Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཟབ་སྦྱོང་གསལ་བསྒྲགས།

Posted on 2013-02-012013-02-01 By ཁ་བརྡ་ 25 Comments on སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཟབ་སྦྱོང་གསལ་བསྒྲགས།

དེང་སྐབས་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཡོད་པའི་བོད་ཀྱི་རིས་མེད་དགོན་སྡེ་ཁག་དང་། དེ་བཞིན་གཞུང་སྒེར་ཚོགས་པ་དང། རྩོམ་སྒྲིག་ཁང་མང་པོར་ཡིག་གཟུགས་རྙིང་པ་ཁག་གི་ནང་ཡོད་པའི་སྔར་ཡོད་ཡིག་ཆ་ཁག་ཡིག་གཟུགས་གསར་པར་བསྒྱུར་སྟངས་མི་ཤེས་པ་དང། ཡིག་གཟུགས་རྙིང་པའི་ནང་ཡོད་པ་དེ་དག་རྒྱལ་སྤྱིའི་གཅིག་གྱུར་བོད་ཡིག་གི་གོ་སར་སླེབས་ཐུབ་མེད་སྟབས་གློག་ཀླད་འདྲ་མིན་ནང་བེད་སྤྱོད་མེད་པ་དང་གཅིག་གྱུར་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་སེལ་ཐབས་དང་། བོད་ཡིག་གི་དཔེ་དེབ་སོགས་རྩོམ་སྒྲིག་དང་ཇུས་འགོད་བྱ་ཐབས་སྐོར་ལ་འབྲེལ་ཡོད་མང་པོས་རེ་སྐུལ་བྱུང་དོན་ལྟར། འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བདུན་གཅིག་རིང་། ཡིག་གཟུགས་གསར་རྙིང་བརྗེ་བསྒྱུར་སྐོར་དང་། InDesign CS3/ CS4/ CS5/ CS6 ནང་དུ་བོད་ཡིག་དང་འབྲེལ་བའི་དེབ་རིགས་ཇུས་འགོད་བྱ་སྟངས། དཔེ་དེབ་ཀྱི་རྒྱབ་ཤ་དང་དཔེ་གཟུགས་ཆེ་ཆུང་སྣ་ཚོགས་བཟོ་ཐབས་བཅས་ཀྱི་སྐོར་ལ་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ པའི་ཚེས་༢༦ ནས་ཕྱི་ཟླ་༣ པའི་ཚེས་༤ བར་ཟབ་སྦྱོང་ཞིག་སྤྲོད་འཆར་ཡོད་ན། ཟབ་སྦྱོང་དུ་ཞུགས་མཁན་གྱི་ཆ་རྐྱེན་གཤམ་གསལ།

1 ཟབ་སྦྱོང་དུ་ཞུགས་མཁན་གཞུང་སྒེར་ཚོགས་པ་གང་རུང་གི་རྩོམ་སྒྲིག་དང་འབྲེལ་བའི་ལས་མི་ཡིན་དགོས་པ་ལས་མི་སྒེར་ལ་ས་མིག་མེད།
2 ཟབ་སྦྱོང་དུ་ཡོང་སྐབས་ཀྱི་ལམ་གྲོན་དང་། སྡོད་གནས། བཞེས་ལག་སོགས་རང་ངོས་ནས་ཐབས་ཤེས་གནང་དགོས།
3 ཟབ་སྦྱོང་དུ་ཡོང་མཁན་རྣམས་ཀྱིས་ངེས་པར་ཏུ་ལག་འཁྱེར་གློག་ཀླད་(Laptop) མཉམ་དུ་བསྣམ་དགོས།
4 ཟབ་སྦྱོང་དུ་ཞུགས་འདོད་མཁན་ཚོས་ཕྱི་ལོ་༢༠༡༣ལོའི་ཟླ་༢ ཚེས་༡༥ ཚུན་འདི་གར་འབྲེལ་གཏུགས་ཐོ་འགོད་བྱ་དགོས།

ཟབ་སྦྱོང་སྤྲོད་མཁན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་དང།  བོད་ཀྱི་དཔེ་མཛོད་ཁང་གི་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་དཔེ་དེབ་ཇུས་འགོད་ཆེད་མཁས་སྐུ་ཞབས་ཚེ་རྣམ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད་བློ་བཟང་ཡར་འཕེལ་བཅས།

ཚོགས་ཡུལ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་།
དུས་ཚོད། ཕྱི་ལོ་༢༠༡༣ ལོའི་ཟླ་༢ ཚེས་༢༦ ་ནས་ཟླ་༣ ཚེས་༤ བར།
འབྲེལ་གཏུག་བྱ་་ཡུལ། ཆོས་རྗེ་མ་ཡོན་ཏན་རྒྱ་མཚོ།
གློག་འཕྲིན། Monlamit2012@gmail.com ཁ་པར།  9418834807

གསལ་བསྒྲགས།

Post navigation

Previous Post: ས་མཐའི་དྲན་གླུ
Next Post: བླ་མ་ལགས ངས་ཁྱེད་ལ་རྒྱང་མཇལ་ཞུ། མི་ཉག་དུང་བརྡ།

Comments (25) on “སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཟབ་སྦྱོང་གསལ་བསྒྲགས།”

  1. དོལ་སྨྱོན། says:
    2013-02-01 at 1:53 am

    གཅར་འདོད་འདུག་སྟེ་གནས་ཀྱིས་བསྐལ་བས་བྱེད་ཐབས་བྲལ།

  2. rinchen tsetan says:
    2013-02-01 at 2:54 am

    ཡག་པོ་འདུག་ཡིན་ཡང་འགྲོ་གྲོན་སོགས་སོ་སོས་བཏང་ནས་ད་དུང་ཚོགས་པའི་ངོ་བོ་ལས་འགྲོ་མི་ཆོག་པའི་དོན་གང་ཡིན་ནམ།

  3. བློ་གྲོས། says:
    2013-02-01 at 6:32 am

    ཧ་ཅང་ཡག་པོ་འདུག ལམ་གྲོན་དང་། སྡོད་གནས། བཞེས་ལག་སོགས་རང་ངོས་ནས་ཐབས་ཤེས་དགོས་པ་ཙམ་ལས་འགྲོ་སོང་གཞན་མང་པོ་ཡོད་ངེས་རེད། དཔེར་ན་རྡ་སའི་དཔེ་མཛོད་ཚོགས་ཁང་ལ་ཉིན་རེར་ཧིན་སྒོར་༤༠༠༠ ལྷག་དགོས་འདུག དེ་མིན་ཚོགས་ཁང་ཆེན་པོ་མིན་སྟབས་ཡོང་མཁན་ཚང་མ་སྡོད་ས་ཡོད་རྒྱུ་མ་རེད། བསམ་བློ་ཐོང་མི་བརྒྱ་ཤོང་སར་ཉིས་བརྒྱ་མི་ཤོང་བ་ཤེས་པར་བྱ།

  4. rinchen tsetan says:
    2013-02-01 at 6:51 am

    ལེགས་སོ། ངས་དང་ལེན་ཞུ་གི་ཡིན་ ང་ཡང་གྲོ་གླིང་འདིར་འཛུལ་འདོད་བྱུང་བ ས་དབང་གི་དྲིས་པ་ཡིན།

  5. མེ་ཏོག་དཀར་པོ says:
    2013-02-01 at 7:13 am

    ལས་འགུལ་འདིར་དགའ་བསུ་ཞུ།།

  6. གནམ says:
    2013-02-01 at 7:55 am

    InDesign CS3/ CS4/ CS5/ CS6་ནང་ལ་སྨོན་ལམ་བོད་ཡིག་འགྲོ་འི་ཡོད་པ་རེད་དམ། བོད་ཡིག་ཡིག་རིགས་གཞན་རྣམས་འགྲོ་འི་ཡོད་པ་རེད། དེ་ན་Adobe family ཆ་ཚང་ནང་ལ་འགྲོ་ནིའི་བོད་ཡིག་ཡིག་གཟུགས་འདྲ་ཡོད་དམ། འགྲོ་སྟངས་འགྲོ་ལུགས་ཀྱི་གསལ་ཁ་མཁྱེན་མཁན་འདྲ་ཡོད་ན། གོ་བདེ་ཚིག་གི་བརྡ་ལ་སྤེལ་ཐུབ་པར་སྐྱབས་འཇིག་ཞུ། དེ་མིན་འདི་ཟབ་སྦྱོང་མ་སྦྱོང་ག་ཚད་ཡིན་ན་ཡང་། ཆ་རྐྱེན་དང་འགྲོ་སོང་གིས་མི་བརྟན་པས། དྲ་ལམ་ན་རོགས་བྱེད་འདྲ་ཡོད་ན་བཀའ་དྲིན་ཆེ།

  7. བློ་གྲོས། says:
    2013-02-01 at 8:18 am

    InDesign CS3/ CS4/ CS5/ CS6་ནང་ལ་སྨོན་ལམ་བོད་ཡིག་འགྲོ་གི་ཡོད་ཤག་རེད། གསལ་བསྒྲགས་ནང་གསལ་བོ་འདུག དཀའ་ངལ་དེ་དག་སེལ་ཆེད་ཡིན་ངེས་རེད། Adobe family ནང་ལ་འགྲོ་གི་ཡོད་མེད་མི་ཤེས།

  8. གནམ says:
    2013-02-01 at 8:23 am

    ད་ལྟ་བར་འགྲོ་རོགས་བྱེད་ནིའི་བོད་ཡིག་ཡིག་གཟུགས་ཁ་སྣ་ཚང་ནི་གཅིག་ལ་ཡང་མ་ཐུག་ཐལ། ཡིན་ཤག་ཤག་དང་ཡོད་ཤག་ཤག་གིས་ཉི་མ་འཁྱོལ་ནི་མ་རེད། གསལ་ཁ་ཡོད་ནེ། འགྲོ་སྟངས་ཅིག་ཤོད་དང་།

  9. BONPO says:
    2013-02-01 at 8:35 am

    སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཟབ་སྦྱོང་དེ་ལམ་ལྷོང་ཡོང་བར་ཤོག། ཁྱེད་རྣམ་གྱིས་སྒྲིག་བཞིན་པའི་ཚིག་མཛོད་ཆེན་མོ་དེའི་ཚིག་འབྲུ་རེ་རེ་ནས་གྲུབ་མཐའི་ཕྱོགས་ལྷུང་མེད་པར་ཀུན་སྙོམས་ཉི་མ་ལྟ་བུ་ཞིག་ཡོང་བའི་རེ་བ་ཆེ། །

  10. ལྷ་སྲས་ཐ་ཆུང་། says:
    2013-02-01 at 9:10 am

    ཤེས་ཡོན་གྱི་ཆ་དེ་ཚོགས་པ་གང་རུང་ཞིག་ལས་མི་སྒེར་བ་སུ་ཞིག་གིས་ཀྱང་ཤེས་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།

  11. བསྟན་འཛིན་རྒྱལ་པོ། says:
    2013-02-01 at 9:35 am

    InDesign CS6 གཉིས་ཀྱི་ནང་ཧི་མ་ལ་ཡའམ་སྨོན་ལམ་རྒྱལ་སྤྱིའི་ཡིག་གཟུགས་བཏགས་ཆས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་རེད། དེ་མིན་ CS3/ CS4/ CS5/ ནང་ད་བར་བེད་སྤྱོད་ཐུབ་པ་མ་མཐོང་། ཡིན་ནའང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་དེ་དག་ལ་མཁོ་བའི་གསར་དུ་རྒྱབ་གཉེར་མཉེན་ཆས་འདྲ་བཟོས་ཡོད་ན་དེ་ལུགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    གང་ལྟར་ཨ་ཁུ་སྨོན་ལམ་ལགས་ཀྱིས་ཐུགས་ཁུལ་ཆེན་པོའི་ཕྱག་ལས་དེ་དག་ད་བར་རིན་མེད་དང་བདེ་བླག་ཅན་ཤ་སྟག་ཡིན་རྩང་མི་མང་ནས་དགའ་མོས་དང་ཡིད་རངས་ཞུ་བཞིན་ཡོད། དེ་ཕྱིར་ཁོང་གི་མཛད་པ་ལ་ཁ་གཡར་བའམ་ཁོང་གི་མཚན་ཐོག་ནས་གཟབ་སྦྱོང་སྤྲོད་པ་སོགས་མུ་མཐུད་རིན་མེད་དུ་འགྲོ་ཐུབ་ན་དགེ་མཚན་ཆེ།
    ཡང་གོང་དུ་བརྡ་སའི་བོད་ཀྱི་དཔེ་མཛོད་ཁང་གིས་ཚོགས་ཁང་གི་གླ་ཆ་ཆེན་པོ་ལེན་འགྲོ་རབས་ཞིག་བཤད་སོང་། ཨ་ཁ་སྨོན་ལམ་གྲྭ་རྐྱང་བཅོས་མ་ཞིག་གིས་མི་ཚེ་གོང་པོར་གླ་མེད་དང་རིན་མེད་ངང་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་ཞབས་ཕྱི་ཞུ་ཐུབ་དུས་བོད་ཀྱི་དཔེ་མཛོད་ཁང་གིས་ཉིན་བདུན་རིང་གི་ཁང་གླ་དེ་རིན་མེད་དུ་ཅིས་ཕྱིས་གཏོང་མི་ཐུབ་རེད།

  12. dawa says:
    2013-02-01 at 12:36 pm

    ལྷ་སྲས་ཐ་ཆུང་ལགས་ཁྱོད་ཀྱི་སྐད་དེ་འདྲ་བཤད་ན་ལས་རྒྱུ་འབྲས་ལ་མི་རུང་། མི་སྒེར་གྱིས་ཤེས་མི་ཆོག་གང་ན་ཟེར་གྱི་འདུག ཟབས་སྦྱོང་ཐེང་གཅིག་མ་གཏོགས་མེད་ཟེར་མི་འདུག་་་སྔོན་ལ་ཚོགས་སྡེ་ཁག་གལ་ཆེ་བ་ཤེས་དགོས་དེ་ནས་རིམ་གྱིས་མི་སྒེར་ལ་སློབ་སྦྱོང་གནང་བའི་རེ་བ་ཡོད། གློག་ཀླད་སློབ་ཁྲིད་གསུང་ཆོས་འདྲ་བོ་མ་རེད། ཁྱེད་རང་གི་ཤེས་འདོད་ན་འཛམ་གླིང་སྒོ་ཕྱེས་ཡོད་པ་རེད་་་་་ཧཧཧཧ་རྩེད་མོ་ཡིན་་་གནོད་མི་ཉན།

  13. བློ་བཟང་ཡེ་ཤེས། says:
    2013-02-01 at 7:48 pm

    སྤྱིར་བཏང་རྒན་སྨོན་ལམ་ལགས་ཀྱིས་ཕྱག་ལས་ལ་རྒྱབ་སྐྱོར་དང་མོས་མཐུན་ཡོད་མོད།   ད་ཐེངས་ཀྱི་སྦྱོང་བརྡར་འདི་ཅུང་མཚར་བོ་ཞིག་ཏུ་མཐོང་སོང་།   གཅིག   སྦྱོར་བརྡར་ནང་ཚོགས་པའི་ཚོགས་མི་ལས་མི་སྒེར་ཞུགས་མི་ཆོག་པ།   གཉིས།   འགྲོ་སོང་རང་གིས་གཏོང་དགོས་པ།  གསུམ།  བོད་ཡིག་གསར་རྙིང་བརྗེ་ཚུལ་ལ་འདི་ལྟར་སྦྱོང་བརྡ་མ་འཚོགས་ཀྱང་ཚང་མས་ཤེས་སླ་བ།   བཞི།  InDesign CS6 ཀྱི་ནང་ཧི་མ་ལ་ཡ་སྔར་ནས་བཀོལ་སྤྱོད་བྱེད་ཆོག་གི་ཡོད་པ་བཅས་རེད།   འོན་ཀྱང་།   ཁྱེད་རྣམས་པའི་རྨི་ལམ་མངོན་འགྱུར་ཡོང་བའི་རེ་བ་ཡོད།
      

  14. ལུང་རྟོགས། says:
    2013-02-01 at 10:54 pm

    བོད་པའི་གཞན་རྟེན་གྱི་བསམ་བློ་འདི་ནམ་ཞིག་ལ་མེད་པར་འགྱུར་ཐུབ་བམ། སློབ་སྦྱོང་སྤྲད་པའི་སྟེང་ལ་འགྲོ་སོང་ཡང་གཏོང་དགོས་པའི་བསམ་བློ་འདི་འདྲ་ནི་ཧ་ཅང་རྗེས་ལུས་ཀྱི་བསམ་བློ་རེད། སྐུ་ཞབས་སྨོན་ལམ་ལགས་ཀྱིས་དཀའ་ངལ་ཁྱད་གསད་ཀྱིས་བོད་ཡིག་དེང་རབས་བརྡ་འཕྲིན་ཕྱོགས་སུ་ཁྲིད་གནང་བར་ཡི་རང་ཞུ་རྒྱུའི་ཚབ་ལ་མ་འགྲིག་མ་འཐུས་པར་བཤད་མཁན་གྱི་མི་འདི་དག་ནི་ངོ་མ་མི་ལུས་ཁྱི་སེམས་ཅན་རེད།

  15. འགར་ཚེ་རྒྱལ། says:
    2013-02-02 at 12:18 am

    ཟབ་སྦྱོང་དེ་འདྲ་ཞིག་གོ་སྒྲིག་གནང་བར་རྗེས་སུ་ཡི་རང་ཡོད། ཡིན་ཡང་སྦ་གསང་མེད་པར་ཞུ་རྒྱུ་ཞིག་ལ། ཚོགས་པ་གང་རུང་གི་རྩོམ་སྒྲིག་པ་དང་ལས་མི་མ་གཏོགས་མི་སྒེར་བ་ཚོར་ངོ་སོ་མི་ཆེ་བ་ཡིན་ནམ། མི་སྒེར་བ་ཚོས་ཤེས་བྱ་དེ་དག་ཤེས་མི་དགོས་པ་ཡིན་ནམ། ཚོགས་པ་གང་རུང་གི་རྩོམ་སྒྲིག་པ་ཚོར་ཚོགས་པའི་ངོས་ནས་འགྲོ་གྲོན་བཏང་སྟེ་གོ་སྒྲིག་གིས་ཟབ་སྦྱོང་དེ་འདྲར་འགྲོ་བའི་གོ་སྐབས་མང་པོ་ཐོབ་པ་དང་། ཚོགས་པ་གང་དེར་གཏན་འཇགས་ཀྱིས་མི་འདུག་པར་གླ་དངུལ་ཐེ་བ་ཞིག་ལ་དམིགས་ནས་ལས་ཀ་ཡག་པོ་རེ་བདམ་གསེས་བྱས་ནས་བསྡད་ཡོད། མི་སྒེར་བ་ཚོར་ཚོགས་ཁོངས་དང་ཚོགས་པའི་ལག་འཁྱེར་སོགས་ཆ་རྐྱེན་དེ་དག་གིས་འགྲོ་ལམ་བཀག་སྟེ་ལས་ཀ་མ་རེག་པ་དང་གོ་སྐབས་དེ་འདྲ་མ་ཐོབ་པར་ལྷག་བསྡད་ཡོད། མི་སྒར་བ་ཚོར་དམིགས་གཞི་མེད་པའི་ཆ་རྐྱེན་རེ་ཡིས་སྐེ་རྩ་དགག་ཡོང་དུས་ནམ་ཡང་གོ་སྐབས་རེག་རྒྱུ་ཁག་པོ་རེད། ངས་བསམ་ན་ཅི་ཞིག་ཤེས་པ་དེར་མཐོ་བཏེགས་དང་སྒེར་གཅོད་ལྟ་བུའི་ཆ་རྐྱེན་མི་འདོན་པར་སུ་ལའང་གོ་སྐབས་དེ་སྤྲད་ན་བཟང་གི་བསམ ཁོ་བོ་ནི་ཚོགས་པ་ཞིག་གི་ཚོགས་ཁོངས་སུ་རྩོམ་སྒྲིག་པའི་ལས་ཀ་བྱེད་ཀྱིན་ཡོད་སྟབས་ཁྱེད་ཅག་གི་ཆ་རྐྱེན་དེ་ཕལ་ཆེར་ཚང་ཡོད་ནའང་། གཞུང་སྒེར་གྱི་ལས་དོན་མང་པོ་ཞིག་གི་རྐྱེན་པས་ཡོང་མི་ཐུབ། རྩེ་སྐར་གྱིས།

  16. dorjee says:
    2013-02-02 at 12:44 am

    བསྟན་འཛིན་རྒྱལ་པོ་ དང་བློ་བཟང་ཡེ་ཤེས ་གཉིས་ལ་ཞུ་རྒྱུ་ཞིག་ལ adobe InDesign cs6 ནང་དུ་སྨོན་ལམ་དང་ཧི་མ་ལ་ཡིའི་ག་འདྲ་བྱས་ནས་ཡོང་གི་རེད། ལམ་སྟོན་གནང་རོགསཞུ། adobe photoshop cs6 ནང་དུ་བོད་ཡིག་ཚང་མ་བེད་སྤྱོད་ཐུབ་གི་རེད།

  17. ཤེལ་དཀར་ལེགས་བཤད། says:
    2013-02-02 at 1:10 am

    སྨོན་ལམ་བོད་ཡིག་རྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གཙོས་ལས་བྱེད་ཡོངས་ལ་འཚམས་འདྲི་དང་འབྲེལ་རིང་མིན་སྨོན་ལམ་བོད་ཡིག་དང་དཔེ་དེབ་ཇུས་བཀོད་ཟབ་སྦྱོང་གོ་སྒྲིག་གནང་འཆར་ལ་སྙིང་དབུས་ནས་བསྔགས་བརྗོད་དང་བཀྲིན་ཆེ་ཞུ་རྒྱུ། ལྷག་པར་སྤྱིའི་སྒྲིག་འཛུགས་ཁག་ལ་དམིགས་པ་ནི་དེ་བས་རླབས་ཆེན་ཞིག་ཡིན། ཟབ་སྦྱོང་དེའི་བརྒྱུད་ལམ་ནས་ཚོགས་སྡེ་ཁག་གི་པར་བསྐྲུན་ལས་དོན་ལ་རླབས་ཆེན་གྱི་ཕན་ཐོགས་ཡོང་རྒྱུའི་སྨོན་འདུན་ཞུ།

  18. dawa says:
    2013-02-02 at 1:20 am

    འགར་ཚེ་རྒྱལ་ལགས། ཁྱོད་ཡོང་མ་ཐུབ་ན་ཁྱད་པར་མེད། གོང་དུ་བཤད་པ་བཞིན་ཟབས་སྦྱོང་ཟེར་བ་གསུང་ཆོས་ཀྱི་ལུང་གནང་བ་ནང་བཞིན་མ་རེད། ཉིན་བདུན་རིང་མི་མང་པོ་ཞིག་རང་མགོ་ཐོན་པའི་སློབ་སྦྱོང་ག་འདྲ་སེ་སྤྲོད་དགོས་རེད། སྔོན་ལ་སློབ་ཁྲིད་བྱས་དེ་ནས་མི་རེ་རེས་སྦྱོང་བརྡར་བྱས་ནས་རང་མགོ་ཐོན་པ་བྱ་དགོས་རེད་་་་བསམ་བློ་ཐོང་དང་སློབ་གྲྭ་ཞིག་གི་འཛིན་གྲྭ་ནང་མི་༣༠ ལས་མང་ཚེ་དགེ་རྒན་གྱིས་སློབ་སྦྱོང་ཡག་པོ་སྤྲོད་མི་ཐུབ་པའི་གནས་ལུགས་ཤེས་པར་གྱིས། ཟབས་སྦྱོང་དེ་བརྒྱུད་ནས་བོད་ཡིག་དེབ་རིགས་ཇུས་འགོད་རང་མགོ་ཐོན་པ་མི་༥༠ བྱུང་ཚེ་བཙན་བྱོལ་སྤྱི་ཚོགས་འདིའི་གཟི་བརྗིད་རེད། དེ་སྔ་སུས་བོད་ཡིག་དེབ་རིགས་ཇུས་འགོད་སྐོར་ལ་ཟབས་སྦྱོང་སྤྲད་སོང་། དེ་ལ་བརྟེན་ནས་མི་སུ་རང་མགོ་ཐོན་པ་ཆགས་འདུག གཞུང་སྒེར་ལས་གཞུང་གལ་ཆེ་བ་དང་ཚོགས་པ་དང་མི་སྒེར་ལས་ཚོགས་པ་གལ་བ་ཆེ་མི་ཤེས་སམ། མི་སྒེར་མ་གཏོགས་གསམ་བློ་གང་ཡང་མི་གཏོང་མཁན་ཁྱོད་འདྲ་བ་བཤད་རྒྱུ་མང་གི ཁྱོད་ཀྱིས་མི་༥༠༠ ལ་དེབ་རིགས་ཇུས་འགོད་ཉིན་༧ ནང་ག་འདྲ་སེ་སྤྲོད་ཀྱི་ཡིན་ན། གཏམ་བཤད་ཙམ་གྱིས་འདྲིག་གམ། སློབ་གྲྭ་ཞིག་གི་འགྲོ་སྟངས་ཙམ་ཡང་མི་ཤེས་པར་པག་པག་ག་རེ་རེད།

  19. ཤེལ་དཀར་ལེགས་བཤད། says:
    2013-02-02 at 4:24 am

    ཁྱོད་ཀྱི་གསུང་པ་དེ་བདེན། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཟབ་སྦྱོང་ཞེས་གང་ས་ནས་གོ་རྒྱུ་ཡོད་པ་དང་མཐོང་རྒྱུ་ཡོད་པ་ཞིག་རེད། འོན་ཀྱང་དོན་ངོ་མར་ཉིན་ཁ་ཤས་རིང་བཀའ་སློབ་གསུང་བཤད་གོ་སྒྲིག་གནང་སྟེ་དེ་ཟབ་སྦྱོང་ཡིན་ལུགས་ཤོད་ཀྱིས་ཡོད། དེ་འདྲ་རྩ་བ་ཉིད་ནས་མ་རེད། ཟབ་སྦྱོང་ལ་ཁྱད་ཚོས་དང་ཚད་ཉིད་འགའ་ངེས་པར་ཚང་དགོས་པ་ནི། དང་པོ། ཟབ་སྦྱོང་གི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན། གཉིས་པ། ཟབ་སྦྱོངསོ་སོའི་དམིགས་ཡུལ་ལ་གཞིགས་པའི་ཚོགས་བཅར་གྱི་གྲངས་ཚད་དང་སྔོན་འགྲོའི་ཆ་རྐྱེན། གསུམ་པ། ཟབ་སྦྱོང་སྤྲོད་མཁན་གྱི་གཏམ་བཤད་གཅིག་པོ་མ་ཡིན་པར་ཚོགས་བཅར་རྣམས་མཉམ་དུ་འཁྲིད་དེ་སྒྱུ་རྩལ་མཚམས་སྦྱོར་གནང་རྒྱུ་རེ་རེ་བཞིན་དོ་སྣང་དང་འབྲེལ་བ་བཟང་པོ་བསྐྲུན་རྒྱུ། བཞི་པ། ཟབ་སྦྱོང་དང་འབྲེལ་གནད་དོན་ཡོངས་རྫོགས་ལ་འཆར་འགོད་གྲ་སྒྲིག་གཏིང་ཟབ་གནང་རྒྱུ་སོགས་མང་པོ་ཡོད། དེ་ལྟར་ན་ཟབ་སྦྱོང་ནང་ཚོགས་བཞུགས་གནང་མཁན་མི་གྲངས་ ༢༠ ནས་ ༣༠ བར་ཡིན་དགོས། དེ་ལས་མང་བ་བྱུང་ཚེ་དེ་ནི་ཟབ་སྦྱོང་གི་གལ་རྐྱེན་དང་འགོག་རྐྱེན་ཆགས་སྲིད་པ་ཞིག་རེད། ཟབ་སྦྱོང་ནི་གནད་དོན་གང་ཞིག་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཡིན་པར་དེས་ཚོགས་བཅར་སོ་སོའི་མི་ཚེའི་ནང་བེད་སྦྱོང་གཏོང་ཐུབ་པའི་སྒྱུ་རྩལ་ཐབས་ལམ་དང་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བྱེད་ཐུབ་པ་ཞིག་བཟོ་རྒྱུ་དེ་རེད། ད་རེས་སྨོན་ལམ་བོད་ཡིག་ཞིབ་འཇུག་ཁང་གི་ཟབ་སྦྱོང་ནི་ཚོགས་སྡེ་ཁག་ལ་དམིགས་པ་ཞིག་ཡིན་པ་ཞིག་ཡིན་སྟབས་དེ་ལ་རྩོད་རྒྱུ་གང་ཡང་ལྷག་མེད། ལྷག་པར་ང་ཚོའི་སྦྱི་ཚོགས་དེ་ཡག་པོ་ཞིག་ཆགས་ན་ང་སྒེར་གྱི་དགོས་ཡང་རིམ་སྒྲུབ་ངེས་ཡིན། སྤྱི་སྒེར་གཉིས་ལས་སྤྱིའི་ལས་དོན་དང་པོ་དེ་བརྩི་དགོས་པ་ནི་དོན་གྱི་སྙིང་པོ་ཡིན་པ་དགོངས་འཇགས་འཚལ།

  20. ཤེལ་དཀར་ལེགས་བཤད། says:
    2013-02-02 at 4:24 am

    ཁྱོད་ཀྱི་གསུང་པ་དེ་བདེན། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཟབ་སྦྱོང་ཞེས་གང་ས་ནས་གོ་རྒྱུ་ཡོད་པ་དང་མཐོང་རྒྱུ་ཡོད་པ་ཞིག་རེད། འོན་ཀྱང་དོན་ངོ་མར་ཉིན་ཁ་ཤས་རིང་བཀའ་སློབ་གསུང་བཤད་གོ་སྒྲིག་གནང་སྟེ་དེ་ཟབ་སྦྱོང་ཡིན་ལུགས་ཤོད་ཀྱིས་ཡོད། དེ་འདྲ་རྩ་བ་ཉིད་ནས་མ་རེད། ཟབ་སྦྱོང་ལ་ཁྱད་ཚོས་དང་ཚད་ཉིད་འགའ་ངེས་པར་ཚང་དགོས་པ་ནི། དང་པོ། ཟབ་སྦྱོང་གི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན། གཉིས་པ། ཟབ་སྦྱོངསོ་སོའི་དམིགས་ཡུལ་ལ་གཞིགས་པའི་ཚོགས་བཅར་གྱི་གྲངས་ཚད་དང་སྔོན་འགྲོའི་ཆ་རྐྱེན། གསུམ་པ། ཟབ་སྦྱོང་སྤྲོད་མཁན་གྱི་གཏམ་བཤད་གཅིག་པོ་མ་ཡིན་པར་ཚོགས་བཅར་རྣམས་མཉམ་དུ་འཁྲིད་དེ་སྒྱུ་རྩལ་མཚམས་སྦྱོར་གནང་རྒྱུ་རེ་རེ་བཞིན་དོ་སྣང་དང་འབྲེལ་བ་བཟང་པོ་བསྐྲུན་རྒྱུ། བཞི་པ། ཟབ་སྦྱོང་དང་འབྲེལ་གནད་དོན་ཡོངས་རྫོགས་ལ་འཆར་འགོད་གྲ་སྒྲིག་གཏིང་ཟབ་གནང་རྒྱུ་སོགས་མང་པོ་ཡོད། དེ་ལྟར་ན་ཟབ་སྦྱོང་ནང་ཚོགས་བཞུགས་གནང་མཁན་མི་གྲངས་ ༢༠ ནས་ ༣༠ བར་ཡིན་དགོས། དེ་ལས་མང་བ་བྱུང་ཚེ་དེ་ནི་ཟབ་སྦྱོང་གི་གལ་རྐྱེན་དང་འགོག་རྐྱེན་ཆགས་སྲིད་པ་ཞིག་རེད། ཟབ་སྦྱོང་ནི་གནད་དོན་གང་ཞིག་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཡིན་པར་དེས་ཚོགས་བཅར་སོ་སོའི་མི་ཚེའི་ནང་བེད་སྦྱོང་གཏོང་ཐུབ་པའི་སྒྱུ་རྩལ་ཐབས་ལམ་དང་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བྱེད་ཐུབ་པ་ཞིག་བཟོ་རྒྱུ་དེ་རེད། ད་རེས་སྨོན་ལམ་བོད་ཡིག་ཞིབ་འཇུག་ཁང་གི་ཟབ་སྦྱོང་ནི་ཚོགས་སྡེ་ཁག་ལ་དམིགས་པ་ཞིག་ཡིན་པ་ཞིག་ཡིན་སྟབས་དེ་ལ་རྩོད་རྒྱུ་གང་ཡང་ལྷག་མེད། ལྷག་པར་ང་ཚོའི་སྦྱི་ཚོགས་དེ་ཡག་པོ་ཞིག་ཆགས་ན་ང་སྒེར་གྱི་དགོས་ཡང་རིམ་སྒྲུབ་ངེས་ཡིན། སྤྱི་སྒེར་གཉིས་ལས་སྤྱིའི་ལས་དོན་དང་པོ་དེ་བརྩི་དགོས་པ་ནི་དོན་གྱི་སྙིང་པོ་ཡིན་པ་དགོངས་འཇགས་འཚལ།

  21. གནམ says:
    2013-02-02 at 8:15 am

    InDesign CS3/ CS4/ CS5/ CS6 ནང་དུ་བོད་ཡིག་དང་འབྲེལ་བའི་དེབ་རིགས་ཇུས་འགོད་བྱ་སྟངས། དཔེ་དེབ་ཀྱི་རྒྱབ་ཤ་དང་དཔེ་གཟུགས་ཆེ་ཆུང་སྣ་ཚོགས་བཟོ་ཐབས་བཅས་ཀྱི་སྐོར་ཉིན་དྲུག་གི་རིང་ལ་འདི་དག་ཚང་མར་ཟབ་ཞིང་རྒྱས་པའི་སྦྱོང་བ་ཞིག་སྤྲོད་ཐུབ་ཐབས་ཤིག་ཡོད་ན། ཨ་མ། ས་སྟེངས་འདི་ན་ཁྱད་ལས་བ་མང་སོང་ནས་འགྲོ་ས་ཞིག་ཡོད་རྒྱུ་མ་རེད།
    དགེ་རྒན་ཁ་ལབ་ཅན་ཞིག་དང་ལས་སློབ་ཧམ་སེམས་ཅན་གཉིས་ལ། ད་རེ་ཉན་ས་ལྟ་ས་གཉིས་ཀ་ཡོད་རྒྱུ་རེད་འདུག་པས། འཇུག་འབྲས་ཞིག་ཡིག་ཐོག་དང་གཟུགས་ཐོག་ནས་བཀོད་པར་ཞུ། ཨ་ཧ་ཧ་ཧ། ད་ཡིན་ན། མྱི་འདི་ཚོས་ཡག་པ་ཞིག་བྱས་ནས་ཤི་འི་འཇུག་རྒྱུ་མ་རེད། བླ་མས་ཅིག་མཁྱེན།།།།།།།

  22. བསོད་ནམས་ཟླ་བ། says:
    2013-02-03 at 7:28 am

    སྐུ་ཞབས་སྨོན་ལམ་ལགས་ཀྱིས་ཟབ་སྦྱོང་དེ་ལྟར་གོ་སྒྲིག་བྱས་པར་དགའ་གུས་གྲངས་མེད་ཞུ། ད་རེས་གཞུང་སྒེར་ཚོགས་པ་ཁག་ལ་དམིགས་ཏེ་ཟབ་སྦྱོང་དེ་འཚོག་རྒྱུ་ཡིན་འདུག། གལ་ཏེ་མི་སྒེར་སོ་སོས་བོད་ཡིག་ཆ་འཕྲིན་ལག་རྩལ་དེའི་སྐོར་ཤེས་འདོད་ན། གཤམ་ལ་གུས་པའི་དྲ་ཚིགས་སུ་དེའི་སྐོར་སྔོན་ནས་བཀོད་ཟིན་པས་གཟིགས་པར་འཚལ། དེ་མིན་གྱི་དྲ་རྒྱ་གཞན་རྒྱུད་དཀའ་གནད་དེ་དག་སེལ་བའི་སྐོར་བཀོད་ཡོད་ཤས་ཆེ།
    Adobe CS3/ CS4 ནང་བོད་ཡིག་བརྒྱག་རྒྱུར་དཀའ་ཚིགས་གང་ཡང་བྱུང་མེད།
    Adobe CS5 ནང་བོད་ཡིག་བརྒྱག་པར་ཐབས་ལམ་དེར་ཡོད།
    http://sonamdawa.webwalker.to/2011/12/02/rendering-tibetan-unicode-script-in-adobe-indesign-cs5/
    Adobe Indesign CS6 ནང་བོད་ཡིག་དཀའ་ངལ་ཇི་ལྟར་སེལ་ཐབས་དེར་བཀོད་ཡོད།
    http://sonamdawa.blogspot.in/2013/01/adobe-indesign-cs6.html
    བོད་ཡིག་ཡིག་གཟུགས་རྙིང་པ་ནས་རྒྱལ་སྤྱི་གཅིག་འགྱུར་ཅན་གྱི་ཡིག་གཟུགས་སུ་བསྒྱུར་སྟངས་དེར་ཡོད།
    http://sonamdawa.blogspot.in/2012/12/unicode_24.html
    བོད་ཡིག་གཟུགས་རྒྱལ་སྤྱི་གཅིག་འགྱུར་ཅན་ནས་སྔར་གྱི་བོད་ཡིག་ཡིག་གཟུགས་རྙིང་པར་བསྒྱུར་སྟངས་དེར་ཡོད།
    http://sonamdawa.blogspot.in/2012/12/unicode.html

  23. པདྨ་རྡ་རྗེ། says:
    2013-02-03 at 9:41 pm

    བྱ་བ་ཐམས་ཅད་ལམ་ལྷོང་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་།

  24. དྭངས་གཙང་ says:
    2013-02-23 at 10:02 am

    སྐུ་ཞབས་སྨོན་ལམ་ལགས་ཀྱི་དེ་སྔའི་རླབས་ཆེན་མཛད་པར་ཡིད་རངས་དང་། སྐབས་འདིའི་མཛད་འཆར་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་གི་ཡིན།

  25. སྡེ་དགེ་ཤེས་རབ། says:
    2013-03-17 at 12:40 am

    ལྷན་རྒྱས་ཚོ་ཡག་པོ་གསུང་འདུག མུ་མཐུད་ནས་འདི་འདྲའི་བགྲོ་གླེང་བྱུང་ན་དགའ་བསུ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme