Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་ཁུལ་གྱི་རང་གྲོལ་རྗེས་དྲན་ཐེངས་དང་པོ།

Posted on 2013-02-04 By ཁ་བརྡ་ 1 Comment on རྔ་ཁུལ་གྱི་རང་གྲོལ་རྗེས་དྲན་ཐེངས་དང་པོ།

སྤྱི་ལོ་༢༠༡༣ལོའི་ཟླ་༢ཚེས་༢ཉིན་བོད་ཨ་མདོ་རྔ་བ་ནས་མི་བུ་ལྔ་བཅུ་ལྷག་གིས་གྲུབ་པའི་རང་གྲོལ་རྗེས་དྲན་སྐབས་དང་བོ་འཚོགས་ཡོད་ལ། རྗེས་དྲན་བགྲོ་གླེང་སྟེང་ནས་སོ་སོའི་རང་གྲོལ་ལ་བཟུང་བའི་ལྟ་ཚུལ་དང་རང་གྲོལ་གླེང་དགོས་པའི་རྒྱུ་མཚན་སོགས་ཕྱི་དྲོའི་དུས་ཚོད་དྲུག་ནས་དགོང་མོའི་དུས་ཚོད་དགུ་དང་སྐར་ཉི་ཤུའི་བར་བགྲོ་གླེང་བྱས་ཡོད། འདི་ནི་ང་ཚོ་བོད་ཨ་མདོ་རྔ་བའི་ལོ་རྒྱུས་གསར་བའི་ཤོག་ལྷེ་ཞིག་ཡིན་ཞེས་བརྗོད་ཀི་ཡོད།
གཤམ་ནས་གཏམ་གླེང་མི་སྣ་སོ་སོའི་གླེང་གཞིའི་ཁ་བྱང་དང་གནད་དོན་རགས་རིམ་ཙམ་འགོད་པར་བྱ།
སྔོན་གླེང་། མདོ་འཛིན་པ་བཙན་སྒྲ།
མདོ་འཛིན་པས་རང་གྲོལ་རྗེས་དྲན་ཚོགས་འདུ་དབུ་བཟུང་ཞིང་། རྗེས་དྲན་ཚོགས་འདུའི་འགྲིག་ལམ་དང་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན། དམིགས་ཡུལ་སོགས་གླེང་།
༡ མིང་།རྭ་འཕྲིན་ལས། ཁ་བྱང་། རང་གྲོལ་གྱི་ལོ་རྒྱུས་ངོ་སྤྲོད།
རང་གྲོལ་ལགས་ཀྱི་ལོ་རྒྱུས་སྤྱིའི་ཆ་ནས་གླེང་ཞིང་། བྱེ་བྲག་ཁོང་གི་བྱ་བཞག་སོགས་ཀྱི་སྟེང་ནས་གཏམ་བཤད་གནང་།
༢ བསེ་ཤེས་རབ། ཁ་བྱང་། ཤེས་རབ་ཀྱིས་རང་གྲོལ་གླེང་བ།
ང་ཚོས་རང་གྲོལ་མ་གླེང་ཐབས་མེད་ཡིན་པའི་རྒྱུ་མཚན་དང་། ཁོང་བསམ་བློ་གསར་བའི་སྣེ་ཁྲིད་པ་དང་རྩོམ་རིག་ལ་ཡང་བྱས་རྗེས་བླ་ལྷག་བཞག་ཡོད་པའི་སྐོར་དང་། ཁོང་གིས་རང་སྲོག་རང་གིས་བཅད་པར་ཡིད་སྐྱོ་ཞིང་། དེ་ནི་རང་གྲོལ་ལགས་ཀྱི་སྐྱོན་དུ་བལྟས་པ་སོགས་གླེང་།
༣ མཁའ་དབྱིངས། ཁ་བྱང་། རང་ཉིད་ཡིད་ལ་འཇོག་པ།
ང་ཚོས་རང་གྲོལ་དྲན་དགོས་པའི་རྒྱུ་མཚན་གཉིས་སྟེ། ཁོང་རྩོམ་རིག་གསར་པའི་ཤིང་རྟའི་སྲོལ་འབྱེད་དང་། ཁོང་གིས་སྒེར་གཅོད་ལ་རྒོལ་བའི་སྙིང་སྟོབས་སོགས་ཀྱི་སྟེང་ནས་གཏམ་བཤད་གནང་།
༤ དགའ་ལྡན་བརྩོན་འགྲུས། ཁ་བྱང་། རང་གྲོལ་གྱི་སྙིང་སྟོབས།
རང་གྲོལ་གྱིས་དུས་བབས་དེ་འདྲ་ཞིག་གི་འོག་ནས་སྤྲུལ་སྐུ་ངེས་པར་གླེང་དགོས་པའི་རྒྱུ་མཚན་སོགས་གཙོ་བོ་སྒྲུང་རྩོམ་ཕྱོགས་ནས་གླེང་།
༥ གླག་སྒྲོ། ཁ་བྱང་། རང་གྲོལ་གཡུལ་ལ་ཞུགས་ཚུལ།
ཨ་མདོ་རྔ་བ་ནས་སླར་ཡང་རང་གྲོལ་དྲན་དགོས་པའི་རྒྱུ་མཚན་དང་། ཁོང་གིས་སྤྱི་ཚོགས་ཀྱི་གནོན་ཤུགས་མང་པོ་ཞིག་མ་ཐེག་པ་ཁོང་གི་སྐྱོན་དུ་བཟུང་ནས་གླེང་བ།
༦ གནམ་ལྷུན། ཁ་བྱང་། རང་གྲོལ་ལས་འཕྲོས་ཏེ་དངོས་ཡོད་འཚོ་བའི་དགེ་སྐྱོན་གླེང་བ།
རང་གྲོལ་ལགས་དེང་གི་དུས་དང་བསྟུན་ནས་དེང་གི་བསམ་བློ་གསར་བའི་སྣེ་ཁྲིད་པ་ཡིན་མིན་ལ་མི་འཐད་པའི་ཚུལ་གླེང་བ་དང་། ཁོང་གི་སྒྲུང་རྩོམ་སྤྲུལ་སྐུའི་སྐོར་ནས་གཏམ་བཤད་གནང་།
༧ གསའ་རང་འབར། ཁ་བྱང་། རང་གྲོལ་ལ་བཟུང་བའི་ལྟ་ཚུལ།
རང་གྲོལ་རང་ཉིད་ཀྱི་དུས་སུ་བསམ་བློ་གསར་བའི་སྣེ་ཁྲིད་པ་སོགས་སུ་བརྩི་རུང་ན་ཡང་། ད་ལྟ་ང་ཚོའི་དུས་རབས་འདིའི་ནང་དུ་དེས་ཚབ་བྱེད་དུ་མེད་པ་སོགས་གླེང་བ།
༨ རྒྱུ་ཙ་སྐམ་པོ། ཁ་བྱང་། ཁ་བྱང་མ་རྙེད་པའི་རང་གྲོལ།
རང་གྲོལ་ལོ་རྒྱུས་གསར་བའི་དབུ་འཁྱུད་ཡིན་པ་བདེན་པའི་རྒྱུ་མཚན་དང་། ཁོང་མི་རབས་ཤིག་གི་སྙིང་གསོན་པོ་ཡིན་པའི་རྒྱུ་མཚན་སོགས་ཁོང་ལ་གུས་འདུས་དང་བཅས་གཏམ་གླེང་མཛད།
༩ དགོན་ཚེ། ཁ་བྱང་། རང་གྲོལ་གླེང་དགོས་པའི་རྒྱུ་མཚན།
ཅི་ཞིག་ལ་རང་གྲོལ་གླེང་བའི་ཆ་ནས་གླེང་གཞི་གཙོ་བོ་གཅིག་དང་ཕལ་བ་གཅིག་གི་སྒོ་ནས་གླེང་བ།
༡༠ དོན་ཁོ། ཁ་བྱང་། མེད།
རང་གྲོལ་ལགས་བསམ་བློ་གསར་བརྗེ་བ་མཐུས་ཚང་མ་ཡིན་པ་དང་། ཁོང་ལ་མཐོང་ཆེན་བྱེད་དགོས་པའི་རྒྱུ་མཚན་ཁོང་གི་ཚོར་བ་ཟབ་མོ་དེས་དབང་གིས་རང་སྲོག་བློས་བཏང་བ་སོགས་གླེང་།
༡༡ རྭ་རྩེ་དམར། ཁ་བྱང་། དུས་རབས་ཀྱི་མེ་སྟག
རང་གྲོལ་ལགས་ཀྱི་ཤི་རྐྱེན་ལས་འཕྲོས་ཏེ། མི་སོ་སོའི་ལྟ་ཚུལ་སོགས་གླེང་གཞི་བྱས་པ།

༡༢ བློ་མིག ཁ་བྱང་། ལག་དམར་དེ་སུ་རེད།
ང་ཚོ་རྗེས་དྲན་བྱེད་པར་མི་དགའ་བའི་སྐོར་དང་། རང་གྲོལ་ལགས་སྲོལ་རྒྱུན་གྱིས་བཀྲོངས་སོང་བ་དང་། རང་གྲོལ་ལགས་ལ་མི་གཞིའི་གས་ཁ་མེད་པ་སོགས་གླེང་།
༡༣ ཁྲག་ཐིགས། ཁ་བྱང་། རང་གྲོལ་ལས་འཕྲོས་པའི་ལྟ་ཚུལ་ཐུང་ངུ་།
སྤྱི་ཚོགས་འདི་ལ་དོ་ཁུར་བྱེད་པའི་རིགས་ཀྱིས་ཁོང་ལ་རྗེས་དྲན་མི་བྱེད་ཅིང་། ཁོང་བསམ་བློ་བ་མིན་པའི་སྐོར་སོགས་གླེང་།
༡༤ ཨ་ཚབ་འཇམ་དཔལ། ཁ་བྱང་། རང་གྲོལ་ལས་འཕྲོས་པའི་བསམ་ཚུལ།
རང་གྲོལ་ལགས་གསར་བཏོད་པ་དང་བསམ་བློ་བ་ཡིན་ལ། བོད་ཀྱི་ལོ་རྒྱུས་ཁྲོད་ན་གསར་བཏོད་པ་དང་བསམ་བློ་བ་ཡིན་པའི་སྐོར་སོགས་གླེང་།
༡༥ བཙན་སྒྲ། ཁ་བྱང་། རང་གྲོལ་ལ་གྱེས་བརྡ་གཏོང་བ།
རྩོམ་རིག་གི་སྟེང་ལ་གསར་བཏོད་བཏང་ཡོད་པ་དང་། དེ་རིང་ནས་ང་ཚོས་རང་གྲོལ་ལ་གྱེས་བརྡ་གཏོང་དགོས་པའི་རྒྱུ་མཚན་སོགས་གླེང་།
༡༦ ཧོར་བསྟན། ཁ་བྱང་། དོན་འགྲུལ་རྒྱལ་ལ་བཟུང་བའི་ལྟ་ཚུལ།
ལོ་རབས་བརྒྱད་ཅུ་དང་དེང་གི་དུས་རབས་བསྡུར་སར་མི་འགྲོ་བས་ཁོང་ལ་ལྟ་ཚུལ་གླེང་བ།
༡༧ ཇོ་ཤེར། ཁ་བྱང་། རང་གྲོལ་དང་འབྲེལ་བའི་ཁ་བརྡ།
བློ་འབྱེད་ཀྱི་ཆ་དང་གསར་བཏོད་ཀྱི་ཆ་སོགས་ནས་ཁོང་གླེང་དགོས་པའི་རྒྱུ་མཚན་དང་། རང་གྲོལ་དང་འབྲེལ་ནས་སྤྱི་ཚོགས་གླེང་དགོས་ན་སྤྱི་ཚོགས་ཀྱི་ཁ་གཏད་དུ་འགྲེང་ཐུབ་མིན་སོགས་ཀྱི་སྐོར་ནས་གླེང་།
༡༨ འཕྲིན་ལས། ཁ་བྱང་། རང་གྲོལ་གྱིས་སྟེར་བའི་བློ་སྐྱེད།
རྗེས་དྲན་འདི་དང་དེ་ལྟ་བུ་ལ་བྱེད་དགོས་ན། མང་བོ་ཞིག་ལ་རྗེས་དྲན་བྱེད་དགོས། དེ་ལྟར་ཡིན་ན་མི་སོ་སོའི་དུས་ཚོད་བརླག་འགྲོ་སྙམ་ན་ཕངས་འགྱོད་དང་། ཅི་ཞིག་ལ་བློ་སྐྱེད་ཟེར་ན་ཁོང་གི་བརྩམ་ཆོས་དག་གིས་གནང་བ་སོགས་གླེང་།
༡༩ གདུ་འཕྱུར། རང་གྲོལ་དང་སྙན་ངག་གླེང་བ།
ཁོང་སྙན་ངག་པ་ཡིན་མིན་གྱི་སྐོར་ནས་ཁོང་སྙན་ངག་པ་མ་ཡིན་པའི་རྒྱུ་མཚན་སོགས་གླེང་བ།
༢༠ ཨ་མདོ་བློ་གྲོས། ཁ་བྱང་། རང་གྲོལ་དང་བློ་འབྱེད་བཤད་པ།
རང་གྲོལ་ལགས་བློ་འབྱེད་པའི་མི་སྣར་གླེང་བར་མི་འཐད་པའི་སྐོར་དང་། ཁོང་འཆི་རྐྱེན་ཐད་ནས་ཁོང་ཤི་བ་སྔ་མེད་པའི་སྐོར་སོགས་གླེང་།
༢༡ རྔ་འབྲུག ཁ་བྱང་། བསམ་བློའི་འཐབ་མོ་བ།
དུས་རབས་གཉིས་ཀྱི་བར་མཚམས་ནས་ཁོང་ལ་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་སོགས་གླེང་།
༢༢ ལོ་པེ། ཁ་བྱང་།ང་དང་ཁྱོད་ཀྱི་རྙེད་དོན་དུ་གྱུར་བའི་རང་གྲོལ་གཉིས།
རང་གྲོལ་བཤད་དགོས་པའི་རྒྱུ་མཚན་ཁོང་ལ་མི་དྲི་བྲོ་བ་དང་། གསར་བཏོད་པ་སོགས་མིན་པའི་ཆ་གླེང་ཞིང་། ཁོང་ལ་སློབ་སྦྱོང་མི་བྱེད་པའི་རྒྱུ་མཚན་སོགས་གླེང་བ།
མཇུག་མཐར་སྐད་ཆ་དེ་དག་ལ་ལྟ་ཚུལ་གྱི་བགྲོ་གླེང་མང་བོ་བྱས་ཤིང་མདོ་འཛིན་པས་བགྲོ་གླེང་གི་མཇུག་བསྡུས།

གསལ་བཤད།འདི་ནི་ཁོ་བོས་རང་ཚོད་ཀྱིས་ཟིན་བྲིས་སུ་བཏབ་པ་ཡིན་པས་འདི་ལ་ནོར་འཁྲུལ་གྱི་ཆ་སོགས་ཡོད་ན་གྲོགས་པོ་ཡོངས་ལ་དགོངས་དག་ཞུ་རྒྱུ་དང་། ལྷག་ཏུ་གཏམ་བཤད་མི་སྣ་དག་གིས་སྐྱོན་བརྗོད་དང་བཟོད་སྒོམ་ཐེངས་ཤིག་ཅེས་འབོད་ཀི་ཡོད་དོ།།

མཁོ་སྤྲོད་པ་བློ་བཟང་ཆོས་འཛིན།

གསར་འགྱུར།

Post navigation

Previous Post: གནམ་ལོ་གསར་བཞད་ལ། སྤྲུལ་སྐུ་དབང་ཆེན།
Next Post: བདེ་བ་དང་སྡུག་བསྔལ། འབྲོང་ངུར་ཆོས་རྗེ།

Comment (1) on “རྔ་ཁུལ་གྱི་རང་གྲོལ་རྗེས་དྲན་ཐེངས་དང་པོ།”

  1. ཨོ་རྒྱན་ཉི་མ། says:
    2013-02-07 at 3:53 am

    ཆོས་དཔལ་སྲིད་གསུམ་གང་ཡང་མི་ཤེས་ཤིང་།།
    དྲན་རྒྱུ་མང་ལ་ང་རྒྱལ་རི་བོ་མཐོ།།
    སུམ་རྟགས་སྙན་གསུམ་མགོ་མཇུག་མ་ནོར་ཙམ།།
    ཤེས་པའི་དོན་གྲུབ་བོད་ལ་དྲིན་ཆེའམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme