Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་མཁས་པའི་བགྲོ་གླེང་།

Posted on 2013-01-312013-01-31 By ཁ་བརྡ་ 1 Comment on ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་མཁས་པའི་བགྲོ་གླེང་།

གནས་ཚུལ་མཁོ་སྤྲོད་པ། དགེ་བཤེས་སྨོན་ལམ་མཐར་ཕྱིན།

ཕྱི་ལོ་༢༠༡༣ ཟླ་༡ ཚེས་༣༡ ཉིན་རྒྱབ་ཆུ་ཚོད་༢ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའིIndia International Centerཞེས་པའི་ཚོགས་ཁང་དང་པོའི་ནང་། གྷན་དྷི་ཞི་བདེ་དགེ་རྩས་གོ་སྒྲིག་འོག དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དང་། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག གཞན་ཡང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ། Mr. Lalit Mansingh,མཆོག་དང་། རྒྱ་གར་བཀའ་དྲུང་ལས་ཁུངས་ཀྱི་དྲུང་འཕར་ཟུར་པ། Mr. Jayadeva Ranade སོགས་མཁས་དབང་དང་། ཉམས་ཞིབ་པ་དང་། རྩོམ་པ་པོ། དེ་མིན་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་གི་གནད་ཡོད་མི་སྣ་བཅས་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་”ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གྱི་བགྲོ་གླེང་གནང་ཡོད་པ་རེད། དེ་ཡང་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་ནས་ཚོགས་འདུ་གཙོ་སྐྱོང་གིས་ཐོག་མར་གསུང་བཤད་གནང་མཁན་ཚོའི་ལོ་རྒྱུས་ངོ་སྤྲོད་གྲུབ་འཕྲལ།
དཔལ་ལྡན་སྲིད་སྐྱོང་མཆོག་ནས། སིམ་ལའི་ཆིངས་ཡིག་གི་དགོངས་དོན་འགྲེལ་བརྗོད་དང་འབྲེལ། བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པ་དང་། རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཙམ་དུ་མ་ཟད། Mac Mahon line མེག་མོ་ཧན་ས་ཐིག་གིས་བོད་དང་རྒྱ་གར་བར་གྱི་ས་མཚམས་གསལ་བོར་བཟོས་ཡོད་སྐོར་དང་། བོད་དེ་རྒྱ་དཀར་ནག་དབར་ཆབ་སྲིད་དང་། ལོ་རྒྱུས། ཁོར་ཡུག ས་མཚམས། རྒྱུགས་ཆུ་སོགས་གནད་དོན་མང་པོའི་ཐོག་འབྲེལ་བ་ཡོད་སྐོར་གྱི་རྒྱུ་མཚན་ཞིབ་བརྗོད་གནང་བ་མ་ཟད། རྒྱལ་སྤྱིའི་ཐོག་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གལ་ཆེ་ལུགས་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་ནས་སེལ་ཐབས་ཡོང་བ་ལ། ཁྲིམས་ཀྱི་ཐོག་ནས་བཤད་ནའང་རྒྱ་གཞུང་གིས་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ལག་བསྟར་དགོས་སྐོར། བོད་པའི་གནད་དོན་གཙང་སེལ་བྱུང་བ་ཡིན་ན། དེས་བོད་གཅིག་པུ་མ་ཡིན་པར་རྒྱ་དཀར་ནག་གི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པ་ལ་ཡང་ཁེ་ཕན་ཡོད་སྐོར་སོགས་གསུངས་པ་དང་།
བཀའ་ཟུར༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས། བོད་ནང་ཕྱི་ལོ་༢༠༠༩ ལོ་ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དང་པོ་བྱུང་ས་དང་། དེ་བཞིན་དུ་རང་ལུས་མེར་བསྲེགས་མང་པོ་གཏོང་སའང་ངའི་ཕ་ཡུལ་ཨ་མདོ་རྔ་བའི་ས་ཁུལ་ཆགས་ཡོད་པ་དང་། དེའི་རྒྱུ་མཚན་ནི། ཕྱི་ལོ་༡༩༣༥ ལོར་མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་དམར་དམག་གི་གོམ་པ་རིང་པོའི་རྒྱང་སྐྱོད་ཟེར་བས་ཨ་མདོ་རྔ་བའི་ས་ཁུལ་བརྒྱུད་ནས་བོད་སར་ཐོག་མར་བཙན་འཛུལ་བྱས་པ་དང་། ཕྱི་ལོ་༢༠༠༨ ལོར་བོད་མིའི་ཞི་རྒོལ་སྐབས་རྔ་བའི་མི་མང་ཐོག་མེ་མདའ་གང་བྱུང་བརྒྱབ་སྟེ་མི་གྲངས་༢༣ དམར་གསོད་བཏང་དང་། ད་དུང་མང་པོ་ཞིག་ལ་རྨས་སྐྱོན་དང་། སུན་གཙེར། དམ་དྲག་དང་གདུག་རྩུབ་ཀྱིས་རྔ་པ་ཀིརྟི་དགོན་པ་བཙོན་ཁང་དང་། གྲྭ་བ་རྒན་གཞོན་བར་གསུམ་དུས་གཅིག་ལ་བཙོན་པའི་ངོ་བོ་ལྟ་བུར་བསྒྱུར་ཏེ་མནར་གཅོད་ཚད་མེད་བཏང་བ་ལ་བརྟེན་ནས་ད་ལྟའི་ཛ་དྲག་གི་དོན་རྐྱེན་འདིའི་མགོ་བཙུགས་པ་ཞིག་ཡིན་སྐོར་དང་། སྤྱིར་ཕྱི་ལོ ༡༩༣༥ ནས་བཟུང་ ༢༠༡༣ བར་བོད་ལ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་དང་བཙན་གནོན་བྱས་པས། ད་ཆ་བོད་དང་བོད་མི་རིགས་། བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་དུ་འགྲོ་ལ་ཉེ་བའི་དུས་སུ་སླེབས་ཡོད་པ་དང་། དེ་ཡང་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་བྱུས་ལག་ལེན་དུ་བསྟར་སྟངས་ནི། ༡ འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་ཀྱི་རང་བྱུང་ཁོར་ཡུག་རྩ་གཏོར་གཏོང་བའི་སྲིད་བྱུས། ༢ བོད་མིའི་སྐྱེ་སྒོ་བཀག་འགོག་གིས་བོད་མི་རིགས་ཀྱི་འཕེལ་ཚད་དམའ་རུ་གཏོང་བའི་སྲིད་བྱུས་། ༣ བོད་མིའི་འཕྲོད་བསྟེན་ཇེ་ཞན་དུ་བཏང་ནས་བོད་མིའི་ཤི་ཚད་མཐོ་རུ་གཏོང་བའི་སྲིད་བྱུས་། ༤ རྒྱ་མི་རིགས་གནས་སྤོར་གྱིས་བོད་ཡུལ་དུ་བོད་མི་གྲངས་ཉུང་མི་རིགས་སུ་བསྒྱུར་པའི་སྲིད་བྱུས། ༥ བོད་མིའི་གནས་ཡུལ་གྱི་ས་གནས་རྒྱ་ཆུང་དུ་གཏོང་བའི་སྲིད་བྱུས། ༦ བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་བའི་སྲིད་བྱུས་། ༧ བོད་མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བའི་སྲིད་བྱུས། ༨ བོད་མིའི་ཡུལ་གོམས་གཤིས་ལུགས་བཙན་བསྒྱུར་བྱེད་པའི་སྲིད་བྱུས། ༩ རྒྱ་མི་རིགས་ཆེན་པོའི་ལྟ་བའི་འོག་ནས་བོད་མི་རིགས་བྲན་གཡོག་ཏུ་བསྒྱུར་བའི་སྲིད་བྱུས་། ༡༠ བོད་རྒྱ་མི་རིགས་གཉིས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་མེད་པའི་སྲིད་བྱུས། ༡༡ བོད་རྒྱ་མི་རིགས་གཉིས་ལ་ལས་ཀའི་ཐོག་ཐོབ་ཐང་དང་ཡིད་ཆེས་འདྲ་མཉམ་མེད་པའི་སྲིད་བྱུས། ༡༢ བོད་རྒྱ་མི་རིགས་གཉིས་ལ་དཔལ་འབྱོར་གྱི་ཐོབ་ཐང་འདྲ་མཉམ་མེད་པའི་སྲིད་བྱུས། ༡༣ རྒྱ་གཞུང་གིས་བོད་དང་བོད་མིར་སྔ་ཕྱིར་ཁས་ལེན་བྱས་པ་དང་། འཛུགས་སྐྲུན། རོགས་སྐྱོར་ཟེར་བ་སོགས་ལྷག་བསམ་རྣམ་དག་མིན་པའི་སྲིད་བྱུས་སོགས། བོད་ཀྱི་ས་ཁུལ་ཐམས་ཅད་ལ་གཅིག་མཚུངས་ཀྱིས་ལག་བསྟར་བྱས་པས་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་རྒྱ་གཞུང་ལ་ཡིད་ཆེས་བརླགས་པ་ཙམ་དུ་མ་ཟད། ཁ་བྲལ་གྱི་ཕྱོགས་ལ་རྒྱ་གཞུང་གིས་བཙན་འདེེད་བྱས་པས། འུ་ཐུག་ཐབས་ཟད་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་མཐར་ཐུག་པ་གསོན་པ་ལས་ཤི་བ་གདམ་དགོས་པའི་རང་ལུས་མེར་བསྲེགས་ཀྱིས་ཞུ་འབོད་འདི་མ་བྱས་ཀ་མེད་དུ་ཐུག་སྐོར་སོགས་གསུངས་པ་དང་།
སྐུ་ཞབས་ (Lalit Mansingh) མཆོག་ནས། དེང་སྐབས་ཨ་རི་དང་རྒྱ་ནག་ལ་འགོ་ཁྲིད་གསར་བ་སླེབས་ཡོད་པ་དང་། རྒྱ་གར་ལ་ལོ་རྗེས་མར་སླེབས་འཆར་ཡོད་པ་སོགས་ཆབ་སྲིད་ཀྱི་འགོ་ཁྲིད་འཕོ་འགྱུར་འགྲོ་བཞིན་ཡོད་པས། ཆབ་སྲིད་ཐོག་ཀྱང་ཏན་ཏན་འགྱུར་བ་འགྲོ་ངེས་ཡིན་པ་དང་། བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་དག་འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་ཡོང་གི་ཡོད་སྐོར་དང་། དེང་སྐབས་བོད་ནང་སེམས་ཤུགས་ཆིག་སྒྲིལ་དང་། ལ་རྒྱ་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དེར་རེ་བ་ཆེན་པོ་ཡོད་སྐོར། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ལ་བརྟེན་ནས་མཐའ་མཚམས་ཀྱི་དཀའ་ངལ་དང་། ཁོར་ཡུག འཐུང་ཆུ། རྒྱལ་མཚམས་བཀག་སྡོམ་སོགས་ཀྱི་སྐོར་དང་བོད་ནང་དམག་སྒར་མང་པོ་བཙུགས་དང་འཛུགས་བཞིན་པ་དེས་འབྱུང་འགྱུར་རྒྱ་གར་ལ་དཀའ་ངལ་འཕྲད་གཞི་ཆགས་ངེས་ཡིན་སྐོར། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཚད་མེད་བཏང་དང་གཏོང་བཞིན་པ་དེར་རྒྱ་གར་གྱིས་ཀྱང་ངོ་རྒོལ་བྱེད་དགོས་སྐོར་སོགས་གསུངས་པ་དང་།
སྐུ་ཞབས་(Jayadeva Ranade) མཆོག་ནས། དེང་སྐབས་རྒྱ་ནག་ནང་ཆབ་སྲིད་ཀྱི་དཀའ་ངལ་དང་། དཔལ་འབྱོར་ཐོག་ལྐོག་ཟ་རུལ་བསུང་གི་དཀའ་ངལ། བརྟན་བརླིང་མེད་པའི་དཀའ་ངལ་སོགས་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་དང་། བོད་ནང་དམག་གི་རྟེན་གཞི ༦༩༠༠ ལྷག་བཙུགས་ཡོད་སྐོར་དང་། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་མིའི་དཔོན་རིགས་མང་པོ་ཆེད་གཏོང་གི་ལས་གཞི་སྤེལ་བཞིན་པ་དེས་བོད་ཀྱི་ས་ཁུལ་བརྟན་བརླིང་ཡོང་རེ་བྲལ་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་གསུང་བཤད་གལ་ཆེན་གནང་བ་དང་། ཚོགས་ཞུགས་པ་མང་པོས་དྲི་བ་ལ་གསུང་བཤད་གནང་མཁན་ཚོས་དྲིས་ལན་ཡང་གནང་ཡོད་པ་དང་། མཇུག་ཏུ། གྷན་དྷི་རྗེའི་ཞི་བདེ་དགེ་རྩ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Ms. Radha Bhatt མཆོག་ནས་བོད་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་ཆེན་པོ་ཡོད་པ་དང་། གལ་ཏེ་འདི་བརླག་པ་ཡིན་ན། བོད་གཅིག་པུའི་གྱོང་གུད་ཙམ་མིན་པར་འཛམ་གླིང་གི་གཅེས་ནོར་རྩ་ཆེན་པོ་ཞིག་བརླག་འགྲོ་བཞིན་ཡོད་པས། རྒྱ་གར་མི་མང་ཚང་མས་བོད་དོན་ཐོག་ཚོར་ཤུགས་ཡོད་པ་ཞིག་བྱེད་རྒྱུ་གལ་ཆེ་སྐོར་བཅས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དོན་ཕན་ལྡན་པའི་ཚོགས་འདུ་དེ་ཆུ་ཚོད་ ༥པའི་ཐོག་མཇུག་བསྡུས་ཡོད་པ་རེད།

བགྲོ་གླེང་།

Post navigation

Previous Post: གླུ་འཚོལ་བ།
Next Post: ས་མཐའི་དྲན་གླུ

Comment (1) on “ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་མཁས་པའི་བགྲོ་གླེང་།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-01 at 6:32 am

    བོད་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་ཆེན་པོ་ཡོད་པ་དང་། གལ་ཏེ་འདི་བརླག་པ་ཡིན་ན། བོད་གཅིག་པུའི་གྱོང་གུད་ཙམ་མིན་པར་འཛམ་གླིང་གི་གཅེས་ནོར་རྩ་ཆེན་པོ་ཞིག་བརླག་འགྲོ་བཞིན་ཡོད་པས། རྒྱ་གར་མི་མང་ཚང་མས་བོད་དོན་ཐོག་ཚོར་ཤུགས་ཡོད་པ་ཞིག་བྱེད་དགོས།
    ཞེས་པ་འདི་རང་བཞིན་བརྗོད་པ་ཞིག་ཏུ་མཐོང་བས། རྒྱ་གར་ཙམ་མ་ཡིན་པར་འཇིག་རྟེན་ཡོངས་ཀྱིས་བོད་ཀྱི་་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་ཆེན་པོ་རྣམས་ལ་སྲུང་སྐྱོབ་དགོས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme