Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་གྱི་གཏམ་རྒྱུད།

Posted on 2008-08-05 By དབང་ཕྱུག་ 1 Comment on ཕ་ཡུལ་གྱི་གཏམ་རྒྱུད།

སྐར་ཆེན།

ལོ་ན་ཆུང་བའི་དུས་སུ།
ངའི་བསམ་པར།
ཕ་ཡུལ་འདི་རང་ལ་དབང་བའི་རྩེད་རྭ་ཆུང་ཆུང་ཞིག་རེད་སྙམ
ངའི་བསམ་པར།
ཕ་ཡུལ་འདི་ལྷ་སྒྲུང་གི་ཞིང་ཁམས་ཤིག་རེད་སྙམ།
ད་དུང༌།
ངའི་ཡིད་ལ།
ཕ་ཡུལ་འདི་ཨ་མའི་འཇམ་གཉེན་གྱི་ཕྱག་ཟུང་བཞིན།
ཧ་ཅང་དྲོད་ཁོལ་ལྡན་པ་ཞིག
ཧ་ཅང་བརྩེ་སེམས་གྱིས་ཁོལ་བ་ཞིག
ད་དུང༌།
ངའི་དྲན་སྣང་ལ།
ཕ་ཡུལ་གྱི་རི་ཆུ་ནགས་གསུམ་འདི།
ང་ལ་དབང་བའི་ཁྱིམ་གཞིས་ངོ་མ་དེ་ཡིན་བསམ་མྱོང༌།
ངས་ལོངས་སྤྱོད་བྱས་ཆོག་པའི་མ་འོངས་བའི་རྒྱུ་ནོར་ཡིན་བསམ་མྱོང༌།
སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ།
བགྲོད་ཆོག་ཆོག་གི་རང་དབང་གི་ལམ་ཕྲན་ཞིག་རེད་བསམ་མྱོང༌།
རི་འདབས་ཀྱི་ཆུ་ཕྲན་སྔོན་མོ་དེ།
བཏུང་ཆོག་ཆོག་གི་བདུད་རྩི་བསིལ་མ་ཞིག་ཡིན་བསམ་མྱོང༌།
ད་དུང༌།
ངའི་བསམ་པར།
མགོ་ཐོག་གི་གནམ་སྔོན་པོ་འདི་དང༌།
རྐང་འོག་གི་ས་གཞི་ལེབ་མོ་འདི།
ང་ལ་དབང་བའི་ཕ་གཞིས་ངོ་མ་དེ་རེད་བསམ་མྱོང༌།

འོན་ཀྱང༌།
ང་ནར་སོན་རྗེས།
ངས་ཕ་ཡུལ་གྱི་གནམ་སྔོན་མོ་འདི་སྤྲིན་པས་བསྒྲིབས་པ་མཐོང་བྱུང༌།
ངས་ཕ་ཡུལ་གྱི་ས་དོག་མོ་འདི་གཞན་གྱིས་འཁྱེར་བ་མཐོང་བྱུང༌།
ད་དུང༌།
ངའི་མདུན་གྱི་གཞུང་ལམ་དེ་ཡང་ཉིན་རེ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་སོང༌།
ངའི་རྒྱབ་ཀྱི་བྲག་རི་མཐོན་པོ་དེ་ཡང་ཉིན་རེ་བཞིན་ཇེ་དམའ་ནས་ཇེ་དམའ་རུ་གྱུར་སོང༌།

ད་དུང༌།
ཡུལ་མི་ཚོའི་བྲང་གཞུང་གི་རྐང་ལམ་ཕྲ་མོ་དེ༌།
གཞན་གྱི་རྡོག་པས་བརྫིས་སོང༌།
ཡུལ་མི་ཚོའི་སེམས་ཀྱི་ཆུ་ཕྲན་དྭངས་མོ་དེ༌།
གཞན་གྱི་ཁྲུས་གཞོང་ཆགས་སོང༌།

དེ་རིང་ཡང༌།
ངའི་ཕ་ཡུལ་འདི༌།
གཞན་གྱི་ལག་མཐིལ་ན།
ཧ་ཅང་ཉམ་ཐག་གིས་འཚོ།
ངའི་ཕ་ཡུལ་འདི།
གཞན་གྱི་རྐང་འོག་ན།
ཧ་ཅང་སྡུག་བསྔལ་གྱིས་མནར།

ད་དུང༌།
ངའི་ཡུལ་མི་རྣམས།
གཞན་ཡུལ་ལ་སྤྱུགས༌།
ས་མཐའ་རུ་འཁྱམས།

ངས་ཕ་ཡུལ་བསམ་བཞིན།
ཕ་ཡུལ་གྱི་གཏམ་རྒྱུད་གླེང༌།
ངས་ཕ་ཡུལ་དྲན་བཞིན།
ཕ་ཡུལ་གྱི་གཏམ་རྒྱུད་བྲིས།

སྙན་ངག

Post navigation

Previous Post: སེམས་ཁུར་གྱི་སྐད་ཆ།༼བོད་འབྱོར་རྩོམ་ཡིག༽
Next Post: ང་དང་ངའི་རོ་སྒམ། ༼བོད་འབྱོར་རྩོམ་ཡིག༽

Comment (1) on “ཕ་ཡུལ་གྱི་གཏམ་རྒྱུད།”

  1. རེ་བ། says:
    2008-08-05 at 12:59 pm

    ཐུགས་རྗེ་ཆེ། འདི་ལྟ་བུ་མུ་མཐུད་འབྲི་རོགས། ཕ་ཡུལ་གྱི་མི་རྣམས་སྙིང་རེ་རྗེ། དེ་ལས་ཀྱང་ཕ་ཡུལ་གྱི་གྲྭ་པ་ཚོ་ཡ་རེ་ང་། དགོན་པར་བསྡད་ན་དགེ་བསྐོས་ཀྱིས་དྲག་རྡུང་བྱེད། ཁྲོམ་ལ་སོང་ན་རྒྱ་དམག་གིས་གཅར་རྡུང་བྱེད། སྙིང་རྗེ། ངའི་ཁྲག་རྒྱུད་གཅིག་པའི་ཆོས་གྲོགས་འདི་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme