣ་དག་ནི་ས་ཕྱོགས་མ་འདྲ་བ་རེ་ནས་ཡིན། འདི་ལྟར་འཛོམ་པ་ནི་ཧ་ཅང་དཀའ་བ་ཞིག་ཏུ་སེམས་ཏེ་རང་མོས་ཀྱི་འཐད་ཤུགས་དང་བསྟུན་ཏེ་འཚོགས་པ་ཡིན། ཤར་ཕྱོགས་ཀྱི་སློབ་གྲྭ་ཆེན་མོ་ཨང་གཉིས་པར་འབོད་པའི་རྒྱ་གར་གྱི་བྷེའི་ཨེ་ཆིའི་སློབ་མ་གཉན་ཐར། ཁོང་ནི་སློབ་ཆེན་གང་མང་བརྒྱུད་དེ་ད་ལྟའི་མིང་གྲགས་ཆེ་བའི་སློབ་གླིང་དེར་ནང་བསྟན་གྱི་དགོན་སྡེ་དང་ཧིན་རྡི་སོགས་ཀྱི་ལྟ་གྲུབ་ཐད་སྦྱང་བརྩོན་མཁན་ཞིག་དང་། མགོན་པོ་ནི་མཐོ་སློབ་དེར་ནུབ་ཕྱོགས་པའི་རྩོམ་རིགས་སྐོར་ལ་ཆེད་སྦྱང་གནང་མཁན་ཞིག་གོ  ་་་་་་་་ཝཱ་ར་ཎ་སཱིའི་བོད་ཀྱི་མཐོ་སློབ་སློབ་མ་ཤ་བོ་རྟ་མགྲིན་ནི་རྩོམ་རིག་དང་། ལོ་རྒྱུས། ད་དུང་བོན་གྱི་ལྟ་གྲུབ་ལ་སྦྱང་མཁན་ཞིག ནོར་གླིང་མཐོ་སློབ་ཀྱི་སློབ་ཟུར་ཆོས་རྒྱམ་ནི་ཁུ་སིམ་ངང་ནས་དཔེ་ཀློག་བྱས་ཏེ་རང་རྒྱུད་ལ་ཡོན་ཏན་ཅིག་ཨེ་འབྱོར་ལྟ་མཁན་ཞིག ། ནོར་གླིང་མཐོ་སློབ་ཀྱི་སློབ་བུ་ཁ་བ་སྐམ་པོ་ནི་རྩོམ་རིགས་ལ་མོས་པའི་གསར་སྐྱེས་རྩོམ་པ་པོ་ཞིག  དེ་བཞིན་གདན་ས་ནས་ཡོང་བའི་ཨ་རིག་དགེ་མཐོང་ནི་དྲ་རྒྱ་ཁག་གི་ནང་དུ་ཉིན་རེ་ཉུལ་བཞིན་པའི་དྲ་འབུ་ཞིག་གོ །

བརྗོད་གཞི་རྩོམ་རིགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་སྟངས་དང་། ཤར་ནུབ་ཀྱི་རྩོམ་རིག་གི་ཁྱད་ཡོན། ནང་བསྟན་གཞུང་ལུགས་ཀྱི་ནུས་ཤུགས། རྩོམ་པོ་ལ་སྤྱི་ཚོགས་ཀྱིས་མཐོང་ཡོད་མེད་དང་། རྩོམ་པ་པོ་དང་བརྩམས་ཆོས་ཀྱི་བར་ཐག་སོགས་ཀྱི་ཐད་དུ་རང་རང་གི་བསམ་ཚུལ་ལྷུག་བརྗོད་བྱས། འོན་ཀྱང་མཐའ་གཅིག་ཏུ་འདི་རེད་ཅེས་ཁ་ཚོན་བཅད་པ་དང་སྡོམ་ཚིག་ལྟ་བུའི་དེང་སང་གི་སྐད་ཆ་དེ་འདྲ་མིན་པར་ཕན་ཚུན་གྱི་སེམས་ཁམས་སྔོག་འདོན་རེ་བྱས་ཏེ་མཐར་ཟ་ཁང་སྟབས་བདེ་ཞིག་ནས་གསོལ་ཚིགས་ལ་རོལ། དེ་ནས་ཡང་བསྐྱར་རྒྱ་གར་གྱི་ཇ་མངར་མོ་འཐུང་ས་ཞིག་ནས་ལྷོད་ལྷོད་བྱས་ཏེ་ཡང་བསྐྱར་གླེང་མོལ་གང་མང་བྱས། དེ་འདྲ་ཞིག་གི་ངང་ནས་རང་རང་སར་གྱེས། འདི་ནི་ང་ལ་མཚོན་ན་དུ་འཐེན་རྒོད་པོ་ཞིག་ལ་ཐ་མག་རྐང་གཅིག་སྤྲད་པ་དང་ཝུ་ཆང་བཏུང་མཁན་ཞིག་ལ་ཝུ་ཆང་གིས་མགྲོན་བསུ་བྱས་པ་ལྟར་སྤྲོ་བོ་བྱུང་། དེའི་ཕྱིར་དགའ་དགའ་སྤྲོ་སྤྲོ་ཟེར་བ་ཡང་འདོད་ཁམས་འདིར་འདི་ལས་ལྷག་ཅིག་ཇི་ལྟར་འཇོག་རྒྱུ་སྙམ།
དགེ་མཐོང་གིས་བསྒྲིགས་ཤིང་ཁ་བ་སྐམ་པོས་མཁོ་སྤྲོད་བྱས།
གསར་འགྱུར།

Post navigation

Previous Post: ཚ་བ་མདའ་སྨྱུག་དང་འབྲེལ་བའི་གཏམ་དྲང་བདེན་གྱི་སྙིང་སྟོབས།
Next Post: རྟོག་གེ་པའི་མིག་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན་ཞེས་པའི་སྐོར། ཧི་མ་ལ་ཡའི་འཕྲུལ་སྨྱུག

Comments (9) on “ཝཱ་ར་ཎ་སིར་རྩོམ་རིག་སྐོར་ལ་ཁ་བརྡ་གློད་པ།”

  1. མེ་ཏོག་དཀར་པོ says:
    2013-02-05 at 4:39 am

    དམན་ཤར་གཅིག་ཀྱང་མེད་པས་ཡིད་སྐྱོ། ང་འབོད་ན་འོང་ཆོག་པ་ལ་་་་

  2. མེ་ཏོག་དཀར་པོ says:
    2013-02-05 at 6:33 am

    སྨན་ཤར་

  3. ཨ་རིག་དགེ་མཐོང་། says:
    2013-02-05 at 7:02 am

    སྨན་ཤར་གྱི་སླད་དུ་འཚོགས་པ་མིན་པར་བསམ་ཚུལ་མཐུན་པ་འགའ་རེ་རང་རང་ས་ནས་འདུས་པ་ཞིག་གོ གཞན་སྨན་ཆུང་རེ་ཡོད་ན་ནི་ལེགས་ཤིང་སེམས་ཁམས་དྭངས་པར་ཡང་ཕན་མོད། མགྲོན་འབོད་ཀྱི་ངལ་བ་དེ་ང་ཚོས་ངོས་ནས་དཀའ་ལས་ཐོལ་བ་ཞིག་ཏུ་ངོས་འཛིན་གྱིན་ཡོད། གནས་སྟངས་དེ་ཤེས་པར་གྱིས།

  4. དོལ་སྨྱོན། says:
    2013-02-05 at 7:14 am

    ལས་མ་དག་པ་ཞིག་ལ་ང་ཡི་བསྟི་གནས་ན་སྨན་ཤར་མང་པོ་འདུག་སྟེ་སྙན་ངག་ཤེས་པའམ་ཡང་ན་དེ་ལ་དགའ་མཁན་གཅིག་ཀྱང་མེད། བསོད་ཟད་ང་་་་་་་་།

  5. གནམ says:
    2013-02-05 at 7:25 am

    གནས་རྩ་ཆེན་ན་མྱི་མྱིང་ཆེན་རེ་ཡོད་ན། དེ་ནི་དགའ་བའི་གནས་དང་གུས་བའི་ཡུལ་ཡིན་ནོ། རེ་བ་ཟིག་ཡོད་ནོ། ཁྱེད་ཅག་རྩོམ་པ་པོ་ཚོས། སྤྱིར་མི་གོ་ནིའི་ཁར་མི་གོ་ནོའི་མངོན་བརྗོད་ཡིན་ན་ངོམ་བརྗོད་ཡིན་ན་དེ་དག་གོ་ཉུང་ཉུང་རེ་བྱེད་ཐུབ་ན་ང་ལ་ཕན།

  6. འཁྱམས་པོ།། says:
    2013-02-05 at 8:38 am

    སྤྱིར་རྩོམ་དགའ་དུ་མ་ལྷན་གཅིག་འདུས་པ་ཉུང་ཉུང་ཡིན་པས་ཁྱེད་རྣམས་དེ་ལྟར་འདུས་ཐུབ་པར་རྗེས་སུ་ཡིད་རང་ཞུ་བ་ཡིན། ཡིན་ནའང་དེང་སང་རྩོམ་པ་པོ་མང་ཆེ་བས་སྤྱི་ཚོགས་སྟེང་གི་གད་སྙིགས་ཛོར་བོ་དེ་ཚོ་ཚང་མ་ཡར་སྔོགས་པ་དང་གད་སྙིགས་གང་དུ་ཡོད་མེད་གད་སྙིགས་ངོས་འཛིན་སྟངས་སོགས་རྩོམ་ཡིག་དུ་མ་སྤང་ལ་ཤ་མོ་བརྡོལ་བ་ལྟར་ཐོན་བཞིན་འདུག་་མོད་གད་སྙིགས་གཙང་ཕྱག་ཇི་ལྟར་བྱ་དགོས་མིན་སླད་གད་སྙིགས་དེ་རིགས་མི་ཡོང་བར་སྔོན་འགོག་ཇི་ལྟར་བྱ་དགོས་མིན་ཐད་བསམས་ཚུན་བརྗོད་མཁན་ཉུང་ཤས་ལས་མ་མཐོང་བས་རྗེས་མར་དེའི་ཐོག་ཤུགས་སྣོན་རྒྱག་རོགས་ཞུ།།

  7. མེ་ཏོག་དཀར་པོ says:
    2013-02-05 at 8:49 am

    རྩོམ་གྱི་སྐོར་གང་ཤེས་ཏེ་མི་སྣ་ངོ་སྤྲོད་འདྲ་པོ་འདུག

  8. ཁ་བ་སྐམ་པོ says:
    2013-02-05 at 9:00 am

    ཀློགས་པ་པོ་དག་ལ་ཞུ་རྒྱུ་ནི། འདི་གསར་འགྱུར་གྱི་ངོ་བོར་སྤེལ་ཡོད། འཚོལ་འདོད་ཡོད་པའི་རིགས་ལ་དྲ་ལམ་དང་ཟིན་བྲིས་གཞན་ན་སོ་སོའི་བརྗོད་པ་རེ་ཡང་ཡོད་པར་འདོད། ཁྱོད་ཅག་ཕེབས་པར་དགའ་བོ་བྱུང་།

  9. རིག་བློ says:
    2013-02-07 at 5:35 am

    འདི་ལྟར་འཛོམ་པ་ནི་ཧ་ཅང་དཀའ་བ་ཞིག་ཏུ་སེམས་ཏེ་རང་མོས་ཀྱི་འཐད་ཤུགས་དང་བསྟུན་ཏེ་འཚོགས་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme