Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙོན་ནས་ཕ་མ་གཉིས་དང་ནུ་མོར་སྤྲིངས་པའི་འཕྲིན།

Posted on 2013-01-29 By ཤར་ཕྱོགས་ཁུག་རྟ། 8 Comments on བཙོན་ནས་ཕ་མ་གཉིས་དང་ནུ་མོར་སྤྲིངས་པའི་འཕྲིན།

གླིང་ཚ་ཚེ་བརྟན་རྡོ་རྗེ།

སྙིང་ནས་བརྩེ་བའི་བཀའ་དྲིན་གཞལ་དུ་མེད་པའི་ཕ་མ་གཉིས་དང་ནུ་མོ་ལགས། ཁྱེད་ཅག་སྐུ་ཁམས་བདེ་ཐང་ཡིན་པ་གཞིར་བཅས་འཚམས་འདྲི་དང་བཅས་ཞུ་སྙིང་། ཕྲན་བུ་ཆུང་ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། རང་ཉིད་ཀྱི་སྐོར་ལ་སེམས་ཁྲལ་བྱེད་མི་དགོས་པའི་རྒྱུ་མཚན་ཕྲན་བུ་ཞུ་ཆོག་པ་གནོངས་། བདག་གི་ལུས་སེམས་གཉིས་ལ་དཀའ་ངལ་གང་ཡང་མེད་པར་བདེ་ཐང་ཡིན་པ་ནི། བསླུ་མེད་མཆོག་གསུམ་དང་༧རྩ་གསུམ་༧བླ་མ་༧གོང་ས་མཆོག་གིས་བཀའ་དྲིན་གྱི་སེམས་ལ་དཀའ་ངལ་མེད་པ་དང་ལུས་ལ་ན་ཚ་ཕྲན་བུ་ཙམ་ཡང་མེད་པ་༧ཁོང་གིས་ཐུགས་རྗེ་དང་། རྒྱབ་ལ་གོས་དང་ཁ་ལ་ཟས་ཀྱི་དཀའ་ངལ། ལག་དངུལ་འགྲོ་གྲོན་བཅས་ཀྱི་དཀའ་ངལ་རྩ་བ་ནས་མེད་པ་ནི། བལ་ཡུལ་གནས་བཞུགས་བོད་མི་ལྷག་བསམ་དང་ལ་རྒྱ་ཅན་རྣམས་ཀྱིས་ཐུགས་ཁུར་དང་བལྟ་སྐྱོང་གནང་གི་ཡོད་སྟབས། བུ་ངའི་ལུས་ཕྱི་ནང་གང་ལའང་ད་ལྟའི་ཆར་དཀའ་ངལ་རྩ་་བ་མེད་པ་ཐུགས་སུ་བཞག་ནས་སེམས་ཁྲལ་མ་བྱེད་ཅིག ཕྱོགས་གཞན་ནས་སེམས་ཁྲལ་བྱེད་དགོས་དོན་ཡང་མེད་པ་ནི། བུ་ང་རང་གི་ཁྱིམ་ཚང་གི་ཁ་མ་སོས་པ་དང་སྒེར་གྱི་རྒྱབ་མ་ཁེབས་པར་བཙོན་དུ་ཚུད་པ་མ་ཡིན་པར། བོད་མིའི་བདེན་དོན་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད་དུ་བཙོན་ལ་བསྡད་ཡོད་། མི་རིགས་ཤིག་གི་ལས་དབང་ལ་བསམ་ནས་བཤད་ན། ང་རང་ལོ་ངོ་གཉིས་ཙམ་རིང་བཙོན་དུ་བསྡོད་དགོས་པ་དེ་ནི། དེ་འདྲའི་དུས་ཚོད་རིང་པོ་ཞིག་ཆགས་མེད་པ་མ་ཟད། བཙོན་ཁང་དུ་ཉེས་རྡུང་དང་མནར་གཅོད་གཏོང་མཁན་སུ་ཡང་མེད་པས་སེམས་ཁྲལ་རྩ་ནས་གནང་དགོས་ཀྱི་མེད་ལགས། སྙིང་ནས་བརྩེ་བའི་ཕ་མ་གཉིས་དང་ནུ་མོ་ལགས། ངས་ཁྱེད་ཚོར་ཁ་པར་གཏོང་མ་ཐུབ་པར་ཟླ་ངོ་རེ་ཟུང་འཕྱིན་སྟབས། ཉིན་མཚན་མེད་པར་ཁྱེད་ཅག་གིས་སེམས་ཁྲལ་བྱེད་ཀྱི་ཡོད་བཞག་རེད། གོང་དུ་ཞུས་མ་ཐག་པ་ལྟར་ངའི་ལུས་སེམས་གཉིས། ཁ་རྒྱབ་གཉིས་ལ་དཀའ་ངལ་རྩ་བ་ནས་མེད་པར་བདེ་ཐག་ཆོད་ཡིན། བཙོན་བསྲུང་དང་བཙོན་གྲོགས། ཉལ་རོགས་བཅས་སུ་ཡིན་ཡང་། མི་བཟང་བོ་ཤ་སྟག་འདུག་ལ། ཕར་ལ་གནོད་མ་བྱས་ན། ཚུར་ཨ་རོགས་ཟེར་མཁན་ཡང་མི་འདུག དེའི་ཕྱིར་ངའི་ཕྱོགས་སུ་སེམས་ཁྲལ་བྱེད་དགོས་ས་གང་ཡང་མེད། ངའི་རེ་བ་ལ་ཁྱེད་ཕ་མ་གཉིས་དང་ནུ་མོ་བཅས་ཀྱིས་རང་རང་གི་གང་ཐུབ་ཅི་ཐུབ་ཀྱི་རྣམ་དཀར་དགེ་སྒྲུབ་ལ་འབད་ཐུབ་པ་དང་། ༧གོང་ས་མཆོག་གི་སྐུ་ཞལ་ཡང་ཡང་མཇལ་བའི་སྐལ་བཟང་གི་དུས་དང་བཅས་འཚོ་བ་རོལ་བཞིན་པར་ཡིད་ཆེས་ཡོད། ལྷག་པར་དུ། ཁྱེད་ཕ་མ་གཉིས་ཀྱི་བུ་ང་ནི། ལས་ངན་ནང་གི་ལས་ཅན་ཡིན་པས། བོད་དོན་བདེན་མཐའ་སེལ་ཆེད་དང་༧རྩ་བའི་བླ་མ་བོད་དུ་གདན་འདྲེན་ཞུ་ཆེད་དུ། བཙོན་ལ་བསྡད་པའི་མིང་ཙམ་ལས་དཀའ་ངལ་གང་ཡང་མེད་པ་དེ་ཡིན་ལ། ཆེས་ཡིད་སྐྱོ་དགོས་པ་དང་བསམ་ན་སེམས་ན་བའི་དོན་དག་ནི། བོད་ནང་དུ་གཅེས་སྲོག་ཞི་བའི་མེ་ལྕེ་ལ་ཐིམ་པ་དེ་དག་གི་ཤུལ་ལུས་ཕ་མ་ཉེ་དུ་དག་གིས་སྲིད་གཞུང་ངན་པའི་བཙན་གནོན་འོག་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་གནས་སྟངས་དང་བསྡུར་ན། ཁྱེད་གཉིས་ཀྱི་གཅེས་པའི་བུ་ང་བཙོན་ཙམ་བསྡད་པ་འདི་ལ་སེམས་ཁུར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་རེད་ལགས། ཨོ་རེད། ང་ལ་ཐུགས་འཕྲད་བྱེད་དུ་གཏན་ནས་མ་འོང་ལགས། རྒྱུ་མཚན། བལ་ཡུལ་ས་མཚམས་ཀྱི་དཀའ་ངལ། བལ་ཡུལ་ནང་ལོག་གི་བོད་མི་ཉམ་ཆུང་དག་ལ་འཛིན་པའི་རྣམ་འགྱུར། བཙོན་ཁང་གི་ཐུག་འཕྲད་ཀྱི་ཡུན་ཚད་སྐར་བཅུ་དང་བཅོ་ལྔ། ལག་ཁྱེར་འགྲིག་མིན་གྱིས་ཐུག་འཕྲད་བྱེད་དུ་འཇུག་མིན། ངའི་ཞི་བའི་ངག་བཅད་བྱེད་ཀྱི་ཡོད་སྟབས་ཚུར་གསུང་ཡང་ལན་མེད་པ། ཕྱོགས་གང་ལ་བསམ་ནས་བཤད་ན་ཁྱོད་ཚོ་བལ་ཡུལ་དུ་ཡོང་དགོས་དོན་མེད་པ་ཐུགས་འཇགས་ཞུ། ཐུབ་ན་དེ་ནས་བལ་ཡུལ་དུ་ཡོང་མཁན་ཚོ་ལ་དེབ་དང་ཚགས་པར། དུས་དེབ་སོགས་ཀློག་རྒྱུར་ཕན་པ་གང་ཐུབ་སྐུར་རོགས། མ་ཐུབ་ཀྱང་ཆེར་མི་སྐྱོན། ནན་གྱིས་བསྐྱར་ཞུ། ང་ལ་ཐུག་འཕྲད་དུ་ཡོང་བ་ལས༧རྩ་བའི་བླ་མའི་གསུང་བརྩིས། ཆོས་ཐུན་ཙམ་རེ་ཉན་རྒྱུའི་གོ་སྐབས་རགས་ན་དེ་ལས་ལྷག་གང་ཡང་མེད། ང་སྐྱེ་བ་ད་རེབས་ཁྱེད་གཉིས་ཀྱི་བུ་རུ་སྐྱེ་ནས་ཁྱེད་གཉིས་ལ་སྲི་ཞུ་གང་ཡང་བྱེད་མ་ཐུབ་པར་མི་ཚེ་གང་བོར་སེམས་ཁྲལ་རྐྱང་ལ་གཏད་པ་དེར་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན། ད་ལྟ་ང་བཙོན་ཁང་དུ་བོད་དོན་ཆེད། སེམས་ཤུགས་སྔར་ཡོད་ཀྱི་སྟེང་ལ་སེམས་ཤུགས་མེ་རི་ལྟར་མཆེད་ཀྱི་ཡོད་པ་ལས་ཞུམ་པའི་བློ་ཙམ་སྐྱེ་མྱོང་མེད་པས། བུ་ང་ཁྱེད་གཉིས་ཀྱིས་ས་ཡ་དྲུག་གི་བདེ་སྡུག་ཆེད་དུ་ཕུལ་བ་བ་ལྟར། ངས་ཀྱང་ས་ཡ་དྲུག་གི་བདེ་སྡུག་ཆེད་དུ་ཉིན་མཚན་མེད་པར་བཙོན་ནས་བསམ་བློ་དེའི་ཕྱོགས་སུ་བཏང་ནས་བསྡད་ཡོད་ལགས། ཁྱེད་གཉིས་ཀྱི་བུ། ས་ཡ་དྲུག་གི་བུ་ང་། བཙོན་ཁང་དུ་དད་པ་བྱེད་སའི་སྙིང་རྗེའི་ལྷ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བས་སེམས་སྐྱིད་པ། ན་བ་ཚ་བ་མེད་པའི་ལུས་སྐྱིད་པ། གྲོད་པ་རྒྱགས་པའི་ཕོ་བ་སྐྱིད་པ། མལ་ཐུལ་དྲོ་བའི་ཉལ་ས་སྐྱིད་པ། སྡོད་སའི་གདན་འཇམ་པའི་འདུག་ས་སྐྱིད་པ། ཉེས་བརྡུང་མནར་གཅོད་བྲལ་བའི་བཙོན་བསྲུང་དང་བཙོན་གྲོགས་བཟང་བའི་ཁོར་ཡུག་སྐྱིད་པ། ཀློག་དེབ་མི་ཉུང་བས་དུས་ཚོད་འགྲོ་སླ་བའི་དུས་སྐྱིད་པ་བཅས་ལ་བསམ་དུས། ང་རང་བཙོན་ཁང་དུ་བསྡད་མེད་པར་དམིགས་བསལ་གྱི་སློབ་གྲྭ་ཞིག་ཏུ་ཡོད་པར་ངོས་འཛིན་བྱེད་བཞིན་བསྡད་ཡོད་ལགས། ནུ་མོ་ལགས། ཁྱེད་ཀྱིས་ནམ་ཡང་བརྗེད་མི་རུང་བ་ཞིག་ནི། ཁྱོད་ནི་བཙན་བྱོལ་ནང་ཆེས་ཐོག་མའི་སློབ་མ་ཞིག་བོད་དོན་ཆེད་སློབ་གྲྭ་ནས་རྩ་དགོངས་ཐོབ་རྗེས། སླར་ཡང་། ཐུགས་ཁུར་ཚད་མེད་ཀྱིས་སློབ་གྲྭའི་གོ་སྐབས་ཆེད་དུ་ཐོབ་པའི་དམིགས་བསལ་ཞིག་ཆགས་པའི་རྒྱུ་མཚན་དེ་དག་གཏན་ནས་ཆུད་ཟོས་སུ་གཏོང་མི་ཉན། ཁྱོད་ཀྱི་རྣམ་དཔྱོད་བཟང་བོས། བོད་དབྱིན་གྱི་སློབ་ཚན་གཉིས་གཙོས་པའི་སློབ་སྦྱོང་ལ་འབད་འབུངས་ལྷོད་མེད་ཀྱིས་མ་འོངས་པར་བོད་དོན་ཆེད་དུ་མུ་མཐུད“གླིང་ཚ་ལྷ་མོ་སྐྱིད”ཅེས་ལས་ཁུར་ལག་ལེན་བྱེད་ཐུབ་པའི་བུད་མེད་ཅིག་ཆགས་རྒྱུར་ཅིས་ཀྱང་ཕྱི་ནུར་བྱེད་མི་རུང་བ་ཡིན། ཕུ་བོ་བདག་གིས་ནུ་མོ་ཁྱེད་ལ་བཅིངས་པའི་རེ་བ་དང་འབོད་སྐུལ་ཡིན། ཞོར་ནས། འུ་མིང་སྲིང་གཉིས་ཀྱི་ཚབ་ཏུ་ཕ་མ་གཉིས་ཀྱི་ཁར་ཉན་པ་དང་ཚིག་བརྩིས་ནས་བུ་མོ་ཡ་རབས་ཤིག་བྱེད་ཐུབ་པར་ཕུ་བོ་ངས་ཁྱེད་ལ་ཡིད་ཆེས་ཡོད། ཕུ་བོ་ངའི་ཕྱོགས་སུ་སེམས་ཁུར་རྩ་བ་ནས་མེད། སློབ་གྲོགས་ཚོར་མཐུན་ལམ་དང་སྣང་བ་གང་དྲན་གྱིས་ཆལ་སྤྱོད་ལ་མི་འཇུག་རྒྱུ་ཕུ་བོ་ངའི་ཐ་མའི་རེ་བ་ཡིན། ཕུ་བོ་ངས་ཁྱེད་རང་དེ་འདྲའི་ཐ་ཤལ་གྱི་བྱ་བར་མི་ཞུགས་པའི་བུ་མོ་ཡ་རབས་ཤིག་ཡིན་པ་སྔར་ནས་ཡིད་ཆེས་ཡོད་ལ་དེ་རིང་ཡང་དེའི་སྟེང་ཡར་རྒྱས་སོང་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་སེམས་ལ་བཟུང་། མཐའ་དོན་ཕ་མ་གཉིས་དང་ཁྱེད་ཚོར་ཁ་དྲོ། ཚེ་རིང་། ནད་མེད། ལོ་བརྒྱ་ཐོབ་པར་ཤོག། རེ་སྐུལ་དྲྭ་ཐོག་ནས་ངོ་ཤེས་སུ་ཞིག་གིས་ངའི་ཕ་མ་དག་གི་ཉེ་སར་ཡོད་ན། འཕྲིན་ཡིག་འདི་ངའི་ཚབ་ཏུ། ཕ་མ་གཉིས་ལ་ཀློག་རོགས་ཞུ། དྲུང་ཡིག་དོན་ལྡན་ནས།

འཕྲིན་ཡིག

Post navigation

Previous Post: བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་གསར་འགོད་ལྷན་ཚོགས།
Next Post: བུ་འཇོན་ཐང་ཅན་ཞིག་སྐྱེས་ནས་ལོ་ཆིག་སྟོང་འཁོར་བའི་རྗེས་དྲན།

Comments (8) on “བཙོན་ནས་ཕ་མ་གཉིས་དང་ནུ་མོར་སྤྲིངས་པའི་འཕྲིན།”

  1. མེ་ཏོག་དཀར་པོ says:
    2013-01-29 at 10:40 pm

    ཁྱེད་ཀྱིས་བློས་གཏོང་ནམ་ཡང་མི་བརྗེད།

  2. ཐབས་ཇུས་ཅན says:
    2013-01-29 at 11:15 pm

    རྗེས་སུ་ཡི་རང་ཡོད།
    ང་ཚོའི་ཆེད་དུ་དཀའ་ལས་སྐྱོན་པ་ཐུགས་རྗེ་ཆེ། བོད་རང་དབང་རང་བཙན་མྱུར་དུ་ཐོབ་པར་ཤོག
    ཁྱེད་རང་གི་བསམ་དོན་འགྲུབ་པའི་སྨོན་འདུན་དང་བཅས།

  3. མང་ཐོས། says:
    2013-01-29 at 11:26 pm

    ཞི་བའི་འཐད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་སྐུ་བདེ་ཐང་ཡིན་ན། ང་སེམས་བདེ་སོང་།

  4. སྔགས་རྒན་ཚང་། says:
    2013-01-29 at 11:30 pm

    ཁྱེད་ཀྱི་བློ་སྟོབས་དང་བློས་གཏོང་ལ་ཡིད་རངས་ཞུའོ།།

  5. ལོག་སྨྲ་ཚར་གཅོད། says:
    2013-01-30 at 3:30 am

    ངའི་དྲྭ་གྲོགས་བཟང་པོ་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་ནི་ས་དྲུག་གི་ལུས་ཚབ་དང་བྱེས་ཀྱི་ཆབ་སྲིད་བཙན་པ་བཙན་ཡུན་རིང་ཤོས་ཀྱི་དཔའ་བོ་ངོ་མ་དེ་ཡིན།། ཁྱེད་ཀྱི་རེ་འདུན་ལྟར་ང་ཚོས་ཀྱང་བཙན་ཁང་གི་ཕྱི་རོལ་ཏུ་རང་དབང་ཐོག་གནས་ཡོད་སྟབས་གང་ཐུབ་ཅི་ནུས་ཀྱིས་བོད་དོན་ཆེད་ལས་འགུལ་དང་ཁྱབ་སྤེལ་རྒྱ་ཆེར་བྱེད་ཀྱི་ཡོད།། ངས་ཁྱེད་ལ་སླར་ཡང་བརྗོད་འདོད་པ་ཞིག་ནི། ང་ཚོ་བོད་པ་ཚང་མ་ཛ་དྲག་གི་དུས་སྐབས་འདིར་བདེན་པའི་འཐབ་རྩོད་ཀྱི་འཐབ་གྲོགས་སྤུན་ཟླ་ཡིན་ལ་ལྷག་པར་དུ་ང་ཚོའི་གཞི་བྱེས་ཀྱི་ཆབ་སྲིད་བཙན་པ་རྣམས་ནི་དེའི་མདུན་བསྐྱོད་ཀྱི་དཔའ་བོ་ངོ་མ་དེ་ཡིན་པས་ང་ཚོས་ནམ་ཡང་རྗེད་མི་སྲིད།།

  6. ནག་ཐར་སྐྱིད། says:
    2013-01-30 at 4:51 am

    གླིང་ཚའི་སྐུ་ལུས་བདེ་བོ་ཡིན་སྟབས་ཡིད་སེམས་དགའ་ནས་ཡོད། སྤྱིར་བོད་མི་ས་ཡ་དྲུག་མི་རེ་ངོ་རེ་བྱས་ནས་གླིང་ཚའི་འཕྲིན་ཡིག་འདིའི་རོ་མྱོང་རྒྱུ་གལ་ཆེན་རེད་འདོད།

  7. ཨོ་རྒྱན་ཉི་མ། says:
    2013-01-30 at 6:43 am

    བརྩེ་དུང་ཆེ་ཞིང་ཕྱི་ཐག་རིང་བའི་འགྲན་མེད་གདོང་དམར་ངོ་མ་ཞིག །
    མི་རིགས་རིག་གཞུང་སྲོག་ལས་གཅེས་ཤིང་ཕ་མ་སྤུན་སྲིང་སྤྱི་བོར་བཀུར།།
    དོན་ལྡན་བླ་མའི་ཞབས་ཀྱི་པད་མོ་མི་ཕྱེད་ལྕང་ལོའི་རྩེ་མོར་བླངས།།
    གླིང་ཚ་རྡོ་རྗེ་ཚེ་བརྟན་ཁྱོད་ནི་ཕྱི་རབས་བོད་མིའི་མིག་དཔེ་ཞིག།

  8. བསྟན་འཛིན་རྒྱལ་པོ། says:
    2013-01-30 at 9:28 am

    བོད་ཡུལ་གླིང་ཚའི་བུ།
    ས་ཡ་དྲུག་གི་བུ།
    ཁ་བ་ཅན་གྱི་བུ།
    ལར་ཞེན་ཅན་གྱི་བུ།
    བློ་ཐག་ཆོད་པའི་བུ།
    བློ་གྲོས་ཅན་གྱི་བུ།
    ངོ་མཚར་ཅན་གྱི་བུ།
    ཁྱེད་ཀྱི་ཐུགས་བསམ་འགྲུབ་པའི་སྨོན་ལམ་འདེབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme