Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བདུན་པ།

Posted on 2013-01-282013-01-28 By ཁ་བརྡ་ 202 Comments on བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བདུན་པ།

ཨོ་རྒྱན་ཉི་མ།

ངས་ད་དུང་འདི་ནས་བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་ཞིག་བྱ་འདོད་ཀྱིས་འདུན་པ་ཡོངས་སུ་བརྟས་ཏེ་ཅུང་ཟད་ཅིག་ཞུ་ན། དེང་སང་རྡ་སའི་གཞུང་གིས་ངོ་རྒོལ་ལས་མཐུན་ལམ་མི་ཤེས་པ་དང་། སྐད་འབོད་ལས་རང་ཚུགས་མི་ཐུབ་པའི་དུས་ཚོད་འདིར་མིག་རྒྱང་མེད་པའི་ཅོལ་ཆུང་ཚོས་བལྟས་ན་གྲུབ་འབྲས་ཤིག་ཐོན་གྱིན་པའི་རྣམ་པ་དང་། མིག་རྒྱང་རིང་བ་ཚོས་གཟིགས་ན་ངུ་དགོས་པའི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་པར་འདོད། ཆབ་སྲིད་ཀྱི་ངོ་བོ་རང་ཁེ་གཞན་ཕམ་རེད་དེ། རང་རྒྱལ་གཞན་ཕམ་པར་ནུས་མི་ནུས་ཏེ་ཐོག་མར་རང་གི་འཇོན་ཐང་དང་། སྤོབས་པ། གནས་སྟངས་ལ་ལྟ་གདོས་པ་དེ་ཡང་གལ་ཆེན་ཞིག་ཡིན་པར་མཐོང་། དེ་ཙམ་དུ་མ་ཟད་ང་དགུའི་ལོར་བཙན་བྱོལ་དུ་ཕེབས་པའི་བོད་ཀྱི་བླ་རྒན་ཚོས་དཀའ་བ་བརྒྱ་ཕྲག་གིས་རྒྱ་བལ་འབྲུག་གསུམ་སོགས་སུ་བསྟན་པའི་གནས་གཞི་བཏིང་ཞིང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གདུལ་བྱ་གཙོར་བྱས་པའི་ཤར་ནུབ་ཀྱི་སྐྱེ་བོ་དུ་མའི་འདོད་པ་ཆོས་བཞིན་དུ་བསྐངས་ཏེ་དུས་རབས་ཕྱེད་ཀ་འདས་པ་ད་ལྟའི་དུས་འདིར་མཚོན་ན་ངོ་མ་སྐྱོ་དགོས་པ་དང་། ངུ་དགོས་པའི་གནས་སྟངས་ཤིག་ལ་བསླེབ་ཡོད་པར་མཐོང་། ངས་ན་ཉིན་ནས་བསྟན་པའི་གནས་ཚད་ལ་བལྟས་ན་རྟགས་ཙམ་འཛིན་པའི་དུས་ལ་བསླེབ་མི་འདུག ད་དུང་ཤུགས་རྒྱག་ན་རྒྱག་རྒྱུ་འདུག ཚང་མས་ཤུགས་བསྣོན་རྒྱག་རོགས། བསྟན་པ་དག་ཐེར་མེད་པ་མེད་ན། བླ་རྒན་དེ་ཚོ་དགོངས་པ་གཞི་དབྱིངས་སུ་སྡུད་བཞིན་པ་རེད།
གཞུག་ནས་ཕེབས་པའི་བླ་གསར་ཚོའི་ནང་ནས་ཕལ་ཆེ་བ་ལ་དམ་ཚིག་ཕར་ཞོག སྡོམ་པ་ཡང་མི་འདུག དེ་ཕྱིར་ད་ལྟ་ལུས་ཡོད་པའི་བླ་རྒན་ཚོས་ཐུགས་འགན་བཞེས་རོགས་ཞེས་ཐེངས་མང་རེ་བསྐུལ་ཞུས་པ་ཡིན། བསྟན་པ་དག་ཐེར་ནི་བོད་གཅིག་པུའི་ཆེད་དུ་མ་ཡིན་པར་ནང་པ་སངས་རྒྱས་པའི་བསྟན་པ་དང་། འགྲོ་བ་སྤྱིའི་ཆེད་དུ་རེད། བསྟན་འགྲོའི་དོན་དུ་རང་སྲོག་ཤོར་ན་ཡང་གཏོང་དགོས་ངེས་ཤིག་རེད། བསྟན་པ་དང་འགྲོ་བའི་དོན་རེད་ཟེར་དུས་སྡར་མ། རང་དོན་ལ་ཐུག་དུས་རྒྱ་སྟག་ངར་མ་འདྲ་བའི་གང་ཟག་ཚོར་ངས་དུས་ནམ་ཡང་མི་གྲལ་མྱངས་མེད། ད་འགྲིགས་སོང་། ཁྱེད་ཅག་གིས་བསྟན་པ་བཤིགས་པ་ལ་སྨད་ར་མེད་པ་དང་། བསྟན་འཛིན་ལ་བསྟོད་བསྔགས་མེད་པའི་ཉེར་ལེན་ལ་བརྟེན་ནས་བཙན་བྱོལ་བའི་དགེ་འདུན་པའི་ཁྲོད་དུ་བསྟན་པའི་ཆེད་དུ་ལ་རྒྱ་ལྡན་པའི་གང་ཟག་ཆེས་དཀོན་པོ་རེད། བསྟན་པ་ཟོང་དང་བརྗེ་མཁན་ལས། བསྟན་དོན་ཆོས་ལ་སྤྱོད་མཁན་མེད་པ་དེས་ཤར་ནུབ་སྐྱེ་བོ་དག་ཞེན་པ་ལོག་བཞིན་པ་རེད། བསྟན་པ་དྲི་མེད་ཅིག་དང་། བསྟན་འཛིན་རྣམ་དག་གཅིག་བསྐྱེད་བསྲིང་བྱ་ཐུབ་ན་བཙན་བྱོལ་གཞུང་ལ་སྨན་པར་མ་ཟད། རི་བོ་ཧི་མ་ལ་ཡར་གནས་པའི་སྐྱེ་བོ་ཀུན་དང་། ཁྱད་པར་དུ་ནང་པའི་བསྟན་པ་ཡུན་གནས་ལ་ཕན་ངེས་པའི་གདེངས་ཚོད་ཡོད།
གལ་སྲིད་ཁྱེད་ཅག་གིས་ད་དུང་ཆོས་མིན་ལས་ལ་ཞུགས་བསྡད་ན། རྒྱ་ནག་གཞུང་གིས་བོད་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་སྔར་ལ་རྒྱབ་བསྐྱོར་ཆེ་རུ་གཏོང་ངེས་པ་དང་། བོད་བརྒྱུད་ནང་བསྟན་པའི་དགེ་འདུན་པ་ཚད་ལྡན་དག་ཤར་ནུབ་ཀུན་དུ་གཞུང་འབྲེལ་གྱིས་མཛད་སྒོ་རྒྱ་ཆེར་བྱ་ངེས་རེད། སྐབས་དེ་དུས་བཙན་བྱོལ་བོད་པའི་དགེ་འདུན་པ་ཚང་མ་སྲིན་བུ་མེ་འཁྱེར་བཞིན་དུ་འགྱུར་ངེས་པ་དང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དགེ་འདུན་པ་ཕལ་ཆེ་བ་རྒྱ་ནག་གཞུང་ལ་དགོངས་ཞུས་ཀྱིས་བོད་ལ་ཆོས་བསླབ་དུ་འགྲོ་ངེས་རེད། བོད་ལ་ཡོད་ཚད་དགེ་འདུན་པ་རྣམ་དག་ཡིན་པའི་ངེས་པ་མེད་ཀྱང་། བོད་དང་བཙན་བྱོལ་བའི་དགེ་འདུན་པ་གཉིས་བསྡུར་ན་བོད་ལ་ཡོད་པ་དག་གཙང་བ་དང་། བཙན་བྱོལ་དང་བོད་ལ་ཡོད་པའི་བོད་མི་གཉིས་བསྡུར་ན་བོད་ལ་ཡོད་པ་ཚོར་ལ་རྒྱ་དང་། དུང་སེམས། དྲང་བདེན་གང་ཅིའི་ཐད་ནས་རྩེར་སོན་ཡིན་པ་ཕར་བལྟས་ཚུར་གཟིགས་རེད། བཙན་བྱོལ་བ་ཚོས་ད་ལྟ་བཟོ་བཅོས་རྒྱབ་ན་བཟོ་རྒྱུ་མེད་པ་དེ་འདྲ་ཞིག་གཏན་ནས་མི་སྲིད་པ་ཞིག་རེད། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་ཐུབ་སོང་ན། ཆོས་སྲིད་དཔལ་འབྱོར་གསུམ་གྱིས་གཞན་དྲིང་མི་འཇོག་པའི་སྲིད་པའི་ཁྱོན་ལ་འགྲན་ཟླ་དང་བྲལ་ངེས་སོ།།
ད་ལྟའི་ཆར་རྒྱ་ནག་གཞུང་ལ་ཆབ་སྲིད་དང་། དཔལ་འབྱོར་ཡོད་ཀྱང་། ཆོས་ཀྱི་རིན་ཐང་དེ་གོང་མཐོར་གཏོང་བའི་ཆོད་སེམས་དངོས་དེ་བསླེབ་མེད་པ་རེད། མ་འོངས་པར་རྒྱ་གཞུང་གིས་དམ་པའི་ཆོས་ཨང་དང་པོར་བཞག དེ་ནས་ཆབ་སྲིད། དེའི་རྗེས་དཔལ་འབྱོར་ལམ་ལུགས་ཏེ། མདོར་ན་ཆོས་དཔལ་སྲིད་གསུམ་སྲ་བརྟན་དགོས་ན་མི་རིགས་མཐུན་བསྒྲིལ་དང་། རིག་གཞུང་སྲུང་སྐྱོབ་བྱ་དགོས་པ་དང་། དེ་ནི་རྒྱ་གཞུང་རྟོགས་ཡོད་ངེས་པ་དང་། ལག་ལེན་འདེབས་ངེས་རེད། ངའི་རྒྱ་གཞུང་ལ་རེ་བ་ཆེ་ཤོས་ཏེ་བོད་ལ་ཡོད་པའི་དགེ་འདུན་པ་དང་། མཁན་སྤྲུལ་ཚད་ལྡན་དེ་ཚོ་ལས། བསྟན་པའི་ཆོམ་རྐུན་ཕུང་གསུམ་པ་དེ་ཚོ་མ་གཏོང་རོགས་ཞེས་ཞུ་རྒྱུ་ཡིན། ང་དགུའི་ལོ་ནས་ཉིས་སྟོང་ལོ་བར་བཙན་བྱོལ་ཁྲོད་དུ་ཆོས་ལུགས་དང་། ཆབ་སྲིད་ཀྱི་འགལ་ཟླ་ཅུང་ཟད་ཡོད་ཀྱང་། དབུ་འཛིན་ཚད་ལྡན་དང་། རང་རང་གི་ཆོས་བརྒྱུད་དང་། གྲུབ་མཐའི་བླ་མ་ཆེ་ཁག་གི་བཀའ་དྲིན་ལ་བརྟེན་ནས་བསྟན་པ་རྒྱས་པ་རེད། དེའི་གཞུག་ནས་བླ་ཆེན་ཁག་དགོངས་པ་བསྡུས་པ་དང་། འགའ་ཞིག་དགོངས་ན་བསྒྲེས་ཡོངས་དུས། དེ་དག་གི་རྒྱལ་ཚབ་འཁེ་འཆེ་བ་མང་པོ་ཞིག་གིས་བསྟན་འཛིན་གྱི་མིང་དགོས་པ་ལ། བསྟན་དོན་སྒྲུབ་མི་ནུས་པ་ཚོས་མཚན་སྙན་ཡོངས་རྫོགས་འཕྲོ་བརླག་ཏུ་བཏང་བ་རེད། ངས་དགེ་འདུན་སྡེ་གང་ཡང་མ་ཡིན་པའི་ཕུང་གསུམ་པའི་སྐོར་བཤད་ནས་བགྲང་བྱ་གཉིས་ཀྱི་རིང་གྲུབ་འབྲས་མི་དམན་པ་ཐོན་ཡོད། ད་དུང་ངས་གདོང་ལེན་བྱ་ངེས་ཡིན། ཡིན་ན་ཡང་དེང་སང་ཕུང་གསུམ་པའི་སྐོར་ཡན་ལག་བདུན་པ་དང་། སྒྲོལ་མ་ཉེར་གཅིག་དང་སྦྱར་བ་གཉིས་ཁྱབ་ཡོད་པ་དག་ངས་བྲིས་པ་མིན་པར་ཤེས་པར་གྱིས་ཤིག འགའ་ཞིག་གིས་ཁོ་བོར་སྐད་ཆ་དྲིས་སོང་། དེ་ཕྱིར་འདིར་ལན་འདེབས་ཀྱི་ཚུལ་དུ་བཀོད་པ་ཡིན།

སྣ་ཚོགས།

Post navigation

Previous Post: ཁྱོད་འགྲོ་རན་སོོང་།
Next Post: ལས་རིགས།

Comments (202) on “བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བདུན་པ།”

  1. ཁྱི་རྒན། says:
    2013-01-28 at 11:15 am

    ཁ་བརྡ་ཚང་ལ་ལགས། ང་མཆན་བཏབ་བཅུག་རོགས། ངའི་དྲ་ཚིག་དངོས་གནས་ཡིན། ཁ་སྔོན་ངས་མཆན་བརྒྱབས་ཡིན་ཡང་བརྒྱབས་བུག་མ་སོང་། ད་ལན་དེ་ལྟར་མི་གནང་བར་ཞུ།

  2. ཨ་ཕྱི་ཆོས་སྒྲོན says:
    2013-01-28 at 11:36 am

    སྤྲུལ་སྐུས་ཡག་པོ་བཞག ཁྱེད་ཀྱི་ཆོག་ཤེས་ཀྱི་དེབ་དེ་རྒྱ་གར་རྡེ་ར་རྡུན་ནས་བཙོང་གི་ཡོད་དམ།

  3. མངའ་རིས་ཕྲིན་ལས། says:
    2013-01-28 at 11:48 am

    སྐྱག་པའི་དག་ཐེར་དང་པོ་སྔགས་མིན་གྲྭ་མིན་སྐྱ་མིན་ཕུང་གསུམ་པ་ཁྱོད་རང་གི་སྤྱོད་པ་ལ་དག་ཐེར་བྱོས་དང་།

  4. མེ་ཏོག་དཀར་པོ says:
    2013-01-28 at 12:04 pm

    ཐུ་ཐུ་ཐུ། རང་ཉིད་ཤིང་ཁྲི་གོག་པོ་ཞིག་གི་སྒང་ལ་བཞག་ནས་གོ་འཐོབ་མ་རག་པའི་སྙིང་ནད་དེ་བོད་བཙན་བྱོལ་བ་དང་རྡ་སའི་སྒྲིག་འཛུག བླ་ལ་སྐྱ་སྤྲུལ་སོགས་ལ་བཀལ་བའི་སྤྲུལ་གོག ཡོད་ཚད་ཀྱི་སེམས་དཀྲུག་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་གི་ཡོད་དོ་ལོ། མཐོང་ཚད་ལ་སྣང་ཆུང་གིས་ཚིག་རྩུབ་དང་ཡ་ག་སྒྲོགས་བཞིན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ
    དང་། གྲུབ་དབང་པད་ནོར་རིན་པོ་ཆེའི་སློབ་མ་ཡིན་ནོ་ལོ།། མི་རིགས་ཀྱི་ཡིད་བརྟན་བཅོལ་སའི་སྒྲིག་འཛུག་ལ་མ་འཇོན་མི་འཇོན་འཇོན་པར་མི་འགྱུར་བའི་ཁ་ནག་བསྐོལ་ནས་བོད་ལ་རྒྱང་བལྟ་བྱེད་དོ་ལོ།།
    སྤྲུལ་གོག་འདི་རིགས་མཐོང་ནས་ཞེ་མེར་འོང་། མཉའ་ནོན་ཤུ་བཞོག་གཏོང་མཁན། མི་རིགས་ཀྱི་ཁུར་པོ། དཀོར་བགམ། སྤྲུལ་གོག་མང་ཆེ་བས་ཡི་གེ་འབྲི་མི་ཤེས། ཏོག་ཙམ་ཤེས་མཁན་དབང་ཆེན་དང་ཨོ་ཉི་ལྟ་བུ་རེད། འདི་ཚོ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱ་ཡ།

  5. མེ་ཏོག་དཀར་པོ says:
    2013-01-28 at 12:16 pm

    ཨ་ཕྱི་ཆོས་སྒྲོན་ཁྱོད་རང་སྤྲུལ་གོག་ལ་བསྟོད་ར་གཏོང་རྒྱུ་སོ་སོའི་མིང་དེ་བརྗེ་པོ་རྒྱག་ན ལེགས། ཁྱོད་རྒྱལ་བ་འབྲི་གུང་པའི་རིང་ལུགས་འཛིན་མཁན་ཞིག་གིས་བཀའ་སྲུང་གི་མཚན་དེ་བེད་མ་སྤྱད་ལེགས། ཕྲིན་ལས་མྱུར་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་ན་ཡང་གཙོ མོའི་འཁོར་ལ་འཇིག་རྟེན་ལས་མཁན་ཤ་ཟན་མ་དུ་མ་ཡོད་པས་བཀའ་ཆད་ཕོག་འོང་།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-01-28 at 12:22 pm

    ་་་་་ བོད་ལ་ཡོད་ཚད་དགེ་འདུན་པ་རྣམ་དག་ཡིན་པའི་ངེས་པ་མེད་ཀྱང་། བོད་དང་བཙན་བྱོལ་བའི་དགེ་འདུན་པ་གཉིས་བསྡུར་ན་བོད་ལ་ཡོད་པ་དག་གཙང་བ་དང་། བཙན་བྱོལ་དང་བོད་ལ་ཡོད་པའི་བོད་མི་གཉིས་བསྡུར་ན་བོད་ལ་ཡོད་པ་ཚོར་ལ་རྒྱ་དང་། དུང་སེམས། དྲང་བདེན་གང་ཅིའི་ཐད་ནས་རྩེར་སོན་ཡིན་པ་ཕར་བལྟས་ཚུར་གཟིགས་རེད། ་་་་ཟེར།

  7. བན་དེ་བ། says:
    2013-01-28 at 12:29 pm

    གོང་དུ་མཆན་བཀོད་པ་དག་གི་བསམ་ཚུལ་ལ་རྒྱབ་སྐྱོར་100%ཡོད། ཁ་ཕྱིར་ལྟས་ལས་ཁ་ནང་དུ་འཁོར་ནས་མནོ་བསམ་གཏོང་རན་འདུག བོད་བཙན་བྱོལ་བས་མ་འབྱོན་མ་བྱུང་རབས་ཤོད་དུས་ཤོད་མཁན་ཁྱོད་རང་ཡང་དེ་ཡི་ནང་དུ་མེད་དམ། ཡོད་ན་དང་པོ་རང་གིས་བྱོས། བོད་བཙན་བྱོལ་བ་ཟེར་བ་ནི་བྱེ་བྲག་སྤུངས་པའི་འདུས་ཚོགས་ཞིག་ཡིན་པས་འདུས་པའི་མི་སྣ་རེ་རེ་ནས་བོད་དོན་དང་རང་སྡོམ་རང་བསྟན་བསྲུང་སྐྱོབས་ལས་གཞན་ལ་མཛུབ་མོ་བཙུགས་ས་ཞིག་མེད། མི་རེ་ངོ་རེ་ནས་བསྒྲུབ་དགོས་པ་ལས་དེ་མིན་མ་བྱུང་མ་བྱས་རབས་ཀྱི་སྐྱོན་མཚངས་འདྲུ་ས་མེད་པར་ཤེས་པར་གྱིས། ཁྱོད་རང་གིས་ཁྲོམ་དུ་བོད་དོན་ཆེད་དུ་མར་མེའི་ཁྲོམས་སྐོར་ཙམ་གྱི་ནང་དུའང་འཛུལ་མྱོངས་མ་གོ། མཛུབ་མོ་ཕར་བཙུགས་དུས་མཛུབ་མོ་གཞན་བཞི་རང་ཉིད་ལ་བཙུགས་ཡོད་པར་ཤེས་པར་གྱིས། སྔར་བླ་རྒན་གྲྭ་རྒན་ཚོས་ཆོས་ལུགས་མཐུན་བསྒྲིལ་ལག་གིས་བྱས་པ་དེ་དག་དེང་རབས་ཀྱི་སྤྲུལ་གོག་སྤྲུལ་བརྫུས་ཁྱོད་དང་ཁྱོད་འདྲ་བ་འགས་རྐང་པས་གཏོར་བཤིག་གཏོང་གི་ཡོད་པས་མིག་ཡོད་ཀྱིས་མ་མཐོང་ཟེར་ས་མེད་པ་དང། རྣ་བ་ཡོད་པས་མ་གོ་ཟེར་ས་མེད་པའི་རྩོམས་སྐྱག་དང་མཆན་བྲིས་མེད་དམ། རྐུན་མ་ཧམ་ཆེན་གྱིས་མི་གསོད་ཅེས་པ་ཅིས་མི་བདེན། ད་དུང་ཆོག་ཤེས་དགོས་རབས་ཀྱིས་དེབ་སྐྱག་འདྲ་བྲིས་ཁུལ་བྱས། རང་ཉིད་བོད་དུ་བསྡོད་རྒྱུའི་ཆོག་ཤེས་མེད་ནས་བཙན་བྱོལ་དུ་སླེབས། དེ་ནས་ཆོག་ཤེས་མེད་ནས་སོར་སྡོམ་བརླག དེ་ནས་ཆོག་ཤེས་མེད་ནས་ནུབ་ཕྱོགས་སུ་ཕྱིན། ད་ཆོག་ཤེས་མེད་ནས་བོད་བཙན་བྱོལ་མི་རེ་ངོ་རེ་ལ་དམའ་འབེབས་བཏང། ཆོས་ལུགས་ལ་སྐུར་འདེབས་དྲན་ཚད་བྲིས་ཏེ་བོད་ཕྱི་ནང་གི་དྲ་རྒྱར་བཀྲམས། ད་ཁྲག་ལྟར་དཀྲུགས་དགོས་དྲན་གི་ཡོད་པ་འདྲ།

  8. ཨོ་རྒྱན་ཉི་མ། says:
    2013-01-28 at 12:56 pm

    ཁྱོད་ཚོ་འདྲ་པོ་བསྟན་པ་རྨང་ནས་བཤིགས་སོང་ན་སྒོར་མོ་ལ་ཆགས་ནས་འདུག་མཁན་མིན། བསྟན་པ་དག་ཐེར་མེད་ན་དཀའ་ལས་འཕྲད་ངེས་སོ།།

  9. དགེ་བསམ says:
    2013-01-28 at 12:58 pm

    འདི་ལྟ་བུ་ཡོད་པ་ལས་མེད་ན་དགའ།

  10. ཨོ་རྒྱན་ཉི་མ། says:
    2013-01-28 at 12:58 pm

    སྨིན་གྲོལ་གླིང་དང་ས་སྐྱའི་མཐོ་སློབ་སོགས་སུ་དེབ་༣༠༠ ་བཀྲམ་ཡོད། ལམ་གྱི་འགྲོ་གྲོན་ཙམ་ལས་ཚང་མ་རིན་མེད་དུ་ཕུལ་ཡོད། ཨ་ཕྱི་ལགས

  11. ཨོ་རྒྱན་ཉི་མ། says:
    2013-01-28 at 1:11 pm

    ང་ལ་ཁྱོད་ཚོ་འདྲ་བའི་ཀླད་མེད་དེ་ཚོ་མི་དགོས། བཟང་བཤད་ན་ངན་དུ་གོ།

  12. ཨོ་རྒྱན་ཉི་མ། says:
    2013-01-28 at 1:11 pm

    ང་ལ་ཁྱོད་ཚོ་འདྲ་བའི་ཀླད་མེད་དེ་ཚོ་མི་དགོས། བཟང་བཤད་ན་ངན་དུ་གོ།

  13. ཅོ་རི་ཉི་མ། says:
    2013-01-28 at 1:25 pm

    ཨོ་རྒྱན་ཉི་མ་འདི་དངོས་གནས་སྨྱོན་པར་འདྲ།

  14. ཨོ་རྒྱན་ཉི་མ། says:
    2013-01-28 at 1:37 pm

    ཅོ་རིས་བལྟས་ན་ཨོ་རྒྱན་སྨྱོས་པ་དང་། ཨོ་རྒྱན་གྱིས་བལྟས་ན་ཅོ་རི་ཡང་། ཧཧཧ

  15. ཅོ་རི་ཉི་མ། says:
    2013-01-28 at 1:44 pm

    ཨོ་རྒྱན་ཉི་མ་ལགས་་་བདེན་པ་རེད་་་འཁོར་བས་བལྟས་ན་མི་ལ་སྨྱོས་པ་དང་མི་ལས་བལྟས་ན་འཁོར་སྨྱོས་པ་རེད་ཟེར་བ་ལྟར་་་་ངས་བལྟས་ན་ཁྱེད་རང་དངོས་གནས་སྨྱོས་འདུག་བསམས་ཀྱི་འདུག
    ཁྱེད་ཀྱིས་ཕུང་སུམ་པའི་སྤྲུལ་སྐུ་ཟེར་ནས་མང་པོ་སོང་བས་་་་སྤྲུལ་སྐུ་ཕུང་སུམ་པའི་མཚན་ཉིད་དང་མཚོན་གཞི་ཞིག་འཇོག་གྱི་ཡོད་དམ། ཡོད་ན་་་ཁྱེད་ཀྱིས་བཤད་པར་རྒྱུ་མཚན་ཡོད་མེད་ཤེས་ཡོང་གི་རེད། མེད་ན་རྫུན་ཤོད་ཀྱི་ཡོད་རེད།

  16. ཅོ་རི་ཉི་མ། says:
    2013-01-28 at 1:46 pm

    མགྱོགས་པོ་ཡིན་ད་་་སྒུག་བསྡད་ཡོད

  17. ཅོ་རི་ཉི་མ། says:
    2013-01-28 at 1:51 pm

    ཁྱེད་རང་སྤྲུལ་སྐུ་ཡིན་སྟངས་དང་སྐུ་བདག་རྒྱབ་མཁན་སུ་ཡིན་མིན། ཁྱེད་རང་་རང་ཉིད་སྐྱེ་བ་སྔོན་མ་དེའི་སྤྲུལ་པ་ཇི་ལྟར་ཡིན་ཚུལ་སོགས་གསུང་རོགས།

  18. ཀརྡོ་གཉེར་ཕྱག་པ་ says:
    2013-01-28 at 1:57 pm

    ང་ཡང་སྨྱོ་འདོད་མེད། ཀུ་རེ་ཡིན་ནོ། ཧཧཧཧཧཧཧ།

  19. ཅོ་རི་ཉི་མ། says:
    2013-01-28 at 2:05 pm

    ཀརྡོ་ཁྱེད་རང་ཡང་སྨྱོ་ཚོམ་ཚོམ་འདྲ་ཞིག་འདུག་ད་་་ཁྱེད་རང་ལ་ཅང་བཤད་ཀྱི་མེད་དུས་གཞན་གྱི་རྩོམ་ཡིག་དང་མཆན་བུའི་ནང་ནས་ཅུང་ཟད་རེ་འོག་ཏུ་ཁུར་ཡོང་ནས་་་་ཟེར་་་་་་་་ཟེར་བ་ལྟ་བུའི་བྱས་སྟངས་དེ་དག་བལྟས་ན་མགྱོགས་པོ་སྨྱོ་བ་་་་ཧཧཧ

  20. བན་དེ་བ། says:
    2013-01-28 at 2:06 pm

    རེད་རེད་ཟེར་་་་་་ཟེར་་་་

  21. ཨོ་རྒྱན་ཉི་མ། says:
    2013-01-28 at 2:16 pm

    དགེ་འདུན་སྡེ་གཉིས་གང་ཡང་མ་ཡིན་པའི་རབ་བྱུང་ཆ་ལུགས་ཅན་ལ་བྱི་རྐུན་དང་པོ་དེ་ཕུང་གསུམ་པའི་མཚན་ཉིད། དེ་ལ་དབྱེ་ན་རབ་འབྲིང་ཐ་གསུམ། མཚན་གཞི་ཅོ་རི་བས་ངོས་འཛིན་རོགས། ང་སྤྲུལ་སྐུ་ཡིན་མིན་ཁྱེད་ལ་ཐེ་དོགས་མི་འདུག ཧཧཧ

  22. ཅོ་རི་ཉི་མ། says:
    2013-01-28 at 2:21 pm

    ཡག་པོ་གསུངས་བྱུང་་་་དང་པོར་རབ་འབྲིང་ཐ་གསུམ་ནང་ནས་དང་པོ་དང་ཐ་མ་གཉིས་ཀྱི་མཚོན་གཞི་ཞིག་འཇོག་རོགས། མཚོན་གཞི་བཞག་གྱི་མེད་ན་མཚན་ཉིད་ཡོང་ཐབས་མེད་པར་ཁྱེད་ཀྱིས་ལུས་ཤེས

  23. ཀརྡོ་གཉེར་ཕྱག་པ་ says:
    2013-01-28 at 2:22 pm

    ༡༨༽ ཅོ་རི་ཉི་མ་ལགས།
    ཁྱེད་རང་ཤིནད་ཏུ་བདེན་པ་གསུངས་འདུག ང་ལ་དེང་དུས་ཀྱི་ཤེས་བྱ་མེད། སེམས་ཤུགས་ཀྱིས་སྨྱོ་ཚར་འདུག་གོ །

  24. ཅོ་རི་ཉི་མ། says:
    2013-01-28 at 2:24 pm

    མགྱོགས་པོ་ཡིན་ད

  25. ཅོ་རི་ཉི་མ། says:
    2013-01-28 at 2:26 pm

    ཀརྡོར་ལགས་་དེ་འདྲ་ཡིན་སྐྱོན་མེད་་་་དང་པོར་ཨོ་ཉིའི་སྨྱོན་ནད་འདིར་བཅོས་ཨེ་བལྟ་་་་དེ་ནས་ཁྱེད་ལ་སྨན་བཅོས་བྱ་ཆོག་གི་རེད།་ཧ

  26. ཅོ་རི་ཉི་མ། says:
    2013-01-28 at 2:32 pm

    ཨོ་ཉི་ལགས་་་འཁོར་གསུམ་ཞིག་རྒྱབ་ཀི་ཡིན་ད་་་་འཁོར་གསུམ་་་་དགེ་འདུན་སྡེ་གཉིས་གང་ཡང་མ་ཡིན་པའི་རབ་བྱུང་ཆ་ལུགས་ཅན་ལ་བྱི་རྐུན་དང་པོ་ཆོས་ཅན། ཕུང་སུམ་པའི་མཚན་ཉིད་མ་ཡིན་པར་ཐལ། མེད་པས་ཕྱིར།

  27. ཅོ་རི་ཉི་མ། says:
    2013-01-28 at 2:39 pm

    ཀརྡོར་ལགས་་་ཁྱེད་རང་དུས་ཡུན་རིང་པོའི་ནང་དུ་དྲ་ཐོག་མཐོང་བསྡད་པ་ཞིག་རེད། ཁྱེད་ཀྱིས་མི་གཅིག་ལ་ཚིག་ངན་ལབ་པར་མཐོང་མྱངས་མེད། ངས་ངོས་ནས་ཡག་པོ་མཐོང་གི་ཡོད། ཁྱེད་ཀྱིས་དུས་རྟག་ཏུ་བརྩོན་འགྲུས་བྱས་དང་བྱེད་བཞིན་པ་རེད།་་་དགའ་པོ་ཡོད།

  28. ཨོ་རྒྱན་ཉི་མ། says:
    2013-01-28 at 2:46 pm

    ངའི་སྨྱོ་ནད་བཅོས་པའི་ཐབས་ཆོས་ཀྱི་ཕུང་པོ་ལས་གང་ཡོད། ཅོ་རི་ཁྱོད་ཀྱིས་བཅོས་ཐུབ་པ་ཁག་པོ་རེད། ཧཧཧཧ

  29. ཅོ་རི་ཉི་མ། says:
    2013-01-28 at 2:48 pm

    ལན་ཁུར་ཤོག་་་་

  30. ཅོ་རི་ཉི་མ། says:
    2013-01-28 at 2:56 pm

    ཧཧཧ་ཁྱེད་ཀྱི་སྨྱོན་ནད་བཅོས་པའི་ཐབས་མཆོག་དེ་ཆོས་ཀྱི་ཕུང་པོ་རེད་དམ་་་མཛེས་མའི་ཕུང་པོ་རེད།་་་གྲལ་སྒྲིག་ནས་ལན་གནང་ཤོག་་་ཨ

  31. ཅོ་རི་ཉི་མ། says:
    2013-01-28 at 3:14 pm

    ཨོ་ཉི་ལགས་་་ངས་སྙན་ངག་ཞིག་འབྲི་ཨེ་ཤེས་བལྟ་་་་་ཁྱེད་ལ།

    དཀོན་མཆོག་མཁྱེན་་་་ངོ་ཚ་མེད་པའི་མྱི།
    རང་ཉིད་གྲྭ་པ་ལོག
    གདན་ས་ཁག་ལ་འདུལ་ཁྲིམས་བཤད་་་ཨ་ཧ
    ཁྱོད་འདྲ་བའི་མྱི།

    དཀོན་མཆོག་མཁྱེན་་་་་མི་ཁྱོད།
    རང་གིས་སྤྲུལ་མིང་ཁུར།
    གཞན་ལ་ཕུང་གསུམ་འབོད།
    ངོ་མ་སྨྱོ་པ་རེད་་་་་་ཨོ་ཧོ།

    དཀོན་མཆོག་མཁྱེན་་་་་རྒྱོབ་རྒན་ཁྱོད།
    རང་གིས་བསྟན་པ་བཤིག
    གཞན་ལ་དག་ཐེར་བྱས།
    ངོ་མ་བཟི་འདུག་ཡ་་་་ཨ་ཁ།་་་་་ཁྱོད་ཀྱི་ཞབས་བརྟན་ཡིན་ད་་་་་་་་ཧཧཧཧཧཧཧཧཧཧཧཧཧཧོ

  32. ཨོ་རྒྱན་ཉི་མ། says:
    2013-01-28 at 4:01 pm

    རྙོག་བཤད་གཟའ་བཤད་དེ་འདྲ་མང་པོ་ཞིག་གང་རེད། ཅོ་རི་ཨབ་བསད་བསྣབས་་ལུག་ཧཧཧཧ

  33. པདྨ་མ་འཕྲིན་ལས། says:
    2013-01-28 at 6:36 pm

    ཨོ་ཉི་གི་བསམ་ཚུལ་མ་རེད་ཟེར་ཡ་མི་འདུག། ཚང་མ་བདེནཔ་མ་རེད། འོན་ཀྱང་བསམ་ཚུལ་ཁ་ཤས་ཞིག་ལ་ཐད་པ་ཡིན། བཙན་བྱོན་ནང་ནས་སྐྱེས་བའི་གཞོན་སྐྱེས་ཚོ་དང་བོད་ནང་ནས་སྐྱེས་བའི་གཞོན་སྐྱེས་བར་ཁྱད་པར་ཆེན་པོ་འདུག་ཟེར་བའི་སྐད་ཆ་དེ་ལ་ཐད་པ་ཡིན། དེ་ནི་ཨོ་ཉི་གྱི་དྲངས་གཏམ་རེད།

  34. མེ་ཏོག་དཀར་པོ says:
    2013-01-28 at 8:43 pm

    སྔོན་གྱི་སྐྱེས་ཆེན་དེ་དག་ལ། །
    གུས་ཞབས་མེད་པར་བླ་རྒན་འབོད། །
    གཞན་ལ་བྱུས་གཏོགས་བྱས་བཞིན་དུ། །
    ང་ལ་བྱུས་གཏོགས་མ་བྱོས་ལོ། །
    རང་ཚུགས་རྨང་ནས་ཤོར་ཟིན་ཞིང་།
    གཞན་སེམས་གཏིང་ནས་དཀྲུག་བྱས་ཏེ། །
    འཇིགས་ཕུན་སློབ་མ་ཡིན་ནོ་ལོ། །
    འདོད་རྔམ་མེ་ལྟར་འབར་བའི་འབྲས། །
    བོད་ནས་རྒྱ་དང་ཕྱི་གླིང་འགྲིམ། །
    སྤྲུལ་མིང་ཁུར་ནས་གྲལ་འགོར་སྡོད། །
    བླ མིང་ཁུར་ནས་དབང་ལུང་སྦྱིན། །
    དོན་ལ་རྒྱུ་ནོར་དཀོར་ནག་བསགས། །
    དེ་ཉིད་སྟུ་ཡི་ནང་དུ་བྱོ། །
    གཞན་ལ་ཆོག་ཤེས་དགོས་སོ་ལོ། །
    ཕུང་པོ་གསུམ་པ་མི་རུང་ལོ། །
    བསྟན པར་དག་ཐེར་དགོས་སོ་ལོ། །
    ཡིག་ལྐོག་མཐོང་དུས་མཛུམ་མདངས་བསྟན། །
    ཐལ་མོ་སྦྱར་དུས་རྒལ་ཚིགས་བསྲང་། །
    གཞན་མགོར་ལག་གོག་བཞག་བྱས་ནས། །
    བྱིན་བརླབས་དབང་བསྐུར་བྱེད་མདོག་བསྟན། །
    རང་དོན་ཐུག་དུས་ཞི་མིའི་གཟུགས། །
    བོད་དོན་ཁ་གཉེར་སྣང་གཉེར་བྱེད། །
    འདི་ཡིས་འགྲིག་གི་མི་་འདུག་ལོ། །
    དེ་ཡིས་འགྲིག་ཐབས་མེད་དོ་ལོ། །
    དོན་ལ་མི་མང་འདུ་འཛོམ་སར། །
    བལྟད་མོའི་ཚུལ་གྱིས་འགྲོ་ན་ལས། །
    ལས་འགུལ་ཞུགས་པ་མེད་ཐག་ཆོད། །
    བོད་དར་ལག་གིས་བཟུང་མེད་ངེས། །
    རྒྱལ་གླུ་ག་ལ་བླང་མྱོང་ངམ། །
    ད་དུང་བོད་ལ་རྒྱང་ལྟ་ཟེར། །
    དང་པོ་རང་གི་རང་ལ་ལྟོས། །

  35. གནམ says:
    2013-01-28 at 8:47 pm

    ང་དང་ངས་ཚིག་མང་བའི་སྤྲུལ་ལོ་ཚོས།།
    རང་རྐུབ་བཀྱག་ནས་གཞན་མགོ་དུལ་ཐབས་རྩེ།།
    སྐྱོ་རབས་བཤད་ནི་ཨ་བཤད་ཚོད་གང་ན་ཡོད།
    མ་བརྗོད་བཞག་ནི་ཨ་དགེ་ཞིག་མ་ཡོད་པས།།
    སྤྲུལ་སྐུ་ཁ་རྒོད་འདི་ཚོར་ཁ་ཟྭ་རྒྱོབས།།

  36. སྤོབས་པ་མཐའ་ཡས། says:
    2013-01-28 at 9:39 pm

    བསྟན་པ་ལ་དག་ཐེར་དགོས་མིན་མི་ཤེས་ཏེ་སྟོན་པ་ཚོ་ལ་དག་ཐེར་བྱེད་རན་འདུག

  37. པདྨ་མ་འཕྲིན་ལས། says:
    2013-01-28 at 10:08 pm

    རྣམ་པ་ཚོ་དྲི་བ་ཞིག་གཏོང་ཞུ་རྒྱུ། གལ་ཏེ་ང་ཚོ་བོད་ཀྱི་ཆོས་མེད་པ་ཆགས་ན་ང་ཚོ་གྱོང་གང་ཡོད་དམ། བོད་མི་རིགས་ནི་རྒྱུན་གནས་ཐུབ་གྱི་རེད། བོད་ཀྱི་སྐད་ཡིག་ནི་མི་ཐུད་ནས་སྦྱང་རྒྱུ་རེད། བོད་མི་རིགས་ཀྱི་འཚོ་བ་ནི་སྔར་བཞིན་གཅིག་ཡིན་རྒྱུ་རེད། བོད་མི་རིགས་ཀྱི་ལ་རྒྱ་ནི་མི་ཐུད་གནས་རྒྱུ་རེད། བོད་མི་རིགས་ཕན་ཚན་གཉེན་སྒྲིགས་ནི་བྱེད་གྱི་རེད། ད་གང་ཞིག་མེད་པ་ཆག་རྒྱུ་རེད།

  38. སྤྲུལ་སྐུ་དབང་ཆེན། says:
    2013-01-28 at 10:16 pm

    བོད་ནི་བན་སྡེ་མང་བའི་ཞིང་ཁ་ཞིག །
    བོད་རིགས་བན་དེས་བཏབ་པས་ལོ་ཏོག་ཅིག །
    བོད་དོན་བན་དེས་བཏང་བས་སྐྱག་རུལ་ཞིག །
    བོད་འདི་བན་བཅོལ་བན་བླས་གཏོར་བརླག་བཏང་།།

  39. མེ་ཏོག་དཀར་པོ says:
    2013-01-28 at 10:54 pm

    བསྟན་པ་ཟེར་བ་ཉོན་མོངས་འདུལ་ཐབས་རེད། །
    ཡིན་ནའང་དེང་དུས་སྤྲུལ་སྐུས་ཚོང་རྫས་རེད། །
    ཚོང་རྫས་ཉམས་པའི་སེམས་ཁྲལ་མཐུག་པོ་ཡིས། །
    སྤྲུལ་གོག་ཨོ་ཉི་སྐད་ངན་ཤོར་བ་བདེན། །

  40. ལེགས་བཤད། says:
    2013-01-28 at 11:09 pm

    བཙན་བྱོན་ནང་ནས་འཚར་བའི་གཞོན་སྐྱེས་ཚོ་དང་བོད་ནང་ནས་འཚར་བའི་གཞོན་སྐྱེས་ཚོའི་བར་ལ་ཁྱད་པར་ཆེན་པོ་འདུག་ཟེར་བའི་སྐད་ཆ་དེ་བདེན་པར་མཐོང་སོང་། རང་གི་རིག་གཞུང་དང་སྐད་ཡིག་ལ་ཤ་ཞེན་དང་དོ་སྣང་ཆེ་ཆུང་རྦད་དེ་མི་འདྲ་བ་ཞིག་འདུག །རྒྱུ་མཚན་ག་རེ་ཡིན་ནམ། དྲ་གྲོགས་མཁས་དབང་རྣམ་པ་ཚོ།

  41. གནམ says:
    2013-01-28 at 11:36 pm

    པདྨ་མ་འཕྲིན་ལས་ཁྱོད་བུ་རིག་རྒོད་ཞིག་ཡོན་པ་འདྲ། དྲིས་ལན་འདི་བློ་ལ་འབབ་པར་ཤོག།
    བོད་ཀྱི་ནང་ཆོས་མེད་པར་ཆགས་ན། ཕྱིའི་འཇིག་རྟེན་དང་ནང་སེམས་ཁམས་གཉིས་ལ་བདག་པོ་རྒྱག་ཐུབ་ནིའི་ཆོས་ལུགས་གཞན་ཞིག་ཡོད་མེད་དང་ཡོན་ན་དེ་དར་སྤེལ་གཏོང་དགོས་པའི་དཀའ་ལས་ཐེབས་པ་ཞིག་བྱུང་གི་ཡོད་པ་ལས། དེ་མིན་གཞན་གྱོང་གང་ཡང་ཡོད་པ་མ་རེད། ཤེས་སོང་ངམ།

  42. དྲྭ་འབུ་རྡུང་མཁན། says:
    2013-01-28 at 11:47 pm

    ཀ་ཁ་ག་ངའི་གོ་རིམ་ཤེས་ཙམ་ནས། །
    ཁ་ནས་གང་བྱུང་སྨྲ་བ་ཨ་ཙ་མ། །
    གང་ཚེ་དུས་ཀྱི་གོ་སྐབས་བྱུང་བ་ན། །
    ང་ཡིས་ཁྱོད་ཀྱི་མགོ་བོ་བརྡུང་ངེས་ཡིན། །

    ཅ་ཅོའི་གཏམ་དང་གང་བྱུང་ཇུས་གཏོགས་དང་། །
    ཆ་ལུག་མིང་བྱང་རྫུན་མའི་གཡོ་འོག་ནས། །
    ཇ་ཆང་དགའ་མར་རོལ་མཁན་ཁྲེལ་མེད་དག །
    ཉྭ་མོ་ཇི་བཞིན་གྱ་འགྱུར་མང་འདིར་ཁྲེལ། །

    ཏ་ཐྰ་ག་ཏའི་བསྟན་པ་རིན་ཆེན་འདིར། །
    ཐ་ཆད་བླ་སྤྲུལ་དམ་ལོག་འབྱུང་པོ་འགས། །
    ད་ལྟ་སེམས་ནས་བོར་བའི་བྱ་སྤྱོད་འདིར། །
    ན་མཐོའི་འདུལ་འཛིན་སྐྱེས་བུ་ཐུགས་སེམས་མུག །

    པ་ལོ་མགོ་ནས་བྲེག་པའི་ཚུལ་འཆོས་ལས། །
    ཕ་རྒན་ཚུལ་མཐུན་བྱོས་དང་སྤྲུལ་མིང་ཅན། །
    བ་གླང་དུད་འགྲོ་ལྟ་བུའི་འདུ་ཤེས་དག །
    མ་ལོའི་ཐུགས་སེམས་སྐྱོ་བ་མ་ཤེས་སམ། །

    ཙ་རིའི་ལོ་མིའི་གནས་མལ་བརྟེན་དགོས་ཀྱང་། །
    ཚ་གྲང་ལ་སོགས་དམྱལ་བའི་སྡུག་བསྔལ་དག། །
    ཛ་དྲགས་ངོས་འཛིན་བྱོས་ནས་ཚུལ་འཆོས་དོར། །
    ཝྭ་མོའི་གཡོ་ཁུག་མི་དགོས་སྤྲུལ་མིང་པ། །

    ཞྭ་དང་ཆོས་གོས་མཚོན་མདོག་མཛེས་ཙམ་གྱིས། །
    ཟ་བྱེད་ལས་གཤིན་མདུན་ནས་ཁྱོད་མི་ཐར། །
    འ་འུར་གང་སར་སྒྲོག་ལ་དགའ་བའི་བུའི། །
    ཡ་མེད་སྤྱོད་པ་མཐོང་དུས་གཟིགས་མོར་ཆེ། །

  43. དྲྭ་འབུ་རྡུང་མཁན། says:
    2013-01-28 at 11:50 pm

    ར་བ་གངས་ཅན་པ་ཡི་ཕོ་རྒོད་ངས། །
    ལ་ལ་མགོ་བོ་འབུར་འཇོམས་མ་བྱས་ན། །
    ཤ་རུས་གཅིག་པའི་ཀླད་མེད་བླ་སྤྲུལ་འགའ། །
    ས་སྟེང་འདི་དག་བྱེད་པོར་རློམ་ནས་འདུག །

    ཧ་ཀྱང་གཡོ་ཁུག་གོམས་པའི་ཨོ་ཉི་ཁྱོད། །
    ཨ་མ་རྒན་མོའི་ཐུགས་སེམས་དགའ་ན་ཡང་། །
    ཧ་ལས་ཧོན་འཐོར་དགོས་པ་གང་ཡང་མེད། །
    ཨ་ཕོ་དྲ་འབུ་རྡུང་མཁན་ཁྲེལ་དགོད་ཤོར། །

  44. གནམ says:
    2013-01-29 at 12:19 am

    བཙན་བྱོལ་ནང་ལ་དཔེ་བཞག་པ་ཡིན་ན། འདི་འདྲ་ཞིག་རེད། བོད་ནས་ཡོང་མཁན་ཚང་མ་ཅིག་གི་ཆེད་དུ་བློ་རྩེ་གཅིག་ལ་བཞག་ནས་བཙན་བྱོལ་ལ་ཡོང་བ་ཡིན་དུས། ཚོང་བརྒྱབས་ན་འདྲ། སློབ་སྦྱོང་བྱས་ན་འདྲ། སྒོམ་སྒྲིབ་བྱས་ན་འདྲ། གང་ལྟར་ས་ནག་པོ་འདོམ་ལ་ཚད་ནས། སྤྲིན་དཀར་པོ་ཐོད་ལ་བཟུང་ནས་ཡོང་བའི་ཡོང་དོན་ཞིག་ལ་འབྱར་ནས་ཡོད་དུས། མང་ཆེ་བ་ཡག་པོ་ཡོད་པ་འདྲ་ཞིག་ཡོད་པའི་སྣང་བ་ཤར། ཡིན་ན་ཡང་འདི་ཚོ་ནི་འཚོ་བ་ངན་ངོན་ཞིག་གིས་ཡིད་ཚིམས་ནས་འདུག་མཁན་རྐྱང་རྐྱང་རེད། སློབ་སྦྱོང་གང་ཚོད་བྱས་བའི་མཐའ་འབྲས་ནི་འཚོ་བ་གང་འདོད་སྤྱོད་པའི་དམིགས་རྟེན་ཡིན་ན་ཡང་བོད་རྒྱལ་ཁབ་མེད་དུས། དེ་ནི་ཡོང་མི་སྲིད་པའི་རྨི་ལམ་ཞིག་ཡིན་པ་གསལ་ནས་གསལ་དུ་འགྲོ་བཞིན་པ་རེད། བྱས་ཙང་། བཙན་བྱོལ་ཡུལ་ནས་སྐྱེས་བ་རྣམས་གོ་སྐབས་གཞན་ཞིག་དང་ཧམ་པ་ཆེ་ཙམ་བྱེད་པ་ལ་འཁོར་ཡུག་རྒྱབ་རྟེན་ཡོད་དུས། རང་རིགས་ཀྱི་རིག་གནས་ཀྱིས་ལྟོ་ཟ་བའི་ནུས་བ་མེད་པ་ཤེས་ནས་དབྱིན་ཡིག་དབྱིན་སྐད་ལ་སོགས་པའི་སློབ་སྦྱོང་ལ་བློ་ཁ་ཕྱོགས་ནས་སྦྱང་བ་ཕུལ་དུ་ཕྱིན་པ་དེ་འདྲ་མང་པོ་རེད།
    ཐ་དོན་ལྟོ་སྟེར་ནུས་མེད་པའི་སྐད་ཡིག་ཞིག་གྲྭ་བ་ཨ་ནི་ཙམ་རེ་མིན་པས་སྦྱང་བ་མཐར་ཕྱིན་བྱེད་མཁན་ཉུང་ནས་ཉུང་དུ་འགྲོ་རྒྱུ་ཡིན་པ་རེད། བོད་རྒྱལ་ཁབ་ཡོད་པའི་ཉིན་མོར། བོད་ཡིག་བོད་སྐད་ཀྱི་བསྟན་པ་དར་བའི་ཉིན་མོ་ཡང་ཡིན་པ་རེད།

  45. ཨོ་རྒྱན་ཉི་མ། says:
    2013-01-29 at 12:51 am

    ཆོས་བརྒྱུད་དབུ་ཁྲིད་ཟེར་བའི་བེད་མེད་ཅིག།
    ཆོས་རིག་བཀའ་བློན་ཟེར་བའི་ནུས་མེད་ཅིག།
    ཆོས་ལུགས་འཐུས་མི་ཟེར་བའི་ཉལ་མཁན་ཞིག།
    ཅེས་ཀྱང་དགོས་མེད་བསྐྱུར་ལ་བསྟན་དོན་སྒྲུབས།།

  46. ཨོ་རྒྱན་ཉི་མ། says:
    2013-01-29 at 12:55 am

    ཆོས་མེད་བོད་ནི་ཤི་བའི་རོ་དང་འདྲ།།
    ཆོས་མེད་བོད་ནི་ནུས་མེད་སྡར་མ་འདྲ།།
    ཆོས་མེད་བོད་ནི་བདག་མེད་བྱི་ཕྲུག་འདྲ།།
    དེ་ཕྱིར་དགོན་པར་ཞུགས་ལ་ཆོས་སྒྲུབས་ཤིག།

  47. མེ་ཏོག་དཀར་པོ says:
    2013-01-29 at 1:04 am

    སྤྲུལ་གོག་ལམ་ལུགས་སྐྱག་པའི་ཕུང་པོ་འདྲ། །
    སྤྲུལ་གོག་ཟེར་བ་བསྟན་པའི་གཤེད་མ་འདྲ། །
    སྤྲུལ་གོག་ཡོད་ན་བསྟན་པ་མེད་པ་འདྲ། །
    སྤྲུལ་གོག་མཐར་སྤྲོད་གཏོང་ལ་བོད་འབངས་ལོངས། །

  48. མེ་ཏོག་དཀར་པོ says:
    2013-01-29 at 1:17 am

    འབངས་དང་གོང་མ་དཀྲུག་པའི་སྤྲུལ་གོག་རུལ། །
    གཞིས་བྱེས་དབྱེན་སྦྱོར་བྱེད་པའི་སྤྲུལ་རུལ་གོག །
    འདོད་ཆེན་ཆོག་ཤེས་སྒྲོགས་པའི་སྤྲུལ་གོག་རུལ། །
    རང་ཚུགས་ཤོར་བཞིན་གཞན་སེམས་མ་དཀྲུག་ཅིག །

  49. མེ་ཏོག་དཀར་པོ says:
    2013-01-29 at 1:30 am

    འབངས་དང་གོང་མ་དཀྲུག་པའི་སྤྲུལ་གོག་ཅིག །
    གཞིས་བྱེས་དབྱེན་སྦྱོར་བྱེད་པའི་སྤྲུལ་རུལ་ཞིག་།
    འདོད་ཆེན་ཆོག་ཤེས་སྒྲོགས་པའི་སྤྲུལ་གོག་ཅིག །
    རང་ཚུགས་ཤོར་བཞིན་གཞན་སེམས་དཀྲུག་མཁན་ཞིག །

  50. ཨོ་རྒྱན་ཉི་མ། says:
    2013-01-29 at 1:45 am

    རང་ལུས་གྲུ་བཞི་སྟོན་པའི་ནུས་པ་ཞན།།
    རང་མིང་ཚིག་བཞི་འབྲི་བའི་སྤོབས་པ་མེད།།
    རང་དོན་ཆེད་དུ་ཕྱོགས་བཞིར་ལྐོག་བྱུས་བཤམ།།
    རང་མཚང་སྦས་པའི་ཕུང་གསུམ་གསོ་ཕྲུག་ཁྱོད།།

  51. བན་དེ་བ། says:
    2013-01-29 at 1:51 am

    མཁན་སློབ་དཔང་པོ་ལོ་ཙྭའི་མདུན། ཇི་སྲིད་འཚོའི་བར་གཡར་དམ་བླངས། བཞིན་གྱི་མཛུམས་བསྟན་ཐེང་གཅིག་གིས།
    སོར་སྡོམ་ཐལ་བའི་ཕུང་པོར་བརླག། རང་ལ་ཉེས་པའི་སྐྱོན་གྱི་ཚོགས། རི་བོ་བཞིན་དུ་སྤུངས་ན་ཡང། སྤྱི་སྒེར་གཞན་གྱི་ཆོས་ལུགས་ལ། མཐོང་ཆུང་དམའ་འབེབས་སྐུར་བ་འདེབས། བསྟན་པའི་སྲོག་ཤིང་འདུལ་བའི་སྡོམ། ཡིན་པར་བཤད་ཀྱང་སྤྲུལ་གོག་ཚོས། མཛེས་མའི་རྐུབ་གཡུག་ཐེང་གཅིག་གིས། འདོར་བ་འདི་ལ་སོམ་ཞིག་ཀྱེ། སྔར་གྱི་ཡོན་ཏན་མི་དྲན་བདོག་པ་དྲན། སྔར་གྱི་བླ་མ་མི་དྲན་མཁའ་འགྲོ་དྲན། སྔར་གྱི་དགེ་རྒན་མི་དྲན་དབྱུག་པ་དྲན། སྔར་གྱི་ཀ་ཁ་མི་དྲན་འཕྲེང་བ་དྲན། སྔར་གྱི་ཕ་མ་མི་དྲན་བུད་མེད་དྲན། དྲན་རྒྱུའི་ཀ་ཁ་མ་དྲན་ཤ་མར་དྲན། སྔར་གྱི་ཡོན་ཏན་མི་དྲན་སྤྲུལ་གོག་རིགས། ད་དུང་ཁ་ཕོ་ཆེ་བ་སྤྲུལ་གོ་རྟགས།

  52. མེ་ཏོག་དཀར་པོ says:
    2013-01-29 at 1:53 am

    བསྟན་པ་གཤིག་ནས་བསྟན་དོན་གླེང་མཁན་ཞིག །
    གཞན་སེམས་དཀྲུག་ནས་གཞན་དོན་སྨྲ་མཁན་ཞིག །
    རང་མགོ་མ་མཐོན་རང་མདོག་སྟོན་མཁན་ཞིག །
    སྤྲུལ་གོག་མིང་གིས་སྤྲུལ་པ་སྟོན་མཁན་ཞིག །

  53. བན་དེ་བ། says:
    2013-01-29 at 1:58 am

    ཆོས་མེད་ཧིན་དྷུའི་རྒྱལ་ཁབ་མངའ་ཐང་ལྡན། ཆོས་མེད་རྒྱལ་ཁབ་མང་པོ་དར་ལ་རྒྱས། ཆོས་མེད་རྒྱལ་ཁབ་མང་པོས་ཟླ་བར་བསྐྱོད། ཆོས་མེད་རྒྱལ་ཁབ་མང་པོ་སྟོབས་ཤུགས་ལྡན། ཆོས་ལྡན་བལ་ཡུལ་བོད་དང་་འབྲུག་ཡུལ་སོགས། རྗེས་ལུས་ནང་ནས་རྗེས་ལུས་ཀུན་གྱིས་རིག

  54. འདྲེ་རྐང་ཐོ། says:
    2013-01-29 at 2:14 am

    ཨོ་ཉིའི་ལག་པ་འདུག་ཏུ་མི་ཚུགས་ལ། །
    མེ་དཀར་སོགས་ཀྱི་ཁ་ལ་ཚོད་མེད་ཅིང་། །
    ལ་བཤད་ལུང་བཤད་སྨྱོན་གཏམ་ཆེ་ལུགས་ལ། །
    ཟུར་འདུག་འདྲེ་རྐང་ང་ཡང་དགོད་ཁ་ཤོར། །

  55. ཨོ་རྒྱན་ཉི་མ། says:
    2013-01-29 at 2:27 am

    ཁ་སྣ་ཆད་ལ་ཉེ་བ་མཐོང་བའི་མོད།།
    ཁ་ཞེ་མེད་པར་ཤ་ཚའི་གཏམ་དེ་ཐལ།།
    ཁ་རྒོད་འཆལ་གཏམ་ཚོ་དང་འདྲ་ས་མེད།།
    ཁ་བ་གངས་པ་ཚོའི་སེམས་ལ་ཟུངས།།

  56. དྲྭ་འབུ་རྡུང་མཁན། says:
    2013-01-29 at 2:29 am

    ཅ་ཅོའི་དཀྲོགས་གཏམ་གང་སར་སྒྲོག་པ་དང་། །
    ཆ་ལུག་ཡ་མ་ཟུང་གི་སྤྱོད་ལམ་དང་། །
    ཇ་ཐུག་དངུལ་དངོས་བུ་མེད་ཤ་ཆང་དང་། །
    ཉ་ཉུང་མཉམ་བསྲེ་ཚུས་འཆོས་སྤུལ་སྐུའི་མཚང་། །

  57. ཨོ་རྒྱན་ཉི་མ། says:
    2013-01-29 at 2:40 am

    ཏ་ཐ་ག་དའི་བསྟན་ལ་སྲི་ཞུ་དང་།།
    ཐ་མལ་འགྲོ་བར་སྨན་པའི་བྱ་བ་ཡིས།།
    ད་ལྟའི་དུས་ནས་མ་འོངས་བྱང་ཆུབ་པར།།
    ན་རྒ་ཤི་ཆགས་བྱུང་ཡང་འབད་ངེས་ཡིན།།
    ཧཧཧ

  58. ཨ་ཕྱི་ཆོས་སྒྲོན says:
    2013-01-29 at 2:43 am

    སྤྲུལ་སྐུ་ཚང་གི་ཆོག་ཤེས་ཀྱི་དེབ་དེ་སྲོང་བཙན་དཔེ་མཛོད་ཁང་ནས་རྙེད་ཐལ། བཀའ་དྲིན་ཆེ་ཞུ། བོད་མིས་ཡོན་ཏན་ཅན་གྱི་ཡོན་ཏན་མ་ཤེས་ནས་དགེ་འདུན་ཆོས་འཕེལ་ལྐོག་བསད་བཏང་བ་རེད། དེ་བཞིན་རྟོན་པ་བཞི་བོ་གོ་ནོར་བའི་མིང་མེད་འདི་རིགས་ཚོས་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལ་སྒྲོ་བཀུར་འདེབས་པ་ནི་སྒེར་འཁོན་དང་རང་འཚང་སྟོན་པ་ཙམ་རེད། ཆོག་ཤེས་དེབ་དེ་སངས་རྒྱས་ཀྱི་གསུངས་པ་དག་འཕྲིན་བརྡ་རུ་བཏབས་འདུག དཔེ་ཡག་པོ་གསུངས་འདུག མ་ཚད་རྗེས་སོར་ནང་ཆེན་བཀྲ་ཤིས་ཀྱི་དྲ་དེབ་ཐོག་བཞག་འཆར་རེད་འདུག ཨོ་རྒྱན་ཉི་མ་སྤྲུལ་སྐུ་མིན་ན་གྲུབ་དབང་རིན་པོ་ཆེ་དང་འཇིགས་མེད་ཕུན་ཚོགས། རྒྱལ་བ་རིན་པོ་ཆེ་སོགས་ཀྱིས་ངོས་འཛིན་གནང་བ་རེད་འདུག་གདའ། དེ་ཚོ་ལ་ངན་སྨད་བྱས་པ་མ་ཡིན་ནམ།

  59. ཨོ་རྒྱན་ཉི་མ། says:
    2013-01-29 at 2:49 am

    ཨ་ཕྱི། ང་ལ་ལེགས་སོ་བརྗོད་པར་བཀའ་དྲིན་ཆེ། ཡིན་ན་ཡང་ང་ངོས་འཛིན་གནང་མཁན་ཁོང་རྣམ་པ་མ་རེད་ལགས།

  60. འདྲེ་རྐང་ཐོ། says:
    2013-01-29 at 2:58 am

    ཀ་ཡི་མེད་པའི་ཀ་རྩོམ་ད་བར་དུ། །
    ཁ་བ་ཅན་ལ་དར་མྱོང་མེད་ན་ཡང་། །
    ག་ལེར་ལྟོས་དང་གློའུ་རྒན་འདི་གཉི་གས། །
    ང་ཚོར་མིག་དཔེ་གསར་བ་འཇོག་ངེས་རེད། །

  61. བན་དེ་བ། says:
    2013-01-29 at 2:58 am

    རྫུན་ཚང་བཏོལ་ཚར་སོང།

  62. ཨོ་རྒྱན་ཉི་མ། says:
    2013-01-29 at 3:22 am

    ཀ་ལའི་ཡུལ་ནས་འདྲེ་མགོ་ཡིས།།
    ཁ་བའི་ལྗོངས་ལ་རྐང་ཐོ་གཞུས།།
    ག་ནས་བལྟས་ཀྱང་གདོན་འདྲ་བ།།
    ང་ལ་གནོད་པ་མ་བྱེད་ཅིག། ཧཧ

  63. མེ་ཏོག་དཀར་པོ says:
    2013-01-29 at 3:44 am

    པ་ཕས་ལུང་བསྟན་ཨ་མའི་རྨི་ལམ་ལས། །
    ཕ་གཅིག་བླ་མས་ངོས་འཛིན་མིན་འདུག་པས། །
    བ་གླང་ལ་སོགས་སུའི་སྤྲུལ་མི་ཤེས་ངང་། །
    མ་རབས་རང་ལ་སྤྲུལ་སྐུར་འབོད་འདི་ཨ། །

  64. ཨོ་རྒྱན་ཉི་མ། says:
    2013-01-29 at 3:45 am

    བོད་ཀྱི་འབྱུང་འགྱུར་ལ་ཐུགས་བསམ་བཞེས་ན་ལེགས་པར་སེམས། དེ་མིན་ངའི་སྣ་ཁྱོད་ཀྱི་ཁ་ཟེར་བསྡད་ན་དུས་ཚོད་འཕྲོ་བརླག་རེད།

  65. ཨོ་རྒྱན་ཉི་མ། says:
    2013-01-29 at 3:50 am

    ཙ་རིའི་སྤྲེལ་ཚ་ཞིག་གི་སྤྲུལ་པའམ།།
    ཚ་བའི་རོང་རྒན་ཞིག་གི་སྐྱེ་མཐའ་ཞིག།
    ཛ་ཧཱུ་བམ་ཧོ་སྒོ་བཞིའི་རྒྱས་ཐེབས་ཏེ།།
    ཝ་སྐྱེས་གསོན་པོའི་ལུས་ལ་བཙན་གྱིས་འཛུལ།།

  66. མེ་ཏོག་དཀར་པོ says:
    2013-01-29 at 3:54 am

    སྔོན་གྷན་དི་སྙན་པ་རྒྱས་པ་ན། མ་རྒན་ཞིག་གིས་རང་གི་བྱིས་པ་ཁྲིད་ནས་བཅར། མོས་བྱིས་པ་འདིས་མངར་ཟས་ཚོད་མེད་ཟ་གིན་འདུག་པར་སློན་སྟོན་དགོས་པའི་རེ་བསྐུལ་ཞུས། གྷན་དིས་ཉིན་ཤས་རྗེས་ནས་ཤོག་དང་བསླབ་བྱ་བྱ་གསུངས། མོས་ཀྱང་ཉན་ནས་ཉིན་ཤས་རྗེས་འོང་པ་ན་གྷན་དིས་སློབ་སྟོན་ལེགས་པར་གནང་། མོས་ཁ་སང་སློབ་སྟོན་མ་གནང་ཞིང་དེ་རིང་གནང་དགོས་པའི་རྒྱུ་མཚན་དྲིས་པས་གྷན་དིས། ཁོ་བོ་ཡང་མངར་ཟས་མང་པོ་སྤྱོད་མཁན་ཡིན་པས་བྱིས་པར་སློབ་སྟོན་བྱ་མ་ནུས། དེ་རྗེས་ངས་མངར་ཟས་མང་པོ་ཟ་རྒྱུ་སྤངས་པ་ཡིན། དེའི་ཕྱིར་ཁྱོད་ཀྱི་བྱིས་པར་སློབ་སྟོན་བྱས་སོ་གསུངས།།

  67. མེ་ཏོག་དཀར་པོ says:
    2013-01-29 at 3:57 am

    ཞྭ་མོ་དམར་སེར་དཀར་ནག་ཅི་གྱོན་ཡང་། །
    ཟ་འདྲེའི་རིགས་འདི་ཟ་འདྲེ་རང་ཡིན་པས། །
    འ་ཅག་བོད་འབངས་དུ:ཁ་མེད་འདོད་ན། །
    ཡ་ང་མེད་པར་འདི་ཚོར་ངོ་རྒོལ་དགོས། །

  68. ཨོ་རྒྱན་ཉི་མ། says:
    2013-01-29 at 4:05 am

    ར་བ་གངས་རིས་བསྐོར་བའི་བསིལ་ལྡན་ལྗོངས།།
    ལ་ལུང་རི་བྲག་སྤང་གཤོང་གཙང་ཆབ་དང་།།
    ཤ་བ་དགོ་བ་རྐྱང་རྟ་དྲེལ་གཡག་སོགས།།
    ས་གཞི་འདི་ཡ་ཕུན་ཚོགས་ཡོངས་ཀྱིས་བདོ།

  69. ཨོ་རྒྱན་ཉི་མ། says:
    2013-01-29 at 4:06 am

    ར་བ་གངས་རིས་བསྐོར་བའི་བསིལ་ལྡན་ལྗོངས།།
    ལ་ལུང་རི་བྲག་སྤང་གཤོང་གཙང་ཆབ་དང་།།
    ཤ་བ་དགོ་བ་རྐྱང་རྟ་དྲེལ་གཡག་སོགས།།
    ས་ཆེན་འདི་ཡི་ཕུན་ཚོགས་ཡོངས་ཀྱིས་བདོ།

  70. གཡུ་འབྲུག་དཀར་པོ། says:
    2013-01-29 at 4:36 am

    ཀ་པ་ལ་ཡི་སྤུ་བྲེགས་ཏེ། །
    ཁ་ཡི་འོག་ཏུ་སྦྱར་བ་འདིས། །
    ག་ནས་བལྟས་ཀྱང་འདྲེ་འདྲ་བས། །
    ང་ནི་ཁྱེད་ལ་ཤིན་ཏུ་འཇིགས། །
    ཧ་ཧ་ཧ་ཚང་མས་ཀ་རྩོམ་རེ་བྲིས་འདུག་པས་ང་ཡང་འབྲི་འདོད་ཀྱིས་ཐལ་ལོ། །

  71. ཨ་ཕྱི་ཆོས་སྒྲོན says:
    2013-01-29 at 5:33 am

    ཨོ་ན་ཁྱོད་སྤྲུལ་སྐུའི་རྒྱུད་རིམ་དེ་བོད་ཡིག་ཐོག་གསུངས་རོགས། ངས་རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་རིག་སོང་ད།
    在贵州省湄潭湄江镇回龙村前进组,有一个普通而平凡的村民叫李民喜,今年33岁,妻子杨丹23岁,他们有一个宝宝还有一个月就要出世了,他即将要做爸爸了。。。  可就在2013年1月18日这一天,他这个准爸爸怎么也没有想到这一天将是他来到这世上三十三载的最后一段旅程。这一天,他被一个挖机驾驶员“罗亮(22岁在贵州省湄潭县湄……

  72. པདྨ་འཕྲིན་ལས་། says:
    2013-01-29 at 6:21 am

    གནམ་ལགས། ལན་འདེབས་གནང་བ་ལ་ཐུགས་རྗེས་ཆེ། འོན་ཀྱང་ད་དུང་གསལ་པོ་ཆགས་མ་བྱུང། བོད་ཀྱི་ནང་ཆོས་གྱི་མིའི་སེམས་ཁམས་ལ་བདག་པོ་རྒྱག་ཐུབ་གི་རེད་ཟེར་བ་དེ་ཐད་པ་མེད། གལ་ཏེ་དེ་འདྲ་ཞིག་ཡིན་ན་བོད་ཀྱི་བླ་མ་དང་སྤྲུ་སྐུ་དགེ་བཤེས་ཁོངས་ཁྲོ་ཚ་བོ་དེ་དག་ལ་ཉིད་གྱི་འགྲེལ་བཤད་གང་འདྲ་ཞིག་རྒྱག་རྒྱུ་ཡིན་ནམ། རྒྱུ་ནོར་ནི་ཁོངས་ཚོ་ལ་དགོ། དབང་ཆ་ཡང་ཁོངས་ཚོ་ལ་དགོ། བུ་མེད་ནི་ཁོངས་ཚོ་ལ་དགོ། སྐྱག་རྫུན་ནི་ཁོངས་ཚོའི་བཤད། མགོ་བདེ་བྱེས་ནས་བོད་མི་རིགས་ཀྱི་ཁེ་ཕན་བཟའ་མཁན་ནི་ཆོས་བྱེད་མཁན་གྱི་མི་རྣ་དེ་དག་རེད་མ་རེད་དམ། ད་ཆོས་བྱེད་ནས་གང་ལ་ཕན་ནམ། སེམས་ཁམས་ལ་བདག་རྒྱག་ཐུབ་བམ།

  73. གཡུ་འབྲུག་དཀར་པོ། says:
    2013-01-29 at 6:29 am

    པདྨ་ཕྲིན་ལས་ལགས། བོད་ཀྱི་སྤྲུལ་སྐུ་དང་དགེ་བཤེས་ཚང་མ་དེ་འདྲ་རེད་འདུག་གམ། སངས་རྒྱས་ཤཱཀྱ་ཐུབ་པ་ནས་ད་ལྟའི་བར་གྱི་སངས་རྒྱས་པའི་ཆོས་ཉམས་སུ་ལེན་མཁན་ཀུན་དེ་འདྲ་རྐྱང་རྐྱང་མ་གཏོགས་བྱུང་མི་འདུག་གམ། དེ་ལྟར་ཡིན་ན་ཁྱེད་ཀྱིས་གསུངས་པ་དེ་ལ་དེ་དེ་བཞིན་ནོ་ཞུ་འོས་ཀྱང་དེ་འདྲ་མིན་ཙང་བསམ་བློ་གཏོང་དགོས་ས་ཞིག་མི་འདུག་གམ་ལགས། བོད་དུ་གཟན་དཀར་རིན་པོ་ཆེ་ཟེར་བ་ཞིག་བཞུགས་འདུག། ཁོང་ནི་ཁྱེད་ཀྱིས་གསུངས་པ་ལས་ཏག་ཏག་ལྡོག་ཕྱོགས་རེད་འདུག། ཁོང་དང་མཉམ་དུ་དགེ་བཤེས་དང་སྤྲུལ་སྐུ་གྲྭ་པ་ཡང་མང་པོ་ཞིག་ཡོད་ཟེར། ཁོང་ཡང་རིན་པོ་ཆེ་ཁོང་དང་གཅིག་པ་གཅིག་རྐྱང་རེད་ཟེར་གྱི་འདུག། དེ་བཞིན་གཞན་ཡང་མང་པོ་ཡོད་ཚོད་རེད། དེ་ཚོ་དམ་པའི་ཆོས་ཀྱི་གྲུབ་འབྲས་ཤིག་ཡིན་བསམ།

  74. ཨོ་རྒྱན་ཉི་མ། says:
    2013-01-29 at 6:31 am

    ང་བཀེ་ཊུ་དང་འབྲེལ་བ་མེད། ཨ་ཕྱི་ལགས།

  75. ཨོ་རྒྱན་ཉི་མ། says:
    2013-01-29 at 6:35 am

    貴州跟我沒有什麼關係。

  76. གཡུ་འབྲུག་དཀར་པོ། says:
    2013-01-29 at 6:45 am

    ང་ཚོ་ཚང་མས་ནམ་རྒྱུན་འཛུབ་གུ་གཅིག་ཕར་འཛུགས་དུས་འཛུབ་གུ་བཞི་རང་ལ་འཛུགས་པ་ཤེས་དགོས་ཟེར་བརྗོད་སྲོལ་ཞིག་ཡོད། དེ་རིང་འདིར་ཡང་གོང་དུ་མཆན་བུ་བ་ཞིག་གིས་དེ་ལྟར་བྲིས་འདུག། དེ་ཡིན་དུས་ངས་ཆེད་དམིགས་ཀྱིས་བསམ་བློ་ཞིབ་མོ་ཞིག་བཏང་ནས་འཛུབ་གུ་གཅིག་གཞན་ལ་འཛུགས་ནས་བལྟས་པ་ཡིན། ང་ཚོས་གཞན་ལ་འཛུགས་པའི་མཛུབ་མོ་གཅིག་དེ་ནི་ལག་པ་ལ་འཛུབ་མོ་ལྔ་ཡོད་པ་ལས་མཐེ་བོང་དང་དགུང་མོ་གཉིས་ཀྱི་བར་དུ་ཡོད་པའི་འཛུབ་མོ་དེ་རེད་འདུག། དེ་ཕར་གཞན་ལ་འཛུགས་དུས་དགུང་མོ་དང་སྲིན་ལག་མཐེའུ་ཆུང་གསུམ་རང་ལ་འཛུགས་པ་བདེན་ཡང་། མཐེ་བོང་དེ་རང་གིས་མཛུབ་མོ་བཙུགས་ས་དེའི་ཕྱོགས་སུ་འཛུགས་འགྲོ་གི་འདུག་པས་འཛུབ་མོ་གཅིག་གཞན་ལ་འཛུགས་དུས་མཛུབ་མོ་བཞི་རང་ལ་འཛུགས་ཟེར་བ་དེ་བདེན་པ་མིན་པར་ཤེས་སོང་། ད་དུང་དེའི་སྐོར་བསམ་ལོ་ཞི་བུ་ཞིག་བཏང་དུས་ལག་པའི་མཛུབ་མོ་ལྔ་ཡོད་པ་ལས་གཞན་གསུམ་སྟེ་དགུང་མོ་དང་སྲིན་ལག་མཐེའུ་ཆུང་གསུམ་ནི་ཞེ་དྲག་བེད་སྤྱད་མེད་མཁན་ཞིག་རེད་འདུག། ལག་པའི་མཛུབ་མོ་ལྔ་ལས་བེད་སྤྱད་ཞེ་དྲག་ཡོད་མཁན་ནི་མཐེ་བོང་དང་འཛུབ་མོ་གཉིས་རེད་འདུག། དེ་ཡང་ང་ཚོས་ཡི་གེ་ཞིག་འབྲི་ན་ཡང་མཐེ་བོང་དང་འཛུབ་མོས་འབྲི་གི་འདུག། ཕྲེང་བ་ཞིག་བགྲང་ན་ཡང་མཐེ་བོང་དང་མཛུབ་མོས་བགྲང་གི་འདུག། དངུལ་ཞིག་བགྲང་ན་ཡང་མཐེ་བོང་དང་འཛུབ་མོས་བགྲང་གི་འདུག། ཐ་ན་མཐེ་བོང་ནི་དེང་སང་འཇིག་རྟེན་འདིར་ཆོས་དང་འཇིག་རྟེན་གང་གི་ཆེད་དུ་ཡང་དགོས་གལ་ཆེ་བ་ཞིག་རེད་འདུག། དེ་ཡང་ང་ཚོས་སྲིད་དམ་འཇིག་རྟེན་དང་འབྲེལ་བའི་ལས་ཀ་ག་རེ་བྱེད་ན་ཡང་ལག་ཐིའམ་ལག་རྗེས་(thump prit)ཟེར་བ་ཞིག་རྒྱག་དགོས་ཀྱི་ཡོད་པ་དེ་མཐེ་བོང་གིས་རྒྱབ་དགོས་ཀྱི་འདུག། ད་དུང་ཡང་རྒྱལ་ཁབ་གཅིག་ནས་གཅིག་ཏུ་ཕན་ཚུན་འགྲུལ་བསྐྱོད་བྱེད་དུས་ཀྱང་མཐེ་བོང་ནི་ངེས་པར་དུ་དགོས་ཀྱི་ཡོད་པ་འདྲ་སྟེ། ཐོག་མར་ལམ་ཡིག་སྟེ་(passport)ནང་ལ་ཡང་མཐེ་བོང་གི་རྗེས་རྒྱབ་དགོས་ཀྱི་འདུག། vissa ནང་ལ་ཡང་མཐེ་བོང་གི་རྗེས་དགོས་ཀྱི་འདུག། འབྲུག་ཡུལ་ལྟ་བུ་ཞིག་ལ་མཚོན་ན་མཐེ་བོང་མེད་མཁན་ལ་རླངས་འཁོར་གཏང་རྒྱུའི་ལག་ཁྱེར་ཀྱང་སྤྲོད་ཀྱི་མེད་པའི་ལོ་རྒྱུས་འདུག། དེ་ཡིན་དུས་མདོར་ན་མཐེ་བོང་དང་འཛུབ་མོ་གཉིས་ནི་ལག་པའི་མཛུབ་མོ་ལྔའི་ནང་ནས་གཙོ་བོ་ཞིག་རེད་འདུག་པས་གཞན་གསུམ་གར་གཏད་ན་གཏད་སྣང་དག་བསྐྱེད་དགོས་དོན་ཞིག་མི་འདུག་སེམས་སོ། །

  77. ཨ་ཕྱི་ཆོས་སྒྲོན says:
    2013-01-29 at 6:52 am

    སྤྲུལ་སྐུས་རྫུན་མི་བཤད། །གསེར་སྐུས་ཤན་མི་གཏོང་། །ཟེར་བ་བདེན་པ་རེད་མི་འདུག ཧ ཧ འདི་ཚོ་བདེན་པ་ཡིན་ནམ།
    http://www.ogyenling.org/Home.aspx

  78. པདྨ་འཕྲིན་ལས་། says:
    2013-01-29 at 7:53 am

    གཡུ་འབྲུག་དཀར་པོ་ལགས་། ཆོས་བྱེད་མཁན་ནང་ན་མི་རེ་གཉིས་ཡག་པོ་ཡོད་སྲིད། དེ་ནི་ཆོས་ཡི་ནུས་བ་ཡིན་ནམ་ཡང་ན་སྤྱིར་མི་ཡི་རྣམ་རིགས་མ་འདྲ་བ་ཡིན་ནམ་དེ་འདྲ་ཡོད་སྲིད།

  79. ལུང་རྟོགས། says:
    2013-01-29 at 8:08 am

    ཨོ་ཉི་ཁྱེད་རང་གལ་ཏེ་མཁན་ཆེན་འཇིག་མེད་ཕུན་ཚོགས་ཀྱི་སློབ་མ་ཡིན་ན། ཁོང་དགོངས་པ་རྫོགས་ཁའི་ཞལ་ཆེམ། རང་ཚུག་མ་ཤོར། གཞན་སེམས་མ་དཀྲུག་ཅེས་པ་དེ་ལ་བསློབ་སྦྱོང་གྱིས། ཁྱོད་ཀྱི་སྐད་ཆ་ལ་སྐྱག་དྲི་མ་གཏོགས་གང་ཡང་ཁ་རྒྱུ་མེད་སེམས་ཐག་རེད། སྐད་ཆ་འདིས་སྤྱི་སྒེར་སུ་ལ་ཡང་ཕན་ཐོག་མེད་ཐག་ཆོད་རེད། དེ་ལས་སྐུ་འཚམ་ཏོག་ཙམ་བཞུགས་ཐུབ་ན་འདི་ཕྱི་གཉིས་དགེ་རེད།

  80. གནམ says:
    2013-01-29 at 8:22 am

    བོད་མིའི་གདོང་པགས་ན་འཛུམ་ཞིག་ཡོད་པ་འདི་ཡང་། བསམ་བསམ་ན་དམ་ཆོས་ལ་ཐུག་ཡོད་པ་ཤེས་དགོས། སོང་སོང་ས་ན་སྐྱིད་ཞིག་དང་དགོད་ཞིག་ཡོད་པ་ནི་ཡང་དེ་བཞིན་ཡིན།
    དམ་ཆོས་ཟེར་བ་འདི་ལུས་ན་སྡོམ་པ་ཡོད་མེད་ཚང་མས་ཉམས་ལེན་བྱས་ཆོག་པ་ཞིག་ཡིན་དུས། བླ་མ་གྲྭ་ཚང་གཅིག་པོ་ལ་ངན་བཤད་ནས་འདུག་དགོས་དོན་ཞིག་མེད་པ་དང་། ཆོས་མེད་པདྨ་འཕྲིན་ལས་ལ་སོགས་པ་ཡག་པོ་ཡོད་པར་སྣང་དགོས་དོན་ཞིག་ནི་ཡང་མི་འདུག།
    ཆོས་ཟེར་བ་འདི་ཆོས་རེད། ཉམས་ལེན་ག་འདྲ་ཞིག་བྱེད་མིན་སྒར་ལ་རེག་ལོས་པ་རེད། ཉམས་ལེན་པ་ཡག་པོ་བྱེད་ནི་མེད་ན་ཡང་ཆོས་ནི་ཆོས་རེད། ང་ཚོ་ལ་དགོས་ངེས་ཞིག་རེད།

  81. མེ་ཏོག་དཀར་པོ says:
    2013-01-29 at 8:59 am

    དེ་རིང་གནམ་གྱིས་མི་སྐད་ཅིག་རྒྱབ་འདུག

  82. པདྨ་འཕྲིན་ལས་། says:
    2013-01-29 at 9:18 am

    ཆོས་ཀྱི་རྒྱལ་པོ་གནམ་ལགས། ངའི་ཁྱོད་ལ་ཅིག་འདྲི། ད་ལྟ་བར་དུ་བོད་ཀྱི་སྤྱི་ཚོགས་ནང་དུ་ཆོས་ཉམས་ལེན་བྱེད་མཁན་ག་ཚོད་ཅིག་ཡོད་དམ། ཉམས་ལེན་བྱེས་ནས་བོད་ཀྱིས་འདས་མ་ད་གསུམ་ལ་ཕན་ཐོག་ག་ཚོད་ཅིག་རག་ཡོད་དམ།
    དེ་དང་ཞོར་ལ་ང་ལ་ཁྱིམ་ཚེས་གཉིས་ཡོད་གཅིག་ནི་ཆོས་བྱེད་མཁན་ཞིག་རེད། གཅིག་ནི་ཆོས་ལ་དད་པ་མེད་མཁན་ཞིག་རེད། ཁྱེད་གྱི་གསུངས་ནང་བཞིན་ཁོང་གཉིས་ལ་ཁྱད་པར་ཆེན་པོ་འདུག། ཆོས་བྱེད་མཁན་ཁྱིམ་ཚེས་ཧ་ཅང་འགྲོགས་ཁག་པོ་དང་དོག་པ་རྣམ་ཏོགས་མང་པོ་འདུག། ཆོས་ལ་དད་པ་མེད་མཁན་དེ་འགྲོགས་བདེ་པོ་དང་སྐད་ཆ་ག་རེ་ཡིན་ན་བཤད་བདེ་པོ་ཞིག་རེད། དེ་གཉིས་ལ་ཁྱད་པར་འདུག།

  83. མེ་ཏོག་དཀར་པོ says:
    2013-01-29 at 9:44 am

    པདྨ་ཕྲིན་ལས། དེ་འདྲའི་རིགས་ལ་དངོས་གནས་དོགས་པ་ཡོད་ན་ཆོས་ཀྱི་གནད་ཤེས་མཁན་དེ་འདྲ་ལ་འདྲི་བཏུག་བྱ་རོགས། ཧོབ་ཏ་ལྟ་ན་བླུན་པོ་མཁས། ལག་ཏུ་བླང་ན་གཙིག་མི་ཤེས། ཟེར་བ་ལྟར་རང་གཞན་དུས་ཀྱང་ལས་སླ་པོ་ཤེས་མི་ཡོང་།

  84. ལྷོ་ཕྱོགས་རྒྱ་མཚོ། says:
    2013-01-29 at 10:27 am

    མགོ་ལ་རལ་པ་དཀྲིས་མཁན། །ལུས་ལ་སེར་གོས་གྱོན་མཁན། །སེམས་ལ་སྡོམ་པ་མེད་མཁན། །རང་ལ་བསྟོད་བསྔགས་ཕུལ་མཁན། །གཞན་ལ་ཟུར་ཟ་བྱེད་མཁན། །བོན་ལ་གཏིང་ནས་གནག་མཁན། །ལྷག་ཏུ་འབྲི་ལ་སྡང་མཁན། །ཆོས་བརྒྱུད་ཁྲག་བཞིན་དཀྲུག་མཁན། །དམ་ཉམས་གཡོ་སྒྱུ་ཅན་དེས། །དཀར་མིན་བརྩམ་འཆར་གདའ་ལོ།།

  85. པདྨ says:
    2013-01-29 at 10:36 am

    ད་ནས་བཟུང་ཨོ་ཉིའི་མིང་ལ་སྐྱ་ནག་ཁ་ཤོ་འབོད་རྒྱུ་ཡིན་གདའ། ཁོ་ནི་བན་མིན་བོན་མིན་ཕུང་གསུམ་པ་སྐྱ་ནག་ཁ་ཤོ་བཏགས་ན་ཅི་འདྲ་ས་རེད། ཧ ཧ མི་འདི་རིགས་ལ་ངོ་དང་རྐུབ་སྟོན་པ་ལ་ཁྱད་པར་མེད། ལས་ངན་གྱི་རྒྱུ་བྱས། རྐྱེན་ངན་གྱི་གྲོགས་བྱས་ནས་བསྟན་དཀྲུག་གི་དམ་སྲི་རྒྱལ་འགོང་བ་འདི་བན་ནི་མིན་ཏེ་བན་ལོག་ཡིན་པའི་ཕྱིར། བོན་ནི་མིན་ཏེ་གཞི་མེད་ཡིན་པའི་ཕྱིར། སྐྱ་བོ་ཁ་ནག་ཡུག་མོའི་ཁྱོ་ག་སྐྱ་ནག་ཁ་ཤོ་ཡིན་པའི་ཕྱིར། །

  86. ཨོ་རྒྱན་ཉི་མ། says:
    2013-01-29 at 10:54 am

    ང་གངས་ཅན་བོད་པའི་གཅེས་ཕྲུག་ཡིན།།
    བོད་རིག་པའི་གཞུང་ལ་དུང་བ་ཟབ།།
    དགོས་དམ་པའི་ཆོས་ལ་དད་པ་ཆེ།།
    གོང་བླ་མ་དམ་པར་རྩིས་ཐང་ཡོད།།
    ཆོས་མིན་སྲིད་མིན་ལ་གཏིང་ནས་སྡང་།།
    སྡེ་གཉིས་ལས་གཞན་ལ་དེ་བས་སྡང་།།

  87. མེ་ཏོག་དཀར་པོ says:
    2013-01-29 at 10:54 am

    མེ་ཏོག་དཀར་པོ་འདབ་མ་སྟོང་ལྡན།
    སྤང་ལྗོངས་རྒྱན་ལ་ཤར་རོགས་གནང་དང་།
    རྩྭ་ཐང་དཀྱིལ་གྱི་གཡང་དཀར་ལུག་གུའི།
    མེ་ཏོག་ཁྱེད་རང་སེམས་ལ་དྲན་ཡོད།
    མེ་ཏོག་སེར་པོ་འདབ་མ་སྟོང་ལྡན།
    མཛེས་པའི་ལྡུམ་ར་འདི་ལ་ཕེབས་དང་།
    གཡུ་སྦྲང་བུང་བ་སྐད་བཟང་སྙན་པོའི།
    མེ་ཏོག་དྲི་བཟང་རེ་སྒུག་བྱེད་འདུག
    མེ་ཏོག་དམར་པོ་འདབ་མ་སྟོང་ལྡན།
    རང་སེམས་ལྷད་མེད་རྒྱན་ལ་བྱོན་དང་།
    བརྩེ་གདུང་ཡིད་ཀྱི་རླབས་འཕྲེང་འདི་ཡིས།
    མེ་ཏོག་ཁྱེད་རང་སྙིང་ནས་དྲན་བྱུང་།
    བརྩེ་གདུང་ཡིད་ཀྱི་རླབས་འཕྲེང་འདི་ཡིས།
    མེ་ཏོག་ཁྱེད་རང་སྙིང་ནས་དྲན་བྱུང་།

  88. ལུང་རྟོགས། says:
    2013-01-29 at 10:57 am

    ཨ་རིགས་པད་མ་འཕྲིན་ལས། ཁྱེད་བོད་རང་སྐྱོངས་ལྗོངས་ཀྱི་དམར་ཤིག་མགོ་ཁྲིད་པད་མ་འཕྲིན་ལས་ཡིན་ན་ཅང་བཤད་རྒྱུ་མེད། དེ་མིན་ན་དེང་སྐབས་ནང་ཆོས་བྱེད་མཁན་རྣམས་གཞན་ལས་ལྷག་པའི་སེམས་རྒྱུད་ཞི་དུལ་ཡོད་པ་ཡོངས་གྲགས་རེད། ཁྱེད་ལྟ་བུའི་འདྲ་མིན་བཤད་ནས་ཆོས་ཀྱི་དབུ་འཕངས་སྨད་ཐུབ་པ་ཞིག་མ་རེད། དེ་ལས་སོ་སོའི་ལྟོ་གོས་བརྩལ་ཐུབ་ཙམ་བྱུང་ན་དེ་ཙམ་མིན་འགྲོ།

  89. ལུང་རྟོགས། says:
    2013-01-29 at 10:59 am

    ཨ་རོག་

  90. མེ་ཏོག་དཀར་པོ says:
    2013-01-29 at 11:01 am

    ཁྱོད་གངས་ཅན་བོད་པའི་རྐང་འདྲེན་རེད།།
    བོད་རིག་པར་དུང་བ་ཟབ་པ་རྫུན། །
    དགོས་ཆོས་ལ་དད་མིན་མི་ཤེས་ཏེ། །
    སྟུ་ནག་དང་གོ་འཐོབ་ཤིན་ཏུ་དད། །
    གོང་བླ་མ་རྩིས་ཐང་ཡོད་ན་ཡང་། །
    དེ་ཡི་བཀའ་ལས་འདའ་ལ་ཡ་ང་མེད། །
    ཆོས་མིན་སྲིད་མིན་ལ་སྡང་ན་ཡང་། །
    དོན་ལ་རང་ཉིད་དེ་ཡི་མཚན་གཞིར་གྲུབ། །

  91. བདེ་བ་ནས། says:
    2013-01-29 at 11:31 am

    ཨོ་ཉི་སྡོམ་ཤོར་རྣམ་གྲོལ་གླིང་དུ་གོ་ཐོབ་མ་རགས་པའི་སྙིད་ནད་ཀྱིས་བོད་མི་རིགས་ཚང་མ་དཀྲུག་དཀྲུག་མ་གཏོང་རོགས། མི་ངོས་འཛིན་ནས་ཁ་ཐུག་བཤད་ན་འགྲིགས་རེད། ཁྱོད་ཀྱིས་དགེ་འདུན་པའི་ནང་སྡོམ་པ་ཡོད་མེད་སྐོར་གླེང་ཕོད་དམ། ཞབས་འདྲེན་ཁྱོད་རང་མཁན་ཆེན་རྡོ་རྗེ་འཆང་རྣམ་པའི་མདུན་ནས་རབ་བྱུང་གི་སྡོམ་པ་བླངས་ནས་ཁས་ལེན་དམ་བཅའ་བྱས་པ་དེ་དྲན་གྱི་མི་འདུག་གམ། ལྷ་ཁང་ནང་ལ་གཉེན་སྒྲིག་བྱས་པ་དེ་དྲན་གྱི་མི་འདུག་གམ། སྔ་འགྱུར་ཚང་སྤྲུལ་པའི་སྐུ་མཆོག་རྣམ་ལ་མཚན་སྨད་བྱས་པ་དེ་དསརན་གྱི་མི་འདུག་དམ། སྡད་ཚོད་མེད་ན་ད་་་་་་་་་་་་སྡུག་སེམས་སྐོར་ཤིགས།

  92. བདེ་བ་ནས། says:
    2013-01-29 at 11:52 am

    ཞུས་པའི་སྡོམ་ཁྲིམས་ཉོན་མོངས་དབང་གིས་ཤོར།།
    ཁྱིམ་སྤང་རབ་བྱུང་གྲལ་ནས་ལྷང་གིས་བུད།།
    ལྷག་པའི་བསྐྱེད་རྫོགས་རུས་སྦལ་སྤུ་བས་དཀོན།།
    སྔགས་འཆང་གོས་དཀར་སྡེ་རུ་ཅི་སྟེ་གཏོགས།།

    ད་དུང་སྤྲུལ་པའི་སྐུ་མཆོག་ཡིན་ནོ་ལོ།།
    ད་དུང་ཆོས་བཤད་མཁན་པོ་ཡིན་ནོ།།
    ད་ནི་ཁྱོད་ཀྱིས་བཏགས་པའི་ཕུང་གསུམ་མིང་།།
    ཁྱོད་ལ་དོན་གྱིས་ཐོབ་པ་ཤེས་པར་གྱིས།།

  93. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-29 at 12:11 pm

    ཀ་ར་ཀོ་རེ་བཤད་མཁན་སྤྲུལ་་གོག་རྣམས། །ཁ་ནས་ཞིམ་ཚད་ཟས་དང་གོས་ཆེན་དགའ། །ག་བར་ཕྱིན་ན་རྒྱ་མོ་དབྱིན་མོ་འཁྲིད། ང་ནི་དེ་ཚོ་མཐོང་དུས་ཡིད་ཐང་ཆད།

  94. མེ་ཏོག་དཀར་པོ says:
    2013-01-29 at 12:28 pm

    ཅ་ལག་ཡག་རི་ཡག་ཚད་བཀོལ་ཞིང་སྤྱོད། །
    ཆ་འཇོག་དགོས་པའི་ཡོན་ཏན་སྣ་གཅིག་མེད། །
    ཇ་ཆང་ཤ་ཟས་རོལ་ནས་བྲོད་ཁོག་འབུར། །
    ཉ་རིལ་འདར་བཞིན་ཕྱི་གླིང་ཡུལ་གྲུ་ཉུལ། །

  95. གངས་དཀར་ཤ་མེད། says:
    2013-01-29 at 12:28 pm

    ཨོ་ཉི་འདི་ད་ག་རེ་རེད་གཞན་ལ་ཆོག་ཤེས་བཤད་རང་ལ་ཆོག་ཤེས་མེད་ཅིང་འདོད་རྔམ་ནི་ཆེ་ལྷ་ཁང་ནང་ཆང་ས་རྒྱབ་མི་ལས་དགུ་ལས་ཚང་མ་བྱེད། དག་ཐེར་དག་ཐེར་ག་རེ་དག་ཐེར་རང་ཉིད་མ་དག་པར། དམ་ཚིག་ཉམས། དེ་ལ་དམ་ཉམས་ཟེར་ལེ་རེད་ད། ད་དུང་ངོ་ཚ་ཡ་ནི་མེད། གོ་བརྡ་ནི་འཕྲོད་ཡ་མེད་དེ་ལས་ཁོ་རང་གང་འདོད་བྱར་ཆུགས།

  96. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-29 at 2:06 pm

    །ཏ་ཐ་ག་ཏའི་བསྟན་པའི་མིང་འཁུར་ནས།
    །ཐ་དད་ལུང་པར་ཚོང་པ་བཞིན་དུ་འཁྱམ།
    །ད་དུང་ཁ་ལ་འདོད་ཆུང་ཆོག་ཤེས་ཟེར།
    །ན་རྒ་འཆི་བའི་འཇིགས་པ་མེད་དམ་ཅི།

  97. ཨོ་རྒྱན་ཉི་མ། says:
    2013-01-29 at 4:19 pm

    ངས་ཆོག་ཤེས་ཀྱི་ཕན་ཡོན་བཤད་པ་ལས། ང་ལ་ཆོག་ཤེས་ཡོད་ཅེས་བཤད་མེད་དོ།།

  98. པདྨ་འཕྲིན་ལས་། says:
    2013-01-29 at 4:29 pm

    ལུང་རྟོགས་ལགས། ལ་རེད། ཚང་མ་སོ་སོའི་ལྟོ་གོས་བརྩལ་ཐུབ་ཙམ་མ་གཏོགས་ཆོས་དང་ཉམས་ལེན་ཞིག་ཤེས་གི་ཡོད་དམ། ཆོས་བྱེད་མཁན་རྣམས་གཞན་ལས་ལྷག་པའི་སེམས་རྒྱུད་ཞི་དུལ་ཡོད་ཟེར། དེ་འདྲ་ཞིག་འེ་ཡིན་ནམ། འཛུམ་མདང་དང་སེམས་པ་ཡག་པོ་ཡོད་མདོག་མདོག་བྱེད་པ་ནི་རང་ལ་དངུལ་ཞིག་རག་ན་བསམ་ནས་བྱེས་བ་མ་ཡིན་ནམ།

  99. སྤོབས་པ་མཐའ་ཡས། says:
    2013-01-29 at 4:47 pm

    ང་ཧང་སངས་པ་ཞིག་ནི་ཨོ་རྒྱན་ཉི་མའི་རྩོམ་ལ་དོ་སྣང་བྱེད་མཁན་དང་དེའི་དོན་ལ་བསམ་འཆར་འདོན་མཁན་འདི་འདྲ་མང་བ་དེ་རེད། ཨོ་ཉི་འདི་ལ་ཁྱད་ཆོས་ཤིག་ཡོད་ངེས་རེད།

  100. ཨོ་རྒྱན་ཉི་མ། says:
    2013-01-29 at 5:13 pm

    ཤཱཀྱའི་རྒྱལ་རིགས་འཁྲུངས་ཁྱོད་ཀྱིས།།
    གང་ཞིག་བདེན་དང་མི་བསླུ་དང་།།
    ཚངས་པར་སྤྱོད་དང་དུལ་བ་དང་།།
    བརྩེ་ལྡན་དམ་ཆོས་ལེགས་པར་དགོངས།།
    ཞེས་པ་ལྟར་ཆོས་ཞེས་པ་འདི་འདྲ་ཞིག་ལ་བཤད་པ་རེད། ད་དུང་ཆོས་མི་དགོས་ཟེར་བ་ནི་སྨྱོན་དངོས་སོ།།

  101. གནམ says:
    2013-01-29 at 5:50 pm

    པདྨ་འཕྲིན་ལས་འདི་ལ་ཞི་རྒྱས་དབང་དྲག་གང་ཞིག་གི་འཕྲིན་ལས་འདང་གི་མེད་པ་མི་ཤེས་ཡང་ལན་ཞིག་ཡོད་ནི་བྱ།
    ད་ལྟ་བར་དུ་ཆོས་ཉམས་ལེན་བྱེད་མཁན་ལ་གྲངས་ཚད་ཞིག་མེད་པ་རེད། འདས་མ་ད་གསུམ་ལ་ཕན་ཐོག་པ་ནི། ཁྱོད་མ་ཐེ་བའི་བོད་མི་ས་ཡ་དྲུག་པོ་འདིའི་ཚེ་འདི་ཡིན་ཡིན་པ་རེད། ཚེ་ཕྱི་མ་ཚུན་ཆད་ལ་སེམས་བདེ་ནས་འགྲོ་ཐུབ་པ་ཞིག་བཟོས་ཡོད་པ་རེད།
    ཁྱེད་རང་གི་ཁྱིམ་ཚེས་གཉིས་ལ་ཁྱེད་པར་ཡོད་རྒྱུ་མ་རེད་འདོད། དེ་ནི་གཙོ་བོ་ཁྱེད་རང་ལ་རེག་ལས་བ་ཞིག་རེད། ཁྱེད་རང་གིས་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་བཤད་ན། ནང་བ་བ་ཞིག་ཡིན་ན་འཆར་སྒོ་དང་ངག་སྒོ་མི་གཙང་བ་རྣམས་ལ་གཡོལ་ཐབས་བྱེད་པ་རེད། གང་ཡིན་ཟེར་ན། ཁ་ནི་ཉེས་བ་ཀུན་གྱི་སྒོ་ཡིན་པ་ཤེས་ནས། དེ་འདྲ་འདྲས་སླ་བོ་ཞིག་མེད་ན་ཐང་། ཡིན་ན་ཡང་། དེ་ཡང་སྐྱོན་ཞིག་དུ་འཛིན་པ་ནི་ཁྱོད་ཤིན་ཏུ་ནོར་རོ། མི་རུང་ངོ།

  102. སྤྲུལ་སྐུ་དབང་ཆེན། says:
    2013-01-29 at 6:28 pm

    གཞན་གནོད་གཞིར་སྤོང་སོར་སྡོམ་སྲོག་བཞིན་སྲུང་།།
    གཞན་ཕན་གཞིར་སྒྲུབ་བྱང་སྡོམ་མིག་ལྟར་གཅེས།།
    དེ་ཉིད་མཐོང་བས་གསང་སྔགས་ལུས་དང་འགྲོགས།།
    གསུམ་ལྡན་རྡོར་འཆང་ཨོ་རྒྱན་ཉི་མར་འདུད།།

  103. ངག་ཆེན་ says:
    2013-01-29 at 7:01 pm

    བརྩེ་ལྡན་དམ་ཆོས་ལེགས་ལྡན་ན།
    ཆོས་མིན་སྲིད་མིན་སྡང་ངེས་སམ།
    སྡེ་གཉིས་ལས་གཞན་དོན་ནི།
    བློ་ལྡན་ཞིག་གིས་གསུང་ཕོད་དམ།

  104. ངག་ཆེན་ says:
    2013-01-29 at 7:05 pm

    སྡང་ ཆད་འདུག་དགོང་འགལ་མེད་པ་བཞུ་

  105. པདྨ་འཕྲིན་ལས་། says:
    2013-01-29 at 8:26 pm

    གནམ་ལགས། ལན་གནང་བར་ཐུགས་རྗེས་ཆེ། ཡིན་ས་རེད། བདེན་པ་རེད། བོད་མི་ས་ཡ་དྲུག་པོ་འདིའི་ཚེ་འདི་དང་ཚེ་ཕྱི་མ་ཚུན་ཆད་ལ་ཡང་སེམས་བདེ་ནས་འགྲོ་ཐུབ་པ་ཞིག་བཟོས་ཡོད་ཟེར། གནམ་ཅུང་ཙམ་བླ་རྒན་ཞིག་དང་བོད་ཀྱི་ཕྱི་ལོག་དང་འཛམ་གླིང་རྒྱལ་ཁབ་གཞན་ལ་རྒྱུས་མངང་ཧ་ལམ་མེད་པ་འདྲ། ངའི་ཡང་བསྐྱར་ཁྱོད་ལ་ཅིག་འདྲི། བོད་མི་ས་ཡ་དྲུག་ལ་ཚེ་འདི་ལ་ག་རེ་ཡོད་དམ། བོད་ནི་དུས་རབས་གཉེར་གཅིག་ནང་རང་དབང་མེད་པའི་མི་རིགས་ཞིག་དང་རྒྱལ་ཁབ་ཞིག་རེད་དེས་ཐད་ལ་ཉིད་གྱི་ག་རེ་འགྲེལ་བཤད་རྒྱག་གམ། བོད་མི་ས་ཡ་དྲུག་གི་ཚེ་འདི་དང་ཚེ་ཕྱི་མ་ཚུན་ཆད་ལ་འགྲོ་ཐུབ་པ་ཞིག་བཟོས་ཡོད་ན། དན་དན་འཛམ་གླིང་མི་མང་གི་རང་གི་ཁེ་ཕན་བསམ་ནས་བོད་ལ་རོགས་པ་བྱེད་ངེས་རེད། དེ་འདྲ་ཞིག་ཡིན་ནམ། དེ་ནི་རང་གི་མགོ་ལ་རང་གི་གཞུ་ཟེར་ལ་དེ་མ་རེད་དམ། གནམ་ལགས་ཧ་ཅང་མང་དྲག་ན་ཡག་པོ་ཞེ་དྲ་རང་འེ་ཡོད།

  106. པདྨ་འཕྲིན་ལས་། says:
    2013-01-29 at 8:32 pm

    རྒྱལ་ཁབ་མེད་མཁན་

  107. གནམ says:
    2013-01-29 at 9:39 pm

    ཡ་ཨ་རོགས།
    ཁྱོད་དེ་འདྲའི་ངར་བ་ཞིག་ཡིན་ན། མདའ་སྒྱོགས་ལག་ཆ། ཐབས་ཇུས་འཆར་འགོད་ལྡན་པ་བྱོས་དང་། བོད་དགྲ་ལག་ནས་འདུག་དགོས་དོན་ཡོད་པ་མ་རེད། གྲྭ་བ་བླ་མ་དགེ་མ་ཆོས་མ་ཚང་མ་ཡོང་ཆོག་པ་ཞིག་རེད། ཆོས་ཀྱི་ཆེད་དུ་ཆོས་སྡོམ་འབུལ་ཡ་ཡོད་པ་རེད། ཁྱོད་ཀྱིས་བོད་མི་བླ་གྲྭ་སེར་གསུམ་དང་ཆོས་འཇིག་རྟེན་ཚང་མ་ལ་མཐོང་ཆུང་མ་གནང་།
    སྔོན་མ་ལུང་ཁུག་རེ་རེ་ནས་དགྲ་མགོ་མ་ཐུབ་ཙམ་ལས། སེར་དམག་སྐྱ་དམག་མཉམ་ལང་གིས་མ་ཐུབ་པ་དེ་འདྲ་མ་རེད། ལག་ཆ་འདྲ་འདྲ་ཡོད་ས་ནས་འགྲིལ་སོང་བ་དང་། དཔའ་བོ་ཁེར་ཐུག་བྱེད་ས་ནས་ཤི་སོང་བ་དེ་འདྲ་མེད་པ་རེད། ཤེས་སོང་ངམ། བོད་འདིས་འཐབ་ན་དགྲ་མི་ཐུབ་པ་དེ་འདྲ་མ་རེད། རང་གི་རང་ལ་ངོ་མཚང་འབྲུ་དགོས་དོན་ཡོད་པ་མ་རེད། ཡོད་ན་ཤོག་ཡ། འཕྲིན་ལས་ཁོ།

  108. མེ་ཏོག་དཀར་པོ says:
    2013-01-29 at 10:11 pm

    པ་ལོ་བྲེག་ནས་རབ་ཏུ་བྱུང་ན་ཡང་། །
    ཕ་ལོ་གྱུར་པས་ངོ་ཚས་མ་བཟོད་པར། །
    བ་ཕྱུགས་ལྟོགས་པས་སྐད་ངན་འདོན་པ་བཞིན། །
    མ་འོས་ཚིག་གིས་ཀུན་ལ་སྨོད་ལ་བྲེལ། །

  109. མེ་ཏོག་དཀར་པོ says:
    2013-01-29 at 10:18 pm

    དམ་ཆོས་འདུལ་བར་འགལ་བའི་འདོད་ཆགས་ཆེ། །
    མདོ་སྡེའི་དགོངས་པ་ལས་འདས་ཞེ་སྡང་འབར། །
    མངོན་པའི་ཆོས་ཀྱི་རྣམ་གྲངས་དག་ལ་རྨོངས། །
    དུག་གསུམ་ལྡན་པའི་སྤྲུལ་གོག་སྐྱུག་རེ་བྲོ། །

  110. ལུང་རྟོགས། says:
    2013-01-29 at 11:07 pm

    པད་མ་འཕྲིན་ལས་ལགས། རང་ཉིད་ཇི་ལྟར་ཡིན་པ་དེ་གཞན་ལ་སྦྱར་ནས་གཞན་ཡང་དེ་འདྲ་ཡིན་པ་རེད་བསམ་ན་ནོར་བ་རེད། དེང་སང་ཁྱེད་ལྟ་བུའི་བྱ་བ་སྒྲུབ་ཚད་རང་གི་ཁེ་ཕན་གྱི་ཆེད་དུ་ཡིན་པར་བསམ་མཁན་མི་ཉུང་བ་ཞིག་འདུག འདི་དག་ནི་ངོ་མ་བྱས་ན་ཤེས་རབ་འཆལ་བའི་རྟགས་ཡིན་པ་ལས་སྤྱང་པོ་ཅང་མ་རེད། ཁྱེད་ཀྱིས་བཤད་སྟངས་བྱས་ན་༧གོང་ས་མཆོག་གིས་འཛམ་གླིང་གང་སར་ཕེབས་ནས་སྐུ་ལས་སྐྱོན་བཞིན་པ་འདི་ཡང་ཁོང་སྒེར་གྱི་ལྟོ་གོས་ཆེད་དུ་ཡིན་ཚོད་རེད།

  111. གངས་དཀར་ཤ་མེད། says:
    2013-01-29 at 11:47 pm

    ཨོ་ཉི་འདི་ད་རང་ལ་ཆོག་ཤེས་མི་དགོས་མི་ལ་ཆོག་ཤེས་བྱ་དགོས་བསླབས་བྱ་རུ་རྒྱབ་ནས་གཞན་གྱི་སར་ཁེ་བཟང་རག་ཐབས་བྱས་པ་མིན་ལས་ཆེ་ཧཧཧཧཧཧཧཧཧ

  112. གཡུ་འབྲུག་དཀར་པོ། says:
    2013-01-30 at 12:37 am

    སྤྲུལ་ཨོ་ཉི་ལ་དེ་ཙམ་ཟེར་དགོས་དོན་མི་འདུག། གནའ་སྔ་མོ་ནས་ད་ལྟའི་བར་དུ་ནང་ཆོས་ཀྱི་བཀའ་སྤོ་ཏི་གླེགས་བམ་རྣམས་ལ་ལྟོས། དེ་ཚོ་ཚང་མ་བསླབ་བྱ་རྐྱང་རྐྱང་རང་རེད། བསླབ་བྱ་གནང་མཁན་དེ་ཚོ་ཚང་མ་ཁོང་གིས་བསླབ་བྱ་གནང་བ་བཞིན་ཁོང་ཡང་དེ་ག་རང་ཉམས་སུ་བླངས་ཡོད་པར་འདོད་པ་ཡིན་ནམ། རྗེ་ཙོང་ཁ་པ་དང་སྐྱ་པ་པན་ཆེན་མི་ཕམ་དང་ཀློང་ཆེན་ཀུན་མཁྱེན་པད་དཀར་དང་དྭགས་ལ་སྒམ་པོ་སོགས་ཀྱི་བཀའ་འབུམ་ལ་བལྟས་ན་བསླབ་བྱ་རྐྱང་རྐྱང་རེད་བ། ཁོང་ཚོས་དེ་ག་རང་ཉམས་སུ་བླངས་ཡོད་ཅེས་སུས་བཤད་ནུས།
    སྤྲུལ་ཨོ་ཉི་ལ་ད་དུང་སྤྲུལ་གོག་ལྟ་སྤྲུལ་གོག་ཟེར་ནས་དམའ་འབེབས་བྱེད་པ་ཡང་མི་འོས་པ་རེད། ངས་བལྟས་ན་ཁོང་ནི་དེང་སང་གི་སྤྲུལ་སྐུའི་ནང་ནས་ཡག་པོ་འདྲ་ཞིག་མཐོང་གི་འདུག། སྤྲུལ་སྐུ་གཞན་རྣམས་ལ་ལྟོས་དང་། ངོ་དེབ་སོགས་སུ་བླ་མ་སྐུ་ཆེན་མཉམ་དུ་སྡོད་པའི་སྐུ་པར་བཙུགས། རང་གི་མིང་ལ་རང་ཉིད་ཀྱིས་སྤྲུལ་སྐུ་ལྟ་སྤྲུལ་སྐུ་ཟེར་ནས་བྲིས། དེ་ཙམ་གྱི་མ་ཚད་བླ་མ་སྐུ་ཆེན་རྣམས་ཀྱིས་ཁོང་ལ་ཇི་ལྟར་ཆེ་བ་བརྗོད་ཡོད་ཚུལ་སོགས་བཀོད། རང་ཉིད་བསླབ་སྦྱངས་མཐར་སོན་གྱི་ལག་ཁྱེར་སོགས་ངོ་དེབ་སྒང་ལ་བཞག། ཉམས་སྣང་ཤར་ཚུལ་སོགས་འདུལ་བ་ནས་མི་་ཆོས་བླ་མའི་རྫུན་དང་གསང་སྔགས་ནས་གསང་བའི་དམ་ཚིག་ཅེས་གསུངས་པ་དེ་ཚོ་བཤད། མདོར་ན་གཞན་ལ་རང་ཉིད་རིན་ཐང་ཆེ་བ་ཡིན་པའི་སྒྲུབ་ཐབས་ཇི་ཙམ་ཡོད་ཡོད་ངོ་དེབ་སྒང་ལ་བཀོད་ནས་ཁྱབ་བསྒྲགས་བྱེད་ཅི་ཐུབ་བྱེད་ཀྱི་འདུག། ཁོང་ནི་དེ་ལས་ལྡོག་སྟེ་ཆང་ས་རྒྱག་པ་དང་། ཁྲོམ་ལ་མྱུལ་བ། རང་གི་བཟའ་ཟླ་དང་བུ་ཕྲུག་རྣམས་དང་མཉམ་དུ་རོལ་བའི་པར་ལས་གཞན་ཅི་ཡང་འགོད་པ་མ་མཐོང་། ངས་ནི་ཁོང་ལ་སྤྲུལ་སྐུ་ཡིན་མིན་ལ་མི་ལྟོས་པར་ཤེས་ཡོན་ཅན་དང་རང་གིས་གང་བསམ་པ་དེ་གཞན་ལ་བཤད་ཕོད་མཁན་ཞིག་ཏུ་མཐོང་ངོ་།

  113. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-30 at 12:50 am

    ཙ་རི་གངས་རིར་སྒྲུབ་པ་ཉམས་ལེན་མེད།
    །ཚ་གྲང་ཡོང་དུས་གློག་འཕྲུལ་ཡོ་བྱད་མང་།
    །ཛ་ཏི་སྨན་དང་གསེར་དངུལ་གཟི་ཚོང་རྒྱབ།
    །ཝ་དང་འུག་པ་བཞིན་དུ་མཐར་སྤྲོད་དགོས།

  114. མེ་ཏོག་དཀར་པོ says:
    2013-01-30 at 1:05 am

    ཞྭ་མོ་དམར་སེར་དཀར་ནག་ཅི་གྱོན་ཡང་། །
    ཟ་འདྲེའི་རིགས་འདི་ཟ་འདྲེ་རང་ཡིན་པས། །
    འ་ཅག་བོད་འབངས་དུ:ཁ་མེད་འདོད་ན། །
    ཡ་ང་མེད་པར་འདི་ཚོར་ངོ་རྒོལ་དགོས། །༼བསྐྱར་བཀོད༽

  115. མེ་ཏོག་དཀར་པོ says:
    2013-01-30 at 1:14 am

    ༼ཁོང་ནི་དེ་ལས་ལྡོག་སྟེ་ཆང་ས་རྒྱག་པ་དང་། ཁྲོམ་ལ་མྱུལ་བ། རང་གི་བཟའ་ཟླ་དང་བུ་ཕྲུག་རྣམས་དང་མཉམ་དུ་རོལ་བའི་པར་ལས་གཞན་ཅི་ཡང་འགོད་པ་མ་མཐོང་༽གཡུ་འབྲུག་དཀར་པོའི་སྐད་ཆ་འདི་གད་མོ་ཤོར་དགོས་ཡ་ཞིག་རེད་ཨ། གཞན་ཅི་ཡང་འགོད་མིན་འདུག་ཟེར། འོ་ན་གཟའ་ཟླ་དང་མཉམ་དུ་ཉལ་བའི་པར་འགོད་དགོས་སམ། ཁྱོད་ཀྱིས་བསྟོད་པའམ་སྨད་པ་མི་ཤེས་ཞིག་བྲིས་འདུག
    ལར་ནས་བོད་སྲིད་པ་ཆགས་པ་ནས་བཟུང་སྤྲུལ་གོག་འདི་ཚོས་དད་ལྡན་པའི་ལུས་སེམས་ལ་མནར་གཅོད་ཚད་མེད་བཏང་ཡོད་ལ་ད་དུང་ཁ་ཕོ་ཆེན་པོས་གཅིག་གིས་འགྲིག་གི་མི་་འདུག ཉིག་གིས་འགྲིག་གི་མིན་འདུག
    ཟེར་ཡོད་ཚད་ལ་སྐྱོན་བརྗོད་ཀྱིས་སྤྱི་ཚོགས་དཀྲུག་པ་ལ་རྗེས་སུ་ཡི་རང་འབུལ་ཐབས་མེད། ཁ་ལག་དལ་སོང་ན་སྤྲུལ་གོག་ལ་ངོ་རྒོལ་བྱ་རྐྱང་ཡིན།

  116. བན་དེ་བ། says:
    2013-01-30 at 1:37 am

    མེ་ཏོག་གི་སྐད་ཆ་ལ་རྒྱབ་སྐྱོར་ཡོད། སྤྲུལ་གོག་འདི་རིགས་མི་རིགས་ཀྱི་གཉའ་གནོན་ཡིན། དགོས་པའི་ཀ་ཁ་མ་དྲན་ནས་ནས་མི་དགོས་པའི་གོང་མའི་རྒྱུ་ནོར་དྲན་མཁན་རེད། འཁྲུལ་མེད་ཀྱི་སྤྲུལ་སྐུ་ཡིན་ན་སྔར་གྱི་མཁྱེན་པ་ཡོན་ཏན་དྲན་དགོས་པ་རེད་དེ་ནས་ང་ཚོས་ཡིད་ཆེས་བྱེད་ངེས། དེ་མིན་ཐ་མལ་བ་ལས་ཀྱང་གདུག་རྩུབ་ཆེ་བ་དང་ཆགས་སྡང་ཆེ་བ་དང་ཕྱོགས་རིས་ཆེ་བ་མི་མགོ་སྐོར་ཐབས་བྱེད་གཞན་ནོར་བཟའ་འདོད་ཆེ་བ་རྟག་ཏུ་གྲོང་ཁྱེར་གྲོང་བརྡལ་སོགས་ལེགས་རི་ལེགས་ཚད་ལ་འཁྱམ་ཉུལ་བྱེད་པ་མ་གཏོགས་འདུག་སའི་དགོན་པ་ལ་བསྡོད་ཚུགས་ཀྱི་མེད། ད་དུང་གོ་གནས་དགོས་རབས་བཤད་དེ་མ་བྱུང་དུས་ཕུང་གསུམ་ཞེ་སྐུར་བ་འདེབས། དེང་སང་ནི་སྤྲུལ་སྐུའི་་རིགས་ལ་ཡོན་ཏན་མེད། སྤྲུལ་སྐུའི་རིགས་ལ་བཟང་སྤྱོད་མེད། སྤྲུལ་སྐུའི་རིགས་ལ་ཉམས་རྟོགས་མེད། སྤྲུལ་སྐུའི་རིགས་ལ་གཞན་ཕན་མེད།། སྤྲུལ་སྐུའི་རིགས་ལ་སྡོམ་པ་མེད། ཨོ་ཉིས་བཤད་པའི་མེད་པ་ལྔ་དེ་སྤྲུལ་སྐུ་དེ་ཚོར་ཚང་ཡོད།

  117. ཨོ་རྒྱན་ཉི་མ། says:
    2013-01-30 at 2:51 am

    འགྲན་ཟླ་ཀུན་བྲལ་མཚུངས་མེད་སྟོན་པ་ཤཀྱའི་རྒྱལ་པོའི་སྲས་ཀྱི་ཕུལ། །
    ཕུལ་བྱུང་ལེགས་བཤད་དགའ་སྟོན་འགྱེད་པའི་མཉམ་མེད་མགུལ་ནས་ཆོས་ཀྱི་སྒྲ།།
    སྒྲ་དབྱངས་རྒྱ་མཚོའི་དོན་གྱི་སྙན་འཇེབས་སྲིད་འདི་སྟོང་ཡང་དབྱིངས་ནས་གྲགས།།
    གྲགས་པ་དོན་ལྡན་གསུང་རབ་ཡན་ལག་སྐྱེ་དགུའི་ཡིད་ལ་བསྐྱིལ་གྱུར་ཅིག།

  118. མེ་ཏོག་དཀར་པོ says:
    2013-01-30 at 2:57 am

    སྟོན་མཆོག་མཉམ་མེད་ཤཀྱའི་རྒྱལ་པོའི་བསྟན་པ་རིན་ཆེན་ཞབས་ནས་འདྲེན། །
    འདྲེན་མཆོག་འཕགས་པའི་དགེ་འདུན་སྡེ་ལ་ཡ་ག་སྒྲོགས་ལ་ཤིན་ཏུ་དགའ། །
    དགའ་མའི་རྐུབ་ལ་རབ་ཏུ་ཆགས་པས་རབ་བྱུང་སྡོམ་པའི་རྒྱ་ལས་འདས། །
    འདས་མ་ད་ལ་ཕུ་དཀྲུག་མདའ་དཀྲུག་བྱེད་ལ་ཨང་ཀི་དང་པོ་ཁྱོད། །

  119. གཡུ་འབྲུག་དཀར་པོ། says:
    2013-01-30 at 5:07 am

    མེ་དཀར་ལགས། ངས་ཁོང་བཟའ་ཟླ་མཉམ་དུ་ཉལ་བའི་པར་འགོད་དགོས་ཟེར་གྱི་མེད། ངས་ནི་ཁོང་གིས་སྤྲུལ་སྐུ་གཞན་པ་ཚོ་ནང་བཞིན་ཁོང་ལ་ཉམས་རྟོགས་ཤར་ཚུལ་གྱི་སྐད་ཆ་དང་། ཁོང་བླ་ཆེན་རྣམས་དང་ལྷན་དུ་བཞུགས་པའི་སྐུ་པར། དེ་བཞིན་ཁོང་ཁྲི་ལ་བཞུགས་ཏེ་ཆོས་བཤད་པའི་པར་འདྲ་བུ་མདོར་ན་ཁོང་མཆོག་ཏུ་གྱུར་པ་ཞིག་ཡིན་པའི་ཁྱབ་བསྒྲགས་བྱེད་བྱེད་ཀྱི་པར་འགོད་པ་མཐོང་གི་མི་འདུག་ཟེར་གྱི་ཡོད། མེ་དཀར་ཁྱེད་ཀྱིས་མ་གཟིགས་སམ། ངོ་དེབ་དང་ཁ་བརྡའི་སྒང་ལ་སྤྲུལ་སྐུ་གཞན་པ་ཚོས་གང་འདྲ་མཛད་ཀྱི་ཡོད་དམ། ཁ་ཤས་ཀྱི་ངོ་དེབ་དང་ཁ་བརྡའི་སྒང་ནས་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད། ཁོང་གི་ཡིད་ལ་བབས་པའི་བུ་མོ་རེ་མཐོང་ཚེ་ཨོ་རྒྱན་རིན་པོ་ཆེའི་ལུང་ནས་བསྟན་པའི་མཁའ་འགྲོ་མའི་མཚན་དང་ལྡན་པ་ཡིན་ཚུལ་སོགས་མང་པོ་བཤད་དེ་བསླུས་པ་ཡང་མཐོང་། ད་དུང་རིགས་འདྲའི་སྤྲུལ་སྐུ་དེ་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་ཡོན་ཏན་བརྗོད་རབས་ཀྱི་བསྟོད་ར་བཏང་མཁན་ཡང་མཐོང་རྒྱུ་འདུག། ཁོང་གི་འདོད་པ་ལ་དགག་པ་རྒྱག་མཁན་ཞིག་བྱུང་ན་དེ་ཚོར་དམ་ཉམས་སོགས་ཀྱི་མིང་བཏགས་ནས་འཇིག་རྟེན་འདི་ནས་འཇིག་རྟེན་འདིའི་ཕ་རོལ་ཏུ་གཏོང་རྒྱུའི་ཉེན་བརྡ་ཡང་གཏང་གི་འདུག། དེ་ཚོ་ངས་མཐོང་ཐོས་མྱོང་གསུམ་གྱིས་རིག་པའི་ལོ་རྒྱུས་ཡིན། སྤྲུལ་སྐུ་ཨོ་ཉི་དེ་འདྲ་མཛད་པ་མཐོང་ཐོས་མ་མྱོང་། དེ་ཡིན་དུས་ང་རའི་སེམས་ལ་གང་དྲན་པ་བཅོས་སླད་མེད་པར་བྲིས་པ་ལས་ཁོང་ལ་བསྟོད་ར་གི་ཚུལ་དུ་ཞུས་པ་མིན། བསྟོད་ར་གཏང་དགོས་པ་ཡང་མེད་དོ། །

  120. མེ་ཏོག་དཀར་པོ says:
    2013-01-30 at 5:17 am

    བུ་རམ་མངར་བ་དང་། ཀ་ར་མངར་བ་སོགས་མངར་སྟངས་མ་གཏོགས་དོན་ལ་མངར་མོ་རེད། དེ་དང་མཚུངས་པ་ཁྱོད་ཀྱིས་བཤད་པའི་སྤྲུལ་གོག་དེ་ཚོ་དང་ཨོ་ཉི་འདི་ཡང་ངན་སྟངས་མ་གཏོགས་ངན་པ་ཡིན་པ་གཅིག་པ་རེད། རྒྱུ་མཚན་ནི་སྤྲུལ་གོག་ཡིན་པས་སོ།།

  121. མེ་ཏོག་དཀར་པོ says:
    2013-01-30 at 5:27 am

    རྐུན་མ་འགས་མཚན་ལ་རྐུས། འགས་ཉིན་ལ་རྐུས། འགས་སྒོ་ནས་འཛུལ་ནས། འགས་སྒེའུ་ཁངས་ནས་འཛུལ་ནས་་་དོན་ལ་ཚང་མ་རྐུན་མ་་་ཡང་ཨཝར་ཨིན།

  122. མེ་ཏོག་དཀར་པོ says:
    2013-01-30 at 5:52 am

    གཡུ་འབྲུག་ལགས།
    ༡༠༢༽ སྤྲུལ་སྐུ་དབང་ཆེན་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༩ གི་ཆུ་ཚོད་ ༡༨ སྐར་མ་ ༢༨
    གཞན་གནོད་གཞིར་སྤོང་སོར་སྡོམ་སྲོག་བཞིན་སྲུང་།།
    གཞན་ཕན་གཞིར་སྒྲུབ་བྱང་སྡོམ་མིག་ལྟར་གཅེས།།
    དེ་ཉིད་མཐོང་བས་གསང་སྔགས་ལུས་དང་འགྲོགས།།
    གསུམ་ལྡན་རྡོར་འཆང་ཨོ་རྒྱན་ཉི་མར་འདུད།།
    འདིར་གཟིགས་དང་། ཧ་ཧ་ཧ་་ཧ་

  123. མེ་ཏོག་དཀར་པོ says:
    2013-01-30 at 5:54 am

    གཡུ་འབྲུག་ལགས། ཁྱོད་ཀྱིས་༼ ད་དུང་རིགས་འདྲའི་སྤྲུལ་སྐུ་དེ་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་ཡོན་ཏན་བརྗོད་རབས་ཀྱི་བསྟོད་ར་བཏང་མཁན་ཡང་མཐོང་རྒྱུ་འདུག༽ གསུངས་པ་དེའི་ལན་དུ་མཆན་བུ་གོང་མའི་ཚིགས་བཅད་དེ་གཟིགས།

  124. གཡུ་འབྲུག་དཀར་པོ། says:
    2013-01-30 at 6:16 am

    སྤྲུལ་དབང་ཆེན་གྱིས་ཁོང་ལ་བསྟོད་པ་ཕུལ་ན་ཡང་ཁོང་གིས་ཕར་བསྟོད་པ་ཕུལ་མི་འདུག་ག། མ་ཟད་མཚམས་རེར་ཁོང་གཉིས་ཀྱི་བར་དུ་ཡང་དགོངས་པ་འགལ་བ་ཅུང་ཟད་རེ་བྱུང་གི་འདུག། སྤྱིར་ནི་ཨ་རི་ལ་རྣམ་གླིང་དགོན་གྱི་གྲྭ་ལོག་འགའ་ཞིག་སྤྲུལ་མིན་སྤྲུལ་སྐུར་བརྫུས་ནས་གཅིག་གིས་གཅིག་ལ་བསྟོད་ར་བརྗོད་ཅིང་བླ་མའི་ཚོང་འབྲེལ་དཔེ་མི་སྲིད་ཡག་པོ་རྒྱག་གི་འདུག་ཟེར། དེ་ཡང་རྣམ་གླིང་ནས་ཕེབས་པའི་མཁན་པོ་ཞིག་ནས་ཐོས་སོ། །ཐའི་ཝན་དུ་ཡང་འབྲུག་པའི་མཁན་མིན་མཁན་པོར་བརྫུ་བ་དང་བླ་མིན་བླ་རུ་བརྫུ་བ། སྤྲུལ་མིན་སྤྲུལ་སྐུར་རྫུ་མཁན་འགའ་ཞིག་འདུག། ཁོང་འགའ་ཞིག་ངས་ངོ་ཡང་ཤེས་ཀྱི་ཡོད། འབྲུག་ལ་སླེབས་དུས་དགོན་པ་ཁག་སོགས་ལ་ཕེབས་ནས་གྲྭ་པ་རྣམས་ལ་ཟན་ཤམ་གྱི་སྦྱིན་པ་རེ་བཏང་། ཚོགས་འཁོར་གྱི་སྦྱིན་བདག་བགྱིས་ཤིང་དགེ་འདུན་འདུས་པའི་དབུས་ཀྱི་ཁྲི་ལ་བསྡད་ཐབས་བསྒྲིགས། ཁྲི་ལ་བསྡད་ནས་པར་རྒྱབ་ཏེ་དེར་ཁྱེར་ནས་དེ་ཁོང་གི་དགོན་པའི་གྲྭ་པ་ཡིན་ཚུལ་སོགས་བརྗོད་པ་སོགས་ཟད་ཐབས་མེད་པ་ཞིག་ཡོད།

  125. མེ་ཏོག་དཀར་པོ says:
    2013-01-30 at 6:29 am

    སྣང་སྲིད་དག་པ་རབ་འབྱམས་ལཿ
    བགེགས་དང་བར་ཆད་མིང་ཡང་མེདཿ
    གློ་བུར་རྣམ་རྟོག་འཁྲུལ་པའི་གདོནཿ
    ཆོས་དབྱིངས་ངང་དུ་མཚམས་གཅོད་དོཿ

  126. ཨོ་རྒྱན་ཉི་མ། says:
    2013-01-30 at 7:25 am

    ཁ་བརྡའི་ཚིག་ལས་བཟང་ངན་གང་ཐོས་ཀྱང་།།
    ཆོལ་ཁ་ཆོས་ལུགས་སྣ་ཚོགས་གང་བཤད་ཀྱང་།།
    མཐོ་དམན་ཚིག་གིས་བསྟོད་སྨད་གང་བྱས་ཀྱང་།།
    ཞེ་འཁོན་མ་འཛིན་སྒྲ་བརྙན་ལྟ་བུར་ལྟོས།།

  127. རིག་པའི་བུ says:
    2013-01-30 at 11:04 am

    ཧཧ། རྒྱ་གཞུང་ཆོས་ནམ་ཡང་དུག་ཏུ་ལྟ་བ་ལས་སྨན་དུ་ལྟ་མི་རུང་། ད་དངོས་གནས་ཨོ་ཉི་སྨྱོ་འདུག འཚོ་བ་ལ་དོ་ཕོག་འགྲོ་བ་སེམས་ནས་ཐུགས་ཁྲལ་གྱིས་སྨྱོས་འདུག

  128. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-30 at 1:03 pm

    ཧ་ལོའི་དུག་བཞིན་མཐོང་བ་་ཕུང་གསུམ་པ།།
    ཨ་ལགས་སྤྲུལ་གོག་མི་རིང་འཇིག་རྟེན་འདིར།
    །ཧ་ཅང་འཛེམས་ཟོན་མེད་པར་མཉམ་རུབ་བགྱིས།
    །ཨ་ཡིག་སྟོང་པའི་གནས་སུ་སྤྲོད་པར་མཛོད།

  129. མེ་ཏོག་དཀར་པོ says:
    2013-01-30 at 1:10 pm

    ཨོ་ད་ར་སྡེ་མ་གཏོགས་ནུབ་ཕྱོགས་ངེད་གཉིས་མཉམ་རུབ་ཀྱི་ཀ་རྩོམ་དེ་གྲུབ་འདུག

  130. པདྨ་འཕྲིན་ལས་། says:
    2013-01-30 at 1:45 pm

    གནམ་ལགས། ལ་རེད། དངོས་ནས་དྲངས་ནས་རེད། བོད་མི་རིགས་འདི་དགྲ་ལ་འཐབ་མི་ཐུབ་པ་དེ་འདྲ་རེད། དེ་ནི་བདེན་པ་རེད། ཡིན་ནའ། བོད་མི་རིགས་འདི་སྙོམ་ཆུང་བཟོ་མཁན་དེ་སུ་རེད་དམ། སྐད་ཆ་དྲངས་པོ་ཤོད། ངའི་རང་གི་མི་རིསག་ལ་ངོ་མཚང་དེ་འདྲ་རྩ་བ་རང་ནས་འབྲུ་གི་མེད་ལ་དེ་འདྲ་རིགས་ནམ་ཡང་ངའི་སེམས་ལ་ཡང་འཁོར་ཉོང་མེད། སྐད་ཆ་དྲངས་པོ་བཤད་ན་ལུང་ཁུག་སོ་སོར་ནས་དགྲ་ལ་འཐབ་ཡོད་རེད། འོན་ཀྱང་བོད་མི་རིགས་རྒྱུ་ནོར་ཚང་མ་དགོན་པ་དང་གྲྭ་ཚང་ནས་བདག་པོ་རྒྱབ་ཡོད་དུས་མི་དམངས་ཀྱི་དམག་འཐབ་འཇུགས་སྐྱོང་ཐུབ་ཡོད་མ་རེད།

  131. པདྨ་འཕྲིན་ལས་། says:
    2013-01-30 at 1:52 pm

    ལུང་རྟོགས་ལགས། ཉིད་གྱི་ཕྲན་ལ་སྐད་ཆ་ག་རེ་བཤད་ན་བཤད། ང་ཁྱེད་རང་གི་སྒང་ལ་ཁོངས་ཁྲོ་ནམ་ཡང་ལངས་མི་ཡོངས། ངའི་འདི་ནས་ཁྱེད་ལ་ཞུ་བ་འཐེན་ཆོག། ཐུགས་རྗེས་གཟིགས་༧གོང་ས་མཆོག་གི་མཚན་འདི་ལ་འཁྱེར་མ་ཡོངས་རོགས་གནང། ཐུགས་རྗེས་གཟིགས་ལུང་རྟོགས་ལགས།

  132. ཨོ་རྒྱན་ཉི་མ། says:
    2013-01-30 at 2:27 pm

    བོད་ལ་དགའ་བས་བོད་ཀྱི་རིག་གཞུང་དག་གཙང་སྐྱོན་མེད་བྱུང་ན་བསམ།།
    ཆོས་ལ་དད་པས་ཆོས་ཀྱི་བརྒྱུད་པར་དམ་སེལ་འབྱུང་བར་དོགས་པ་ཆེ།།
    རིས་མེད་ལ་དགའ་ཆགས་དང་སྡང་བས་ཕྱོགས་སུ་གཅོད་ལ་ནམ་ཡང་འཇིགས།
    རྒྱ་བོད་གཉིས་ཞེས་དགྲ་གཉེན་འཛིན་པའི་འདུ་ཤེས་དོགས་པོ་གཏན་དུ་སྤངས།།

  133. བན་དེ་བ། says:
    2013-01-30 at 2:39 pm

    ཆོག་ཤེས་རིས་མེད་དགོས་ཞེས་ཤོག་ཐོག་བྲོ་བརྡུང་ངང་ཚུལ་མ་ཡིན་པར།
    སྔ་རབས་འདས་དང་ད་ལྟར་བཞུགས་པའི་རྒྱལ་སྲས་འཕགས་པའི་མཛད་པ་ལྟར།
    སྣང་ཚུལ་གནས་ཚུལ་གཉིས་མེད་ཕྱེ་ཆུ་འདྲེས་པ་ལྟ་བུའི་ལག་ལེན་ཞིག
    མེད་ཚེ་བརྗོད་པ་ཐམས་ཅད་ནེ་ཙོས་མ་ནི་བགྲང་བའི་ཚུལ་དང་མཚུངས།

  134. ཨོ་རྒྱན་ཉི་མ། says:
    2013-01-30 at 2:44 pm

    ཆོག་ཤེས་སྐྱོན་བཅས་ཡིན་ན་དགག་པ་རྒྱོབས།།
    ཆོག་ཤེས་སྐྱོན་མེད་ཡིན་ན་དང་དུ་ལོངས།།
    ཆོག་ཤེས་ཁོ་བོར་མེད་པའི་ཉེས་པ་དེས།།
    ཆོག་ཤེས་སྨད་པའི་གནས་སུ་བྱ་མི་རུང་།།

  135. ཨོ་རྒྱན་ཉི་མ། says:
    2013-01-30 at 2:48 pm

    ཇི་སྐད་དུ། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ།།
    རབ་མཆོག་ལེགས་པར་ལྷ་མིའི་སྟོན་པས་གསུངས།།
    གཞན་ཡང་།
    ཆོག་ཤེས་བདེ་སྤྱོད་གང་ཡིན་པ།།
    དབང་པོ་ཡིས་ཀྱང་རྙེད་པར་དཀའ།།

    གསུངས་པ་ལ་ཐུགས་བསམ་བཞེས་ཤིག

  136. བན་དེ་བ། says:
    2013-01-30 at 3:02 pm

    སྤང་བླང་དགག་སྒྲུབ་ཆོག་ཤེས་ལས་སོགས་པ།
    རང་གིས་མི་བསྒྲུབ་གཞན་ལ་སྒྲོགས་རྒྱུ་ཙམ།
    ཡིན་པར་བཞེད་ན་དེ་ལ་དགག་དགོས་ཅི།
    འོན་ཀྱང་དེ་ལྟར་རྒྱལ་བས་གནང་བ་མེད།

  137. བན་དེ་བ། says:
    2013-01-30 at 3:18 pm

    ཆོག་ཤེས་དགོས་པའི་ལུང་འདྲེན་གནང་ན་འདི་ལྟར་མཛོད།
    ཆོག་ཤེས་དམ་པའི་ཚོད་ཅིག་མ་བཟུང་ན།
    འཇིག་རྟེན་འགྱུར་ཀྱང་ངོམ་དུས་མེད།
    འོན་ཀྱང་རིགས་པའི་རྒྱབ་རྟེན་མེད་འགྱུར་ན།
    ལུང་ནི་འདམ་གྱི་ཕུར་པ་འདྲ་ཞེས་་རྒྱལ་བས་གསུངས།

    སྒྱུ་མའི་ནོར་ལ་ཆོག་ཤེས་དགོས་པར་བཀག་པ་ནམ་ཡང་མེད།
    འོན་ཀྱང་ཆོག་ཤེས་རིས་མེད་ཟེར་ནས་ས་སྒྲོགས་གནམ་སྒྲོགས་ཀྱིས།
    རང་ཉིད་ཆོག་མི་ཤེས་དང་རིས་ཆད་ལྟ་བའི་མཐར་གོལ་བས།
    ཁ་ནང་ཤ་བཅུགས་ཤ་ཡི་ཉེས་དམིགས་བཤད་ལ་ཡིད་མ་རངས།

  138. བན་དེ་བ། says:
    2013-01-30 at 3:19 pm

    འཇིག་རྟེན་གསེར་དུ་་་་་་་ཞེས་བཅོས་རོགས

  139. ཨ་ཕྱི་ཆོས་སྒྲོན says:
    2013-01-30 at 3:57 pm

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཡིས། །
    ཆོག་ཤེས་བསྟན་བཅོས་ལེགས་བརྩམས་པས། །
    ཕུང་གསུམ་དགའ་བའི་གྲྭ་སར་ཀུན། །
    ཀླད་རྒྱ་འཐོར་ཅིང་དྲི་ཆེན་ཤོར། །
    ཁྱད་པར་བན་ལོག་གདོན་གཟུགས་རིགས། །
    སྙིང་དང་དབང་རྩ་བཅིངས་ཀྱིས་མནར། །
    དོན་སྣོད་ཁ་ནས་ལུད་པ་ཡི། །
    གཤིན་བོན་དེ་ཚོ་ཤ་རེ་ཚ། །

  140. བན་དེ་བ། says:
    2013-01-30 at 8:36 pm

    འབག་མོ་ཁོག་ཏུ་ཞུགས་པའི་རྐུབ་རལ་གྱི་ཨ་ཕྱི།
    ཚིག་དོན་གནས་ལ་རྨོངས་པའི་དྲི་ངན་ཀུན་འཐུལ་བཞིན།
    ག་ས་གང་དུ་རྫུན་གྱི་འཁོར་ལོ་བསྐོར་བཞིན་དུ།
    བན་ལོག་བན་ལོག་ཟེར་ནས་སྤྲུལ་སྐུ་ཨོ་ཉིར་སྨོད།

    བན་དེ་ཞེས་པ་སོར་སྡོམ་ལྡན་བའི་གང་ཟག་ལ།
    ཐ་སྙད་ཆགས་པ་བོད་ཀྱི་བརྡ་ལས་གསལ་ནའང།
    འབག་འདྲེ་ཁོག་ཞུགས་ཨ་ཕྱི་རྐུབ་རལ་འདིས།
    རྟག་ཏུ་གོ་བ་ལོག་སྒྲུབ་བྱེད་བཞིན་རང་མཚངས་བཏོལ།

    དེས་ན་བན་ལོག་ཅེས་པ་བཙུན་པ་དམ་ལོག་ལ།
    གོ་བ་ཤེས་པར་གྱིས་ལ་ཨོ་ཉི་བན་ལོག་ལ།
    སྨོད་དང་མི་སྨོད་ཁྱོད་རང་ཤེས་ཀྱི་རེད།
    རྐུབ་རལ་ཨ་ཕྱིས་ཨོ་ཉིའི་རྒྱུས་རབས་བཤད་པ་ན།
    ཨོ་ཉིས་དེ་མ་ཐག་ཏུ་ཁྱོད་ཀྱི་རྫུན་ཕུང་གཏོར།

  141. བདེ་བ་ནས། says:
    2013-01-31 at 11:54 am

    སྡོམ་དམ་ཤོར་ནས་སྡོམ་ལྡན་གྲལ་ནས་ལྷང་གིས་བུད་པ་མི་ཚོར་བར།།
    བར་མ་དོ་རུ་གོ་གནས་ཤོར་བའི་སྙིང་ནད་སྙིང་ལ་རབ་བཟུང་ཞིང་།།
    ཞིང་མཆོག་དགེ་འདུན་བླ་སྤྲུལ་ཚོགས་ལ་བརྙས་སྨོད་ཚིག་གི་ཕྲེང་གོག་བགྲང་།།
    བགྲང་བྱ་དུ་མའི་དུས་ཚོད་རིན་བྲལ་དགའ་མའི་རུམ་ལ་ཉལ་ནས་འདས།།

    འདས་པའི་བྱ་ངན་ཧ་ལའི་དུག་གིས་ཐར་སྲོག་བཅད་པ་དེར་བསམ་ན།།
    ན་ཟུག་ལྕི་མོ་སྙིང་ལ་ལྷུང་ཡོང་སྤྲུལ་རྫུན་ཨོ་རྒྱན་མུན་ནག་ཁྱོད།།
    ཁྱོད་འདྲས་མི་ལ་ཆོག་ཤེས་བསླབ་པ་དུས་ཀྱི་མཐའ་ལ་ཐུག་མིན་ནམ།།
    ནམ་ཞིག་འགྱོད་པའི་རྒྱ་མཚོ་འཁྱིལ་ཡོང་སྡོམ་ཤོར་བདུད་ཀྱི་ཕོ་ཉ་བ།།

    བ་ཕྱུག་ཞིག་གི་རིན་ཐང་མེད་ཀྱང་ད་དུང་ང་རྒྱལ་མགོ་བོ་མཐོ།།
    མཐོ་པོའི་གསེར་ཁྲི་ཐོབ་ཐང་མེད་ཀྱང་ད་དུང་གཞན་ལ་སྙིང་ནད་རྩོད།།
    རྩོད་པ་དུག་གི་མཚོན་རྩེ་རྣོན་པོ་ནང་གི་བླ་སྤྲུལ་ཚོགས་ལ་གཏད།།
    གཏད་མེད་ཁྱོད་ཀྱི་བྱེད་སྟངས་བསམ་ན་རྒྱལ་འགོང་སྙིང་ལ་ཞུགས་པར་སྙམ།།

  142. ཨོ་རྒྱན་ཉི་མ། says:
    2013-01-31 at 12:16 pm

    ཧ་ཧ་དགྱེས་པའི་གད་མོ་ཤོར་བས་ཕུང་གསུམ་ལུས་ནས་ཕྱི་ས་ཤོར།།
    ཧེ་ཧེ་དགའ་བའི་གད་མོ་ཤོར་བས་ཕུང་གསུམ་ངག་གི་སྨྲ་བ་འགག།
    ཧི་ཧི་ཁྲེལ་བའི་གད་མོ་ཤོར་བས་ཕུང་གསུམ་ཡིད་ཀྱི་དྲན་ཤེས་ལྐུགས།།
    ཧུ་ཧུ་ཁྲོ་བའི་གད་མོ་ཤོར་བས་ཕུང་གསུམ་བསྟན་བཤིགས་སྲོག་རྩ་བཅད།།

  143. བན་དེ་བ། says:
    2013-01-31 at 12:23 pm

    ཤ་ཚ་ཨོ་ཉི་འདི་ཡིས་འབྲི་ག་འདྲ་བྱས་ཡང་རྣ་བར་མི་སྙན་པ་རྐྱང་སྒྲོགས་པ་ད་གང་བྱེད།
    ཨོ་ཉི་ལགས་ད་སྔར་གྱི་བསམ་ཚུལ་དེ་ཚོར་འགྱུར་བ་བཏང་ན་མ་རེད་པས།

  144. བན་དེ་བ། says:
    2013-01-31 at 12:26 pm

    ཨོ་ཉི་འདི་ཡི་ཁྱིམ་ཚང་སྤྱིར་སྟངས་ཡག་པོ་ཅིག་རེད་ཟེར་ན་བྲག་གྲྭ་བ་ཞིག་ནས་གོ་བྱུང། འོན་ཀྱང་ཁྱོད་ལ་ཆགས་སྡང་རྨོང་གསུམ་གྱུ་གཏམ་ཁོ་ན་ལས་བཤད་རྒྱུ་མེད་པ་འདི་གང་འདྲ་བྱས་ཏེ་བྱུང་བ་ཡིན་ནམ

  145. ཨོ་རྒྱན་ཉི་མ། says:
    2013-01-31 at 12:47 pm

    ཁྱིམ་ཚང་ཡ་རབས་མི་བུའི་གྲལ་དུ།།
    མ་རབས་མི་གླུད་སྐྱེས་པ་མང་།།
    ཕུང་གསུམ་བསྟན་དགྲར་དམོད་པ་བོར་འདི།།
    སྐྱེ་འགྲོ་སྤྱི་ཡི་ཆེད་དུ་བསམ།།

  146. མེ་ཏོག་དཀར་པོ། says:
    2013-01-31 at 1:06 pm

    སུས་སྤྲུལ་གང་སྤྲུལ་གང་ཤེས་ཏེ། །
    བདུད་སྤུལ་ཡིན་པ་བདེན་པ་འདྲ། །
    བསྟན་འཛིན་གཤེད་མ་ངོ་མ་རེད། །
    མི་མང་ཁུར་པོ་ངོ་མ་རེད། །

  147. མེ་ཏོག་དཀར་པོ། says:
    2013-01-31 at 1:09 pm

    རང་བདེ་གཞན་སྐྱིད་འདོད་གྱུར་ཅིང་། །
    བསྟན་པ་རིན་ཆེན་རྒྱས་འདོད་ལ། །
    ཕུང་གསུམ་རྩ་མེད་གཏོང་འདོད་ན། །
    སྤྲུལ་གོག་རིང་ལུགས་མཐར་སྤྲོད་བྱོས། །

  148. ཨོ་རྒྱན་ཉི་མ། says:
    2013-01-31 at 1:19 pm

    ཆུང་ནས་བསྟན་པའི་སྒོར་ཞུགས་ཤིང་།།
    འདི་ཕྱིའི་ལམ་སྟོན་ཆོས་ལ་བྱས།།
    མཚན་ཉིད་ཚང་བའི་བཤེས་གཉེན་བརྟེན།།
    ཕུང་གསུམ་བསྟན་དགྲར་དད་པ་མེད།།

  149. ཨོ་རྒྱན་ཉི་མ། says:
    2013-01-31 at 1:26 pm

    སྤྲུལ་སྐུའི་མིང་འདི་འདོར་བསམས་ཏེ།།
    ཁྲི་སྟན་ཆེ་མཐོ་རྒྱང་དུ་དོར།།
    རབ་བྱུང་བསྙེན་རྫོགས་སྡོམ་པ་ཕུལ།།
    གོམ་པ་ནུབ་ཀྱི་ཕྱོགས་ལ་སྤོས།།
    རྐང་ལ་དོར་མ་མགོ་བོར་སྐྲ།།
    ལུས་ལ་ཁྱིམ་གྱི་གོས་གཡོག་ཀྱང་།།
    སྔོན་ལས་ཤིག་གམ་ཕྲན་རྐྱེན་ཡིན།།
    གང་ཡིན་མ་ངེས་ལས་ཤིག་གིས།།
    སླར་ཡང་བླ་མའི་ལས་ཀྱིས་བྲེལ།།

  150. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 1:31 pm

    མཚན་ཉིད་ཚང་བའི་བཤེས་གཉེན་བརྟེན། །བརྟེན་འདི་བསྟེན་ཡིན་དགོས་སྙམ་ལགས།

  151. ཨོ་རྒྱན་ཉི་མ། says:
    2013-01-31 at 2:24 pm

    ཀར་རྡོ་ལགས། འདི་གཉིས་ལས་སྔ་མ་དེ་སྔོན་གྱི་དཔེ་རྙིང་དག་ཏུ་བྲིས་འདུག དེ་གཉིས་སོ་སོར་ཕྱེ་བ་དེ་ཕྱིས་སུ་བྱུང་ཡོད་པ་འདྲ།

  152. ཨོ་རྒྱན་ཉི་མ། says:
    2013-01-31 at 2:26 pm

    གྱང་ལ་བརྟེན་པ་དང་བླ་མར་བསྟེན། །ཞེས་སོ་སོར་ཕྱེ་ན་ཡང་མི་འགྲིགས་པ་གང་ཡོད།

  153. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-31 at 2:35 pm

    ཀ་རྡོ་ཁོ་རང་གི་མིང་དངོས་ཀརྨ་རྡོ་རྗེ་ཡིན་ན། བསྡུས་མིང་ལ་ཀར་རྡོ་བྲི་དགོས། དཔེར་ན་བཀྲ་ཤིས་ལྷུན་པོ་བསྡུས་མིང་ལ་བཀྲས་ལྷུན་དང་། ཤེས་རབ་རྒྱལ་མཚན་བསྡུས་མིང་ལ་ཤེར་རྒྱན། ཡོན་ཏན་རྒྱ་མཚོ་ལ་ཡོན་རྒྱམ་སོགས་རིག་པས་སྦྱར་དགོས།

  154. སྤོབས་པ་མཐའ་ཡས། says:
    2013-01-31 at 6:57 pm

    དགོན་པའི་ནང་ལ་ཆང་ས་རྒྱག་པ་འདི་ཡག་པོ་ཞིག་རེད། ཆང་ས་རྒྱག་པ་ནི་བཀྲ་ཤིས་པའི་བྱ་བ་ཞག་ཡིན་སྟབས་དགོན་པའི་ནང་དུ་ཆང་ས་རྒྱག་མི་རུང་བ་ཅི་ཞིག་ཡོད། ནང་པའི་ཆོས་ལུགས་འདི་མང་ཚོགས་ཁྲོད་དུ་བེད་སྤྱོད་ཡོད་པ་ཞིག་ཡོང་བ་ལ་དགོན་པའི་ནང་དུ་ཆང་ས་རྒྱག་པ་ནི་ཧ་ཅང་ཡག་པོ་ཞིག་རེད། དགོན་པའི་ནང་དུ་མི་མ་གསོད། རྒྱུ་མ་རྐུ། འདོད་ལོག་མ་སྤྱོད། མི་ཆོས་བླ་མའི་རྫུན་མ་ཤོད་སོགས་གསུངས་ན་ཡག་པོ་རེད། ཡིན་ན་ཡང་ཆང་ས་རྒྱག་མི་རུང་དོན་ག་རེ་ཡིན་ནམ།

  155. པདྨ་འཕྲིན་ལས་། says:
    2013-01-31 at 7:11 pm

    སྤོབས་པ་མཐའ་ཡས་ལགས། དགོན་པའི་ནང་དུ་ཕྲུ་གུ་སྐྱེས་ན་ཆོགས་ན་ངམ། དགོན་པའི་ནང་དུ་སྒྱོབ་རྒྱབ་ན་འགྲིག་གམ། དགོན་པའི་ནང་དུ་་་་་ད་མང་གི་ར་ད་མི་བཤད་།

  156. སྤོབས་པ་མཐའ་ཡས། says:
    2013-01-31 at 7:25 pm

    ཧོཧོོཧོཧོཧོ། པདྨ་ཕྲིན་ལས་ཀྱི་དྲི་བ་འདི་འདྲ་ཁྱད་མཚར། ངས་ཆང་ས་རྒྱག་ཆོག་མིན་བཤད་པ་ཡིན། དེ་ན་ཁྱོད་ཀྱིས་ཨ་མའི་མདུན་དུ་རྒྱོ་བརྒྱབ་ན་ཆོག་གམ། མིང་པོའི་མདུན་དུ་ཕྲུ་གུ་སྐྱེས་ན་འགྲིགས་གམ། དེ་ཚོ་ལ་བསམ་བློ་ཞིག་ཐོངས་དང་དགོན་པའི་ནང་དུ་གང་ཞིག་བྱས་ན་འགྲིགས་དང་གང་ཞག་བྱས་ན་མི་འགྲིགས་པའི་གོ་བ་རྙེད་ངེས།

  157. དྲི་མེད་ལྷག་བསམ། says:
    2013-01-31 at 8:33 pm

    འདུལ་བ་གྲྭ་ཚང་ཡིན་ན། དགོན་པའི་ནང་དུ་ཆང་ས་བརྒྱབ་ན་སྦྱོར་བ་གསལ་བའི་སྨྱན་བྱས་པའི་ལྷག་མ་འབྱུང་ཉེན་ཆེ་བ་དང་། མིན་ཀྱང་མཐུན་ཟིན་ལ་སྨྱན་བྱས་པས་སྦོམ་པོའི་ལྟུང་བ་ངེས་པར་འབྱུང་་དང་། དགེ་འདུན་གྱིས་ཁྱིམ་པའི་རྟེན་ལ་ཡི་རང་བ་བྱས་པ་ལྟུང་བའི་རྒྱུ་ཆགས་སེམས་འཕེལ་བའི་དངོས་རྒྱུར་འགྱུར་བ་དང་། ཚོགས་པར་ཞུགས་ཚད་ཀྱི་རབ་བྱུང་ལ་ཉེས་བྱས་འབྱུང་བས་བསྟན་པའི་མིག་ལྟོས་ལའང་གནོད་པས་མི་རུང་སྙམ། རབ་བྱུང་ཡིན་ཕྱིན། ཇོ་བོ་རྗེའི་གསུང་ལ་ལྟར། ཆང་སྤང་པར་མ་ཟད་ཆང་གི་རྫ་མ་ཡང་སྤྱོད་པར་མི་བྱ་བ་དང་། སྨྱན་བྱ་བ་བ་སྤང་བར་མ་ཟད་གཉེན་སྟོན་དུའང་ཞུགས་པར་མི་བྱ་བ། བཀའ་གདམས་པའི་རྣམ་ཐར་གཙང་མ་འཛིན་པའི་་རི་བོ་དགེ་ལྡན་པའི་་འདུལ་འཛིན་རྣམས་ཀྱི་བཞེད་པའོ། ། སྔགས་པའི་སྡེ་ཡིན་ན། སྔགས་ནས་རིག་མ་གཏད་པའི་རིམ་པ་དང་། གཡང་གཏད་ཀྱི་ཆོ་ག་ན་བྱུང་བས་ན་མི་རུང་བ་ཡང་མེད་སྙམ།

  158. སྤོབས་པ་མཐའ་ཡས། says:
    2013-01-31 at 9:03 pm

    འདུལ་བའི་ནང་གི་སྨྱན་བྱེད་པ་ཞེས་པ་དེ་ནི་ཕོ་མོ་གཉིས་དགའ་རོགས་དང་བཟའ་ཚང་བཟོ་ཆེད་ངོ་སྤྲོད་ཐོ་གཏུག་པ་ལ་ཟེར་བ་ལས་ཆང་སའི་བྱེད་སྒོ་ཙམ་ལ་གོ་བ་ཞིག་མིན། དགེ་འདུན་པའི་མཇེ་ལངས་ཡོང་ཟེར་ནས་སྐྲག་པ་དེ་ལ་དོན་ཡང་མི་བདེན་དེ་སྤྱིར་ཆང་སའི་བྱེད་སྒོ་སྤྱི་དང་ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་ཆང་སའི་བྱེད་སྒོ་ལ་གྱོན་ཆས་ཐུང་ངུ་དང་སྲབ་མོ་གྱོན་པ་སོགས་ཆགས་པ་འཕེལ་བའི་རྣམ་འགྱུར་སྟོན་སྲོལ་མེད། དེ་ག་ཙམ་དུ་སྐྱེས་པ་བུད་མེད་གཉིས་མཉམ་དུ་བསྡད་ཡོད་པ་མཐོང་བ་ཙམ་གྱིས་མཇེ་ལངས་ནས་འདུག་མི་ཐུབ་མཁན་ཞིག་ཡིན་ཕྱིན་དགོན་པའི་ནང་དུ་ཆང་ས་ལ་བལྟས་རུང་མ་བལྟས་རུང་གྲྭ་མགོ་ཐོན་དཀའ་རྒྱུ་རེད་བསམ། དེའི་ཕྱིར་ན་དགོན་པའི་ནང་དུ་ཆང་ས་བརྒྱབ་ན་ལེགས་པར་མཐོང་།

  159. མེ་ཏོག་དཀར་པོ། says:
    2013-01-31 at 9:09 pm

    སྨྱན་གྱི་ལྷག་མ་ནི། བསྙེན་རྫོགས་པ་ཞིག་གིས་ཕོ་མོ་གཉིས་ངོ་སྤྲོད་ནས་ནམ་ཞིག་ན་དེ་གཉིས་ཕན་ཚུན་འཁྲིག་ཆོས་ལ་ཞུགས་པ་ན་དགེ་སློང་དེ་ལ་ལྷག་མ་འབྱུང་ངོ་།། ངོ་སྤྲོད་པ་ཙམ་གྱིས་ནི་མ་ཡིན་ནོ།།

  160. བན་དེ་བ། says:
    2013-01-31 at 9:39 pm

    དགོན་གྱི་ནང་དུ་ཆང་ས་རྒྱབ་པ་ནི་བླང་དོར་གྱི་གནད་མ་ཤེས་པའི་སྐྱོན་ཁོ་ནར་ཟད་དོ། ནང་ཆོས་དམངས་སྤྱོད་ལ་ཁ་གཡར་ནས་ཅི་བྱུང་བྱེད་པ་ནི་ངོ་མ། འདུལ་བའི་དཔེ་ནས་གསུངས་པ་ལྟར། འདུལ་བ་ཡུལ་ལུགས་དང་བསྟུན་་་ཞེས་པར། ཁ་གཡར་ནས་སངས་རྒྱས་ཀྱི་བསྟན་པ་བཤིག་པར་མི་བྱ་བའོ། ཞེས་བཤད་པའི་ལུང་བསྟན་དེ་ལ་ཡིན་ས་རེད། དགོན་པའི་ནང་དུ་ཆང་ས་རྒྱབ་ཆོག་ན་རྒྱོ་རྒྱབ་མི་ཆོག་པའི་རྒྱུ་མཚན་ཡོད་དམ། ཆང་ས་རྒྱབ་པ་ནི་འཁོར་བ་སྡུག་བསྔལ་གྱི་གཞི་མ་འདིང་བ་ཡིན་པས་དེ་ལྟར་ན་དགོན་པ་གཙུག་ལག་ཁང་ནི་འཁོར་བའི་གཞི་འདིང་སར་གྱུར་ན་ངོ་མ་ད་ནང་ཆོས་ཟེར་བ་དེ་ཡི་ཚད་གང་འདྲ་ཞིག་ལ་སླེབས་འདུག་གམ།

  161. བདེ་བ་ནས། says:
    2013-01-31 at 10:49 pm

    སྡོམ་པའི་ཕ་བབ་བདུད་ལ་བྱིན་ནས་སྡོམ་ལྡན་བཙུན་པར་ཁ་ཏ་བྱེད།།
    གཙུག་ལག་ཁང་དུ་ཆང་ས་རྒྱབ་ནས་གཙུག་རྒྱན་མཁན་པོར་བརྙས་དམོད་བཏང་།།
    སྐྱེ་སྤྲུལ་ཞིག་གི་མིང་སྐམ་འཁྱེར་ནས་སྐྱེས་དམན་ཕྲུ་གུའི་སྡུག་ཁ་གསོ།།
    བསྟན་པའི་སྙིང་པོ་རྩེ་ནས་བཤིག་ཅིང་བསྟན་ལ་ལྷག་བསམ་ཡོད་མདོག་མདོག །

    ཆོས་རྗེ་འཇིག་ཕུན་ཞབས་ནས་འཐེན་སོང་ཆོས་གོས་བོར་བའི་དམ་ཉམ་འདིས།།
    གྲུབ་དབང་པད་ནོར་ཆུ་ལ་གཡུག་སོང་གྲུབ་འབྲས་མེད་པའི་གྲྭ་ལོག་འདིས།།
    ཡང་སྲིད་གོང་མའི་མཚན་སྙ་རྫད་སོང་ཡང་སྤྲུལ་རྫུན་མའི་རང་གཟུགས་འདིས།།
    ཤི་བོའི་བསྔོ་རྟེན་ཆུད་ཟོས་བཏང་སོང་ཤི་རྒྱུ་མེད་པའི་ཕུང་གསུམ་པ།།

    སྔ་འགྱུར་ཚང་ལ་ནང་དཀྲུག་མ་བྱེད་སྔ་ཙམ་ཚིག་གི་གོ་བརྡ་ཡིན།།
    ཡང་སྤྲུལ་རྣམ་གཉིས་མཚན་དམོད་མ་བྱེད་ཡང་ནས་བསྐྱར་དུ་གསལ་གདབས་ཡིན།།
    གོ་ས་ཤོར་བའི་སྙིང་ནད་མ་རྩོད་གོ་ཐོབ་རང་གིས་བརླག་པར་སོམས།།
    བསྟན་ལ་ཁ་གཡར་དཀོར་ནག་བསྡུ་བ་བསྟན་བཤིག་ཡིན་པ་ཤེས་པར་གྱིས།།

  162. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 11:24 pm

    ་་་་ དེའི་ཕྱིར་ན་དགོན་པའི་ནང་དུ་ཆང་ས་བརྒྱབ་ན་ལེགས་པར་མཐོང་། ་་་ཟེར།

  163. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 11:29 pm

    ༡༥༣༽ ནུབ་ཕྱོགས་གངས་ཕྲུག་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ གི་ཆུ་ཚོད་ ༡༤ སྐར་མ་ ༣༥
    ཀ་རྡོ་ཁོ་རང་གི་མིང་དངོས་ཀརྨ་རྡོ་རྗེ་ཡིན་ན། བསྡུས་མིང་ལ་ཀར་རྡོ་བྲི་དགོས། དཔེར་ན་བཀྲ་ཤིས་ལྷུན་པོ་བསྡུས་མིང་ལ་བཀྲས་ལྷུན་དང་། ཤེས་རབ་རྒྱལ་མཚན་བསྡུས་མིང་ལ་ཤེར་རྒྱན། ཡོན་ཏན་རྒྱ་མཚོ་ལ་ཡོན་རྒྱམ་སོགས་རིག་པས་སྦྱར་དགོས།
    ཞེས་པའི་ལན་དུ།
    ངའི་མིང་འདི་ཀར་མ་རྡོ་རྗེ་ལྟ་བུའི་བོད་སྐད་གཙང་མ་ཅིག་མིན་པར། ཀརྨ་ལ་ཀར་མ་ཞེ་བྲིས་ན་ཅུང་ནོར་བ་ལྟར། ལས་སམ་འཕྲིན་ལས་ཀྱི་དོན། རྒྱ་གར་སྐད་དུ་ཀརྨ་ཡིན་ཙང་། ཀརྡོ་ཞེས་བྲིས་པ་ཡིན་ལགས།

  164. དྲི་མེད་ལྷག་བསམ། says:
    2013-02-01 at 1:01 am

    སྤོབས་མཐའ་དང་མེ་དཀར་གཉིས་ཀྱིས་དགོངས་པ་འགྲེལ་ཕྱོགས་ལ་དཔྱད་པ་ཞུགས་དགོས།   ༡ལུང་རྣམ་འབྱེད་ལས། ཆུང་མ་ཡིན་པར་བསྒྲགས་པའི་འདུམ་བྱེད་ཅིང་མཐུན་པར་འགྱུར་ན་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་ཆང་སའི་མཛད་སྒོའི་སྐབས་ཆུང་མ་ཡིན་པར་བསྒྲགས་པ་ཙམ་མ་ཡིན་པར། དེ་གཉིས་ལ་རྗེས་སུ་ཡི་རང་གི་ཁ་དར་འཐེན་ཞིང་མཐུན་པོ་ཡོང་བར་བསླབ་བྱ་ཡང་གནང་གི་ཡོད་པ་མངོན་གསལ་ལོ། ། དེ་ཡང་རང་ཉིད་ཀྱིས་དངོས་སུ་མཐུན་སྦྱོར་མི་དགོས་ཏེ། མེ་ཏོག་ཕྲེང་བརྒྱུད་ལས། རང་ངམ་གཞན་བྱེད་འཇུག་ཀྱང་རུང་། །བུད་མེད་སྐྱེས་པར་འཕྲད་ན་ནི། །དགེ་འདུན་ལྷག་མའི་རལ་གྲི་ཡིས། །རང་གི་མགོ་བོ་གཅོད་པ་ཡིན། །ཞེས་གསུངས་པ་དང་། །མཚོ་འགྲེལ་ལས། དགེ་སློང་གིས་མ་བརྗོད་ཀྱང་། ཕ་རོལ་པོས་གཞན་དེ་ལས་ཐོས་ཏེ་དོན་གོ་ན་དེས་ཀྱང་འགྲུབ། ཅེས་སོ། །༢ངོ་སྤྲོད་བྱས་ཏེ་འཁྲིག་ཆོས་ལ་ཞུགས་པས་སྨྱན་བྱས་པའི་དངོས་གཞི་རྫོགས་པའང་མིན་ཏེ།  ལུང་རྣམ་འབྱེད་ལས།  ཁྱིམ་ཐབས་དམ་པ་གསུམ་གང་རུང་ལ། རྡེའི་གཏོར་བ་དང་། ཆོ་ག་བཏང་བ་ཡངམཚན་གཞིར་བཟུང་ནས་གསུངས་ཡོད། ཆོ་ག་བཏང་བའི་དཔེར། བྲམ་ཟེའི་རིལ་བ་སྤྱི་བླུགས་ཀྱི་ཆུ་གཏོར་ཞིང་དམ་ཚིག་འཁྱོར་ཆུ་སྦྱིན་པ་སོགས་རང་རེའི་་བག་མའི་སྣ་ཞོ་དང། སྣ་ཁྲུས། གཡང་གཏད་ཀྱི་ཆོ་ག་དང་འདྲ་བ་ཡིན།  ཆགས་སེམས་བསྐྱེད་པ། སྦྱོར་བ་རྩོམ་པ། ཡན་ལག་རྫོགས་པ་སོགས་ཀྱི་ཁྱད་པར་དག་། ཆུང་མའང་དྲུག་གམ་བདུན་གྱི་དབྱེ་བ་ཡོད་པ་དང་། དེ་བཞིན་སྨྱན་གྱི་ལྷུང་བ། སྤོམ་པོ། ལྷག་མ་རྣམས་ལ་ཡངཞིབ་ཆ་དགོས་པ་བདེན་པ་རེད། དགེ་འདུན་བག་སྟོན་ལ་ཁ་གཡར་ནས་འབོད་པའང་། འདུལ་ཊཱིཀ་རིན་ཕྲེང་ལས། ཆོས་ཀྱི་ཕུངཔོ་དགེ་འདུན་ལ་ཆོས་སྟོན་འདྲེན་ན་འབོད་དོ་ཞེས་བསོད་ནམས་ཀྱི་རྒྱུ་མཚན་སྔོན་དུ་བཏང་ནས་བོད་ནས་འཕྲད་ན་སྤོམ་པོའོ། །ཞེས་གསུང་པ་སོགས་ཞིབ་ཆ་བྱས་ན་རབ་བྱུང་གི་གནས་གཞི་་ཀུན་དགའ་ར་་འམ་གཙུག་ལག་ཁང་དུ་གཉེན་སྟོན་བྱ་བ་ཤིན་ཏུ་རུང་བ་མ་མིན་ནོ། །འོན་ཀྱང་དྲ་ལམ་ནས་འདུལ་བའི་ཞིབ་ཆ་བཤད་མི་བདེ་བས་དེ་ཙམ་ལགས། །

  165. ཨོ་རྒྱན་ཉི་མ། says:
    2013-02-01 at 1:38 am

    བློ་ཁོག་ཡོད་ན་མིང་རྫུན་དོར་ལ་གདོང་ཐུག་སྐད་བཤད་དུ་ཤོག།
    བློ་གྲོས་ལྡན་ན་མ་ཉེས་ཁ་ཡོག་སྐྱོན་མེད་རིགས་པའི་ལམ་ནས་སྒྲུབ།།
    བློ་ལ་ཕུང་གསུམ་སྙིང་ལྟར་གཅེས་ན་སྔ་འགྱུར་བསྟན་དགྲ་དངོས་ཡིན་ནོ།།
    བློ་གྲོས་ངན་པ་ཁྱེད་ཅག་ཆེད་དུ་རིན་བྲལ་བསྟན་ལ་གནོད་མ་བྱེད།།

  166. ཨོ་རྒྱན་ཉི་མ། says:
    2013-02-01 at 1:46 am

    སྔ་འགྱུར་བསྟན་པ་ང་ཡི་སྙིང་ཡིན་དྲི་མེད་སྔོན་བཞིན་གནས་ན་བསམ།།
    སྔ་འགྱུར་བསྟན་པ་ཁོ་བོའི་སྲོག་ཡིན་འཁོར་བའི་མཐར་ཡང་འཇིག་མ་འགྱུར།།
    སྔ་འགྱུར་བསྟན་ལ་གནོད་པའི་གང་ཟག་མཐོ་དམན་ཕྱི་ནང་གང་ཡོད་ཀྱང་།།
    སྔ་འགྱུར་བསྟན་པའི་དགྲ་བོ་ཡིན་ངེས་ཕུང་གསུམ་གསོ་ཕྲུག་ཁྱེད་ཅག་ཉོན།།

  167. མེ་ཏོག་དཀར་པོ says:
    2013-02-01 at 1:53 am

    ཁ་ལྕེ་སྟོང་དུ་སྤྲུལ་དུ་བྱས་ནས། །
    བསྟན་པར་ལྷག་བསམ་ཡོད་སྨྲས་ཀྱང་། །
    བྱ་བྱེད་བྱས་པ་ལ་དཔག་ན། །
    མེ་ཏོག་ང་ནི་ཡིད་མི་ཆེས། །

  168. ཨོ་རྒྱན་ཉི་མ། says:
    2013-02-01 at 1:59 am

    དགོན་པ་ཡིན་ན་རབ་བྱུང་གི་གནས་གཞི་ཡིན་པས་མ་ངེས་ལ། བག་སྟོན་དུ་ཞུགས་པ་ཙམ་གྱིས་ཕོ་ཚན་ཚུན་སྨྱན་བྱས་པའི་ལྷག་མའི་ལྟུང་བ་དངོས་གཞི་བསྐྱེད་པའི་རྒྱུ་མཚན་བཤད་དུ་མེད་པའི་ཕྱིར་རོ།།

  169. ཨོ་རྒྱན་ཉི་མ། says:
    2013-02-01 at 2:03 am

    མེ་ཏོག་ཁྱེད་ནི་ཕུང་གསུམ་ཕོ་ཉ་ཞིག།
    མེ་ཏོག་ཁྱེད་ནི་བསྟན་དགྲའི་རྗེས་འཇུག་ཅིག།
    མེ་ཏོག་ཁྱེད་ནི་ཕུང་འདྲེའི་རྒྱབ་བསྐྱོར་ཞིག།
    མེ་ཏོག་ཁྱེད་ནི་ཕུང་གསུམ་ངོ་མ་ཞིག། ཧཧཧ

  170. མེ་ཏོག་དཀར་པོ says:
    2013-02-01 at 2:08 am

    ཨོ་ཉི་ཁྱོད་ནི་རང་ཚུགས་ཤོར་མཁན་ཞིག །
    ཨོ་ཉི་ཁྱོད་ནི་གཞན་སེམས་དཀྲུག་མཁན་ཞིག །
    ཨོ་ཉི་ཁྱོད་ནི་བསྟན་དགྲ་ངོ་མ་ཞིག །
    ཨོ་ཉི་ཁྱོད་ནི་བདུད་སྤྲུལ་དངས་མ་ཞིག །
    ཧི་ཧི་ཧི

  171. མེ་ཏོག་དཀར་པོ says:
    2013-02-01 at 2:10 am

    ཁྱེད་ལ་ཞུ་རྒྱུར། ཁྱེད་སུ་ཡིན་མི་ཤེས་ལ་སྒེར་འཁོན་གང་ཡང་མེད་པ་ཤེས་མཛོད།

  172. ཀརྡོ་གཉེར་ཕྱག་པ་ says:
    2013-02-01 at 2:14 am

    ལོ་མང་པོའི་སྔོན་ལ་ང་ལ་ཁ་པར་ཐོག་ལ་ངས་ངོ་ཤེས་དང་མི་ཤེས་ཀྱང་ཧ་གོ་མ་བྱུང་བ་ཅིག ཕྱི་རྒྱལ་ཕོ་གསར་མོ་གསར་གཉིས་ཀྱི་ནང་ནས་བུ་དེས་ང་ལ་ང་གཉིས་ནང་པ་ཡིན་པས་གཉེན་སྒྲིགས་རོགས་གནོངས་དང་། ཟེར་བ་ལ་ངས་འདི་བྱེད་ཐུབ་པ་མི་འདུག་འོནད་ཀྱང་གཉེན་སྟོན་ཚར་ནས་ངའི་སར་འོངས་ན་ཁ་བཏགས་དང་སྨོན་ལམ་གདོན་ནོ། ཞེས་བརྗོད་པ་ཙམ་གྱིས་རྗེས་སུ་ཁ་པར་བཏང་མ་བྱུང་བ་དེས་ངའི་ཉེ་བསག་ལས་ཐར་ཙམ་བྱུང་ངོ་། །

  173. ཨོ་རྒྱན་ཉི་མ། says:
    2013-02-01 at 2:18 am

    དྲ་གྲོགས་མེ་དཀར་མ་ཡེངས་ཚུར་ལ་གསོན།།
    དམ་ཉམ་བདུད་དང་གཤེད་མ་བསྟན་དགྲ་དག།
    རྣ་བའི་བུ་གར་ཐོས་པ་ཉུང་ཉུང་མིན།།
    དེ་ཕྱིར་ཚིག་ངན་སྣ་ཚོགས་གང་ཐོས་ཀྱང་།།
    ཁྱེད་ཉིད་ཕྱི་ནང་བར་གསུམ་སུ་ཡིན་ཡང།།
    གསུང་ལ་ཁྲོ་མི་འགྱུར་བ་ང་ཡི་གཤིས།།

  174. མེ་ཏོག་དཀར་པོ says:
    2013-02-01 at 2:22 am

    འོ་ལེགས་སོ་ཞུ།།

  175. སྤོབས་པ་མཐའ་ཡས། says:
    2013-02-01 at 2:40 am

    ངས་ངོ་མ་ཨུ་ཚུགས་བྱེད་ཀྱིན་མེད། དྲི་མེད་ལགས་ཀྱིས་འདུལ་བའི་ལུང་མང་པོ་ཞིག་དྲངས་འདུག་མོད་དེ་དག་ཐམས་ཅད་ང་ཚོའི་སྲོལ་རྒྱུན་བག་སྟོན་གྱི་སྟེང་ལ་འབབ་གི་མི་འདུག ང་ལ་འདུལ་བའི་ཡིག་ཆ་འདྲ་བོ་གང་ཡང་མེད་མོད་ངས་དྲན་པ་ཞིག་ལ་སྨྱན་བྱེད་པ་ལ་རིགས་གསུམ་ཡིན་ནམ་ཞིག་ཡོད་དྲན། གཅིག་ནི་ཕོ་མོ་བར་ལ་ངོ་སྤྲོད་ཐོ་གཏུག་ཏེ་ཆགས་འབྲེལ་བྱུང་བ་དང་། རིགས་གཅིག་ནི་སྐྱེས་པས་བུད་མེད་ལ་ཆང་ས་བརྒྱབ་ཟིན་པ་ཞིག་ཁ་གཏོར་བ། གཅིག་ནི་བཟའ་འཐོར་དུ་སོང་ཟིན་པ་གཉིས་ཚུར་འདུམས་པར་བྱས་པ་ཞིག་ཡིན་དྲན། ང་ཚོའི་སྲོལ་རྒྱུན་ཆང་ས་ནི་དེ་གང་གི་ནང་དུ་འདུས་གི་མི་འདུག མདོར་ན་བཟའ་ཚང་བར་ལ་གྱི་འབྲེལ་བ་ལ་ཐེ་གཏོགས་བྱེད་མི་རུང་བ་རེད། དགེ་སློང་ཡིན་ཕྱིན་ཆང་སའི་མཛད་སྒོར་ཞུགས་ན་ཉེས་པ་གང་ཡང་མེད་མོད་dating service businessལྟ་བུའི་ཚོང་ལས་འདྲ་གཉེར་ན་ཏན་ཏན་ལྷག་མ་འབྱུང་གི་རེད།

  176. དྲི་མེད་ལྷག་བསམ། says:
    2013-02-01 at 4:32 am

    བཅོས། ༢སྨྱན་བྱས་པའི་དངོས་གཞི་རྫོགས་པ་ལ་ངོ་སྤྲོད་བྱས་ཏེ་འཁྲིག་ཆོས་ལ་ཞུགས་པ་(ཁོ་ན་ཡང་ཡིན་མི་དགོས)་ཏེ།  ཞེས་བཅོས། འདུལ་བ་ལ་ཆེར་བལྟ་མ་མྱོང་སྟེ། ཤེར་ཕྱིན་སོགས་དང་བསྡུར་ན་གོ་སླ་བ། འཛིན་བདེ་བ། སྒྲུང་གཏམ་དང་བཅའ་ཁྲིམས་ཀྱི་རང་བཞིན་ཅན་ཡིན་པས་མིའི་བསམ་བློ་དང་སྤྱོད་པ་ཤ་སྟག་ཡིན་པས་དེ་ཙམ་དཀའ་བ་མ་ལགས། །འགལ་ཡོད་མེད་ཐག་གཅོད་སླ། སྐབས་འདིར། སྤོབས་མཐའ་དང་མེ་ཏོག་དཀར་པོ་གཉིས་ལ་རྩེད་མོ་ཞིག་ཞུས་པ་ཡིན། ལུང་ཐམས་ཅད་འདོད་ཕྱོགས་བསྒྲིགས་པ་ཙམ་ཡིན། འགྲེལ་བཤད་གཞན་ཡང་ཡོད་པ་ཤིན་ཏུ་མད། གཉེན་སྟོན་དང་། གཉེན་སྟོན་གྱི་དབུ་འཛིན། འདུལ་བ་འཛིན་པའི་ལྷ་ཁང་དུ་གཉེན་སྟོན་རུང་མིན་སོགས་ཕྲན་ལྟ་བུའི་འཁོས་ཆུང་ཚོར་དོ་གལ་དེ་ཙམ་མི་ཆེ། བསམ་འཆར་ཞིག་བཏོན་ཀྱང་གཞུང་སྒེར་སུས་ཀྱང་རྣ་ལམ་དུ་འགྲོ་དཀའ། དེ་བས་བག་ཡངས་ལྷོད་པོར་བཞུགས་ན་ལུས་སེམས་བདེ།

  177. སྤོབས་པ་མཐའ་ཡས། says:
    2013-02-01 at 4:53 am

    འདི་མང་པོ་ཞིག་གིས་དགོན་པའི་ནང་ལ་ཆང་ས་བརྒྱབ་པ་རེད་ཟེར་ནས་མི་བསད་རྟ་བགྱེལ་ལས་ཀྱང་ཉེས་པ་ཆེ་མདོག་ཅིག་ལ་བརྩིས་ནས་ཅིག་བཤད་གི་འདུག དགོན་པའི་ནང་དུ་མི་བསད་པ་བྱུང་ན་དེ་ཙམ་གླེང་གི་མི་འདུག རྐུ་བྱེད་མཁན་བྱུང་ན་འཇམ་ཅག་ཅག་ལ་འཇོག བཙུན་ཆུང་གཡེམ་པ་སོགས་བྱུང་ན་ཡང་འཇམ་ཅག་གེར་འདུག དགེ་བསྐོས་དང་བླ་མ་སོགས་ཀྱི་གྲྭ་བ་ལ་རྡུང་བརྡེགས་བྱས་ན་ཡང་ཡིན་ཤག་ཤག་བྱེད། ད་ཆང་ས་བརྒྱབ་ན་དེ་རྩ་བ་བཞི་དང་འགལ་བ་སོགས་གང་ཡང་མིན་པས་དེ་ཙམ་ཉེས་པ་ཨེ་ཡོད་བསམ།

  178. གནམ says:
    2013-02-01 at 5:38 am

    དབེན་པའི་གནས་ཟིག་ན། དབེན་པའི་དགོན་ཞིག་ན།
    ཟིང་ཟིང་གི་གཉེན་སྟོན། སྐྱ་བོ་རིགས་ཀྱིས་ཆང་ས་རྒྱག་ས་ཞིག་ལ་ཆགས་སོང་ན། ཆང་ས་རྒྱག་ནི་མང་སོང་ནས། དགེ་བོ་དང་དགེ་མ་ཚོས་ཅིག་དཀའ་རྒྱུ་རེད་ཡ། དེ་ན། ཆང་ས་དགོན་པ་ཞིག་རྒྱག་ཐུབ་ན་ཚོང་ཆེན་པ་ཞིག་གི་མི་ཆགས་པའི་ངེས་བ་མི་འདུག་པས། གསར་རུ་ཆ་བོ། ཅིག་བལ་ན་ཤི་རེ་བྱོས་རེད། ཚོང་ཞིག་ཡོད་ས་རེད།

  179. གནམ says:
    2013-02-01 at 5:40 am

    ཆང་ས་རྒྱག་ནི་མང་སོང་བས། གོང་གི་ནས་དེ་བས་ལ་བཅོས་བར་མཛོད།

  180. མེ་ཏོག་དཀར་པོ says:
    2013-02-01 at 6:09 am

    གནམ་ཁྱོད་ངའི་སར་བོད་སྐད་སྦྱོང་དུ་ཤོག

  181. ཨོ་རྒྱན་ཉི་མ། says:
    2013-02-01 at 6:37 am

    བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བརྒྱ་ཕྲག་མ་ལང་འབྲི་ངེས་ཡིན།

  182. ཨོ་རྒྱན་ཉི་མ། says:
    2013-02-01 at 6:38 am

    བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བརྒྱ་ཕྲག་མ་ལངས་པར་འབྲི་ངེས་ཡིན། དེ་ཕྱིར་ཁྱེད་ཅག་གིས་བརྗོད་བྱ་མཐུན་པའི་དགག་བཞག་གནང་རོགས།

  183. མེ་ཏོག་དཀར་པོ says:
    2013-02-01 at 7:11 am

    ཁྱོད་ཀྱི་བརྗོད་བྱ ལ་ལྟ་གི་མིན། གཙོ་བོ་ཁྱོད་ཀྱི་རྩོམའོག་ཏུ་སྤྲུལ་རྒོལ་གྱི་རིགས་ལམ་བསྟར་གི་ཡིན།

  184. ཨོ་རྒྱན་ཉི་མ། says:
    2013-02-01 at 7:33 am

    སྤྲུལ་སྐུ་ཡོད་ཚད་ལ་བརྒོལ་བ་ནི་མོའུའི་རྗེ་འབྲང་ཁོ་ནའོ།།

  185. གནམ says:
    2013-02-01 at 7:33 am

    མེ་དཀར་ལོ་ལོ། ངའི་སྐེ། ཁྱོད་ཆོས་དཔོན་ཡ་མེད་ཟིག་ཡིན་ན་ཐང་རེད། ཁྱོས་མྱི་སྐད་གཙང་མ་ཟིག་བཤད་འབྲི་བྱེད་མི་ཐུབ་ནོ། ཁྱེད་དགས་ཤེས་ནི་བྱོས། ང་མྱི་སྐྱ་ཟིག་ལ་ཆོས་དད་ཙམ་ལས། ཆོས་ཚིག་དེ་ཚོ་ཤེས་དགོས་དོན་ཟིག་མེད་ཀི། རྗེས་མ་ཟིག་ལ་ང་ཆོས་འཇིག་རྟེན་གཉིས་ཀ་མི་ཐུབ་ནིའི་བན་ལོག་འདྲ་ཟིག་གིས་བཏང་བཞག་ན། ཁྱོད་ལ་དགོས་བ་ཆི་ཟིག་ཡོད་ཀི། ཁྱེད་དགས་ཆོས་སྦྱོང་ངལ་ཤི་རེ་བྱོས། དྲ་ལམ་མྱུག་ནས་ཆོས་ལམ་ཤོར་རེད། གཟབ་གཟབ་བྱོས། བགེགས་བར་ཆད་གང་ཡོད་མི་ཤེས། ཤི་དུས་ཐུགས་དམ་ལ་བཞུགས་མ་ཐུབ་ན་ཡང་། འཆི་ཁར་ཆགས་སྨྱོན་ལ་མ་སོང་ནི་ཟིག་བྱོས། ཨ་ཁུ་ལོ་ལོ། དགའ་ལྡན་པོ། ངས་ཁྱོད་ལ་ཞོ་ཟིག་བྱས་ནི། ང་འགྲིག་ཐག་ཆོད་ཡོད། སེམས་བདེ་མོ་ཡོས།

  186. མེ་ཏོག་དཀར་པོ says:
    2013-02-01 at 8:38 am

    གནམ་འདིས་འབྲུག་པའི་སྐད་འདྲ་པོ་ཁྱད་མཚར་ཞིག་ཤོད་གིན་འདུག་ག སྙིང་རྗེ་ངོ་མ་བོད་སྐད་སྦྱང་བཞིན་པའི་སྐབས་ཡིན་པ་འདྲ། སེམས་ཤུགས་མ་ཆགས། འདི་བྲིས་གིན་བྱོས་དང་ཤེས་འགྲོ་གི་རེད་ལོ།

  187. མེ་ཏོག་དཀར་པོ says:
    2013-02-01 at 8:40 am

    མོའི་རྗེས་འབྲང་ཡིན་མིན་མི་ཤེས་ཏེ། བོད་མི་རིགས་ཀྱི་གཉའ་ནས་མནོན་མཁན་སྤྲུལ་གོག་ལ་དབུགས་མ་ཆད་པར་རྒོལ་ན་འདོད།

  188. གནམ says:
    2013-02-01 at 9:01 am

    མེ་དཀར་རྗེ།
    ང་བོད་སྐད་སྦྱང་བཞིན་པའི་སྐབས་མིན། སྦྱང་ཚར་བའི་སྐབས་ཡིན། ག་རེ་འབྲི་འབྲི་ཡོད། ཁ་མ་ན་ན། ལག་མི་ཆད་ཁོ་ཐག་ཡིན།

  189. མེ་ཏོག་དཀར་པོ says:
    2013-02-01 at 9:10 am

    ཨོ། དེ་རིང་བོད་སྐད་རྒྱབ་འདུག དོན་ཡང་གོ་སོང་།

  190. གཡུ་འབྲུག་དཀར་པོ། says:
    2013-02-01 at 9:17 am

    མེ་དཀར་ལགས། གནམ་གྱིས་འབྲུག་པའི་སྐད་འདྲ་བོ་ཞིག་བཤད་པ་ངས་གང་དུ་བལྟས་ཀྱང་མཐོང་མ་བྱུང་། གཅིག་སྟོན་རོགས་གནང་དང་ང་བལྟ་འདོད་ཡོད།

  191. མེ་ཏོག་དཀར་པོ says:
    2013-02-01 at 9:18 am

    ཤོབ་རྐྱབ་ཨིན་ཏེ།

  192. ཨོ་རྒྱན་ཉི་མ། says:
    2013-02-01 at 12:56 pm

    སྤྲུལ་སྐུ་མེད་ན་བོད་རྣམས་ལྐུགས་པ་ཡིན།།།
    སྤྲུལ་སྐུ་མེད་ན་བོད་རྣམ་འབྱོར་མེད་ཡིན།།
    སྤྲུལ་སྐུ་མེད་ན་བོད་རྣམས་ཞྭ་བོ་ཡིན།།
    སྤྲུལ་སྐུ་མེད་ན་བོད་ལ་འཇོན་ཐང་མེད།།

  193. མེ་ཏོག་དཀར་པོ says:
    2013-02-01 at 1:01 pm

    སྤྲུལ་སྐུ་མེད་ན་དཀྲུག་ཤིང་མེད། །
    སྤྲུལ་སྐུ་མེད་ན་ཕུང་འཕྲོལ་མེད། །
    སྤྲུལ་སྐུ་མེད་ན་ཞབས་འདྲེན་མེད། །
    སྤྲུལ་སྐུ་མེད་ན་བསྟན་གཤིག་མེད། །

  194. ཨོ་རྒྱན་ཉི་མ། says:
    2013-02-01 at 1:02 pm

    སྤྲུལ་སྐུས་བོད་ཀྱི་རིག་གཞུང་རྨང་ནས་བསླངས།།
    སྤྲུལ་སྐུས་བོད་ལ་གནས་གོས་ཟས་མལ་བསྟབས།།
    སྤྲུལ་སྐུས་བོད་ལ་ཟ་ལུགས་འཐུང་ལུགས་བསླབས།།
    སྤྲུལ་སྐུས་བོད་ཀྱི་སྲོག་རྩ་གཞིར་བཞེངས་བྱས།།

  195. ཨོ་རྒྱན་ཉི་མ། says:
    2013-02-01 at 1:06 pm

    སྤྲུལ་སྐུ་ཡོད་ན་བོད་ལ་དེས་ཆོག་ཡིན།།
    སྤྲུལ་སྐུ་མེད་ན་བོད་ལ་ཐབས་ཆག་ཡིན།།
    སྤྲུལ་སྐུའི་རྣམ་ཐར་རྒྱས་ན་བོད་རྣམས་བདེ།།
    སྤྲུལ་སྐུར་གུས་པ་ཆེ་ན་བོད་ལ་འཇིགས་པ་མེད།།

  196. ཨོ་རྒྱན་ཉི་མ། says:
    2013-02-01 at 1:10 pm

    སྤྲུལ་སྐུ་དཔལ་འབྱོར་ཆེ་བས་ཉོ་རྒྱུ་མེད།།
    སྤྲུལ་སྐུ་གཡོ་སྒྱུ་ཅན་ཞིག་ཡོད་རབས་མེད།།
    སྤྲུལ་སྐུའི་གཏི་མུག་ཅན་ཞིག་དེ་བས་མེད།།
    སྤྲུལ་སྐུ་ཡིན་ན་ལེགས་དགུ་ཚང་དགོས་སོ།།

  197. ཨོ་རྒྱན་ཉི་མ། says:
    2013-02-03 at 1:56 am

    སྤྲུལ་སྐུ་ཡིན་ན་བསྟན་པ་མི་བཤིགས་པས་ཁྱབ།།
    སྤྲུལ་སྐུ་ཡིན་ན་ཕུང་གསུམ་པ་མ་ཡིན་པས་ཁྱབ།།

  198. བན་དེ་བ། says:
    2013-02-03 at 3:25 am

    གདན་ས་ཆེན་མོའི་བསླབ་པར་གོ་རིམ་ཡོད།
    འོན་ཀྱང་སྤྲུལ་སྐུས་དེ་དག་བརྩིས་མེད་བཏང།
    ཉམས་ཆུང་གྲྭ་བས་ཐབ་རེས་རྒྱུགས་དགོས་ཡོད།
    སྤྲུལ་སྐུ་རྣམས་ནི་ནམ་ཡང་འགྲོ་སྲོལ་མེད།

    སྤྲུལ་སྐུས་དང་པོ་ཉིད་ནས་སྐྱིད་ཉལ་རྒྱབ།
    སྤྲུལ་སྐུས་དང་པོ་ཉིད་ནས་རྫུ་བག་སྟོན།
    སྤྲུལ་སྐུས་བསླབ་པ་རྒན་ལ་བརྩིས་མེད་བཏང།
    སྤྲུལ་སྐུས་ཐ་མར་བསླབ་པ་གཏོར་བཤིག་བཏང།

    སངས་རྒྱས་རྣམས་ཀྱིས་དང་པོར་ཁབ་བཞེས་འཁོར་བ་བཟུང།
    དེ་ནས་འཁོར་བར་ངེས་འབྱུང་བློས་བསྐུལ་རབ་ཏུ་བྱུང།
    སྤྲུལ་སྐུ་རྣམས་ནི་སྲིད་པ་ཕྱིན་ཁ་ལོག་པ་ལྟར།
    དང་པོར་རབ་བྱུང་ཐ་མར་ཁབ་བཞེས་འཁོར་བར་འཁྱམས།

  199. ཀརྡོ་གཉེར་ཕྱག་པ་ says:
    2013-02-03 at 3:37 am

    ་་་་
    སྤྲུལ་སྐུ་རྣམས་ནི་སྲིད་པ་ཕྱིན་ཁ་ལོག་པ་ལྟར།
    དང་པོར་རབ་བྱུང་ཐ་མར་ཁབ་བཞེས་འཁོར་བར་འཁྱམས། ་་་ཟེར།

  200. ཨོ་རྒྱན་ཉི་མ། says:
    2013-02-03 at 4:07 am

    སྤྲུལ་སྐུ་མཚན་ཉིད་ཚང་བས་བསྟན་པ་འཛིན།།
    སྤྲུལ་སྐུ་རྫུན་མས་བསྟན་པ་རྨང་ནས་བཤིགས།།
    སྤྲུལ་སྐུ་མེད་ན་བསྟན་པ་མི་ཟི་ཡང་།།
    སྤྲུལ་སྐུའི་མིང་ཅན་བསྟན་བཤིགས་མང་འདིས་ཕུང་།།

  201. ཨོ་རྒྱན་ཉི་མ། says:
    2013-02-03 at 4:09 am

    སྤྲུལ་སྐུ་མཚན་ཉིད་ཚང་བས་བསྟན་པ་འཛིན།།
    སྤྲུལ་སྐུ་རྫུན་མས་བསྟན་པ་རྨང་ནས་བཤིགས།།
    སྤྲུལ་སྐུ་མེད་ན་བསྟན་པ་མི་ཟིན་ཡང་།།
    སྤྲུལ་སྐུའི་མིང་ཅན་བསྟན་བཤིགས་མང་འདིས་ཕུང་།།

  202. བན་དེ་བ། says:
    2013-02-03 at 4:53 am

    སྤྲུལ་སྐུའི་ཐོག་མར་གྲགས་པའི་ཀརྨའི་གོང།
    ཆོས་ལྡན་གངས་ལྗོངས་ཡུལ་དུ་ཞི་ཞིང་བདེ།
    དེ་རྗེས་སྤང་ལས་ཤ་མོང་བརྡོལ་བ་བཞིན།
    བཙན་བཟུང་ཆོས་བསྒྱུར་ཁ་ལོ་བསྒྱུར་བའི་ཕྱིར།
    སྤྲུལ་སྐུ་འཚོལ་ཕྱིར་བཙན་ཕྱུག་འཛོམས་པའི་སར།
    བླ་རྒན་གྲྭ་རྒན་ཐམས་ཅད་འཚང་ག་རྒྱབ།
    དེ་ནས་བདུད་སྤྲུལ་རིམ་གྱིས་བརྡོལ་བ་ཡིས།
    བོད་ཡུལ་སྣོད་བཅུད་རྒྱ་སོག་དག་ལ་ཕུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (26)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme