Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐང་སན་ལམ་ཡིག་ངོ་སྤྲོད།

Posted on 2009-08-252009-08-25 By དབང་ཕྱུག་ 5 Comments on ཐང་སན་ལམ་ཡིག་ངོ་སྤྲོད།

hsuan-tsang-guides-book1
སྐྱེས་སར་ཀླུ་སྒྲུབ།

དེབ་འདི་རྒྱའི་བཙུན་པ་ཐང་སན་ཙང་ཕྱི་ལོའི་དུས་རབས་བདུན་པར་རྒྱ་གར་དུ་གནས་མཇལ་དང། ཆོས་འཚོལ་བར་ཕེབས་སྐབས་ལམ་བར་གྱི་གཟིགས་ཚུལ་ཡིག་འགོད་མཛད་པའི་ལམ་ཡིག་ཅིག་ཡིན་ཞིང། མིང་ལ་ཆེན་པོ་ཐང་གི་སྐབས་ནུབ་ལྗོངས་སུ་བསྐྱོད་པའི་ཟིན་བྲིས་ཟེར་བ་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་ད་ཕན་བོད་ཡིག་ཐོག་གི་ལོ་རྒྱུས་ནང་ཐང་སན་ལམ་ཡིག་ཅེས་འབོད་པ་དང། ལམ་ཡིག་འདི་བོད་བསྒྱུར་བྱེད་པོ་སོག་རིགས་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ཅེས་བསྒྱུར་ཡོད། ལམ་ཡིག་འདི་ཐང་སན་ཙང་ཕྱིར་རྒྱ་ནག་ཏུ་བསླེབས་རྗེས་སུ་དེ་སྔའི་ཟིན་བྲིས་ཐོར་བུ་རྣམས་དང། དེའི་ཁར་ཁོང་རང་གིས་ཐུགས་དྲན་སོས་པའི་གཟིགས་ཚུལ་རྣམས་ཁ་སྣོན་སྒོས་མཛད་པ་ཞིག་རེད། རྒྱའི་ལོ་རྒྱུས་ནང་འཁོད་པ་ལྟར་ན། ཐང་སན་ཙང་གིས་འགྲེལ་བཤད་བྱས་ཏེ་བཙུན་པ་པཎ་ཅཱི་ཞེས་པས་ཡིག་ཐོག་བཀོད་པ་ཞིག་རེད། པཎ་ཅཱི་ཞེས་པ་ནི་ཐང་སན་ཙང་གི་དགེ་ཕྲུག་ཅིག་ཡིན་ཞིང། ཐང་གི་རྒྱལ་པོ་ཐང་ཐེ་ཙོང་གི་བུ་མོར་བརྩེ་དུང་ཆགས་ནས་ཐང་རྒྱལ་པོས་པཎ་ཅཱི་ཞེས་པའི་རྐེ་གཏུབ་ཏེ་བསད་པར་གྲགས། གང་ལྟར་དེབ་འདིར་ལེའུ་བཅུ་ཡོད་ཅིང། ཁོང་འཕགས་ཡུལ་དུ་ཕེབས་སྐབས་ཀྱི་སྤྱི་བྱེའི་གནས་ཚུལ་གང་མང་ཞིག་གསལ་འགོད་བྱས་ཡོད་སྟབས་ཕྱི་ལོའི་དུས་རབས་བདུན་པ་ཡས་མས་ཀྱི་གླིང་ཆེན་ཨེ་ཤ་ཡ་སྤྱི་དང། ལྷག་པར་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁག་གང་མང་ཞིག་གི་ལོ་རྒྱུས་ཉམས་ཞིབ་བྱེད་པར་མེད་མི་རུང་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན། དེ་ལས་ཀྱང་ཆེས་ལྷག་པ་ཞིག་ནི། ནང་བསྟན་སྤྱི་དང་སངས་རྒྱས་ཀྱི་གནས་ཆེན་སྐོར་ཧ་ཅང་ཁ་གསལ་གྱི་འགྲེལ་བཤད་ཞིབ་རྒྱས་ཡོད་པ་དེས་ལམ་ཡིག་འདི་རིན་ཐང་བླ་མེད་ཅིག་ཡིན་པའི་ངོས་འཛིན་ཐོབ་པར་བྱས་ཡོད། དེར་བརྟེན་སྤྱི་བྱེའི་ལོ་རྒྱུས་ཐད་གཟིགས་རྒྱ་ཆེ་བའི་བོད་རིགས་ཉམས་ཞིབ་པ་ཚོས་ལམ་ཡིག་འདིར་ཞིབ་གཟིགས་གནང་ཚེ་དགེ་མཚན་ཆེན་པོ་ལྡན་ཡོད། དེབ་འདི་དཔེ་མཛོད་སྤྱི་ཁྱབ་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱི་ལམ་སྟོན་འོག་ཕྲན་སྐྱེས་སར་ཀླུ་སྒྲུབ་ཀྱིས་རྩོམ་སྒྲིག་བྱས་ཤིང། བོད་ཀྱི་དཔེ་མཛོད་ཁང་རང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱེད་བཞིན་པ་ཞིག་རེད། དོན་གཉེར་ཅན་ཚོར་དགོས་མཁོ་བྱུང་མཚམས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་བྱེད་ཆོག་ཅིང། དེབ་རིན་ཧིན་སྒོར་ ༢༡༥ ཡིན་པ་བཅས་ཐུགས་འཇགས་འཚལ།

Director: Venerable Geshe Lhakdor La
Library of Tibetan Works and Archives
Gangchen Kyishong
Dharamsala 176215
HP, India

Contact to the Office:
Email: info@ltwa.net,
Email: office@ltwa.net
Tel: +91 (0)1892 222467
Fax: +91 (0)1892 223723

གསལ་བསྒྲགས།

Post navigation

Previous Post: ཆར་ལིའི་སི་སྒྲར་བེན།(Charles Darwin)
Next Post: སྡོམ་པའི་ལྕགས་སྒྲོག་ཆད་པའི་གླུ།

Comments (5) on “ཐང་སན་ལམ་ཡིག་ངོ་སྤྲོད།”

  1. མི་འཁྱམ། says:
    2009-08-25 at 6:12 am

    ཐང་སན་ལམ་ཡིག་སྔོན་རྒྱུས་གསལ་དེ་དེང་རབས་དེབ་ཀྱི་རྣམ་པ་རུ།།
    བསྐྲུན་ནས་བཀྲམས་འདི་བདག་གིས་བཀླགས་ཟིན་རྩོམ་སྒྲིག་པ་ལགས་ཐུགས་རྗེ་ཆེ།།
    གནས་ལ་མཇལ་དང་ཡུལ་སྐོར་བྱེ་དག་འདི་ལས་མང་ཞིག་ཤེས་མཆི་ན།།
    ཀློག་མཁན་ཡོད་ན་དང་བས་ཀློགས་དང་སྣང་བརྙན་མང་ཞིག་མིག་ལ་འཆར།།

  2. ལྷགབསམ་རྒྱ་མཚོ། says:
    2009-08-25 at 10:54 am

    ཐང་སན་ཙང་རྒྱ་གར་དུ་ཕེབས་སྐབས་ཐག་ཉེ་་བའི་བོད་ཡུལ་མི་འགྲིམ་པརརྒྱང་རིང་ཨོ་རྒྱན་ཡུལ་བསྐོར་ནས་འགྲོ་དགོས་དོན་ཅི།
    ན་ལེནྡྲ་ནས་བསླབ་པའི་རྒན་རིམ་བརྒྱུད་མི་དགོས་པར་ལོ་ལྔའི་ནང་མཐར་ཕྱིན་དོན་ཅི། འཕགས་ཡུལ་གྱི་མཁས་པ་རྣམས་མུ་སྟེགས་པཪ་འཇིགས་ནས་རྩོད་མ་ཕོད་པ་སན་ཙང་གིས་ཚར་གཅོད་ཐུབ་དོན་ཅི། རང་གིས་གསང་སྔགས་ཉམས་སུ་ལེན་བཞིན་གཞན་གྱིས་ཉམས་ལེན་ལ་དགག་པ་བྱེད་དོན་ཅི།ཛི་ན་མི་ཏྲ་དང་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་སློབ་མར་ཁས་ལེན་བཞིན་དེ་དག་གི་གསུང་གསང་སྔགས་ཚིག་བཞི་ཞིག་བསྒྱུར་མེད་དོན་ཅི། རྒྱ་ནག་ཡུལ་དུ་སེམས་ཙམ་པའི་སྐོར་བརྒྱུར་སྤེལ་ལ་འགྲན་ཟླ་བྲལ་བའི་སྐྱེས་བུ་ཆེན་པོ་དེ་གུས་པའི་ཡུལ་ཡིན་ཡང་ལོ་རྒྱུས་དང་མཐུན་མིན་རིགས་པས་དཔྱད་དགོས་ས་མང་བར་སྣང་། འཕྲལ་སྐྱེས་ཀྱི་རྣམ་རྟོག་གོ

  3. ཚེར་མ། says:
    2009-08-25 at 11:32 pm

    ལྷག་བསམ་ལགས། འདིའི་སྐོར་ལི་ཡུལ་གྱི་ས་ཁྲར་ལྟོས་དང་ཅུང་ཙམ་ཤེས་ཐུབ། སྐབས་དེར་ལི་ཡུལ་བརྒྱུད་ཀ་རམ་ཀོ་རམ་ཞེས་པའི་དར་སིལ་ཚོང་ལམ་བརྒྱུད་དེ་འགྲོ་བ་ནི་སྐབས་དེའི་གནས་སྐོར་བ་དང་ཚོང་པ་སོགས་འགྲོ་ལམ་ཉག་གཅིག་རེད།

  4. སྐྱེས་སར་ཀླུ་སྒྲུབ། says:
    2009-08-26 at 2:50 am

    ལྷག་བསམ་རྒྱ་མཚོས་ཐང་སན་ཙང་གི་སྐོར་ལ་དོག་པ་འགའ་བཏོན་པ་དེའི་ཐད་རང་གི་འདོད་ཚུལ་བཤད་པ།

    ཐང་སན་ཙང་རྒྱ་གར་དུ་ཕེབས་སྐབས་ཐག་ཉེ་བའི་བོད་ཡུལ་མི་འགྲིམ་པརརྒྱང་རིང་ཨོ་རྒྱན་ཡུལ་བསྐོར་ནས་འགྲོ་དགོས་དོན་ཅི།

    དུས་སྐབས་དེར་རྒྱ་ཡུལ་ནས་རྒྱ་གར་དང་ཡོ་རོབ་སོགས་སུ་བསྐྱོད་ལམ་གཉིས་ལས་གཅིག་ནི། མཚོ་ལམ་དང། གཞན་པ་དེ་ནི་རྒྱ་ནག་ནས་ཡུ་གུར་དང་ཨུ་རྒྱན་བརྒྱུད་པའི་རྐང་ལམ་དེ་ཡིན་ལ། ལོ་རྒྱུས་ཐོག་རྐང་ལམ་འདི་ལ་དར་་གོས་ལམ་བུར་འབོད། དེར་བརྟེན་གཅིག་ནས་ཡོངས་གྲགས་ཀྱི་ལམ་ཁར་ཕེབས་པ་དང། གཉིས་ནས་བདེ་འཇགས་སོགས་ད་ཆ་ང་ཚོར་གསལ་ཆ་མེད་པའི་གནད་དོན་གཞན་མང་པོར་དགོངས་པ་བཞེས་ཡོད་ངེས་སྙམ།

    ན་ལེནྡྲ་ནས་བསླབ་པའི་རྒན་རིམ་བརྒྱུད་མི་དགོས་པར་ལོ་ལྔའི་ནང་མཐར་ཕྱིན་དོན་ཅི།

    ནཱལནྡཱ་ནས་བསླབ་པ་རྒན་རིམ་མ་བརྒྱུད་པ་ཞིག་མིན་པར། ཐང་སན་ཙང་ཁོང་ནཱལནྡཱར་ཕེབས་སྐབས་མཁས་པ་དང་སྡེ་སྣོད་འཛིན་པའི་མཚན་ཐོག་ནས་ཕེབས་པ་ལས། སྤྱིར་གྱི་སློབ་མ་སྤྱི་མཚུངས་ལྟ་བུའི་སྒོ་ནས་ཞུགས་མེད་སྟབས། ཁོང་རང་ལ་དགོས་མཁོ་གང་ཡོད་ཀྱི་སློབ་ཚན་ཟུར་སྦྱོང་བྱས་པ་ལས་ནཱལནྡཱར་སློབ་ཚན་གང་ཡོད་ཆ་ཚང་སློབ་དགོས་པ་ཆགས་མེད། དེར་བརྟེན་ཁོང་གི་སློབ་ཡུན་གཞན་ལ་བལྟས་ན་ཉུང་བ་ཆགས་ཡོད།

    འཕགས་ཡུལ་གྱི་མཁས་པ་རྣམས་མུ་སྟེགས་པཪ་འཇིགས་ནས་རྩོད་མ་ཕོད་པ་སན་ཙང་གིས་ཚར་གཅོད་ཐུབ་དོན་ཅི།

    ཐང་སན་ཙང་གིས་རྩོད་པ་བྱེད་ཡུལ་མང་ཆེ་བ་སྤྱིར་ནང་པ་ཡིན་པ་གང་ཞིག་ལ། ནང་གསེས་ཉན་ཐོས་སྡེ་བའམ་ཐེག་དམན་པ་ཡིན་སྟབས་ཁོང་གིས་ཐེག་ཆེན་གྱི་ཕྱོགས་བཟུང་ནས་ཐེག་དམན་པ་ཚར་བཅད་ཚུལ་གསུངས་ཡོད། ཡིན་ཡང། སྐབས་དེར་རྒྱ་གར་ཡོངས་ལ་ཐང་སན་ལས་ལྷག་པའི་མཁས་པ་གཞན་གཏན་ནས་མེད་ཚུལ་བཤད་མེད་ལ། ཐང་སན་ཡར་ཅུང་ཙམ་བཅག་པ་དེ་ཡང།

    ཕྱོགས་གཅིག་ནས་རྒྱ་མི་ཚོས་ཆེ་བསྟོད་ཅུང་ཙམ་བྱས་མེད་དམ་སྙམ།

    ཨ་ལགས་ཚེ་ཏན་ཞབས་དྲུང་གིས་ཀྱང་ཁོང་རང་གི་རང་རྣམ་གྱི་དབུར་ཐང་སན་བླ་མས་ནཱལནྡཱ་ནས་མཁན་པོ་མཛད་ཚུལ་གསུངས་པ་ལྟ་བུ་སོགས་དོན་ལ་མི་གནས་པའི་ཆེ་བསྟོད་ཡང་ཡོང་སྲིད་པ་ཞིག་རེད།

    རང་གིས་གསང་སྔགས་ཉམས་སུ་ལེན་བཞིན་གཞན་གྱིས་ཉམས་ལེན་ལ་དགག་པ་བྱེད་དོན་ཅི།

    ཐང་སན་ཙང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཐེག་ཆེན་པ་ཞིག་ཡིན་པ་དང། ལྷག་པར་ཐོགས་མེད་ཡབ་སྲས་ཀྱི་རྗེས་སུ་ཞུགས་ནས་སེམས་ཙམ་པའི་གྲུབ་མཐའ་འཛིན་མཁན་སྤེལ་ཞུ་མཁན་ཞིག་ཡིན། དེའི་རྒྱུ་མཚན་ཡང། ཁོང་གི་བཤེས་ནཱལནྡཱའི་མཁན་པོ་ཚུལ་ཁྲིམས་བཟང་པོ་ཞུ་བ་ཁོང་སེམས་ཙམ་པ་ཞིག་ཡིན་སྟབས་དེ་དང་ཡང། འབྲེལ་བ་ཆེ་བ་འདུག བཤེས་གཉེན་ཁོང་གི་དགོངས་བཞེད་དང་མཐུན་པར་ཐེངས་གཅིག་དབུ་མ་ཐལ་འགྱུར་པའི་སློབ་དཔོན་ཞིག་དང་བགྲོ་གླེང་བྱས་ཚུལ་ཡང་གསལ་པ་མ་ཟད། ཁ་ཅིག་གིས་བགྲོ་གླེང་བྱེད་ཡུལ་དེ་སློབ་དཔོན་སེངྒེ་བཟང་པོ་མིན་ནམ་ཞེས་དོགས་སློང་ཡང་བྱེད་བཞིན་ཡོད། གང་ལྟར་ངའི་བསམ་པར་ཁོང་ཐེག་ཆེན་པ་ཞིག་ཡིན་པ་ལས། གསང་སྔགས་ཉམས་བཞེས་གནང་མཁན་ཞིག་ཡིན་པ་དེ་ཙམ་གྱིས་གསལ་ཁ་མེད་སྙམ།

    ཛི་ན་མི་ཏྲ་དང་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་སློབ་མར་ཁས་ལེན་བཞིན་དེ་དག་གི་གསུང་གསང་སྔགས་ཚིག་བཞི་ཞིག་བསྒྱུར་མེད་དོན་ཅི།

    གསང་སྔགས་ཉམས་བཞེས་གནང་གི་མེད་སྟབས་ཁོང་ཚོའི་གསང་སྔགས་ཀྱི་གསུང་རྩོམ་དེ་ཚོ་ཡང། རྒྱ་ཡུལ་ལ་དགོས་མཁོ་མ་གཟིགས་པར་མ་བསྒྱུར་པའམ། ཡང་ན་ཁོང་ནཱལནྡཱར་བཞུགས་སྐབས་སློབ་དཔོན་དེ་ཚོས་གསང་སྔགས་སྐོར་གྱི་གཞུང་མཛད་པ་སོགས་ཡིན་ངེས་པས་དཔྱད་པར་བྱ་བ་མང་དུ་ཡོད་མཆིའོ།།

  5. ལྷགབསམ་རྒྱ་མཚོ། says:
    2009-08-26 at 9:52 am

    ཏཱ་ཚི་ཨིན་སི་འམ་བྱམས་དྲིན་དགོན་གྱི་པར་མར། རྒྱ་གར་གྱི་སློབ་དཔོན་རྣམས་མུ་སྟེགས་པར་རྩོད་པ་བྱེད་རྒྱུར་སྐྲག་ནས་གྲོང་ཁྱེར་ཆེན་པོར་ཆོས་སྟོན་པར་འགྲོ་མི་པོད་ཞེས་དང་། ཐང་སན་གྱིས་མགོ་གཏའ་མར་བཞག་ནས་མུ་སྟེགས་པ་དང་རྩོད་པ་བྱས་ཏེ་རྒྱལ་ཞེས་དང་། བོད་དང་ལ་ཧོར་དང་ཀུ་ལུ་ཏ་ལ་རྒྱལ་ཁབ་གཞན་གྱིས་མི་འགྲོ་མི་ཐུབ་ཟེར་བ་སོགས་ལ་དཔྱད། མཁས་པ་དང་སྡེ་སྣོད་འཛིན་པའི་མཚན་ཐོག་ནས་ཕེབས་པའི་སྐོར་ཡང་མགྲོན་པོའི་སྣེ་ལེན་དཀྱུས་མ་ཙམ་ལས་ཆེ་བའི་རྟགས་སོགས་རྒྱ་ཆེན་པོ་ཡོད་པའི་གནས་ཚུལ་ཆེར་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme