Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་སྐུ། ཨོ་རྒྱན་ཉི་མ།

Posted on 2013-02-03 By ཁ་བརྡ་ 63 Comments on སྤྲུལ་སྐུ། ཨོ་རྒྱན་ཉི་མ།

སྤྲུལ་སྐུ་ཡོད་ན་བོད་ལ་དེས་ཆོག་ཡིན།།
སྤྲུལ་སྐུ་མེད་ན་བོད་ལ་ཐབས་ཆག་ཡིན།།
སྤྲུལ་སྐུའི་རྣམ་ཐར་རྒྱས་ན་བོད་རྣམས་བདེ།།
སྤྲུལ་སྐུར་གུས་པ་ཆེ་ན་བོད་རྒྱལ་ལོ།།

སྤྲུལ་སྐུ་མེད་ན་བོད་རྣམས་ལྐུགས་པ་ཡིན།།།
སྤྲུལ་སྐུ་མེད་ན་བོད་རྣམ་འབྱོར་མེད་ཡིན།།
སྤྲུལ་སྐུ་མེད་ན་བོད་རྣམས་ཞྭ་བོ་ཡིན།།
སྤྲུལ་སྐུ་མེད་ན་བོད་ལ་འཇོན་ཐང་མེད།།

སྤྲུལ་སྐུས་བོད་ཀྱི་རིག་གཞུང་རྨང་ནས་བསླངས།།
སྤྲུལ་སྐུས་བོད་ལ་གནས་གོས་ཟས་མལ་བསྟབས།།
སྤྲུལ་སྐུས་བོད་ལ་ཟ་ལུགས་འཐུང་ལུགས་བསླབས།།
སྤྲུལ་སྐུས་བོད་ཀྱི་སྲོག་རྩ་གཞིར་བཞེངས་བྱས།།

སྤྲུལ་སྐུ་དཔལ་འབྱོར་ཆེ་བས་ཉོ་རྒྱུ་མེད།།
སྤྲུལ་སྐུ་གཡོ་སྒྱུ་ཅན་ཞིག་ཡོད་རབས་མེད།།
སྤྲུལ་སྐུའི་གཏི་མུག་ཅན་ཞིག་དེ་བས་མེད།།
སྤྲུལ་སྐུ་ཡིན་ན་ལེགས་དགུ་ཚང་དགོས་སོ།།

རྩོམ་རིག

Post navigation

Previous Post: རེབ་གོང་རོང་པོ་དགོན་ཆེན་དུ་ཡི་གེ་འདི་བཀྲམས་འདུག
Next Post: འགྲོ་མགོན་བསོད་ནམས་གྲགས། སྐྱོ་བྲག་དགའ་དབང་།

Comments (63) on “སྤྲུལ་སྐུ། ཨོ་རྒྱན་ཉི་མ།”

  1. མེ་ཏོག་དཀར་པོ says:
    2013-02-03 at 10:02 am

    སྤྲུལ་གོག་མི་རིགས་ཡར་རྒྱས་འགག་རྡོ་ཡིན། །
    སྤྲུལ་གོག་བྱུར་དང་ཆགས་སྒོའི་སྣ་འདྲེན་ཡིན། །
    སྤྲུལ་གོག་རྒྱ་འདྲེ་འབོད་པའི་གཡབ་མོ་ཡིན། །
    སྤྲུལ་གོག་རང་ཡུལ་དགྲ་ལག་སྐྱེལ་མཁན་ཡིན། །
    འདི་ཚོས་བོད་ལ་ཕན་པ་བཏགས་རབས་མེད། །
    འདི་ཚོས་བསྟན་ལ་བྱ་བ་བྱས་རབས་མེད། །
    འདི་ཚོས་གཞན་ཕན་ལས་བཟང་སྒྲུབ་རབས་མེད། །
    འདི་ཚོས་ཡ་རབས་སྤྱོད་བཟང་སྟོན་རབས། །
    འདི་དག་མེད་ན་བོད་པར་ཡར་རྒྱས་འོང་།།
    འདི་དག་མེད་ན་སྐྱེ་བོ་ཆོས་ལ་དད། །
    འདི་དག་མེད་ན་སྤྱི་ཚོགས་གཙང་ཐིང་ཐིང་།
    འདི་དག་མེད་ན་ཆགས་སྡང་རྨོངས་གསུམ་ཉུང་།།

    སྤྲུལ་སྐུས་བཟའ་ཚང་གཏོར་བ་མང་། །
    སྤྲུལ་སྐུས་ཉལ་ཐ་འཐེན་པ་མང་། །
    སྤྲུལ་སྐུས་རྒྱུ་རྫས་རྐུས་པ་མང་། །
    སྤྲུལ་སྐུས་གཡོ་སྒྱུ་བྱས་པ་མང་། །

  2. ལུང་རྟོགས། says:
    2013-02-03 at 10:02 am

    ཨོ་རྒྱན་ཉི་མའི་སྤྲུལ་སྐུའི་བསྟོད་པ་འདིས།།
    མེ་ཏོག་དཀར་པོའི་སྙིང་ལ་ཟུག་ངུ་སློང་།།
    ད་རེས་་ཡོད་ན་མེ་ཏོག་དཀར་པོ་ཡིན།།
    ད་རེས་མེད་ན་མེ་ཏོག་ནག་པོ་ཡིན།།
    ཧཧཧ

  3. གནམ says:
    2013-02-03 at 10:03 am

    སྤྲུལ་སྐུའི་མཛད་པ་ཨ་མའི་དད་པ་གཉིས།།
    ད་ལྟ་ཡོད་ན་ད་ལྟ་མེད་པ་འདྲ།
    སྤྲུལ་བའི་སྐུ་དང་ཨ་མ་རྣམ་གཉིས་ནི།
    བཀའ་དྲིན་མི་ཆེ་ཟེར་ནས་ཞུ་མ་ཕོད།

  4. མེ་ཏོག་དཀར་པོ says:
    2013-02-03 at 10:04 am

    ཚོང་ནག་རྒྱག་ལཁན་སྤྲུལ་གོག་རེད། །
    དུད་ནག་འཐེན་མཁན་སྤྲུལ་གོག་རེད། །
    དཀོར་་ནག་བགམ་མཁན་སྤྲུལ་གོག་རེད། །
    སྲོལ་ནག་གཏོད་མཁན་སྤྲུལ་གོག་རེད། །

  5. མེ་ཏོག་དཀར་པོ says:
    2013-02-03 at 10:10 am

    འདི་ཚོས་མི་བསད་བྱས་ནས་ཕུང་བ་མང་། །
    འདི་ཚོས་རྟ་འཁྱེར་བྱས་ནས་བྲོས་པ་མང་། །
    འདི་ཚོས་སྔོ་ལོ་གནམ་ལ་འཕྱར་བ་མང་། །
    འདིི་ཚོས་རྫུན་གྱི་འཾཁོར་ལོ་བསྐོར་བ་མང་། །

  6. བན་དེ་བ། says:
    2013-02-03 at 10:16 am

    བུད་མེད་ཁ་བདེ་བཙན་ཕྱུག་འཛོམ་པའི་བུ།
    ཐམས་ཅད་སྤྲུལ་སྐུའི་འབྱུང་བའི་གནས་གཞི་ཡིན།
    ཀ་ཁ་མི་ཤེས་བ་སོའི་དྷར་མ་ཤེས།
    གདམས་ཁྲིད་མི་ཤེས་རྒྱོ་ཚུལ་ཐམས་ཅད་ཤེས།

    བསླབ་སྡོམ་མི་སྲུང་བུད་མེད་བསྲུང།
    ཉམས་ལེན་མི་བྱེད་དཀོར་ནག་བསགས།
    དགོན་པར་མི་བསྡད་གང་སར་འཁྱམས།
    གདམས་པར་མི་བལྟ་ཆགས་བརྙན་གཟིགས།

  7. གཡུ་འབྲུག་དཀར་པོ། says:
    2013-02-03 at 10:33 am

    ཐུགས་རྗེས་ཡས་སྤྲུལ་རྣམས་ལ་ལེགས་དགུ་ཚང་། །
    ལས་ཉོན་མས་སྤྲུལ་རྣམས་ལ་ཉེས་དགུ་ཚང་། །
    ཐུགས་རྗེ་ཡས་སྤྲུལ་བོད་ལ་ངེས་པར་མཁོ། །
    ལས་ཉོན་མས་སྤྲུལ་སུ་ལའང་མཁོ་བ་མེད། །

  8. སྟག་ར་ says:
    2013-02-03 at 11:10 am

    སྤྲུལ་སྐུ་ལ་དབྱེ་ན་གཉིས། ལྟས་བཟང་སྤྲུལ་སྐུ་ཡེ་ཤེས་རང་ཤར་དང། ལྟས་ངན་སྤྲུལ་སྐུ་དུག་ལྔ་རང་ཤར་གཉིས་སོ།
    སྤྲུལ་སྐུའི་མཚན་འཆང་ཨོ་རྒྱན་ཉི་མ་འདི། དེ་གཉིས་ཀྱི་ཁོངས་ནས་གང་ཞིག་ཡིན། ཁོ་བོས་ཁ་ཚོན་མ་ཆོད་དོ། དྲྭ་གྲོགས་ཚོར་མཁྱེན་རྟོགས་ཡོད་ན། དམར་མོ་འཛུབ་ཚུགས་བྱས་ནས་བསམ་ཚུལ་ལྷུག་པོར་གསུང་གནང་རོགས།

  9. བསྟན་འཛིན་རྒྱལ་པོ། says:
    2013-02-03 at 11:21 am

    སྤྲུལ་སྐུ་ཨོ་ཉི་ཆོས་ཅན། ལྟས་ངན་སྤྲུལ་སྐུ་དུག་ལྔ་རང་ཤར་ཡིན་ཏེ། ནང་པ་སངས་རྒྱས་པའི་སྤྲུལ་སྐུའི་མིང་འཛིན་པ་གང་ཞིག་ཆགས་སྡང་གིས་རྒྱུད་གདམས་པའི་སྐྱེ་བོ་ཐབས་ཆགས་ཞིག་ཡིན་པའི་ཕྱིར།
    སྤྲུལ་པའི་སྐུ་ཡིན་མིན་ད་ལྟ་ཆོག་ཨཱ། ཧ་ཧ་ཧ།

  10. བན་དེ་བ། says:
    2013-02-03 at 11:30 am

    སྤྲུལ་སྐུ་ཨོ་ཉི་དེ་གཉིས་གང་ཡིན་མིན་ཁོང་གི་མེད་པ་ལྔ་ཡི་འགྲེལ་བཤད་དང་ལྷ་སྲས་དར་མ་ལས་སོགས་ཀྱི་རྩོམ་ཞབས་སུ་མཆན་དེ་ཚོར་གཟིགས་དང་དེ་ཀས་ཆོག

  11. ཨོ་རྒྱན་ཉི་མ། says:
    2013-02-03 at 11:31 am

    སྤྲུལ་སྐུ་དངོས་ཡིན་བསྙམ་པའི་སྤོབས་པ་མེད།།
    སྤྲུལ་ས་ཤོར་འགྲོ་བསམ་པའི་དོགས་པ་མེད།།
    སྤྲུལ་མིང་ཙམ་པོ་ཕུང་གསུམ་མཐོང་བ་དང་།།
    སྤྲུལ་སྐུའི་བྱིན་བརླབས་ཁོ་བོར་ཡོད་ངེས་བསམ།།
    ཧཧཧཧཧཧ

  12. ནུབ་ཕྱོགས་གངས་ཕྲུག་ says:
    2013-02-03 at 11:33 am

    ཕུང་གསུམ་སྤྲུལ་སྐུ་ཨོ་ཉི་འདིས།
    །རྐུན་མའི་རྐུན་རྒྱབ་ལངས་དང་མཚུངས།
    །ད་བར་སྤྲུལ་གོག་རྣམས་ཀྱིས་ནི།
    །མགོ་བསྐོར་བསླུ་འཁྲིད་ལས་གཞན་མེད།

  13. བན་དེ་བ། says:
    2013-02-03 at 11:44 am

    སྤྲུལ་སྐུ་མིང་ཁུར་ཡང་དག་ལྟར་སྣང་ཡིན་མིན་ནི།
    དམ་ཆོས་ཚུལ་བཞིན་དང་དུ་ལེན་དང་མི་ལེན་ཡིན།
    གྲུབ་མཐའ་ཀུན་ལ་དག་སྣང་ཡོད་དང་མེད་པ་ཡིན།
    ཀ་ཁ་དང་པོ་ཉིད་ནས་ཤེས་དང་མི་ཤེས་ཡིན།

    ཆགས་སྡང་གཏི་མུག་གསུམ་གྱིས་བཟི་དང་མ་བཟི་ཡིན།
    རང་སྐྱོན་འཁྲུལ་པ་ཡིན་པར་ཤེས་དང་མ་ཤེས་ཡིན།
    འཇིག་རྟེན་འཁོར་བར་ངེས་འབྱུང་སྐྱེས་དང་མ་སྐྱེས་ཡིན།
    མཁའ་མཉམ་འགྲོ་ལ་བྱམས་བརྩེ་ལྡན་དང་མི་ལྡན་ཡིན།

  14. ཨོ་རྒྱན་ཉི་མ། says:
    2013-02-03 at 11:45 am

    སྤྲུལ་མིང་ཐོབ་དང་དབང་གིས་འཕྲོག་པ་མིན།།
    སྤྲུལ་མིང་རྒྱུ་དང་འབྱོར་བས་ཉོས་པ་མིན།།
    སྤྲུལ་རྫུན་ཁོ་བོ་ལོ་དགུ་ལོན་པའི་དུས།།
    སྤྲུལ་སྐུ་ཞིག་གིས་སྤྲུལ་མིང་གློ་བུར་གནངས།།
    སྤྲུལ་སྐུ་མིན་ཡང་སྤྲུལ་དོན་འགྲུབ་ན་བསམ།།
    སྤྲུལ་སྐུ་དངོས་ཀྱི་ལས་ཤིག་ཐོན་ན་བསམ།།
    སྤྲུལ་སྐུ་གོང་མ་དག་གི་རྣམ་ཐར་བསམ།།
    སྤྲུལ་སྐུ་མཚན་ཉིད་ཚང་རྣམས་སྤྱི་བོར་བཀུར།།
    སྤྲུལ་མིན་ཕུང་གསུམ་པ་རྣམས་བཏང་སྙོམ་བཞག།
    སྤྲུལ་སྐུ་ཕལ་ཆེར་དགོངས་པ་བསྡུས་སོང་ངོ་།།
    སྤྲུལ་རྫུན་དེ་ཚོ་སེང་ལྟར་འགྱིང་བའི་དུས།།
    སྤྲུལ་རྫུན་ཕུང་གསུམ་སྟེང་དུ་དགྲ་རུ་ཆས།།
    སྤྲུལ་རྫུན་བསྟན་གཤེད་འདུལ་ཕྱིར་ཤར་ནུབ་ཉུལ།།
    སྤྲུལ་རྫུན་ཁྲམ་པའི་བྱ་བྱེད་ལས་གསུམ་དག།
    སྤྲུལ་སྐུའི་མཁྱེན་ལྟར་ཁོ་བོའི་ཡིད་ལ་མཛའ།།

  15. བན་དེ་བ། says:
    2013-02-03 at 11:51 am

    བོད་ཀྱི་སྣོད་བཅུད་གཞན་ལག་འཇོག་མཁན་སྤྲུལ་སྐུ་ཡིན།
    ཆོས་རྒྱུད་ནང་ཁུལ་ཁྲག་ལྟར་དཀྲུགས་མཁན་སྤྲུལ་སྐུ་ཡིན།
    དགྲ་འདྲེ་ནང་དུ་འདྲེན་མཁན་བོད་ཀྱི་སྤྲུལ་སྐུ་ཡིན།
    ཞི་མི་དཀར་ནག་ཕོགས་གཟན་ཐམས་ཅད་སྤྲུལ་སྐུ་ཡིན།
    གསེར་དངུལ་ཐེམ་ཀ་བླངས་ཏེ་བོད་ཕུངས་སྤྲུལ་སྐུ་ཡིན།
    རྒྱ་བོད་འོ་ཁྲག་འདྲེས་དུས་ཁྲག་འཐུང་སྤྲུལ་སྐུ་ཡིན།
    རྒྱ་མོ་དབྱིན་མོ་ཐེ་སིང་རྐུབ་རྒྱུགས་སྤྲུལ་སྐུ་ཡིན།
    སྤྲུལ་སྐུའི་བྱེད་བྱས་བཞག་དང་མ་བཞག་དེ་ཚོ་ཡིན།

  16. ཀརྡོ་གཉེར་ཕྱག་པ་ says:
    2013-02-03 at 12:21 pm

    ཤྰཀྱ་ཐུབ་པ་མཆོག་གི་སྤྲུལ་སྐུ་རེད།
    པད་འབྱུང་སྤྲུལ་སྐུ་ཡིན་པའང་ཐེ་ཚོམས་མེད། །
    ཙོང་ཁ་པ་ཡང་འཇམ་དབྱངས་སྤྲུལ་པར་གྲགས། །
    སྤྱན་རས་གཟིགས་ཀྱིས་༸སྐུ་ཕྲེང་བཅུ་བཞིར་སྤྲུལ། །

    སྤྲུལ་སྐུ་སྤྱི་ལ་དམོད་ན་ཉམས་པའི་རྒྱུ། །
    ཕུང་གསུམ་སྤྲུལ་རྫུན་དག་ཐེར་བྱས་པ་དང་། །
    བསྟན་གཤེད་ཡོད་ཚད་ངོས་འཛིན་བྱེད་ཐུབ་ན། །
    བསྟན་པ་ཡུན་རིང་གནས་ལ་ཕན་པའང་སྲིད། །

  17. ཨོ་རྒྱན་ཉི་མ། says:
    2013-02-03 at 1:41 pm

    སྤྲུལ་སྐུའི་མཛད་པ་གཞི་དབྱིངས་བསྡུས་སོང་ན།།
    སྤྲུལ་རྫུན་ཕུང་གསུམ་ས་གཞི་ཁེངས་སོང་ན།།
    སྤྲུལ་སྐུའི་མིང་གིས་བོད་དང་སེམས་ཅན་དང་།།
    སྤྲུལ་སྐུ་ཡོད་ཚད་ཕུང་ངེས་ཁྱེད་ཅག་ལྟོས།།

  18. གདོང་དམར་བ་ says:
    2013-02-03 at 7:15 pm

    བོད་ཀྱི་སྤྲུལ་སྐུ་ཕལ་མོ་ཆེ།། སྤྲུལ་སྐུ་ཡིན་པར་ངས་མི་འདོད།། སྤྲུལ་སྐུ་དངོས་མ་ཡིན་གྱུར་ན།། སངས་རྒྱས་དངོས་ཀྱི་སྤྲུལ་པ་དགོས།། འོན་ཀྱང་བོད་ཀྱི་སྤྲུལ་མིང་དག། མཁོ་དང་བད་མེད་གཉིས་ཀ་ཡིན།། ཕན་དང་གནོད་བྱེད་གཉིས་ཀ་ཡིན།། དགོས་དང་མི་དགོས་གཉིས་ཀ་ཡིན།།

  19. མེ་ཏོག་དཀར་པོ says:
    2013-02-03 at 7:25 pm

    གང་དུ་ཟ་བཏུང་ཡོད་པ་དེར། །
    སྤྲུལ་གོག་འདི་ཚོ་སྔོན་མ་ཡིན། །
    གང་དུ་ལས་ཞིག་ཡོད་གྱུར་ན། །
    སྤྲུལ་གོག་དྲི་ཙམ་མཐོང་རྒྱུ་མེད། །
    ས་པཎ་ལེགས་བཤད་ལས་བྱུང་བའི། །
    སྤུ་མེད་ཕག་པ་སྤྲུལ་གོག་ཡིན། །

    སུ་ཡིས་སྤྲུལ་ལམ་སུའི་སྤྲུལ་སྐུ། །
    མི་ཤེས་བཞིན་དུ་ཨོབ་ཟོབ་ཀྱིས། །
    ཉམས་ཆུང་པགས་པ་བཤུས་པ་འདི། །
    དམྱལ་བར་སྐྱེ་བའི་རྟགས་ཡང་དག །

  20. སྤྲུལ་སྐུ་དབང་ཆེན། says:
    2013-02-03 at 8:45 pm

    གཞན་ཕན་བསྒྲུབ་པ་འདི་ཕྱི་ཡི་སྤྲུལ་སྐུ་ཡིན།།
    གཞན་གནོད་སྤངས་པ་འདི་ནང་གི་སྤྲུལ་སྐུ་ཡིན།།
    སྣང་སྲིད་དག་མཉམ་འདི་གསང་བའི་སྤྲུལ་སྐུ་ཡིན།།
    སྤྲུལ་སྐུ་སངས་རྒྱས་ཆོས་དགེ་འདུན་ཀུན་འདུས་ཡིན།།

  21. སྨུ་ཐག་གི་བུ་རྒྱུད། says:
    2013-02-03 at 10:22 pm

    འེ་སྤྲུལ་མི་སྤྲུལ་ནར་མའི་སྤྱོད་ལ་ལྟོས།།
    འེ་སྐུ་མི་སྐུ་བསམ་པའི་འཁྱེར་སོར་ལྟོ།།
    སྤྲུལ་སྐུ་ཟེར་བ་དོན་ལ་འབྱོར་བ་དང་།།
    དོན་ལ་མི་འབྱོར་རྒྱུ་ལ་བལྟས་པའང་ཡོད།།

    འོ་ཉིའི་རྫོབ་རྟགས་སྤྲུལ་སྐུའི་ཚབ་མཚོན་མིན།།
    ཤཀྱཱའི་མཚན་དཔེ་འོ་ཉིའི་ཡོན་ཏན་མིན།།
    དེས་ན་ཉ་དང་ཉུང་མ་མི་བསྲེ་བར།།
    ཤེས་རབ་རྣོན་པོའི་ཚད་ཀྱིས་གཞལ་འཚལ་ལོ།།

  22. མེ་ཏོག་དཀར་པོ says:
    2013-02-03 at 10:59 pm

    གཞན་ཕན་མ་བསྒྲུབ་པ་འདི་ཕྱི་ཡི་སྤྲུལ་སྐུ་ཡིན།།
    གཞན་གནོད་མ་སྤངས་པ་འདི་ནང་གི་སྤྲུལ་སྐུ་ཡིན།།
    ཡོད་ཚད་བདག་བཟུང་འདི་གསང་བའི་སྤྲུལ་སྐུ་ཡིན།།
    སྤྲུལ་སྐུ་བལྟས་ངན་བརྒྱད་ཅུ་གྱ་གཅིག་ཡིན།།

  23. ཨོ་རྒྱན་རིག་འཛིན། says:
    2013-02-03 at 11:32 pm

    མདོག་ངན་ཉམ་ཆུང་དབུལ་པོ་གསུམ།
    སྤྲུལ་སྐུའི་མི་འདོད་རྣམ་གསུམ་ཡིན།
    མི་ཆེན་ཕྱུག་པོ་དཔོན་པོ་གསུམ།
    སྤྲུལ་སྐུའི་འདོད་པ་རྣམ་གསུམ་ཡིན།

    བྱོལ་དང་ཐན་དང་ལྟས་ངན་གསུམ།
    སྣ་འདྲེན་བྱེད་མཁན་སྤྲུལ་སྐུ་ཡིན།
    ཕྱ་དང་གཡང་དང་དམུ་ཡད་གསུམ།
    མེད་བརླག་བྱེད་མཁན་སྤྲུལ་སྐུ་ཡིན།

    ཆོས་དང་སྡོམ་པ་དམ་ཚིག་གསུམ།
    ཡལ་བར་དོར་མཁན་སྤྲུལ་སྐུ་ཡིན།
    ཞེ་སྡོང་འདོད་ཆགས་གཏི་མུག་གསུམ།
    ལོངས་སུ་སྤྱོད་མཁན་སྤྲུལ་སྐུ་ཡིན།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-02-04 at 12:43 am

    གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །
    གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །
    གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །
    གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །

  25. དོན་དགའ། says:
    2013-02-04 at 1:23 am

    མཁན་པོ་འཇིག་མེད་ཕུན་ཚོགས་ཀྱིས་གསུངས།
    འོས་སྦྱོར་བ་དོན་དགའ།

    དེ་རིང་ཁ་སང་སྤྲུལ་སྐུ་མང་པོ་འདུག སྔོན་ཆད་བླ་མ་དང་དཔོན་པོ་དེ་ཚོའི་བུ་སྤྲུལ་སྐུ་རེད། དེང་དུས་འབྱོར་ལྡན་དང་གདོང་པ་དཀར་པོ་དེ་ཚོ་སྤྲུལ་སྐུ་རེད། ཤམ་བྷ་ལ་དང་། ཟངས་མདོག་དཔལ་རི་སོགས་ཞིང་ཁམས་དེ་ཚོའི་སྒོ་སྲུང་ཇེ་བཙན་དུ་སོང་ཡོད་ས་རེད། ཚང་མ་ཡར་མི་ཕེབས་པར་མར་ལ་ཡོང་གི་འདུག ད་དུང་ཤི་གསོན་བྱེ་མའི་ལ་ཁ་ནས་ཚུལ་ཡོང་དུས་རྡོ་ཕ་བོང་ཞིག་ལ་གདོང་ཐུག་བརྒྱབ་སྟེ་གས་འཐོར་དུ་སོང་བ་འདྲ། ཚུལ་བསླེབས་དུས་མི་མང་པོ་ཞིག་ཏུ་ཆགས་འདུག ཡོན་ཏན་དེ་ཡང་ཡང་སྤྲུལ་མང་པོ་ཡོད་པ་དེ་ཚོར་བགོ་བཤའ་བརྒྱབ་པའམ། ཡང་ན་དམྱལ་བའི་སྒོ་སྲུང་རྣམས་ཀྱིས་འཕྲོགས་བཅོམ་བྱས་སོང་བ་འདྲ། གང་ལྟར་སྐུ་སྔོན་མ་ལས་བརྒྱ་འགྱུར་གྱི་སྡུག་ཏུ་ཕྱིན་འདུག མང་ཆེ་བས་ཆོས་གོས་དང་ཕྲེང་བ་སོགས་ངོ་ཤེས་ཀྱི་འདུག་ཟེར་ནའང་ཐུགས་རྒྱུད་ཀྱི་ཡོན་ཏན་ནི་བརྗེད་ཚར་འདུག་པས་ཐ་ན་ཀ་ཁ་ཡང་སློབ་ཁག་པོ་རེད། ཡང་ཅུང་ཙམ་ནར་སོན་པའི་ཚེ་ཐོས་བསམ་སློབ་གཉེར་ལ་མི་བརྩོན་པར་དགོན་པའི་བསྟན་བདག་དང་། ཁྲི་ཐོག་པའི་མིང་གནས་དབང་ཆ་དང་གོ་གནས་འཛིན་གྱི་འདུག མིང་ཁུར་ནས་བསྟན་པ་ལ་སྲི་ཞུ་བསྒྲུབ་ན་འགྲིག་གི་འདུག་གི་རེད་དེ། འགའ་ཤས་ནི་བསྟན་བཤིག་གི་གཙོ་འཛིན་ལྟ་བུ་ཆགས་འདུག དེ་སྐྱོ་གནས་རེད། ཇི་སྐད་དུ། སྐུ་སྐྱེས་བསྟན་དོན་ལ་བྱོན་ན།། བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས།། ཞེས་གསུངས་པ་བཞིན་སེམས་ཅན་གྱི་དོན་དུ་སྤྲུལ་ཡོང་ཡིན་ཟེར་མཁན་དེ་ཚོ་བསྟན་འགྲོ་ལ་ཕན་ཐོགས་མཁན་དམིགས་བསལ་འདྲ་བོ་ཞིག་དགོས་པ་རེད། འོན་ཀྱང་དེང་དུས་སྤྲུལ་སྐུ་ཟེར་བ་དེ་ཚོ་མང་ཆེ་བ་ཞིག་བླ་བྲང་ཆེ་གེ་མོའི་ཤུལ་འཛིན་དང་། བླ་མ་ག་གེ་མོའི་མཚན་གནས་བདེ་སྤྱོད་བྱེད་མཁན། ཡང་ན་དཔལ་འབྱོར་འདུ་འགོད་ཀྱི་ལག་ཆ་ལྟ་བུར་གྱུར་འདུག་པས་ཧ་ཅང་གི་སྐྱོ་པོ་རེད། བདག་ཅག་གི་སྟོན་པས། ངའི་བསྟན་པ་འདི་ཕྱི་རོལ་གྱི་ལྷ་དང་བཅས་པ་བདུད་དང་བཅས་པ་སུ་གང་གིས་ཀྱང་གཞིག་མི་ནུས་མོད། ངའི་རྗེས་འཇུག་གི་གཟུགས་བརྙན་འཆང་བ་འགའ་ཞིག་གིས་བསྟན་པ་བསྣུབ་པར་འགྱུར་ནུས་ཞེས་ལུང་བསྟན་གསལ་པོ་གསུངས་ཡོད་པས། བསྟན་པའི་བདག་པོ་དང་། སྤྲུལ་པའི་སྐུ། རིན་པོ་ཆེ་ཡིན་ཟེར་མཁན་དེ་ཚོ་གོང་གི་ལུང་བསྟན་གྱིས་ཟིན་པའི་མི་སྣ་གཙོ་བོ་ལྟ་བུ་ཆགས་སོང་ན་བློ་ཕམ་དང་ཐབས་སྡུག་རེད། ངས་ནམ་རྒྱུན་སྤྲུལ་སྐུ་དེ་ཚོ་ལ་དམའ་འབེབས་དང་། ཁ་གཏད་གཅོག་པ་ལྟ་བུའི་ཚིག་མང་ཞིག་ཞུ་དགོས་ཐུག་གི་འདུག་ཀྱང་། མ་དད་པ་དང་ཕྲག་དོག་ནི་བྱས་པ་མིན། བཤད་དོན་མེད། ང་ཡང་ཆུང་དུས་ཞིག་ནས་སྤྲུལ་སྐུ་ཞིག་ལ་ངོས་འཛིན་བྱས་པ་རེད། འོན་ཀྱང་བསྟན་པ་སྤྱི་དང་ཁྱད་པར་སྤྲུལ་སྐུ་དེ་ཚོ་ལ་ཕན་ཐོགས་ན་སྙམ་སྟེ་ཞུས་པ་ཡིན། སྤྲུལ་སྐུ་འགའ་རེས་ངས་ཅིག་བཤད་བསྡད་དུས་མི་དགའ་བ་གནང་གི་འདུག ཡིན་ནའང་ངས་བསམ་པ་དཀར་པོ་ཡིན་སྙམ་ནས་འཚེར་གྱི་མི་འདུག འགྲོ་ཐུབ་མཁན་ཚོ་ཕྱི་རྒྱལ་གྱི་ལུང་པ་དང་། འགྲོ་མི་ཐུབ་མཁན་རྒྱ་ནག་སོགས་ཡུལ་གྲུ་དུ་མ་ལ་ཤིག་བཞིན་ཉུལ་ཏེ་ཞབས་འདྲེན་མང་པོ་བྱེད་ཀྱི་འདུག དེ་ལས་ཆུང་དུས་ནས་མཚན་ལྡན་བླ་མ་རེ་བསྟེན། བཤད་སྒྲུབ་ཀྱི་བསྟན་པ་ཡོད་སའི་དགོན་སྡེ་གང་རུང་རེ་ལ་སོང་ནས་ཐོས་བསམ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད། སྤྲུལ་སྐུ་རྣམས་ཀྱིས་ཡག་པོ་བྱས་ན་མཚན་གནས་རྗེས་འབྲེལ་གྱིས་བསྟན་འགྲོ་ལ་ཕན་ཐོགསཀྱི་འདུག ཡག་པོ་མ་བྱས་ན་དེ་བཞིན་བསྟན་པ་ལ་གནོད་ཀྱི་འདུག་ཅེས་སོགས་ཡང་ཡང་གསུངས་ཡོད་པ་དང་། དེ་བཞིན་ངའི་མི་ཚེའི་ནང་སྤྲུལ་སྐུ་སུ་ཡང་ངོས་འཛིན་མ་མྱོང་ལ་བྱེད་ཀྱང་མི་ནུས་ལ་ཞེས་ཀྱང་གསུངས་ཡོད།།

  26. ཨོ་རྒྱན་ཉི་མ། says:
    2013-02-04 at 1:01 pm

    —–ཧཧཧཧ ཀརྡོ་་་་་་་་་་་་་་

  27. བདེ་བ་ནས། says:
    2013-02-05 at 7:26 am

    ÅÅ
    བསྟན་དོན་ཐུག་དུས་སྤྲུལ་སྐུ་དལ་ལྷོད་ལྷོད།།
    སྦྱིན་བདག་བཙལ་ལ་སྤྲུལ་སྐུ་བྲེལ་ཚུབ་ཚུབ།།
    བསྔོ་རྟེན་མཐོང་ཚེ་སྤྲུལ་སྐུ་འཛུམ་ཤིག་ཤིག །
    གཤིན་ཆོས་སྒྲུབ་དུས་སྤྲུལ་སྐུ་ངོ་ནག་ནག །

    དགའ་མའི་རུམ་ལ་སྤྲུལ་སྐུ་དགའ་ལྷང་ལྷང་།།
    ཚོགས་དང་ཆོས་རར་སྤྲུལ་སྐུ་སྡུག་ངོ་ངོ་།།
    ཤ་ཆང་ཟས་ལ་སྤྲུལ་སྐུ་ཟ་རྔམ་རྔམ།།
    བསྟན་དང་འགྲོ་ལ་སྤྲུལ་སྐུས་ཕུང་ཆོག་ཆོག །

    ཐོབ་དང་གོ་ས་སྤྲུལ་སྐུས་རྩོད་ལ་ལ།།
    ལྷ་དང་བླ་མར་སྤྲུལ་སྐུས་ཞེ་བརྣག་བརྣག །
    མཆེད་དང་གྲོགས་ནི་སྤྲུལ་སྐུས་བསླུས་མོད་མོད།།
    ས་དང་ལམ་ནི་སྤྲུལ་སྐུས་ཐོབ་མདོག་མདོག །
    ཧ་ཧ་ཧ་ཨོ་ཉི་ནི་འདིའི་དཔེ་མཚོན་ཡག་ཤོས་ཤིག་མ་རེད་དམ་དྲ་གྲོགས་ཚོ།་་་་་་་་་་???????

  28. ཨོ་རྒྱན་ཉི་མ། says:
    2013-02-05 at 7:43 am

    མཚོན་བྱེད་ཡག་་པོ་རག་འདུག་ག ཧཧཧཧཧ ང་དེ་འདྲ་ཞིག་མིན་ཞེས་སྨྲ་བའི་སྤོབས་པ་མེད།

  29. ཨོ་རྒྱན་ཉི་མ། says:
    2013-02-05 at 7:50 am

    སྤྲུལ་སྐུ་མེད་ན་བོད་པས་འཇོན་རབས་མེད།།
    སྤྲུལ་སྐུ་མེད་ན་བོད་ལ་ངོམས་རྒྱུ་མེད།།
    སྤྲུལ་སྐུ་མེད་ན་བོད་པ་བརླག་ངེས་རེད།།
    སྤྲུལ་སྐུ་མེད་ན་བོད་རིག་བརླག་ངེས་སོ།།
    སྤྲུལ་རྫུན་ཕུང་གསུམ་སྤྲུལ་སྐུ་དངོས་ཀྱི་དགྲ།།

  30. བྱི་ལ says:
    2013-02-05 at 9:00 am

    ཞེ་སྡང་མི་ལ་ལངས་ན་ཡང། ལོང་ལྕགས་རྟ་ལ་གཞུས་པ་ལྟར། སྤྲུལ་སྐུ་ངོས་འཛིན་བྱེད་མཁན་གྱི། མཚན་སྙན་མཐོ་བའི་བླ་མ་ལ། རྒོལ་འདོད་ཡོད་ཀྱང་ནུས་མེད་འགས། སྤྲུལ་སྐུར་གཤེ་འདི་མི་ངན་གཤིས།

  31. མེ་ཏོག་དཀར་པོ says:
    2013-02-05 at 9:08 am

    ད་ཨོ་རྒྱན་ཉི་མ་ཁྱོད་རང་སྤྲུལ་སྐུ་ཡིན་ནམ

  32. མེ་ཏོག་དཀར་པོ says:
    2013-02-05 at 9:10 am

    ཨོ་ཉིའི་ཨབ་ཕྲུག་བྱི་ལ་འདི།། ཙིག་ཙིག་ཟེར་ན་འཚུབ་འཚུབ་སྣང་།

  33. ཨོ་རྒྱན་ཉི་མ། says:
    2013-02-05 at 12:34 pm

    ང་ནི་སྤྲུལ་སྐུ་མིན་ཡང་སྤྲུལ་རྫུན་ཞིག །ཕུང་གསུམ་པ་ལས་བཟང་ཞིག་ཡིན། །སྤྲུལ་སྐུ་མཆོག་ལས་ཞན་པ་ཡིན། །བསྟན་པ་སྲུང་ལ་དཔའ་བོ་ཡིན། །བསྟན་བཤིགས་སྟེང་དུ་ཁོང་ཁྲོ་ཆེ། །བསྟན་འཛིན་མཆོག་ལ་དད་པ་ཆེ། །བསྟན་པ་རིན་ཆེན་འཇིག་དོགས་ནས། །མཚམས་རེར་གཉིད་ཀྱང་མི་ཁུག་ཐལ། །དམ་མེད་ཕུང་གསུམ་མཐོ་སོང་ན། །དད་ལྡན་གང་ཟག་རྒྱུད་ཆུད་གཟན། །བསྟན་པ་དྲི་མེད་རྨང་ནས་བཤིགས། །དེ་ཕྱིར་ཕུང་གསུམ་གཏིང་ནས་དམོད། །འབྱོར་མེད་ཉམས་ཆུང་སྙིང་ནས་བརྩེ། །འབྱོར་ལྡན་མགོ་བོ་བསྐོར་བསམ་ཡང་། །ད་བར་འབྱོར་ལྡན་ཐུག་མ་མྱོང་། །ཕྱི་ཡུལ་འགྲིམས་པའི་བར་ལམ་ནས། །ཐུག་ཚད་སྤྲང་པོ་རྐྱང་རྐྱང་ཡིན། །སྤྲང་པོས་སྤྲང་པོར་ལྟོ་བསླང་ན། །རང་གཞན་གཉིས་ཀ་ཁྲེལ་བའི་རྒྱུ། །དེ་ཕྱིར་ཡོད་ཚད་རང་དགར་བཞག །འབྱོར་ཆེན་སྦྱིན་བདག་བླ་ཆེན་ལས། །ཆུང་ཆུང་ང་ཚོར་མི་ལྟ་ཁི། །

  34. བན་དེ་བ། says:
    2013-02-05 at 12:51 pm

    ཧཧཧ་ཨོ་ཉི་ད་སྐད་ཤོར་འདུག
    རྒྱུ་མེད་ནས་ཆོག་ཤེས་དགོས་ཚུལ་གྱི་དེབ་བྲིས་པ་འདྲ།
    སྤྲུལ་སྐུའི་རྒྱུད་ལ་གཞན་ཕན་མེད།
    སྤྲུལ་སྐུའི་རྒྱུད་ལ་རིས་མེད་མེད།
    སྤྲུལ་སྐུའི་རྒྱུད་ལ་དག་སྣང་མེད།
    སྤྲུལ་སྐུའི་རྒྱུད་ལ་ཉམས་རྟོགས་མེད།
    སྤྲུལ་སྐུའི་རྒྱུད་ལ་ལྷག་བསམ་མེད།

    མེད་པ་ལྔ་ལྡན་སྤྲུལ་སྐུ་ཡིན།

  35. ཨོ་རྒྱན་ཉི་མ། says:
    2013-02-05 at 1:48 pm

    སྐད་ཤོར་མ་རེད་དྲང་གཏམ་ཡིན། །དྲང་པོ་བཤད་ན་མི་དགའ། །དབྱུག་པ་ཕྱར་ན་ཁྱི་མི་དགའ། །རང་རང་གང་འདོད་ཤོད་ལ་སྡོད། །

  36. ཅོ་རི་ཉི་མ། says:
    2013-02-05 at 3:04 pm

    ཨོ་ཉི་ལགས་་་་ཁྱོད་ཀྱིས་སྤྲུལ་སྐུ་ཕུང་གསུམ་པ་ཟེར་ནས་དགག་དགོས་པའི་སྤྲུལ་སྐུ་ཞིག་དང་སྐད་གྲགས་དང་གོ་གནས་མཐོ་བའི་སྤྲུལ་སྐུ་རྣམས་ལ་བསྟོད་པ་བྱེད་དགོས་སའི་སྤྲུལ་སྐུ་ཞིག་གཉིས་བཤད་ཀྱི་འདུག འདི་དྲང་པོ་མ་རེད། དགག་ན་དགག་མཉམ་དང་སྒྲུབ་ན་སྒྲུབ་མཉམ་བྱེད་དགོས་པ་ལས་རྟོག་གེ་རིག་པའི་དགག་བྱ་ལ་དབང་ཆེ་ཆུང་དང་གོ་གནས་མཐོན་དམའ་གྱིས་ཁྱད་པ་ཕྱེ་མི་རུང་།་་་གཅིག་རེད།

    གཉིས་ནས་ཉམ་ཆུང་ཐོག་ཏུ་སྟག་ལས་ངར་བ་དང་བཙན་པོར་ཐུག་དུས་བལ་ལས་འཇམ་པའི་གཤིས་ཀ་འདི་རྟེན་འཇིག་ཕ་ཆོས་ཀྱི་ཕྱོགས་ནས་བཤད་ན་ཕོ་མཐའ་མའི་གཤིས་ཀ་རེད། གཤིས་ཀ་འདྲ་ཡོད་པའི་མི་རྣམས་ནི་ཉམ་ཆུང་མི་ཡི་གཉའ་གནོན་དང་འགྲོ་བ་མི་ཡི་གད་རྙིགས་རེད་བསམས་ཀྱི་འདུག

    ཁྱོད་ཀྱིས་འདོད་པ་བྱས་ན་ཕུང་གསུམ་པའི་སྤྲུལ་སྐུ་ཐབས་ཅད་རྩ་མེད་བཟོ་ནས་རྒྱལ་བ་དང་པན་ཆེན་ཁྱོད་གསུམ་མ་གཏོགས་སྤྲུལ་སྐུ་མེད་ན་བསམས་ཀྱི་ཡོད་ཚོད་འདུག དེར་འདྲ་རེད་དམ།་་་་ཧཧཧ

  37. ཅོ་རི་ཉི་མ། says:
    2013-02-05 at 3:10 pm

    ཨོ་ཉི་་་ལགས་་ཁྱེད་ཀྱིས་་་་འབྱོར་ལྡན་མགོ་བོ་བསྐོར་བསམ་ཡང་། །ད་བར་འབྱོར་ལྡན་ཐུག་མ་མྱོང་། ཞེས་པའི་སྐད་ཆ་འདིར་སྣང་བ་འགྲོ་བོ་བྱུང་། དྲང་བཤད་རེད། ་དྲང་བདེན་བཤད་མཁན་མི་ལ་ཧ་ཅང་དགའ་་་་ཧཧཧ

  38. ཨོ་རྒྱན་ཉི་མ། says:
    2013-02-05 at 3:49 pm

    འདི་ན་བདེན་པའི་གཏམ་གྱི་ང་རོ་ཞིག།
    མི་ཆུང་མགྲིན་པའི་ལམ་ནས་བཙུར་ན་ཡང་།།
    སུ་དང་གང་གིས་ཡིད་རྟོན་མི་འདུག་མོད།།
    བསྟན་པ་རྨང་ནས་འགྱེལ་དུས་འགྱོད་ངེས་སོ།།

  39. ཨོ་རྒྱན་ཉི་མ། says:
    2013-02-05 at 4:08 pm

    བོད་ལ་རང་བཙན་མེད་ན་མེད་དུ་ཆུགས།།
    བོད་མི་གཏིང་རྫོགས་སོང་ཡང་མི་འགྱོད་མོད།།
    བོད་ཀྱི་རིག་གཞུང་དམ་ཆོས་སྒྲོན་མེའི་འོད་།།
    བོད་ཀྱི་སྲོག་དང་བྲལ་ན་ཤིན་ཏུ་གནོངས།།

  40. མེ་ཏོག་དཀར་པོ says:
    2013-02-05 at 8:18 pm

    ཚིག་རྐང་དང་པོ་གཉིས་ཀྱིས་ནི་མི་རིགས་ཀྱི་ལ་རྒྱ་མེད་པར་མཚོན།
    ཕྱི་མ་གཉིས་ཀྱིས་རང་དང་རང་ལྟོས་ཁྱིམ་ཚང་ལྟོ་གོས་ཀྱི་དཀའ་ངལ་གྱི་ཉེན་ཁ་མཐོང་བས་སྡུག་སྐད་ཤོར་བ་མཚོན།

  41. མེ་ཏོག་དཀར་པོ says:
    2013-02-05 at 10:56 pm

    འདི་ནང་རང་རྣམ་གང་མཚམས་འདུག་པ་མ་ཟད། ཕུང་གསུམ་དང་ཕུང་གསུམ་ཟེར་ཏེ་བླ་ཆེན་དག་ལ་ཁ་གཏོང་བའི་རྒྱུ་མཚན་ཡང་གསལ་པོར་སྣང་།
    ༼༣༣༽ ཨོ་རྒྱན་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༥ གི་ཆུ་ཚོད་ ༡༢ སྐར་མ་ ༣༤
    ང་ནི་སྤྲུལ་སྐུ་མིན་ཡང་སྤྲུལ་རྫུན་ཞིག །ཕུང་གསུམ་པ་ལས་བཟང་ཞིག་ཡིན། །སྤྲུལ་སྐུ་མཆོག་ལས་ཞན་པ་ཡིན། །བསྟན་པ་སྲུང་ལ་དཔའ་བོ་ཡིན། །བསྟན་བཤིགས་སྟེང་དུ་ཁོང་ཁྲོ་ཆེ། །བསྟན་འཛིན་མཆོག་ལ་དད་པ་ཆེ། །བསྟན་པ་རིན་ཆེན་འཇིག་དོགས་ནས། །མཚམས་རེར་གཉིད་ཀྱང་མི་ཁུག་ཐལ། །དམ་མེད་ཕུང་གསུམ་མཐོ་སོང་ན། །དད་ལྡན་གང་ཟག་རྒྱུད་ཆུད་གཟན། །བསྟན་པ་དྲི་མེད་རྨང་ནས་བཤིགས། །དེ་ཕྱིར་ཕུང་གསུམ་གཏིང་ནས་དམོད། །འབྱོར་མེད་ཉམས་ཆུང་སྙིང་ནས་བརྩེ། །འབྱོར་ལྡན་མགོ་བོ་བསྐོར་བསམ་ཡང་། །ད་བར་འབྱོར་ལྡན་ཐུག་མ་མྱོང་། །ཕྱི་ཡུལ་འགྲིམས་པའི་བར་ལམ་ནས། །ཐུག་ཚད་སྤྲང་པོ་རྐྱང་རྐྱང་ཡིན། །སྤྲང་པོས་སྤྲང་པོར་ལྟོ་བསླང་ན། །རང་གཞན་གཉིས་ཀ་ཁྲེལ་བའི་རྒྱུ། །དེ་ཕྱིར་ཡོད་ཚད་རང་དགར་བཞག །འབྱོར་ཆེན་སྦྱིན་བདག་བླ་ཆེན་ལས། །ཆུང་ཆུང་ང་ཚོར་མི་ལྟ་ཁི། །༽

  42. ཨོ་རྒྱན་རིག་འཛིན། says:
    2013-02-06 at 12:44 am

    སྤྲུལ་སྐུའི་གཏམ་ལ་ཡིད་ཆེས་མེད།
    མཆོད་ཡོན་གཉིས་ཀ་སྤྲང་ཡིན་ཟེར།
    ཕྱུག་པོའི་དཀོར་ཀྱི་མ་གསོས་པའི།
    སྤྲུལ་སྐུ་ཕྱུག་པོ་ག་ནས་ཡོང།

    མགོ་འབྲི་མཇུག་སྣོགས་བྱེད་པའི་སྤྲུལ་སྐུས་གཏམ།
    བོད་མི་རྩ་རྫོགས་སོང་ཡང་འགྱོད་མེད་ཟེར།
    བོད་ཀྱི་རིག་གཞུང་རྩ་འཛིན་བྱེད་དགོས་ཟེར།
    བོད་རིགས་མེད་ན་རིག་གཞུང་སུ་ཡི་འཛིན།

    བོད་རང་བཙན་མེད་ན་མེད་ཆུགས་ཟེར།
    རིག་གཞུང་འཛིན་སྐྱོངས་བྱེད་ཡིན་ཟེར།
    རང་བཙན་མེད་ན་རིག་གཞུང་འཛིན་རེ་དེ།
    ཨོ་ཉིའི་སེམས་ལ་གདོན་འདྲེ་ཞུག་པ་འདྲ།

  43. ཨོ་རྒྱན་ཉི་མ། says:
    2013-02-06 at 1:37 am

    སྟོན་པ་མཚུངས་མེད་ཤཱཀྱའི་རྒྱལ་པོ་དང་།།
    བསྟན་པ་ཟླ་བྲལ་ལེགས་གསུང་དམ་པའི་ཆོས།།
    རྗེས་འཇུག་བླ་མེད་དགེ་འདུན་སྡེ་གཉིས་པོར།།
    གཏན་གྱི་བྱང་ཆུབ་བརྙེས་ཀྱང་སྐྱབས་སུ་བསྙེན།།

  44. མེ་ཏོག་དཀར་པོ says:
    2013-02-06 at 1:45 am

    ཡང་ཉམས་ཆུང་མདོག་གིས་གཞན་མགོ་སྐོར་རྩིས་མ་བྱོས་འ། སྤྲུལ་སྐུ་འདི་ཚོ་ལ་གཟབ་དགོས་མ་གཏོགས་སྤྲུལ་པ་སྣ་དགུ་སྟོན་རྒྱུ་ལ་ཨང་ཀི་དང་པོ་རེད་ད

  45. བན་དེ་བ། says:
    2013-02-06 at 3:05 am

    གཏན་གྱི་བྱང་ཆུབ་བརྙེས་ཀྱང་སྐྱབས་ཡིན་་་་་་་་་ཟེར
    རྫོགས་སངས་རྒྱས་ཀྱང་སྐྱབས་སུ་རེ།
    ད་དུང་འཁོར་བར་འཇིགས་སམ་ཅི།
    འཇིགས་པ་ཀུན་བྲལ་སངས་རྒྱས་ལ།
    སྐྱབས་གནས་ཡོད་པ་སྤྲུལ་སྐུའི་ལུགས།

    ཆུ་བོ་ཆེན་པོ་བརྒལ་བ་ལ།
    དེད་དཔོན་གྲུ་ལ་བརྟེན་དགོས་ཀྱང།
    ཆུ་གྲོལ་བགྲོད་ཟིན་སྐྱེ་བོ་ཡིས།
    སླར་ཡང་གྲུར་བརྟེན་བླུན་པོའི་ལུགས།

  46. བྱི་ལ says:
    2013-02-06 at 5:54 am

    སྤྲུལ་སྐུར་ཁ་རུབ་ལྕེ་རུབ་བྱེད་མཁན་གྱི་དྲྭ་གྲོགས་རྣམས། སྤྲུལ་སྐུ་རྫུན་བཟོ་བྱེད་མཁན་དེ་ཉེས་ཆེ་བ་ཡིན་ནམ། རྫུན་བཟོ་ལས་བྱུང་བའི་སྤྲུལ་སྐུའི་མིང་འཛིན་རྣསམ་ཉེས་ཆེ་བ་ཡིན་ཞེས། ཁོ་བོས་དྲི་འདི་འབུལ་འདོད་བྱུང་ལགས།

  47. བྱི་ལ says:
    2013-02-06 at 6:01 am

    དྲི་བ་ ཞེས་བཅོས་རོགས།

  48. བྱི་ལ says:
    2013-02-06 at 6:05 am

    མེ་ཏོག་དཀར་པོས་དྲི་བ་འདིར་ངེས་པར་གཟིགས་རོགས་གནང།

  49. ཨོ་རྒྱན་ཉི་མ། says:
    2013-02-06 at 6:50 am

    དགེ་ཆོས་དོན་གྲུབ་ཞོགས་དུང་ཚ་སྨྱུག་སོགས། །
    བོད་ཀྱི་རིག་གཞུང་སྲོག་རྩ་གཅོད་པའི་ཕྱིར། །
    བསམ་བཞིན་སྲིད་པ་བཟུང་བ་མ་ཡིན་ན། །
    གཞན་གྱིས་བསྐུལ་ལས་བྱུང་བ་མ་ཡིན་ནམ། །

  50. མེ་ཏོག་དཀར་པོ says:
    2013-02-06 at 7:10 am

    བྱི་ལ་ཁྱོད་ལ་ཨོ་ཉིས་སྒོར་མོ་ག་ཚད་སྤྲད་སོང་།

  51. ཨོ་རྒྱན་ཉི་མ། says:
    2013-02-06 at 8:34 am

    ཨོ་ཉི་དབྱིན་ཡུལ་ཡོད་ཀྱང་སྒོར་མོ་མེད། །
    བྱི་ལ་གང་ནས་ཡིན་མིན་ངས་མ་ཤེས། །
    མེ་དཀར་ཁྱོད་ཀྱིས་དེ་ལྟར་མ་ཟེར་ཅིག །
    མགྲིན་དབང་པོའི་ཏོག་ལ་་་་་་་་་་་་་་་་་་་་་་་་ཧཧཧཧཧཧཧཧཧཧ

  52. མེ་ཏོག་དཀར་པོ says:
    2013-02-06 at 9:14 am

    འོ་ཨོཉིའི་ལ་་འདི་རང་སྒུགས་སྡོད་ཡོད། ཁྱོད་ཀྱིས་ཕུང་གསུམ་པ་ཞེས་སྨོད་དུས་ངེད་ཚོས་དེར་རྒོལ་བ་ལ་ཁྱོད་ཀྱིས་ང་ཚོར་ཕུང་གསུམ་པའི་གསོས་ཕྲུག་ཅེས་ཅི་་ཙམ་འབར་གི་ཡོད། དེ་དང་གཅིག་པ་རེད་ད

  53. མེ་ཏོག་དཀར་པོ says:
    2013-02-06 at 9:20 am

    ཨོ་ཉིའི་ལན་

  54. ཨོ་རྒྱན་ཉི་མ། says:
    2013-02-06 at 11:40 am

    འབར་་་་་ཧཧཧ

  55. བྱི་ལ says:
    2013-02-06 at 12:02 pm

    ཧཧ མེ་དཀར་ལགས། བྱི་ལ་ཨོ་་ཉིའི་རྔན་དངུལ་གྱིས་བསླུས་ཏེ་ བྱི་ལས་ཨོ་ཉིའི་རྒྱབ་རྩ་བྱས་ཅི་ཤེས་ཏེ། མེ་དཀར་གྱིས་སྤྲུལ་པའི་སྐུ་རྣམས་སྡང་སྟངས་ལ་བལྟས་ན། གཏན་གཏན་མེ་དཀར་དམར་གཞུང་གི་དངུལ་དངོས་ཀྱིས་བསླུས་པའི་རྫོབ་རྟགས་གསལ་པོ་ཞིག་ལས། སེམས་རྣལ་དུ་གནས་པའི་བོད་མི་ཞིག་གི་བྱ་སྤྱོད་ག་ལ་ཡིན། ཁྱོད་སྙིང་རྗེ་ ཕ་ཆུས་དང་ཕོར་བླུག་མ་བརྗེ་ཨ། གོ་སོང་ངམ།

  56. གཡུ་འབྲུག་དཀར་པོ། says:
    2013-02-06 at 12:42 pm

    སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །
    སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །
    ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །
    ཇི་བཞིན་འགྲོ་བའི་དོན་བྱེད་པ། །
    ལྷ་དང་ལྷ་དབང་ལྷ་ཡི་བླ། །
    ལྷ་ཡི་དབང་པོ་ལྷ་མིན་བདག། །
    འཆི་མེད་དབང་པོ་ལྷ་ཡི་བླ། །
    འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །
    སྲིད་པའི་དགོན་པ་ལས་བརྒལ་བ། །
    སྟོན་པ་གཅིག་པུ་འགྲོ་བའི་བླ། །
    འཇིག་རྟེན་ཕྱོགས་བཅུར་རབ་བསྒྲགས་པ། །
    ཆོས་ཀྱི་སྦྱིན་བདག་ཆེན་པོ་སྟེ། །
    ཞེས་པའི་ཚིག་འདི་ལ་ཡང་བསམ་བློ་རེ་ཐོངས།

  57. གཡུ་འབྲུག་དཀར་པོ། says:
    2013-02-06 at 12:47 pm

    །བྱམས་དང་སྙིང་རྗེ་བྱང་སེམས་བསྐྱེད་བྱས་ནས། །འགྲོ་ལ་ཕན་བདེ་སྦྱོར་བའི་བརྟུལ་ཤུགས་ཀྱིས། །གཅིག་ཏུ་མ་བསྡད་རྒྱལ་ཁམས་ཕྱོགས་ { 4v } མེད་ཕྱིན། །དད་པའི་ཞིང་ལ་དགེ་བསྐུལ་གསལ་འདེབས་བྱས། །དབང་བསྐུར་གདམས་པས་གང་འདུལ་འབྲེལ་བ་འདོགས། །ཐེག་ཆེན་ཆོས་ཀྱིས་སེམས་ཅན་སྨིན་གྲོལ་ནས། །ཐམས་ཅད་ཐར་པའི་ཞིང་ལ་སྨོན་ལམ་འདེབས། །ལོག་ལྟ་ཅན་ཡང་གཞན་ཕན་སྙིང་རྗེས་སྐྱོང༌། །ཟོག་པོ་ཁྲམ་རྐྱལ་བྱས་ཀྱང་བློ་སེམས་བདེ། །སྙིགས་མའི་སྤྲུལ་སྐུ་བྱས་ཀྱང་ཁོ་བོ་ཙམ། །གང་ལ་མ་ཆགས་བདག་འཛིན་གཟེར་བོར་ཞིང༌། །ཚེ་འདིར་སྙན་གྲགས་ལོངས་སྤྱོད་གང་གིས་ཀྱང༌། །བློ་གཏད་མི་ཐུབ་ཀུན་རྫོབ་བསླུ་བའི་ཆོས། །བསམས་ཤིང་བསྐུལ་ནས་བློ་གཏད་ཆོས་ལ་བྱས། །སྐྱབས་ཆེན་དཀོན་མཆོག་གསུམ་ལ་སྐྱབས་མཆི་ནས། །ཡི་དམ་ལྷ་ཡི་བསྙེན་སྒྲུབ་ཚད་དུ་ཕྱིན། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང༌། །མི་ནོར་ཟས་གསུམ་འདོད་རྒུ་ཆར་ལྟར་བབ། །དད་གུས་ཅན་རྣམས་ཚོགས་གཉིས་ལམ་ལ་སྦྱོར། །དབང་སྡུད་མཁན་པོ་ཟེར་ཀྱང་བློ་སེམས་བདེ། །འབྲེལ་ཚད་དོན་ལྡན་བྱས་ཀྱང་ཁོ་བོ་ཙམ། །སྟོང་ཉིད་སྙིང་རྗེ་མཁའ་ལྟར་ཡངས་པའི་ནང༌། །སེམས་ཅན་ཀུན་ལ་བུ་ལྟར་བརྩེ་བའི་བློས། །རང་གི་ནུས་པ་གང་ཐོན་ཐབས་མཆོག་གིས། །དད་ལྡན་རྣམས་ཀྱི་བློ་ཁ་ཆོས་ལ་བསྒྱུར། །ཕྱོགས་ { 5r } མེད་ཀུན་ལ་བྱང་ཆུབ་སེམས་བླངས་ནས། །ལོག་ལྟ་ཅན་ཡང་གདུལ་བྱར་སྨོན་ལམ་བཏབ། །ཉེ་རིང་ཕྱོགས་ཆ་བསམ་ཆུང་བདག་ལ་མེད། །བསྟན་པའི་ཁུར་པོ་བདེ་བའི་ཕན་སྦྱོར་བས། །བསྟན་པའི་ཆོམ་པོ་བྱས་ཀྱང་བློ་སེམས་བདེ། །སྙིགས་མའི་བསྟན་འཛིན་བྱས་ཀྱང་ཁོ་བོ་ཙམ། །

  58. གཡུ་འབྲུག་དཀར་པོ། says:
    2013-02-06 at 12:50 pm

    །ཆགས་སྡང་མེ་དཔུང་འབར་བའི་བློ་སེམས་ཀྱིས། །རང་ལ་ཡོན་ཏན་སྣ་རེ་ཡོད་མོད་ཀྱང༌། །རང་རྒྱུད་སྲེགས་ནས་ངན་སོང་གཡང་ལ་སྐྱུར། །དེ་འདྲའི་ཆོས་པ་སྙིགས་མའི་དུས་མང་བས ། །གཞན་ལ་བདུད་སྤྲུལ་ཡིན་ངེས་བྱས་ནས་ཀྱང༌། །རང་གིས་རྒྱུ་ { 6r } འབྲས་ཁྱད་དུ་གསོད་པ་མང༌། །གཞན་ལ་ཟོག་པོ་ཡིན་རྩིས་བྱས་ནས་ཀྱང༌། །རང་གིས་གཡོ་ཁྲམ་བྱེད་པ་མཐེབ་འོག་གནོན། །གཞན་ལ་འགོང་པོའི་སྤྲུལ་པ་ཟེར་ནས་ཀྱང༌། །རང་ལ་གདོན་ཞུགས་དགེ་སྡིག་ཁྱད་དུ་གསོད། །གཞན་ལ་རྫུན་རྐྱལ་ཟེར་ལོ་སྨྲས་ན་ཡང༌། །རང་གི་དོན་དམ་རང་གིས་ཁྱད་དུ་གསོད། །གཞན་ལ་ཆོས་མེད་སྟོང་འུར་སྨྲས་ནས་ཀྱང༌། །རང་ཉིད་ཚུལ་འཆོས་ངང་ལ་མི་ཚེ་ཟད། །གཞན་ལ་བསྟན་པའི་ཆོམ་པོ་ཟེར་ནས་ཀྱང༌། །རང་ཉིད་སྒྱུ་མའི་མགོ་སྐོར་མི་མགོ་བརྡུང༌། །གཞན་ལ་ཕྲ་མོའི་སྐྱོན་རེ་འདོགས་བྱས་ནས། །རང་གི་ཆེན་པོ་ཁྱད་དུ་གསོད་པ་མང༌། །རང་གིས་སྐྱོན་མང་མཐེབ་འོག་མནན་བྱས་ནས། །གཞན་སྐྱོན་མང་པོ་མཛུབ་མོས་འདོན་པར་བྱེད། །རང་ཉིད་མཁས་ཤིང་བཙུན་པར་སྨྲས་ན་ཡང༌། །རང་ཉིད་མ་སྨིན་གཞན་རེ་འདོགས་པ་ཡོང༌། །དག་སྣང་ཕྱོགས་མེད་ཆོས་ཡོད་ཟེར་མོད་ཀྱང༌། །འཇིག་རྟེན་ཆེ་བའི་ངོ་ཚ་ཤོར་གྱིས་དོགས། །མི་རྣམས་ཀུན་ལ་བཟང་ཚུལ་སྨྲ་ན་ཡང༌། །གཞན་ལ་སྐྱོན་འབེབས་རང་གིས་ཆེ་བ་འདོན། །རང་གི་ཡོན་ཏན་མཁས་པར་འཛིན་བྱེད་ཅིང༌། །གཞན་གྱི་ཡོན་ཏན་ཁྱད་དུ་གསོད་པར་བྱེད། ། { 6v } རང་ལ་ཆོས་ཡོད་ཚུལ་བཞིན་གནས་ན་ཡང༌། །གཞན་ལ་ཆགས་སྡང་རྒྱང་འཕེན་སྨྲ་བ་མང༌། །ཕྱི་ན་འདུལ་ཁྲིམས་ངང་ཚུགས་བྱེད་ན་ཡང༌། །ནང་ན་གཡོ་ཁྲམ་མེ་རྡུལ་ལངས་ནས་ཡོང༌། །དམ་ཚིག་ང་གཙང་ཁ་ལ་སྨྲས་ན་ཡང༌། །གསང་སྔགས་གཞུང་ལུགས་མ་ཤེས་ཞོར་ལ་ཉམས། །ཕྱི་རུ་རྩ་བཞི་བསྙེན་རྫོགས་ལམ་ཞུགས་ཤིང༌། །ནང་གི་སྤྱོད་པ་གང་མིན་འབའ་ཞིག་སྒྲུབ། །རང་ཉིད་ཐེག་ཆེན་ས་ལ་གནས་བྱས་ནས། །གཞན་གྱི་ཐེག་པ་ཁྱད་དུ་གསོད་པ་མང༌། །རང་ཉིད་རྟོགས་ལྡན་ཡིན་ཞེས་སྨྲས་ན་ཡང༌། །དུག་ལྔའི་ལོ་འདབ་ནང་ནས་སློང་བ་ཡོང༌། །རང་ཉིད་གྲུབ་པ་ཐོབ་པར་ཁས་ལེན་ཀྱང༌། །རྣམ་གཡེང་འཁྲུལ་པའི་ཆོས་ལ་རྦད་རྔམས་ཆེ། །རང་ཉིད་སྒོམ་ཆེན་ཚུལ་ལ་གནས་བྱས་ནས། །རྣམ་རྟོག་གཡེངས་པའི་གཡོ་ཁྲམ་སུ་བས་རགས། །རང་ཉིད་རྣལ་འབྱོར་ཆེན་པོར་ཁས་ལེན་ནས། །ཆོས་བརྒྱད་གཡེང་བ་འབའ་ཞིག་སུ་བས་རགས། །རང་ཉིད་བྱ་བཏང་ཡིན་པར་ཁས་བླངས་ནས། །སེམས་ཀྱི་འདོད་བློ་བྱ་བ་གང་མིན་སྒྲུབ། །རང་ཉིད་བླ་མའི་ས་ལ་གནས་ནས་ཀྱང༌། །གཞན་གྱིས་མགོ་སྐོར་སུན་འབྱིན་ཕྱོགས་རིས་ཆེ། །རང་ཉིད་རབ་བྱུང་བཙུན་པར་ཁས་བླངས་ནས། །གྲོང་ཡུལ་བསྐོར་ཞིང་ཉོ་ཆང་མོ་མཚར་བརྟེན། ། { 7r } རང་ཉིད་དགེ་སློང་དགེ་ཚུལ་ཁས་ལེན་ཅིང༌། །སྤྱོད་པ་བག་མེད་གང་མིན་སྒྲུབ་པ་མང༌། །རང་ཉིད་བྱང་ཆུབ་སེམས་དཔར་ཁས་ལེན་ཀྱང༌། །གཞན་གྱི་སེམས་དཀྲུག་མི་རྣམས་མི་བདེར་འཛུད། །རང་ཉིད་ཨ་ནེ་བཟང་ཚུལ་ཁས་ལེན་ཀྱང༌། །ཕོ་མཚར་བརྟེན་ཅིང་མདུན་དུ་བུ་ཆུང་ཟ། །ཆོས་བྱེད་ཇི་ཙམ་ཁ་ཕོད་མཐོ་ན་ཡང༌། །རང་རྒྱུད་མ་སྨིན་གཞན་ལ་འཕྱར་ག་གཏོང༌། །རང་རྒྱུད་ཆོས་དང་མ་འདྲེས་རྟགས་མཚན་ཅན། །ཚུལ་འཆོས་བྱེད་ཅིང་ལྟ་བ་ཁ་ཁྱེར་མཐོ། །རང་ཉིད་ཉམས་ལེན་མཐར་ཐུག་མ་སོང་ཡང༌། །སྟོང་འུར་གྲགས་པས་འགྲོ་བ་ཟིལ་གྱིས་གནོན། །སྐྱོ་ཤས་མེད་པའི་ཆོས་སྒོར་འཇུག་པ་དེ། །ཐ་མ་ཆོས་མེད་གྲོང་ཡུལ་ཁྱིམ་ཐབ་ བཟུང༌། །ཉམས་ལེན་མེད་པའི་ཆོས་གཟུགས་འཁྱམས་པོ་ཚོ། །རང་དོན་རྟོགས་པའི་དུས་ནི་ནམ་ཡང་མེད། །བློ་དྲེད་མི་ལ་ཆོས་ཀྱི་ཟེར་མི་ཕོག །གྲོང་ཡུལ་མཐའ་སྐོར་ལོངས་སྤྱོད་སུ་ཆེ་འཁོར། །གྲྭ་པ་བྱེད་བློ་མང་པོའི་བསམ་པ་ཅན། །ཇི་ཙམ་འབད་ཀྱང་རྣམ་གཡེངས་འཁྲུལ་པས་ཁྱེར། །ཕ་ཡུལ་སྤངས་ནས་ས་ཕྱོགས་གར་ཕྱིན་ཀྱང༌། །འདོད་བློའི་འཛིན་པ་ནམ་ཡང་སྤོང་མི་ཕོད། །སེར་མོའི་གཟུགས་ཀྱིས་འཇིག་རྟེན་གང་མོད་ཀྱང༌། །མ་ནོར་གཞུང་ལུགས་སྐྱོང་བ་ཉིན་སྐར་ { 7v } འདྲ། །གཞན་ལ་ཆོས་ལུང་དབང་བསྐུར་བྱེད་ན་ཡང༌། །སྙིང་ལ་རང་ཉིད་གར་འགྲོ་ཐེ་ཚོམ་ཅན། །སྙིགས་མའི་དུས་ཀྱི་ཆོས་ལུགས་དགོད་རེ་བྲོ། །རང་རྒྱུད་མ་སྨིན་གཞན་ལ་འཆད་པ་རིངས། །འགྲོ་དོན་བྱེད་ཟེར་ཕྱོགས་རིས་རློམ་སེམས་ཀྱིས། །སྦྱིན་བདག་རྣམས་ལ་བདག་འཛིན་བློ་ཁ་བསྒྱུར། །ཕྱོགས་ཀུན་དད་པའི་གསོལ་འདེབས་མི་བྱེད་པར། །གར་ཕྱིན་ས་རུ་གཞན་ལ་ལྐོག་སྨྲས་བྱེད། །བསླབ་གསུམ་རྣམ་དག་བདག་ལ་ཡོད་སྨྲས་ཀྱང༌། །མདོ་རྒྱུད་ཀུན་གྱི་བཤད་གཞུང་རྒྱུད་ལ་མེད། །གནས་ལུགས་རྟོགས་པ་སུ་བས་མཐོ་ཟེར་ཀྱང༌། །སྤྲོ་རྒྱུའི་རྣམ་རྟོག་ཆུ་ཡི་རི་མོ་བཞིན། །མཐར་ཐུག་དོན་གྱི་བརྟན་པ་ཐོབ་ཟེར་ཀྱང༌། །འཆི་བའི་དུས་སུ་སྨྲེ་སྔགས་འདོན་པ་མང༌། །ས་ཕྱོགས་གར་ཕྱིན་གང་དུ་བལྟས་མོད་ཀྱང༌། །དེ་འདྲའི་ཆོས་གཟུགས་མཐོང་བས་བདག་ཡིད་སྐྱོ།

  59. མེ་ཏོག་དཀར་པོ says:
    2013-02-06 at 1:55 pm

    བྱི་ལས་སྐྱབས་མགོ་་ཨོ་ཉི་དང་། །
    ཨོ་ཉིའི་ཐུགས་སྲས་བྱི་ལ་གཉིས། །
    གཙིག་རྒྱབ་གཅིག་གིས་སྐྱོར་ལུགས་འདིས།།
    རྐུབ་དང་སྐྱག་པ་ལྷང་ངེར་དྲན།།

  60. ཨོ་རྒྱན་ཉི་མ། says:
    2013-02-07 at 1:37 am

    རེད། དུས་རབས་དང་བརྟུན་དགོས་ན། ལས་འབྲས་དང་། དམ་པའི་ཆོས་དེ་ཡང་བསྒྱར་བཅོས་ཐོངས། ཚན་རིག་དང་། གཡོ་སྒྱུ་ཁྲམ་གསུམ་དམ་པའི་ཡིན་པར་གྱིས། ཚན་རིག་པ་སྐྱབས་གནས་སུ་ཟུངས། ངོ་མ་ཁྱོད་ཚོ་སྨྱོས་ཟིན་པ་འདྲ།

  61. མེ་ཏོག་དཀར་པོ། says:
    2013-02-07 at 2:15 am

    ཨོ་ཉིའི་སྐྱག་པ་ག་ས་ག་ལ་མཐོང་རྒྱུ་འདུག

  62. ཨོ་རྒྱན་ཉི་མ། says:
    2013-02-07 at 3:48 am

    མེ་དཀར་གཅིན་པ་ཡང་་་་་་་་་ཉཧཧཧཧ

  63. མེ་ཏོག་དཀར་པོ says:
    2013-02-07 at 4:42 am

    སྤྲུལ་སྐུ་ཟེར་བ་འདི་ཚོ་སྐྱག་པའི་གྲས་ལ་བཞག་གི་ཡོད། ཧ་ཧ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme