Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ བོད་ཀྱི་གསང་བ་༽གསང་བ་ཡིན་ནམ། ཞར་བཀོད། གཅིག།

Posted on 2013-01-272013-01-27 By ཁ་བརྡ་ 45 Comments on ༼ བོད་ཀྱི་གསང་བ་༽གསང་བ་ཡིན་ནམ། ཞར་བཀོད། གཅིག།
  ༼བོད་ཀྱི་གསང་བ་ཞེས་པའི་བརྙན་འཕྲིན་འདི་བོད་ཡིག་གི་ལམ་ནས་ངོ་སྤྲོད་བྱེད་དགོས་པའི་དགོངས་འཆར་ཡོད་པའི་དྲྭ་གྲོགས་དག་དང་མགོ་ནག་བོད་མི་ཡོད་ཚད་ལ་ཕུལ།༽
ཉེ་ཆར་དྲྭ་ལམ་དུ་ཁྱབ་ཅིང་བོད་མི་མང་པོས་དགག་པ་གཏོང་གིན་པའི་མུ་འབྲེལ་བརྙན་འཕྲིན་༼བོད་ཀྱི་གསང་བ་༽ཞེས་པ་དེ་ནི། ༢༠༡༡ལོའི་ཟླ་བརྒྱད་པ་ནས་འཁྲབ་འགོ་བརྩམས་ཤིང་༢༠༡༣ལོའི་ཟླ་༡པོའི་ནང་ནས་ལེགས་འགྲུབ་བྱུང་། ཟླ་༡པོའི་ཚེས་དགུ་ཉིན་རྒྱ་ནག་དབུས་གཞུང་བརྙན་འཕྲིན་ཁང་ཨང་བརྒྱད་པའི་ཐོག་ནས་བཏང་ཞིང་ཏག་ཏག་རྒྱལ་ཡོངས་མི་དམངས་ཀྱི་ལྟ་བར་ཁོམ་པའི་གསེར་དང་མཚུངས་པའི་དུས་ཚོད་༧-༣༠སྟེང་ནས་བཏང་སྟེ་རིམ་གྱིས་དྲྭ་ལམ་དུ་ཁྱབ་པ་ཞིག་རེད།
      བརྙན་འཕྲིན་འདི་ཡིས་གཙོ་བོ་རྒྱལ་དབང་བཅུ་གསུམ་པ་སྐུ་གྲོངས་པ་ནས་རིག་གསར་བར་ཏེ་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་བཅུ་ནས་ལྔ་བཅུའི་སྨད་ཙམ་སྟེ་ཉེ་རབས་བོད་ཀྱི་ལོ་རྒྱུས་ཤིག་འཁྲབས་འདུག   དེ་ཡང་བཀྲ་ཤིས་ཞེས་པའི་བོད་ཀྱི་གྲྭ་པ་ཞིག་གིས་བོད་ཀྱི་བྲན་གཡོག་ལམ་ལུགས་མགོ་རྟིང་སློག་པ་ལ་འབད་འབུངས་བྱས་ནས་མི་ཚེ་གང་པོས་ཞབས་ཞུ་སྒྲུབ་ཚུལ་ཞིག་བཤད་འདུག   
      བརྙན་འཕྲིན་འདིའི་ནང་ནས་དངོས་ཤུགས་བརྒྱུད་གསུམ་ལ་མཐོང་ཐོས་སུ་འགྱུར་ཡོང་པ་ནི། དེ་དུས་བོད་སྤྱི་ཚོགས་མུན་ནག་ཡིན་ཚུལ་དང་རྗེས་ལུས་ཡིན་ཚུལ། སྐུ་གྲགས་དག་གིས་བྲན་གཡོག་རྣམས་ཕན་ཚུན་འཚོང་རེས་བྱེད་པ་དང་བྲན་གཡོག་རྣམས་ལ་མི་སྤྱོད་ལས་འདས་པའི་གནར་གཅོད་གཏོང་པ།   དགོན་པ་ནི་བཙོན་ཁང་དང་གྲྭ་པ་དག་ནི་བཙོན་སྲུང་ཡིན་པས་གྲྭ་པ་དག་གིས་བཙོན་པ་ལ་ལྕག་ཚན་རྒྱག་གིན་འདེད་པ།   ཇོ་མོའི་དགོན་པ་ནི་སྨན་ཚོང་ཁང་ཡིན་ཚུལ་དང་བླ་ཆེན་ཁག་ཀྱང་དེ་དག་ལ་ཉུལ་གྲངས་མི་ཉུང་ཚུལ།   གྲྭ་པ་གཙོ་བྱས་པའི་བོད་མི་རྣམས་རྨོངས་དད་ཆེ་དྲགས་པས་བོད་སྤྱི་ཡོངས་ལ་མི་ཡི་འགྲོ་སྟངས་ཆགས་མེད་ཚུལ་སོགས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཤིང་།  བོད་མི་རིགས་ཀྱི་སྲོལ་བཟང་མ་གླེང་པར་སྔོན་ཡོད་མ་མྱོང་པའི་སྲོལ་ངན་དག་ཡོད་རབས་སྟོན་པ།   བོད་བརྒྱུད་ནང་བསྟན་ལའང་གང་འདོད་དུ་སྒྲོ་འདོགས་པ།  བོད་ཀྱི་དད་མོས་ལ་འགྲེལ་ལོག་རྒྱག་པ།  བོད་མི་དམངས་དང་རྒྱ་མི་དམངས་བར་གྱི་མཐུན་སྒྲིལ་ལ་གནོད་པའི་གཡོ་ཟོལ་ཚད་མེད་ཡོད་པ།  ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ངན་པ་ལ་བརྟེན་ནས་བོད་འབངས་སྡུག་གིས་ཁེངས་ཚུལ་སོགས་དངོས་ཤུགས་ཅི་རིགས་ཀྱིས་བསྟན་ཡོད།
        དེར་མ་ཟད་འཁྲབ་སྟོན་པ་ལ་བོད་ཀྱི་སྐར་ཆེན་དུ་གྲགས་པའི་ཕུར་པ་སྐྱབས།  ཚེ་རིང་དོན་འགྲུབ། ཨ་ཅག་ཚན་སྡེབ།  རྡོ་བུ་སྐྱིད། ཆོས་ཉིད་ཚེ་རིང་།  བསམ་ཁོ་སོགས་མཉམ་བཞུགས་བྱས་པ་སོགས་རྒྱུ་རྐྱེན་མང་པོས། བརྙན་འཕྲིན་ཁང་དང་དྲྭ་ལམ་དུ་བསྒྲགས་ནས་ཉིན་ཞག་བཅུ་ཕྲག་གཅིག་ཙམ་ལས་མ་བརྒལ་ནའང་།    མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་ཀུན་ལ་ཡོད་པའི་བོད་རིགས་ཕུ་ནུ་མིང་སྲིང་རྣམས་༼བོད་ཀྱི་གསང་བ་༽ལ་འཐད་མོས་མ་བྱུང་སྟབས་དཔྱད་བརྗོད་མང་པོ་སྤེལ་ཞིང་།  ༼བོད་ཀྱི་གསང་བ་༽ཞེས་པ་དེ་གཏོང་མཚམས་འཇོག་དགོས་པའི་འབོད་སྒྲ་གནང་གིན་འདུག  དེ་དང་སྦྲགས་བརྙན་འཕྲིན་དེའི་ནང་གི་བོད་ཀྱི་འཁྲབ་སྟོན་པ་དག་ལ་ཡིད་ཆད་རབས་དང་སེམས་ཕམ་ཚུལ། ལ་ལས་གཤེ་གཤེ་དང་སྨོད་པ་སོགས་ཧ་ཅང་མང་པོ་ཞིག་བྱེད་ཀྱིན་གདའ།  
     དྲང་པོར་བཤད་ན།  སྤྱིར་ན་གནའ་བོའི་དུས་སུ་རྒྱལ་པོའི་ལམ་ལུགས་དང་བྲན་བདག་རང་བཞིན་ཅན་མ་ཡིན་པའི་རྒྱལ་ཁབ་དང་ལུང་ཀྱོག་ཕལ་ཆེར་མེད་པ་རེད།  དེ་མཚུངས་སུ་བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་བོས་ཀྱང་རུང་མ་བོས་ནའང་ཆོག་གང་ལྟར་བོད་ཆེན་པོ་སིལ་བུར་ཐོར་ནས་ཉེ་སྔོན་བར་དུ་ལམ་ལུགས་གཉིས་དེའི་ཐིག་ཐོག་ནས་སོང་པ་རེད་མོད།  འོན་ཀྱང་དེ་ཙམ་གྱིས་སུ་ལའང་འཇིགས་སྐུལ་དང་བག་ཚ་བ་ཞིག་བཟོ་མི་ནུས་ཏེ། དེ་དུས་འཛམ་གླིང་ཡོངས་རྫོགས་ལམ་ཐིག་གཅིག་སྟེང་གི་མི་ཡིན་པས་རེད།    མ་ཟད་རྒྱལ་དབང་བཅུ་གསུམ་པ་གྲོངས་རྗེས་སྐུ་གྲགས་ཆེ་ཁག་བར་ལ་མ་འཆམས་པ་བྱུང་ཞིང་བྲན་གཡོག་རྣམས་ལ་མི་ཡི་ཐོབ་ཐང་དང་ཟས་གོས་མང་པོ་མེད་པ་སོགས་ཀྱི་དཀའ་ངལ་ཅུང་རེ་ཕྲད་ཡོད་པ་ནི་བདེན་པ་རེད།  
    འོན་ཀྱང་༼བོད་ཀྱི་གསང་བ་༽ལས་བཤད་པ་ལྟར་དགོན་པས་རིམ་གྲོ་བྱེད་པར་མི་ལྤགས་དགོས་འདུག་ཅེས་སྨྲས་མ་ཐག་ཏུ་བཙོན་པ་གསོན་གསོན་དུ་བཤའ་བ་དང་།  བྲན་གཡོག་རྣམས་དངུལ་སྒོར་ལྔ་རེ་ཙམ་བྱས་ནས་གང་འདོད་དུ་བཙོང་ཞིང་ཉོ་བ་དང་།   ལྷག་ཏུ་བླ་གྲྭ་རྣམས་ལ་འགྲོ་སྟངས་འདུག་སྟངས་མེད་པ།  ཐ་ན་མིག་གིས་ལྟ་སྟངས་ལའང་སྙིང་གཟེར་འོང་པ་ཅན་འཁྲབས་པ་བཞིན་དོན་ངོ་མར་ག་ལ་ཡིན།  དེ་བས་ལོ་རྒྱུས་འཁྲབས་ན་ལོ་རྒྱུས་དངོས་འཁྲབས་ཆོག་མོད་འོན་ཀྱང་མི་རིགས་ཤིག་གི་ནག་ཉེས་རྐྱང་རྐྱང་གླེང་བ་མ་ཟད་དེའི་ཐོག་ཏུ་ཉེན་འགེབས་བྱེད་པ་ནི་ཅི་འདྲ་ཐབས་རྡུགས་པ་ལ་ཨང་།  
གཅིག
གང་ལྟར། བོད་ཀྱི་ལམ་རྙིང་དུ་ཚེར་མ་མེད་པ་མ་ཡིན་མོད། འོན་ཀྱང་ལྕགས་འཛེར་གྱིས་ཁེངས་རབས་བཤད་ན་བོད་མི་སུ་ཞིག་གིས་དང་ལེན་བྱ་སྲིད།  
གཉིས།
  ཡོད་ཚད་ཀྱིས་དམངས་གཙོ་དང་ཐོབ་ཐང་ཞེས་གླེང་གིན་པའི་དུས་ཚིགས་སུ།   བསམ་ཚད་འགྲུབ་མི་སྲིད་ཀྱང་ཡོད་ཚད་ལ་ཞེད་དོན་ཡང་ཅི་ཞིག་ཡོད།  
གསུམ།
ཞི་བདེ་ཞི་བདེ་ཟེར་ནས་འཛུམ་མདངས་སྟོན་གྱིན་པའི་དེ་རིང་གི་དུས་སུ་ཉམས་ཆུང་ཚུལ་མཐུན་དུ་གནས་ཀྱང་ཐོབ་ཚོད་བྱས་ན་ད་དུང་འདུག་དགོས་སམ།   
བཞི།
སྨྲ་བའི་ལྕེ་རྩེ་མ་སྦྲད་པའི་ཁ་སྒོ་ནས་༼བོད་ཀྱི་གསང་བ་༽གཏོང་མཚམས་ཞོག་ཅེས་མི་འབོད་ཅི་ཞིག་བྱེད།  
ལྔ།
ཟུག་གཟེར་དང་ཚ་དྲོད་དག་ཤ་རུས་ལ་ཐིམ་པ་སུས་ཀྱང་མི་འདོད་མོད།  ཞེ་ཕུགས་ནས་ཨམ་གཙིགས་བསྡམས་ཟིན་ན་ཅི་ཧ་ལས། 
དྲུག
སྟག་གཟིག་ལྟར་གནམ་དུ་མ་འཆོངས་རུང་།  ཝ་མོ་ལྟར་སྐེད་ཚིགས་འགུལ་བ་ཅིས་མི་དགོས།  
༢༠༡༣ལོའི་ཟླ་༡པའི་ཚེས་༢༧ཉིན་ཏེ་གཟའ་ཉི་མའི་ཁོམ་གླགས་ཀྱི་དུས་སྐབས་འདི་ལ་མེ་ཞགས་ཞེས་པ་དེས་མགྱོགས་མྱུར་ངང་ཤར་མར་བྲིས་པས། ཡིག་ནོར་དང་བརྗོད་བྱ་གཙོས་པའི་མ་འགྲིགས་པའི་ཆ་མཆིས་ན་ཐུགས་འཆར་ལྷུག་པོར་གནང་པར་འཚལ།
________________________________________

གླུ་བ་བསམ་ཁོའི་ངོས་ལེན་ཞུ་ཡིག  ཆོས་དཔལ་བཟང་པོས་རྒྱ་ཡིག་ལས་བོད་བསྒྱུར་བྱས།  སེང་རྡོར་དྲ་བ་ལས་འདྲེན་བཀོད་བྱས།

ཉེ་ཆར་དྲ་ཐོག་ཏུ་《བོད་ཀྱི་གསང་བ་》ཟེར་བའི་མུ་འབྲེལ་བརྙན་འཕྲིན་ལ་བསྟོད་སྨད་ཀྱི་དཔྱད་གཏམ་ཅི་རིགས་ཤིག་སྤེལ་བཞིན་འདུག་ལ། ལྷག་པར་ཏུ་ཉིན་འདི་ཚོའི་རིང་ལ་ཕྲན་ཆུང་དང་འབྲེལ་བའི་དཔྱད་གཏམ་ཡང་ཇེ་མང་ནས་ཇེ་མང་རེད། བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་ལས་སུ་ཞུགས་ཡོད་པ་ཞིག་ཡིན་པའི་ཆ་ནས། ངས་ཐོག་མར་རྣམ་པ་ཚོས་ཁོ་བོར་དོ་སྣང་མཛད་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ།  རང་ཉིད་ཀྱི་གོམ་པ་རེ་རེའི་ཡར་སྐྱེད་ཀྱི་གོ་རིམ་ཁྲོད་ཁྱེད་རྣམ་པའི་རྒྱབ་སྐྱོར་དང་སློབ་སྟོན་ནི་འབྲལ་ཐབས་མེད་པ་ཞིག་ཡིན་པས་ཡང་བསྐྱར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཡིན་ནའང་། ངས་རང་ངོས་ནས་《བོད་ཀྱི་གསང་བ་》ཞེས་པའི་བརྙན་འཕྲིན་འདིའི་སྐོར་ལ་དཀར་འདོན་དང་དག་སེལ་ཞིག་བྱ་བར་འདོད་དེ།

དང་པོ། ཁོ་བོ་འཁྲབ་ཞུགས་བྱས་པ་ནི་དམིགས་ཡུལ་དང་སེམས་བསྐྱེད་གཙང་མ་ངོ་མ་ཞིག་གི་ཆེད་དུ་ཡིན་ཏེ། བོད་ལྗོངས་ཀྱིས་བརྗོད་གཞི་བྱས་པའི་གློག་བརྙན་སྒྱུ་རྩལ་དར་སྤེལ་དང་མི་རིགས་ཀྱི་རིག་གནས་ཁྱབ་སྒྲོག་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་རེ་འདོན་བསམ་པ་ལས་གཞན་ཅི་ཡང་མིན་ལ། ངས་བསམ་ན་བོད་རིགས་ཀྱི་འཁྲབ་སྟོན་པ་གཞན་དག་ཀྱང་ང་དང་འདྲ་བའི་སེམས་བྱུང་ཅན་རྐྱང་རྐྱང་ཡིན་སྲིད། ད་དུང་ཁ་གསལ་སྒོས་ཞུ་འདོད་པ་ཞིག་ལ། ཁོ་བོའི་འཁྲབ་ཚན་གྱི་དུས་ཚོད་ནི་ཤིན་ཏུ་ཐུང་བས། སྒོར་མོ་ཡི་འོངས་སྒོའི་ཆེད་དུའང་རྩ་བ་ནས་མ་ཡིན་ཞེས་པ་དེའོ། །

གཉིས་པ། དྲང་མོར་བཤད་ན། འཁྲབ་སྟོན་པ་ཞིག་ལ་མཚོན་ན། འཁྲབ་གཞུང་གི་ནང་དོན་དང་འཁྲབ་ཆས་ལ་རེ་རེ་ནས་བལྟས་ཤིང་བདམས་དགོས་ཤེ་ན་དེ་ནི་ཤིན་ཏུ་ནས་ཁག་པོ་ཞིག་རེད་འདུག བརྙན་འཕྲིན་དེ་བསྒྲགས་གཏོང་བྱས་རྗེས་མི་ཁ་ཤས་ཀྱིས་གནས་ཚུལ་ལ་ལ་ཞིག་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འཚམས་མི་འདུག་ཅེས་གསུངས། སྤྱིར་དགག་གཞག་བྱ་ཡུལ་དག་ཁོ་བོ་དང་ཐད་འབྲེལ་མེད་རུང་། བརྙན་འཕྲིན་དེར་འཁྲབ་ཞུགས་བྱས་པའི་ཆ་ནས་ཁོ་བོས་འདིར་གཟུགས་མཁན་དང་དྲ་གྲོགས་སྤུན་ཟླ་ཡོངས་ལ་ལྷག་བསམ་རྣམ་པར་དག་པའི་སྒོས་ནས་དགོངས་དག་ཞུས་པ་ཡིན།

གསུམ་པ། ངའི་རེ་བ་ཡིན་ན་དྲ་ཐོག་གི་བསྟོད་སྨད་སྣ་མང་གི་དཔྱད་གཏམ་སྤེལ་བ་ཡོད་ཚད་དམིགས་ཡུལ་གཅིག་གི་དོན་ཡིན་པར་སྨོན་ཏེ། ཡོད་ཚད་རང་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་དང་། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ། རང་མི་རིགས་ཀྱི་བརྙན་འཕྲིན་སྒྱུ་རྩལ་གོང་འཕེལ་གཏོང་བ་བཅས་ཀྱི་ཆེད་ཡིན་པར་སྨོན་ནོ། །

གསར་འགྱུར།

Post navigation

Previous Post:      བདག་གི་ཨ་ཕ།  
Next Post: བྷོ་པལ་གྲོང་ཁྱེར་ནང་བོད་དོན་མར་མེ་ཁྲོམ་སྐོར།

Comments (45) on “༼ བོད་ཀྱི་གསང་བ་༽གསང་བ་ཡིན་ནམ། ཞར་བཀོད། གཅིག།”

  1. བློ་གྲགས། says:
    2013-01-27 at 11:29 pm

    ད་དྲ་འབུ་ཚོ་ངར་རྒྱུ་ཡོད་ན་ངར་ཤོག རྒྱ་གུང་ཁྲན་འདི་ང་ཚཽ་བོད་མི་ལ་མཐོང་ཆུང་དང་སྨྲ་འབེབས་ཁྱད་གསོད་སོགས་ཇི་ལྟར་བྱེད་ཡོད་པ་ང་ཚཽས་ནམ་བརྗིད་མི་རུང་། རྒྱ་གུང་ཁྲན་སྡུག་ཤི་རྒྱག་པར་ཤོག

  2. པཀྵི says:
    2013-01-27 at 11:36 pm

    ང་གློག་བརྙན་འཁྲབ་མཁན་གཞན་པ་རྣམས་ལ་ཆ་རྒྱུས་ཅི་ཡང་མེད་མོད། ཨ་ཅག་ཚན་སྡེབ་ཟེར་བའི་བུ་མོ་དེ་ཚོའི་སྐོར་ལ་ལྦང་ལི་ཞུང་གི་རྩོམ་ཡིག་ཅིག་ཏུ། མོའོ་ཡི་དུས་སྐབས་ལྟར་ཨ་ཅག་ཚན་སྡེབ་ཀྱིས་ད་དུང་ཏང་དང་རྒྱལ་ཁབ་ལ་བསྟོད་གླུ་ལེན་བཞིན་པའི་སྐོར་ལ་སྐྱོན་བརྗོད་གནང་འདུག་པ་ཞིག་མཐོང་མྱོང་བས། ཁོང་ཚོའི་བསམ་བློ་ངོ་མ་ག་འདྲ་ཞིག་ཡིན་པ་ང་ཚོས་ཧ་མི་གོ་ནའང་། རང་གི་དོན་དག་འགྲུབ་རྒྱུའི་ཆེད་དུ་བསྟོད་གླུ་འབུལ་གྱིན་ཡོད་ཚད་རྒྱ་གཞུང་ལྟར་བྱེད་བཞིན་ཡོད་ཚོད་འདུག་པས། ཁོང་ཚོ་ལྟ་བུའི་རིགས་ཞེན་གྱི་དྲི་མས་དབེན་པའི་སྒྱུ་རྩལ་བ་དག་ལ་ང་ཚོས་ངོ་རྒོལ་བྱེད་འོས་པ་ཡིན།

  3. མེ་ཏོག་དཀར་པོ says:
    2013-01-27 at 11:48 pm

    ངས་ནས་དེའི་སྐོར་མཐོང་ཐོས་བྱུང་བ་དང་པོ་ཡིན། རྒྱ་མིས་བོད་སྐོར་རྫུན་བཟོ་མ་གཏོགས་ངོ་མ་བཤད་པའི་བློ་ཁོག་ག་ལ་ཡོད།

  4. ལར་རྒྱའི་བདག་པོ། says:
    2013-01-28 at 1:27 am

    གློག་བརྙན་རྫུན་མ་དེར་དགག་གཞག་མ་བྱེད་པའི་སྔོན་ལ་ང་ཚོའི་སེམས་ལ་དྲག་ཆས་སྤྲས་དགོས།
    ༡༽གློག་བརྙན་རྫུན་མ་དེར་རྫུབ་མཚང་བརྟོལ་བ་ལ་ང་ཚོའི་སྤྱི་ཚོགས་རྙིང་པར་ངོས་འཛིན་ཡང་དག་པ་ཞིག་དགོས།
    ༡༽གློག་བརྙན་དེའི་ནང་དོན་བརྗོད་བཞི་དེ་རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ལག་ཆ་ཉག་གཅིག་ཡིན་པ།
    ༢༽རྒྱ་གཞུང་གིས་སྔ་ཕྱི་བར་གསུམ་དུ་དམངས་ཀྱི་བློ་ཁ་འགྱུར་ཆེད་བོད་ཀྱི་སྤྱི་ཚོགས་རྙིང་པར་ཆེས་བཞིའི་ཞྭ་མོ་ནག་པོ་ཞིག་གཡོགས་ནས་ད་ཆ་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ཞིག་བསྐྲུན་ཡོད་པར་མངོན་ཆེད་ཡིན་པ།
    ༣༽དེ་སྔ་༧པཎ་ཆེན་རིན་པོ་བཞུགས་པའི་སྐབས་ལ་གློག་བརྙན་དེ་རིགས་ནི་བསྟན་མི་ཆོག་པ་བཟོས་ཡོད་ཀྱང་ད་ཆ་བསྐྱར་སྟོན་བྱས་པ་ནི་བོད་ཀྱི་མི་རིགས་ལ་མཐོང་ཆུང་ཉག་གཅིག་རེད།
    ༤༽ང་ཚོས་ངོས་འཛིན་གསལ་པོ་དགོས་ནི།འཛམ་གླིང་རྒྱལ་ཁབ་ཚང་མས་སྤྱི་ཚོགས་རྙིང་པ་བརྒྱུད་ནས་ཡོང་ཡོད་པས།ཁོ་ཚོའི་སྤྱི་ཚོགས་རྙིང་པ་དང་།བོད་ཀྱི་སྤྱི་ཚོགས་རྙིང་པ་གཉིས་ཞིབ་བསྡུར་བྱས་རྗེས་གཞི་ནས་བོད་ཀྱི་སྤྱི་ཚོགས་རྙིང་པར་འདེང་འཇོག་བྱེད་དགོས།
    ༥༽རྒྱ་ནག་གི་སྤྱི་ཚོགས་རྙིང་པ་དང་བོད་ཀྱི་སྤྱི་ཚོགས་རྙིང་པའི་བར་མཐོ་རིམ་མི་སྣའི་བྱ་སྤྱོད་དང་།རྒྱས་སྤྲོད།མི་མང་ལ་ཁྲིམས་བཅད་གཏོང་སྟངས་དང་།དཔྱ་འཁྲལ་གྱི་ལམ་ལུགས།འབངས་མི་ཉོ་ཚོང་བཅས་ཀྱི་ཐད་ལ་ཞིབ་བསྡུར་བྱེད་དགོས།
    ༦༽བོད་ཀྱི་སྤྱི་ཚོགས་རྙིང་པ་དང་ད་ལྟའི་འཛམ་གླིང་ལ་དམངས་གཙོའི་ཉི་མ་ཤར་བའི་དུས་སྐབས་ཀྱི་རྒྱ་གཞུང་གི་ཁྲིམས་ལུགས་དང་།གདུག་རྩུབ།རང་དབང་།མནར་གཅོད་བཅས་ཕྱོགས་གང་ས་མཚུངས་བསྡུར་དགོས།
    ༧༽གློག་བརྙན་གྱི་ནང་དོན་རྫུན་མ་དཔེར་ན་བྲན་གཡོག་འབངས་མི་ཉོ་ཚོང་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་ང་ཚོ་བོད་མི་གཞོན་སྐྱེས་ཉུང་ཤས་ཀྱིས་ཀྱང་ཡིན་ཤག་རྩིས་མཁན་ཡོད་འདུག་པས་དེ་དག་ལ་ཧོལ་རྒྱུགས་མ་སོང་བར་རྒན་རབས་རྣམས་ལ་སྐད་ཆ་བྲིས་པ་དང་།ཁུངས་དག་པའི་ལོ་རྒྱུས་བཀླགས་རྗེས་གཞི་ནས་སྐད་ཆ་ཤོད་དགོས།
    ༨༽དུས་རབས་ཉེར་གཅིག་པ་བཞད་ནས་ལོ་རབས་གཅིག་འདས་ཟིན་པའི་དེ་རིང་ཡང་འཛམ་གླིང་གང་སར་མནར་གཅོད་མཐོང་རྒྱུ་འདུག་ལ།མཐོ་རིམ་མི་སྣའི་དབང་ཆའི་འཐབ་རྩོད་འོག་མི་མང་དཀའ་ངལ་འཕྲད་པའང་གང་སར་མཐོང་རྒྱུ་འདུག་ཆོས་ལུགས་འཐེན་འཁྱེར་བྱས་ན་མི་མང་ལ་དཀའ་ངལ་ནི་དེ་སྔ་ལས་ཧ་ཅང་གི་ཡ་ང་བ་ཡོད།
    མདོར་ན།བོད་ཀྱི་སྤྱི་ཚོགས་རྙིང་པར་སྲིད་གཞུང་གིས་བཙོན་ཁང་ནང་མནར་གཅོད་བཏང་ནས་དུས་མིན་རྐྱེན་འདས་སོང་བ་མཐོང་དཀོན་ལ།ལུས་ལ་ལྕགས་སེར་བརྡེག་ནས་ཤི་བ་དེ་བས་མེད།སྲིད་གཞུང་གི་མནར་གཅོད་ལ་གཟོད་ཐབས་བྲལ་ནས་ཆུ་ལ་མཆོངས་དགོས་པ་ཧ་ལམ་མེད་ལ།དེ་བས་སྲིད་གཞུང་གིས་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེག་གཏོང་བྱུང་བ་རྩ་བ་ནས་མེད།།

  5. མཁར་སྟོད། says:
    2013-01-28 at 1:41 am

    གླུ་བ་བསམ་ཁོས་བོད་ལྗོངས་ཀྱི་བརྗོད་གཞི་བྱས་པའི་གློག་བརྙན་ཡིན་པ་ཤེས་བཞིན་དུ་བརྗོད་གཞི་གང་ཞིག་གི་སྐོར་ལ་ཡིན་མིན་བསམ་གཞིག་མ་བྱས་པ་ནི། གུང་ཁྲན་ཏང་ལ་ཡིད་ཆེས་ཆེ་བའི་རྣམ་པ་རང་རེད།

  6. ལར་རྒྱའི་བདག་པོ། says:
    2013-01-28 at 1:44 am

    གཅིག་་དེང་སྐབས་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཀྱི་་ལྐོག་ས་རུལ་སུང་གི་བྱ་སྤྱོད་དང་།བོད་ཀྱི་སྤྱི་ཚོགས་རྙིང་པའི་མཐོ་རིམ་མི་སྣའི་བྱ་སྤྱོད་མཚུངས་བསྡུར་བྱོས་དང་།
    གཉིས་པ།བོད་ཀྱི་སྤྱི་ཚོགས་རྙིང་པ་དང་།རྒྱ་གཞུང་གི་བཙོན་ཁང་གི་མནར་གཅོད་གཉིས་བསྡུར་བ་བྱོས་དང་།
    གསུམ།བོད་ཀྱི་སྤྱི་ཚོགས་རྙིང་པའི་དཔྱ་འཕྲལ་དང་།རྒྱ་གཞུང་གི་ཁྲལ་བསྡུའི་ལམ་ལུགས་གཉིས་བསྡུར་བ་བྱོས་དང་།
    བཞི་པ།བོད་ཀྱི་སྤྱི་ཚོགས་རྙིང་པ་དང་།རྒྱ་གཞུང་གི་འོག་ལ་འགྲོ་འོངས་རང་དབང་བསྡུར་བ་བྱོས་དང་།
    ལྔ་པ།བོད་ཀྱི་སྤྱི་ཚོགས་རྙིང་པ་དང་།རྒྱ་གཞུང་གི་འོག་དམངས་ཀྱི་བདེ་སྡུག་བདག་སྤྲོད་བྱེད་སྟངས་བསྡུར་དང་།
    དྲུག་པ།བོད་ཀྱི་སྤྱི་ཚོགས་རྙིང་པ་དང་།རྒྱ་གཞུང་གི་འོག་ལ་གཏམ་བརྗོད་རང་དབང་གཉིས་བསྡུར་བ་བྱོས་དང་།
    བདུན་པ།བོད་ཀྱི་སྤྱི་ཚོགས་རྙིང་པ་དང་།རྒྱ་གཞུང་གི་འོག་ལ་སྤྱི་ཡོངས་ཀྱི་རང་དབང་གཉིས་བསྡུར་བ་བྱོས་དང་།
    བརྒྱད་པ།བོད་ཀྱི་སྤྱི་ཚོགས་རྙིང་པ་དང་།རྒྱ་གཞུང་གི་འོག་ལ་སྐད་ཡིག་རང་དབང་གཉིས་བསྡུར་བ་བྱོས་དང་།
    དགུ་པ།བོད་ཀྱི་སྤྱི་ཚོགས་རྙིང་པ་དང་།རྒྱ་གཞུང་གི་མཐོ་རིམ་མི་སྣའི་སྤྱི་ཚོགས་ཞབས་ཞུ་དང་།བྱམས་སྙིང་རྗེ་བསྡུར་དང་།
    བཅུ་པ།བོད་ཀྱི་སྤྱི་ཚོགས་རྙིང་པ་དང་།རྒྱ་གཞུང་གི་སྤྱི་ཡོངས་ཀྱི་ལག་ལེན་འཁྱོལ་བའི་སྲིད་ཇུས་གཉིས་བསྡུར་བ་བྱོས་དང་།

    ད་དུང་དྲ་གྲོགས་ཚོས་ངའི་འདིར་ཁ་སྣོང་བརྒྱབ་ནས་དེ་ལྟུའི་མཚུངས་བསྡུར་གྱི་རིགས་མུ་མཐུད་ནས་བྱོས་དང་།

  7. ལར་རྒྱའི་བདག་པོ། says:
    2013-01-28 at 1:46 am

    དུས་འཁོམ་མེད་སྟབས་ཤར་བྲིས་བྱས་པས་དག་ནོར་ཡོད་ན་དགོངས་དག་ཞུ།

  8. ཨ་ཕྱི་ཆོས་སྒྲོན says:
    2013-01-28 at 2:05 am

    ཨ་ཙེེ། ངས་ནིབོད་ཀྱི་གསང་བ་ལབ་ཡོང་དུས་ངེད་ཚང་གི་ནྰ་རོ་ཆོས་དྲུག་གི་གློག་བརྙན་དེ་ཡིན་ནམ་བསམ་སོང་། ཚོད་དཔག་བྱས་ན་རྒྱ་བོད་ཁ་བྲལ་བཟོ་བའི་གློག་བརྙན་ཞིག་རེད་བཞག ད་མ་རིག་ན་བཤད་མི་ཤེས། དེ་ཡང་བོད་མི་འགའ་ཞིག་གིས་བསྒྲིགས་ཡོད་ས་རེད། གློག་བརྙན་རྫུན་དངོས་ཇི་ལྟར་རུང་ཁ་ཆེ་བས་ག་འདྲ་བྱས་སོང་གསལ་བོ་རེད། ང་ཚོ་བོད་མིས་་་་་་་་་་་་ཡང་་་་་

  9. འཇམ་གཅེས says:
    2013-01-28 at 3:47 am

    དྲ་འབུ་ཚོ་མི་ཤེས་ན་ཁ་ཁར་འདུག་ཤིག །ཁོང་ཚོར་རྫུན་མ་ག་ཚོད་འཁྲབ་ཡ་ཡོད་ན་འཁྲབ་ན་ཡག་ཤོས་རེད། འཛམ་གླིང་མིའི་མིག་གི་མཐོང་གི་རེད། དེང་དུས་གནའ་བོ་བོད་ཀྱིས་ལོ་རྒྱུས་ཤེས་མཁན་མང་པོ་ཡོད་པ་རེད། དུས་ནམ་ཡང་རྫུན་མར་རྒྱལ་ཁ་ཐོབ་པ་མི་སྲིད་པ་ཞིག་རེད ། སྲིད་ན་གནས་ལུགས་དང་འགལ་འགྲོ་གི་ཡོད་པ་རེད། དེ་ཚོ་ཤེས་དགོས། ཡིན་ཡང་བོད་རིགས་འཁྲབ་བསྟོན་པ་དེ་དག་སྡུག་ཤུ་ཐེབ་པར་ཤོག་གཅིག་ང་ཚོས་སྨོན་ལམ་འདེབས་དགོས། སྙིང་ན་ཡུལ་ངོ་མ་ཁོང་ཚོ་རེད།

  10. མེ་ཏོག་དཀར་པོ says:
    2013-01-28 at 3:48 am

    སྤྱི་ཚོགས་རྙིང་པ་ཟེར་བ་འདི་ཨ་ཞང་ཚང་གི་ཐ་སྙད་རེད།

  11. དགའ་ཡ་ says:
    2013-01-28 at 3:50 am

    བརྙན་དངུལ་གཏོང་མཁན:
    ལོ་ཅན:ཚེ་དབང་ཡོན་ཏན།
    ཡང་ཡཱོན་ཀྲོ ལཱོའུ་ཁྲང་ཅིང་།
    བརྙན་བསྐྲུན་པ ཀྲཱོ་ཡོན་ཧྲིན། ལུའུ་ཀྲི་ཧྥིན །
    ལཱིག་ཌི་ཕེན།

    འཁྲབ་ཁྲིད་པ ལཱིག་ཌི་ཕེན། པེ་ཞེ་སུང་།

    རྩོམ་སྒྲིག་པ ལཱིག་ཌི་ཕེན།

  12. པདྨ says:
    2013-01-28 at 3:55 am

    གསལ་བཤད་ཅིག་གླུ་བ་བདམ་ཁོས་བྲིས་འདུག
    ཉེ་ཆར་དྲ་ཐོག་ཏུ་《བོད་ཀྱི་གསང་བ་》ཟེར་བའི་མུ་འབྲེལ་བརྙན་འཕྲིན་ལ་བསྟོད་སྨད་ཀྱི་དཔྱད་གཏམ་ཅི་རིགས་ཤིག་སྤེལ་བཞིན་འདུག་ལ། ལྷག་པར་ཏུ་ཉིན་འདི་ཚོའི་རིང་ལ་ཕྲན་ཆུང་དང་འབྲེལ་བའི་དཔྱད་གཏམ་ཡང་ཇེ་མང་ནས་ཇེ་མང་རེད། བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་ལས་སུ་ཞུགས་ཡོད་པ་ཞིག་ཡིན་པའི་ཆ་ནས། ངས་ཐོག་མར་རྣམ་པ་ཚོས་ཁོ་བོར་དོ་སྣང་མཛད་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། རང་ཉིད་ཀྱི་གོམ་པ་རེ་རེའི་ཡར་སྐྱེད་ཀྱི་གོ་རིམ་ཁྲོད་ཁྱེད་རྣམ་པའི་རྒྱབ་སྐྱོར་དང་སློབ་སྟོན་ནི་འབྲལ་ཐབས་མེད་པ་ཞིག་ཡིན་པས་ཡང་བསྐྱར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཡིན་ནའང་། ངས་རང་ངོས་ནས་《བོད་ཀྱི་གསང་བ་》ཞེས་པའི་བརྙན་འཕྲིན་འདིའི་སྐོར་ལ་དཀར་འདོན་དང་དག་སེལ་ཞིག་བྱ་བར་འདོད་དེ།

    དང་པོ། ཁོ་བོ་འཁྲབ་ཞུགས་བྱས་པ་ནི་དམིགས་ཡུལ་དང་སེམས་བསྐྱེད་གཙང་མ་ངོ་མ་ཞིག་གི་ཆེད་དུ་ཡིན་ཏེ། བོད་ལྗོངས་ཀྱིས་བརྗོད་གཞི་བྱས་པའི་གློག་བརྙན་སྒྱུ་རྩལ་དར་སྤེལ་དང་མི་རིགས་ཀྱི་རིག་གནས་ཁྱབ་སྒྲོག་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་རེ་འདོན་བསམ་པ་ལས་གཞན་ཅི་ཡང་མིན་ལ། ངས་བསམ་ན་བོད་རིགས་ཀྱི་འཁྲབ་སྟོན་པ་གཞན་དག་ཀྱང་ང་དང་འདྲ་བའི་སེམས་བྱུང་ཅན་རྐྱང་རྐྱང་ཡིན་སྲིད། ད་དུང་ཁ་གསལ་སྒོས་ཞུ་འདོད་པ་ཞིག་ལ། ཁོ་བོའི་འཁྲབ་ཚན་གྱི་དུས་ཚོད་ནི་ཤིན་ཏུ་ཐུང་བས། སྒོར་མོ་ཡི་འོངས་སྒོའི་ཆེད་དུའང་རྩ་བ་ནས་མ་ཡིན་ཞེས་པ་དེའོ། །

    གཉིས་པ། དྲང་མོར་བཤད་ན། འཁྲབ་སྟོན་པ་ཞིག་ལ་མཚོན་ན། འཁྲབ་གཞུང་གི་ནང་དོན་དང་འཁྲབ་ཆས་ལ་རེ་རེ་ནས་བལྟས་ཤིང་བདམས་དགོས་ཤེ་ན་དེ་ནི་ཤིན་ཏུ་ནས་ཁག་པོ་ཞིག་རེད་འདུག བརྙན་འཕྲིན་དེ་བསྒྲགས་གཏོང་བྱས་རྗེས་མི་ཁ་ཤས་ཀྱིས་གནས་ཚུལ་ལ་ལ་ཞིག་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འཚམས་མི་འདུག་ཅེས་གསུངས། སྤྱིར་དགག་གཞག་བྱ་ཡུལ་དག་ཁོ་བོ་དང་ཐད་འབྲེལ་མེད་རུང་། བརྙན་འཕྲིན་དེར་འཁྲབ་ཞུགས་བྱས་པའི་ཆ་ནས་ཁོ་བོས་འདིར་གཟུགས་མཁན་དང་དྲ་གྲོགས་སྤུན་ཟླ་ཡོངས་ལ་ལྷག་བསམ་རྣམ་པར་དག་པའི་སྒོས་ནས་དགོངས་དག་ཞུས་པ་ཡིན།

    གསུམ་པ། ངའི་རེ་བ་ཡིན་ན་དྲ་ཐོག་གི་བསྟོད་སྨད་སྣ་མང་གི་དཔྱད་གཏམ་སྤེལ་བ་ཡོད་ཚད་དམིགས་ཡུལ་གཅིག་གི་དོན་ཡིན་པར་སྨོན་ཏེ། ཡོད་ཚད་རང་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་དང་། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ། རང་མི་རིགས་ཀྱི་བརྙན་འཕྲིན་སྒྱུ་རྩལ་གོང་འཕེལ་གཏོང་བ་བཅས་ཀྱི་ཆེད་ཡིན་པར་སྨོན་ནོ། །

  13. པདྨ says:
    2013-01-28 at 3:56 am

    http://www.sangdhor.com/blog_c.asp?id=10293&a=sangbu

  14. དགའ་ཡ་ says:
    2013-01-28 at 4:07 am

    གྲོགས་པོ་ཚོ་བཤད་གཏམ་དང་ངོ་རྒོལ་དགག་པ་སོགས་བྱས་པ་ཐུགས་རྗེ་ཆེ། ད་ལྟ་ང་ཚོས་ངོ་རྒོལ་བྱེད་སྟངས་ལ་འགྱུར་བ་ཕྲན་ཙམ་གཏོང་དགོས་འདུག བོད་ཡིག་གིས་སྟེང་ནས་བྲིས་ན་ཁོ་ཚོའི་བྱ་བ་ལ་འགྱུར་བ་གཏོང་ཐུབ་ཀྱི་ཁག་པས། ངས་ཁོ་ཚོའི་པོད་ཕྲན་ཤེས་ཡོད་ད་ཅུང་ཙམ་ནས་དྲ་ཐོག་ལ་བཀོད་ཀྱི་ཡིན་དེ་དག་གི་སྟེང་དུ་རྒྱ་ཡིག་ལམ་ནས་མང་པོ་འབྲི་མི་ཤེས་ན་ཡང་ངོ་རྒོལ་ཙམ་གྱི་རྣམ་པ་ངེས་པར་དུ་སྟོན་དགོས་འདུག གྲངས་ཀ་ཇི་ཙམ་མང་ན་དེ་ཙམ་གྱིས་བཟང་སྙམ།

  15. དགའ་ཡ་ says:
    2013-01-28 at 4:16 am

    དགོངས་དག་ཞུས་པས་ཅི་ལ་ཕན། དེ་བས་གློག་བརྙན་དེ་ཕྱིར་བསྡུ་མ་བྱེད་པར་སྒོ་གང་ས་ནས་ཐབས་སྣ་ཚོགས་ཀྱིས་ངོ་རྒོལ་མུ་མཐུད་དེ་བྱེད་ན་ཧ་ཅང་འགྲིག

  16. དགའ་ཡ་ says:
    2013-01-28 at 4:19 am

    དབུས་བརྙན་འཕྲིན་གྱི་འཕྲིན་ལམ་བརྒྱད་པ་སོགས་སུ་རྒྱ་ཡིག་གི་ལམ་ནས་རེ་སྐུལ་མང་ཙམ་འབྲི་དགོས་འདུག འཁྲབ་ཁྲིད་པ་དང་འཁྲབ་རྩོམ་འབྲི་མཁན་སོགས་ཀྱི་ཡིག་སྒམ་དང་ཁོ་ཚོའི་དྲ་སྟེང་སོགས་ས་ངོ་རྒོལ་འཕྲིན་ཡིག་་འབྲི་དགོས་འདུག

  17. དགའ་ཡ་ says:
    2013-01-28 at 4:20 am

    ངོ་དེབ་དང་།དྲ་ཚིགས། པོད་ཕྲན། ཡིག་ཟམ་སོགས་རྩད་གཅོད་བྱས་ནས་དེའི་སྟེང་ལ་གཏོང་མཚམས་འཇོག་པ་དང་། དགོངས་གསལ་ཞུ་བ། གློག་བརྙན་ཕྱིར་བསྡུ་སོགས་བྱེད་དགོས་སྐོར་རྒྱ་ཡིག་གི་སྟེང་ནས་ཁོ་ཚོའི་དྲ་སྟེང་དུ་བཀོད་ན་ཧ་ཅང་བཟང་རྒྱུ་རེད་སྙམ།

  18. རེབ་ཐོག་མདའ says:
    2013-01-28 at 5:02 am

    ང་ཚོས་ཡ་ལན་ཚང་མ་འཁྲད་ཁྲིད་པའི་སྒང་ལ་འཇོག་ཡ་ཡོད་པ་མ་རེད། རྒྱུ་མཚན་ཁོང་ཚོ་སེམས་བོད་ལ་ཐོག་ཀྱང་ལུས་རྒྱ་མིའི་དང་མ་བསྟུན་རང་བསྟུན་རེད། གལ་སྲིད་ཁོང་ཚོ་བོད་ཞེན་མེད་ན་གླུ་བ་བསམ་ཁོའི་གསལ་བཤད་ཡི་གེ་དེ་འབྲི་དགོས་པའི་རྒྱུ་མཚན་ཡོད་པ་རེད། རྒྱུ་མིའི་བོད་པ་གཅིག་པུ་མ་རེད།་ཁོང་ཚོ་ལ་མ་དགའ་བ་ཞིག་ཡིན་ན་དེ་ལ་སྐྱོན་དང་ཉེས་པ། རྫུན་དང་ཁྲ་མ། གཡོ་སྒྱུ་དང་བག་མེད་ངང་ནས་ལས་དོན་བྱེད་པ་དེ་ད་ཐེངས་འདི་གཅིག་པོ་མ་རེད། དཔེར་ན་འཇར་པན་རེད། ཁོང་ཚོ་འཇར་པན་ལ་མ་འགའ་པའི་རྐྱེན་ཀྱིས་གློག་བརྙན་སོགས་འཇར་པན་དང་མི་དགའ་བ་ལས་དགའ་བ་གཅིག་བཟོ་གི་ཡོད་པ་མ་རེད། གཞན་དཔེར་ན་བོད་རྒྱལ་སྲོང་བཙན་སྒམ་པའི་སྐོར་གི་གློག་བརྙན་གཅིག་འཁྲབ་ཡོད་རེད། དེ་ཡང་རྒྱ་མིའི་རང་གི་དགའ་ཕྱོགས་ལྟར་བརྙན་ཕབ་ཞེས་ཡོད་པ་རེད། ཁོང་ཚོ་རྫུན་བཤད་པར་གོམས་ནས་ཡོད་པ་རེད། དེའི་རྐྱེན་ཀྱིས་བོད་ཀྱི་འཁྲབ་ཁྲིད་པ་དག་ལ་ཡ་ལན་སྤྲོད་རྒྱུ་ཡོད་པ་མ་རེད། ཁོང་ཚོ་ལ་རང་དབང་ཡོད་མིན་དུས་སེམས་བོད་ལ་ཐོག་ཀྱང་ལུས་གཞན་དབང་དུ་མ་སོང་ག་མེད་རེད་འདོད

  19. བྲོ་འཚལ། says:
    2013-01-28 at 5:42 am

    ད་ཡིན་ན་དྲ་འབུ་ཁ་བདེ་ལྕེ་བདེ་དང་། གནས་ལུགས་རྒྱུ་མཚན་ལ་མྱོང་བ་ཟབ་པའི་མི་བུ་ཡོད་སྔུན་དུ་ཐོན་ཤོག རྒྱ་གུང་ཁྲན་དམར་པོས་མི་བདེན་རྫུན་སྒྲིག་གིས་བོད་མི་ལར་ཞེན་དབུལ་བའི་ནང་རུལ་བ་ཁ་ཤས་བེད་སྤྱོད་བྱས་ཏེ་དོན་ངོ་མ་ལས་རྒྱང་དུ་འཁྱམས་པའི་ལོ་རྒྱུས་རྫུན་མ་ཞིག་འཁྲབ་འདུག་པ་འདི་ལ་རྒོལ་ལན་འདེབས་པའི་དྲག་ཆར་ཕོབས་ཤིག

  20. ཅོ་རི་ཉི་མ། says:
    2013-01-28 at 5:44 am

    2012.01.02 10:38:38

    ཅོ་རི་ཉི་མ།
    འཐབ་ཕྱོགས་གཅིག་ཁང་གི་ཀྲུང་ཝེན་ཆུན་གྱི་རྫུན་རྐུབ།

    འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཀྲུང་ཝེན་ཆུན་ལགས་ཀྱིས་ཡུང་རོ་ཁུལ་དུ་བོད་ཞི་བའི་བཅངས་གྲོལ་བཏང་རབས་དང་བཀའ་བཀོད་རྒྱུད་འཛིན་གྱི་ཕྲན་གཡོག་ཞིང་ཕྲན་ལམ་ལུགས་རྩ་མེད་བཟོས་རབས་བཤད་ཀྱི་འདུག

    དོན་དངོས་པོའི་ཐོག་ཏུ་གུང་ཁྲན་ཏང་གིས་བཀའ་བཀོད་རྒྱུད་འཛིན་གྱི་ཕྲན་གཡོག་ཞིང་ཕྲན་ལམ་ལུགས་རྩ་མེད་བཟོས་པ་མ་ཡིན་པར་རྩ་འཛུགས་བྱས་པ་རེད། ༡༩༥༩ལོར་གུང་ཁྲན་ཏང་བོད་དུ་བསླེབས་ནས་མཉམ་ལས་ཟེར་བའི་ཕྲན་གཡོག་ཞིང་འབྲོག་ལམ་ལུགས་གསར་འཛུགས་བྱས་པ་རེད།

    སྐབས་དེ་དུས་ང་ཅོ་རི་ཚང་གི་ཁྱིམ་ཚང་ལ་ས་བདག་པ་རེད་ཟེར་ནས་ཕ་ཁང་དང་རྒྱུ་ནོར་ཚང་མར་ཏང་གིས་བཙན་ཕྲོགས་བཟོས། ང་ཅོ་རི་ཚང་དང་འདྲ་བའི་བོད་ཁམས་ཀྱི་ས་བདག་དང་འབྲོག་བདག་ཚང་མའི་ཕ་གཞི་དང་ཕ་ནོར་བཙན་ཕྲོགས་བྱས་པ་རེད། དེར་གུང་ཁྲན་ཏང་གིས་བརྗེད་པར་མ་རེད་དམ། བསམ་བློ་ཞིག་ཐོངས་དང་ཀྲུང་ཝེན་ཆུན་ལགས།

    དེ་ནས་་་མཉམ་ལས་ཟེར་བའི་ལས་འགོ་བཙུགས་ནས་ས་ཞིང་དང་རྩྭ་ཐང་ཚང་མ་མཉམ་ལས་གཞུང་གི་ཡིན་པ་དང་རྟ་ཟོག་སེམས་ཅན་ར་ལུག་ཕག་དང་བཅས་པ་མཉམ་ལས་གཞུང་གི་རེད། བོད་མི་ཞིང་པ་རྣམས་ཀྱིས་ཉིན་མཚན་མེད་པར་ཞིང་ལས་དང་ལམ་ལས་འགྲོ་དགོས་པ་མ་ཟད་ནད་ན་ཡང་སྡོད་དབང་མེད་པར་ལས་ཀར་འགྲོ་དགོས། ཞོར་ལ་གུན་ཁྲན་ཏང་གི་རྒྱ་དཔོན་ཚོས་རྡུང་རྡེག་བཏང་གི་རེད།

    སྐབས་དེ་དེང་གི་གུན་ཁྲན་ཏང་གིས་འཛུགས་པའི་མཉམ་ལས་ཞིང་ལས་ལམ་ལུགས་ནི་ཨ་མེ་རི་ཀའི་ཕྲན་གཡོག་ཞིང་ཕྲན་ལམ་ལུགས་ལས་ཀྱང་བཙན་མནན་དང་སྡུག་སེམས་ཆེ་བ་ཡོད། བོད་མི་རྣམས་བརྡུངས་ཀྱིན་བརྡུངས་ཀྱིན་ལས་ཀ་ལ་དེད་འགྲོ་གི་རེད། ལོ་གཅིག་གི་རིང་དུ་དཀའ་ལས་བརྒྱབས་ཀྱང་མཐའ་མ་འབྲུ་རིགས་མང་ཤོས་གུང་ཁྲན་ཏང་ལ་ཁྲལ་སྤྲད་དགོས།

    ༡༩༦༡ལོར་བོད་ཁམས་ཁུལ་དུ་ལྟོ་མེད་ནས་མི་མང་པོ་ལྟོགས་ཤི་ཕྱིན་པ་རེད། འགའ་རེས་གོ་བའི་ལྷམ་ཆུ་ལ་བཙོས་ནས་ཟས་པ་རེད། ཀྲུང་ཝེན་ཆུན་ལགས་་ཨ་མེ་ཀའི་ཕྲན་གཡོག་ཞིང་ཕྲན་ལམ་ལུགས་ཡོད་པའི་སྐབས་སུ་ལྷམ་གོ་བཙོས་ནས་ཟས་པའི་ལོ་རྒྱུས་འདྲ་གོ་མྱངས་སམ།

    བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་དུ་ལྷམ་གོ་བཙོས་ནས་ཟས་པའི་ལོ་རྒྱུས་ཤིག་ཁྱོད་ཀྱིས་གོ་མྱངས་དང་མཐོང་མྱངས་ཡོད་དམ། གུན་ཁྲན་ཏང་གིས་མཉམ་ལས་བཙུགས་སྐབས་སུ་དངོས་གནས་གོ་ལྷམ་བཙོས་ནས་བོད་མི་ཚོས་ཟས་པ་རེད། མི་བདེན་བསམ་ན་ཞིབ་འཇུག་བྱོས། ངས་རྫུན་བཤད་ཀྱི་མེད།

    ཕྲན་གཡོག་ཞེས་པ་ནི་ལས་ཀ་ལས་དབང་ཡོད་པ་ལས་རྒྱུ་ནོར་ཐོབ་ཐང་མེད་མཁན་རྣམས་སུ་གོ་དགོས། མཉམ་ལས་སྐབས་སུ་ལས་ཀ་ལས་དགོས་པ་ལས་རྒྱུ་ནོར་གྱི་ཐོབ་ཐང་གི་ཐོག་ནས་མི་དམངས་སུ་ལྟོ་གོས་ཀྱི་འདང་ངེས་མེད། དེར་འདྲ་བའི་མཉམ་ལས་ཞིང་ཕྲན་ལམ་ལུགས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་བར་དུ་ལག་བསྟར་བྱས་པ་རེད། ཞིང་འབྲོག་ས་ཁུལ་ནས་ཁྲལ་ཆེན་པོ་བསྡུས་བསྡུས་ཀྱིས་གུན་ཁྲན་ཏང་གི་དཔལ་འབྱོར་གྱི་མ་རྐང་ཚུགས་པ་རེད། ངོ་ཚ་ཡོད་ན་གུན་ཁྲན་ཏང་ཕྱུག་པོ་ཆགས་སྟངས་གང་ཡིན་དྲང་པོ་ཞིག་ལབ་དང་། དེར་ཡང་བརྗེད་ཟིན་པར་འདྲ།་མ་རེད་དམ།

    མ་ཟད་ཁྱོད་ཀྱིས་རྒྱ་སྒོར་དུང་ཕྱུར་མང་འགྲོ་སོང་བཏང་ནས་བོད་མི་རྣམས་སུ་དཔལ་འབྱོར་ཡར་རྒྱས་བཏང་ཡོད་ཞེས་བཤད་ཀྱི་འདུག རེད་་་གུན་ཁྲན་ཏང་གིས་ངོས་ནས་སྒོར་དུང་ཕྱུར་མང་པོ་བཏང་ཡོད་བདེན་པ་ཡིན་པའི་དབང་དུ་བཏང་ཡང་བོད་རྒྱ་ཆེན་མི་དམངས་ལ་ཕན་ཐོགས་བྱུང་མེད། གུན་ཁྲན་ཏང་གི་ལྐོག་ཟས་རུལ་སུངས་ཀྱིས་སྒོར་དུང་ཕྱུར་མང་པོའི་ནང་ནས་བརྒྱ་ཆ་བཅུ་ཙམ་མ་གཏོགས་བོད་མི་དམངས་ཀྱི་ལག་ཏུ་ཡོང་ཐུབ་ཀྱི་མེད། ཁྱོད་ཀྱིས་སྒོར་མོ་ག་ཚོད་བཏང་ཡོད་ཞེས་སྐད་འབོད་བརྒྱབས་ཀྱང་སྒོར་མོ་བརྒྱ་ཆ་དགུ་ཅུ་གུན་ཁྲན་ཏང་གི་དཔོན་རིགས་ཚོས་ཟས་པ་རེད། ལུང་པ་ཡར་རྒྱས་བཏང་སྟངས་དེ་འདྲ་སྡུག་སྐྱག་ཡོད་པའི་རྒྱུ་མཚན་གྱིས་མི་རིགས་༥༦གིས་ཕྱོགས་བཞི་མཚམས་བརྒྱད་ནས་གུན་ཁྲན་ཏང་ལ་ངོ་རྒོལ་བྱས་ཀྱི་ཡོད་པར་མ་ཡིན་ནམ། ་་ཧཧཧཧཧ

  21. ཅོ་རི་ཉི་མ། says:
    2013-01-28 at 6:44 am

    ཏང་གི་ཕྲན་གཡོག་མཉམ་ལས་ཞིང་འབྲོག་ལམ་ལུགས་སྐབས་སུ་མནར་གཅོད་དང་རྡུང་རྡེག བོད་མི་རིགས་གུན་ཁྲན་ཏང་གིས་ཕྲན་གཡོག་ཅི་འདྲ་བྱས་མིན་བོད་མི་རྒན་པ་ཚོས་མྱོང་བ་དངོས་གྲུབ་ཡིན།
    གུན་ཁྲན་ཏང་གིས་དགེ་ཕྲུག་ལ་དགེ་རྒན་བརྡུངས་བཅུག
    སློབ་མ་ལ་བླ་མ་བརྡུངས་བཅུག
    ཕྲུ་གུ་ལ་ཕ་མ་བརྡུངས་བཅུག
    ལས་མི་ལ་རྒྱུ་བདག་བརྡུངས་བཅུག་་་་་་མི་སྤྱོད་ལས་འདས་པའི་བྱ་བ་བསྒྲུབས་མྱོང་བ་བོད་མི་ཚོའི་སེམས་ལ་གསལ་པོ་ཡོད།།

  22. ལུང་རྟོགས། says:
    2013-01-28 at 8:02 am

    བོད་མི་རིགས་དཀའ་སྡུག་ཁྲོད་ལྷུང་བའི་དུས་འདི་འདྲ་ལ་བསམ་ཤེས་མེད་པའི་བོད་རིགས་སྒྱུ་རྩལ་བ་ཚོའི་བྱེད་སྟངས་འདི་ནི་འགྱེལ་བའི་ཐོག་ལ་རྡོག་བརྫིས་ཀྱི་དཔེར་སོང་བས་སེམས་སྐྱོ་སོང་། ཡིད་མུགས་སོང་།

  23. གནམ says:
    2013-01-28 at 8:46 am

    ཡ་ཨ་རོགས་ཚོ། མུ་འབྲེལ་གློག་བརྙན་དེ་ད་ལྟ་མཐོང་མ་མྱོང་། ཡིན་ན་ཡང་། བདེན་པ་ལས་ལྡོག་པ་ཞིག་བཟོས་ཡོད་པ་འདྲ། གང་ལྟར་དེ་ནི་ལོ་རྒྱུས་དང་འབྲེལ་བ་ཡོད་པས་ན། བློ་འདྲི་བྱེད་སའི་ལོ་རྒྱུས་བ་དགོས་བ་དང་། དེ་དག་གྲགས་ཅན་ག་ཚོད་ཡོད་ན་དེ་ཚད་ཀྱིས་ལྟད་མོ་ལ་ཆེ་མཐོང་དང་གདེང་འཇོག་ཐོབ་པ་རེད། དེ་ན། ད་ལྟའི་ལྟད་མོ་འདིའི་ནང་ན་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ལ་མཁས་བའི་རྒྱ་བོད་དབྱིན་སོག་སོགས་ཀྱི་ལོ་རྒྱུས་བ་སུ་དང་སུ་འདུག་གམ། དེ་འདྲ་ཡོད་ན་དེ་འདྲ་འདེད་དགོས་བ་རེད། དེ་འདྲ་མེད་ན། རྒྱ་ནག་མ་ཡིན་པའི་འཛམ་གླིང་གི་མི་མང་གིས་ལོ་རྒྱུས་ལོག་ལམ་དུ་འཁྲིད་པའི་ལྟད་མོ་ལ་དགའ་མོས་མི་བྱེད། འདི་ལོ་རྒྱུས་དང་འབྲེལ་བ་ཡོད་པས་ན། རྟགས་བཟོ་རང་བཞིན་གྱི་གློག་བརྙན་ལྟར་གང་བྱུང་བྱུང་དུ་འཁྲབ་ན་འགྲིག་པའི་གུ་ཡངས་དེ་འདྲ་ཡང་མེད་པ་རེད། འདི་ནི་རྒྱ་ནག་གི་རང་མཚང་སྟོན་སྤྱེད་དང་། བོད་མི་རིགས་འདི་དགྲ་ལ་ཁྲོ་སེམས་འཕེལ་བའི་བྱ་སྤྱོད་ཡག་ཤས་ཤིག་ཡིན་པ་རེད། མི་རིགས་སུ་འདྲ་ཞིག་ཡིན་ན་ཡང་སོ་སོ་རིགས་རྒྱུད་ངན་པ་ཞིག་དང་ཀླ་ཀློ་ཞིག་ནས་ཡོང་བ་ཡིན་པས་མཐོང་ཆུང་ཁྱད་གསོད་ལ་དགའ་བ་སྒོམ་མཁན་མེད་པ་ཐ་ན་རྒྱ་རིགས་ཚུན་ཆད་ནས་ཤེས་ཡོད་པ་ཞིག་ཡིན་པས། ལྟད་མོ་འདི་བོད་མའི་སེམས་ཁུངས་ལ་འཛུལ་བའི་ན་ཚའི་རྣག་ཐུམ་ཞིག་གི་ལོག་འགྲོ་བའི་དགེ་མཚན་ཡང་མེད་མི་སྲིད་པ་ཞིག་མ་རེད། རྒྱ་བོད་གཉིས་ཁ་ཁ་ཡིན་པའི་འཁོན་འཛིན་ཡོད་པ་ཙམ་གྱིས་བོད་འདི་ཤི་ལམ་ལ་མི་འགྲོ་བའི་བཟང་ལྟས་ཤར་བ་རེད།
    བོད་མི་འཁྲབ་སྟོན་པ་དེ་ཚོ་ཡང་གཡོ་སྒྱུ་ཞིག་་གིས་བསླུས་ཡོད་པ་ནི་གསལ་བོ་རེད། འཁྲབ་གཞུང་ཆ་ཚང་གི་གོ་རིམ་ལ་གསལ་ཁ་ཡོད་པ་དང་རང་གི་འཁྲབ་ཚན་ལ་རྒྱུས་ང་བ་ཆེ་བ་ཞིག་བྱེད་དགོས་པ་རེད། དེ་འདྲའི་གསལ་ཁ་མ་བསྟན་པ་ཡང་གསལ་བོ་རེད། དེ་འདྲའི་གསལ་ཁ་བསྟན་པའི་འཁྲབ་གཞུང་ཞིག་མ་ཡིན་པར་མིའི་སྙན་གྲགས་ཀྱིས་གཡོ་ཇུས་བྱ་བའི་ལས་རིགས་སྤེལ་བ་ནི་ཁྲེལ་མེད་དང་ཁྲིམས་འགལ་ཡིན་པ་རེད། བོད་མི་དེ་ཚོ་ལ་སྡང་སེམས་བཟུང་བས་མི་ཕན། ང་ཚོས་ཕྱོགས་ཡོངས་ནས་སྤྱང་གྲོང་ལྡན་པ་བྱེད་དགོས། ཁོང་ཚོ་ལ་མཚོན་ན། འདི་ནི་ཐེངས་དང་པོར་རྒྱའི་གཡོ་ཇུས་ཀྱི་རྙི་ལ་ཚུད་པ་ཞིག་ཡིན་རྒྱུ་རེད། ཡིན་པའི་ཆ་ནས་དགོངས་དག་དང་གནོང་འགྱོད་སྐྱེས་པ་རེད།
    འགལ་འདོད་ཡོད་ན། ལོ་རྒྱུས་བ་དང་འཁྲབ་ཁྲིད་པ་སོགས་ཀྱི་ལས་མི་སྣ་འདྲེན་པ་དག་ལ་རྒོལ་དགོས་བ་རེད། དེ་མིན་སྐད་ཆ་གཞན་རྣམས་ལྟད་མོ་མཐོང་བ་དང་དམུར་ཀི་ཡིན།

  24. བན་དེ་བ། says:
    2013-01-28 at 9:06 am

    ངས་ནི་གློག་བརྙན་དེ་མཐོང་ཐུབ་ཀྱི་མི་འདུག་དེར་རྟེན་བཟང་ངན་གྱི་སྐད་ཆ་བཤད་རྒྱུ་མི་འདུག གང་ལྟར་དངོས་ཡོད་ཀྱི་ལོ་རྒྱུས་འཁྲབ་ཡོད་དངོས་ཡོད་ལ་དངོས་ཡོད་དུ་ཁས་ལེན་དགོས། དེ་ལ་ངོ་གནོང་དགོས་པ་དང་སྐྱོན་ཆ་མེད། འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་སྤྱི་ཚོགས་རྙིང་པའི་ལོ་རྒྱུས་ལ་ནག་ཐིག་མེད་པར་མེད། ནུབ་ཕྱོགས་པའི་སྤྱི་ཚོགས་རྙིང་པའི་ལོ་རྒྱུས་ནང་དུ་བོད་ལས་ཀྱང་ཆེས་ཐབས་སྡུག་པ་བྱས་མྱོངས་ཡོད། ཨ་རི་ཡིས་ཨབ་རི་ཀའི་མི་ནག་ལ་གླང་དང་རྟ་ལས་ཀྱང་ཐབས་སྐྱོ་བའི་བྲན་གཡོག་དང་ཨ་རིས་ས་བདག་རྡོ་བདག་གི་ཨ་རིའི་མི་རིགས་ལ་སེམས་ལ་འཆར་ཀྱང་མི་ཕོད་པའི་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་སྤྲད་ཡོད། དེ་བཞིན་ཨ་རབ་དང་རྒྱ་ནག་སོགས་རྒྱལ་ཁབ་ཕལ་ཆེ་བའི་ལོ་རྒྱུས་སུ་བྱུང་ཡོད། དེ་འདས་པའི་ལོ་རྒྱུས་རེད། རྒྱ་ནག་གིས་ཇི་ལྟར་འཁྲབ་ཀྱང་དེ་འདས་པའི་གནས་ཚུལ་ཞིག་ཡིན་པས་མི་རབས་གསར་པས་དུས་རབས་གསར་པའི་གནས་སྟངས་ལ་བསམ་སྟེ་ཐག་ཆོད་བྱེད་པ་ལས། འདས་པའི་བྱུང་རབས་བཟང་ངན་གྱིས་དུས་རབས་གསར་པའི་གནས་སྟངས་ལ་འགྱུར་འགྲོས་གཏོང་མི་ཐུབ་པས་སེམས་ཁྲལ་བྱེད་དགོས་མེད་བསམ། རྒྱ་ནག་གིས་ཉི་ཧོང་དམག་གིས་རྒྱ་ནག་གི་མི་སེར་ལ་གདུག་རྩུབ་བྱས་རབས་ཀྱིས་གློག་བརྙན་མང་པོ་བཟོས་ཡོད་པར་མ་ཟད་རྟག་པར་བསྟན་དང་སྟོན་བཞིན་པ་ཡིན། འོན་ཀྱང་དེས་ཉི་ཧོང་ལ་སྐྱོན་ཆ་ཅི་ཡང་བྱུང་མེད་པར་མ་ཟད་དེས་ཉི་ཧོང་གི་སྐོར་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད།

  25. རེབ་ཐོག་མདའ says:
    2013-01-28 at 9:13 am

    གང་ལྟར་ད་ལྟ་གློག་བརྙན་ཕབ་བསྐྲུན་ནི་བྱས་ཚར་བ་རེད། ད་ང་ཚོ་བྱེད་ཐུབ་པ་དེ་གློག་བརྙན་ཕབ་བསྐྲུན་ཁང་དང་གློག་བརྙན་ཕབ་སྐུན་མི་སྣ་སོ་སོར་རྒྱ་ཡིག་གི་ལམ་ནས་གློག་བརྙན་སྤྱི་ཚོགས་དུ་དར་ཁྱབ་འགྲོ་བཞིན་པ་དེ་བཀག་འགོག་བྱེད་ཐུབ་གི་བལྟ་བ་ལས་གཞན་སྐད་ཆ་སྦོམ་པོ་འགའ་བྱེད་དེ་བསྡད་ནས་ཆོ་ཡོད་པ་མ་རེད་བསམ

  26. དགའ་ཡ་ says:
    2013-01-28 at 9:38 am

    བོད་ཀྱི་གསང་བ་ཞེས་པའི་བརྙན་འཕྲིན་ཟློས་གར་ལ་ལྟ་འདོད་ཆེ་ཞིང་བལྟས་མ་མྱོང་ཁན་དག་གི་སྤྱན་ལམ་དྲ་ཚིགས་འདི་ཕུལ་རྒྱུ་ཡིན། 《 བོད་ཀྱི་གསང་བ། 西藏秘密 》
    http://tv.sohu.com/20130109/n362958760.shtml ལྟ་ཆསhttp://m.tv.sohu.com/app
    འདི་ནས་བལྟས་རྗེས་བསམ་ཚུལ་ཞིག་གསུངས་རོགས། མགོ་སྔ་ཁ་ཚང་ལ་ལྟ་དགོས་ཚེ་དུས་ཚོད་མང་པོ་ཞིག་དགོས་འདུག

  27. སྣང་བྲལ་རྡོ་རྗེ། says:
    2013-01-28 at 12:35 pm

    གང་ལྟར་རྒྱ་ནག་གིས་གཏིང་ནག་པོས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་ཡོད་པ་དེ། གསལ་སྟོན་ངེས་པར་དུ་བྱེད་དགོས་པའི་འགན་བོད་མི་ཡོད་དོ་ཅོག་ལ་བབས་ཡོད།

  28. རས་པ། says:
    2013-01-28 at 12:54 pm

    དེ་སྔ་རྒྱ་ནག་གིས་བོད་བརྗོད་དོན་དུ་བཟོས་པའི་<>དང་། <>ཡོད་པ་རེད། དེ་ལ་པཎ་ཆེན་རིན་པོ་ཆེས་དགག་པ་གནང་འདུག ཕྱིས་སུ་དེ་ལ་བོད་མི་མང་གིས་དགའ་བསུ་མ་ཐོབ་པ་དང་། རྒྱལ་སྤྱིའི་སྟེང་བོད་ལ་ཉན་མཁན་བལྟ་མཁན་མང་པོ་སོགས་ཀྱིས་་ག་ལེར་གྲགས་འགུལ་མེད་པ་ཆགས། དེའི་རྗེས་ནས་<>དང་། <><>སོགས་སླེབས་པ་རེད། བོད་མི་རྣམས་ཁ་ཁུ་སིམ་པོར་བསྡད་པ་རེད། གཅིག་བྱས་ན་རྒྱ་ནག་གིས་བོད་ཀྱི་དེང་གི་མི་རྣམས་ཀྱིས་བརྗོད་དོན་དེ་ལྟར་བུར་དང་ལེན་བྱེད་པའི་ནུས་པ་ཐོན་ཡོད་པར་བསམ་ཡོད་སྲིད། ད་ཐེངས་<>ཕབ་བསྐྲུན་འགྲེམས་སྤེལ་བྱས་ཏེ་ཁོ་ཚོའི་ཚོད་དཔག་གི་མཇུག་འབྲས་ལ་བལྟ་འདོད་པ་རེད། ང་ཚོས་འདི་ལ་ངོ་ཡ་བྱེད་དུས་འཁྲབ་སྟོན་པ་བོད་པ་ཡིན་པ་ལ་མ་འདོད་པ་བྱས་ཆོག་ཀྱང་། ཡ་ལན་བཙུགས་ན་འོས་མཚམས་སུ་མ་མཐོང་། གློག་བརྙན་འདིའི་འཁྲབ་གཞུང་ཐད་ལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཞིབ་གཤེར་དང་། བཅོས་སྒྲིག་མང་པོ་བྱས་ནས་གཏན་འབེབས་ཀྱིས་འཁྲབ་ཁྲིད་པའི་ལག་ཏུ་བཞག་ཅིང་འཁྲབ་སྟོན་པ་བསྡུས། བོད་མི་ཨག་འདེབས་མཁན་དེ་དག་གི་ཁྲོད་དུ་འདིའི་དོན་སྙིང་ཐད་འགྲེལ་བཤད་དང་འཆར་སྣང་ཡོད་མཁན་གཅིག་ཀྱང་ཡོད་ཚོད་དཀའ་འདུག བྱས་ཙང་། གློག་བརྙན་འདི་འཆར་གཞི་ཡོད་པ་དང་། དམར་ཤོག་རྩ་འཛུགས་རང་བཞིན་གྱི་བོད་ཐོག་འཛིན་པའི་སྲིད་ཇུས་ཤིག་རེད་ཅེས་བཤད་ཆོག་པ་འདྲ་འདུག་བསམ་མོ།།

  29. རས་པ། says:
    2013-01-28 at 12:54 pm

    དེ་སྔ་རྒྱ་ནག་གིས་བོད་བརྗོད་དོན་དུ་བཟོས་པའི་<>དང་། <>ཡོད་པ་རེད། དེ་ལ་པཎ་ཆེན་རིན་པོ་ཆེས་དགག་པ་གནང་འདུག ཕྱིས་སུ་དེ་ལ་བོད་མི་མང་གིས་དགའ་བསུ་མ་ཐོབ་པ་དང་། རྒྱལ་སྤྱིའི་སྟེང་བོད་ལ་ཉན་མཁན་བལྟ་མཁན་མང་པོ་སོགས་ཀྱིས་་ག་ལེར་གྲགས་འགུལ་མེད་པ་ཆགས། དེའི་རྗེས་ནས་<>དང་། <><>སོགས་སླེབས་པ་རེད། བོད་མི་རྣམས་ཁ་ཁུ་སིམ་པོར་བསྡད་པ་རེད། གཅིག་བྱས་ན་རྒྱ་ནག་གིས་བོད་ཀྱི་དེང་གི་མི་རྣམས་ཀྱིས་བརྗོད་དོན་དེ་ལྟར་བུར་དང་ལེན་བྱེད་པའི་ནུས་པ་ཐོན་ཡོད་པར་བསམ་ཡོད་སྲིད། ད་ཐེངས་<>ཕབ་བསྐྲུན་འགྲེམས་སྤེལ་བྱས་ཏེ་ཁོ་ཚོའི་ཚོད་དཔག་གི་མཇུག་འབྲས་ལ་བལྟ་འདོད་པ་རེད། ང་ཚོས་འདི་ལ་ངོ་ཡ་བྱེད་དུས་འཁྲབ་སྟོན་པ་བོད་པ་ཡིན་པ་ལ་མ་འདོད་པ་བྱས་ཆོག་ཀྱང་། ཡ་ལན་བཙུགས་ན་འོས་མཚམས་སུ་མ་མཐོང་། གློག་བརྙན་འདིའི་འཁྲབ་གཞུང་ཐད་ལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཞིབ་གཤེར་དང་། བཅོས་སྒྲིག་མང་པོ་བྱས་ནས་གཏན་འབེབས་ཀྱིས་འཁྲབ་ཁྲིད་པའི་ལག་ཏུ་བཞག་ཅིང་འཁྲབ་སྟོན་པ་བསྡུས། བོད་མི་ཨག་འདེབས་མཁན་དེ་དག་གི་ཁྲོད་དུ་འདིའི་དོན་སྙིང་ཐད་འགྲེལ་བཤད་དང་འཆར་སྣང་ཡོད་མཁན་གཅིག་ཀྱང་ཡོད་ཚོད་དཀའ་འདུག བྱས་ཙང་། གློག་བརྙན་འདི་འཆར་གཞི་ཡོད་པ་དང་། དམར་ཤོག་རྩ་འཛུགས་རང་བཞིན་གྱི་བོད་ཐོག་འཛིན་པའི་སྲིད་ཇུས་ཤིག་རེད་ཅེས་བཤད་ཆོག་པ་འདྲ་འདུག་བསམ་མོ།།
    གློག་བརྙན་ཡོད་པའི་དྲ་བྱང་། http://tv.sohu.com/s2013/xzmm/

  30. རས་པ། says:
    2013-01-28 at 12:59 pm

    དེ་སྔ་རྒྱ་ནག་གིས་བོད་བརྗོད་དོན་དུ་བཟོས་པའི་༼ཞིང་བྲན་༽དང་། ༼སྐྱེས་མི་ཆོག་པའི་མི་༽ཡོད་པ་རེད། དེ་ལ་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་དགག་པ་གནང་འདུག ཕྱིས་སུ་དེ་ལ་མི་མང་གིས་དགའ་བསུ་མ་ཐོབ་པ་དང་། རྒྱལ་སྤྱིའི་སྟེང་བོད་ལ་ཉན་མཁན་བལྟ་མཁན་མང་པོ་སོགས་ཀྱིས་ག་ལེར་གྲགས་འགུལ་མེད་པ་ཆགས། དེའི་རྗེས་ནས་༼དུས་འགྱུར་༽༼ཝུན་ཤིང་ཀོང་ཇོ་༽༼དགེ་སྟག་སྤྲུལ་སྐུ་༽སོགས་སླེབས་པ་རེད། བོད་མི་རྣམས་ཁ་ཁུ་སིམ་པོར་བསྡད་པ་རེད། གཅིག་བྱས་ན་རྒྱ་ནག་གིས་བོད་ཀྱི་དེང་གི་མི་རྣམས་ཀྱིས་བརྗོད་དོན་དེ་ལྟ་བུར་དང་ལེན་བྱེད་པའི་ནུས་པ་ཐོན་ཡོད་པར་བསམ་ཡོད་སྲིད། ད་ཐེངས་༼བོད་ཀྱི་གསང་བ་༽ཕབ་བསྐྲུན་འགྲེམས་སྤེལ་བྱས་ཏེ་ཁོ་ཚོའི་ཚོད་དཔག་གི་མཇུག་འབྲས་ལ་བལྟ་འདོད་པ་རེད། ང་ཚོས་འདི་ལ་ངོ་ཡ་བྱེད་དུས་འཁྲབ་སྟོན་པ་བོད་པ་ཡིན་པ་ལ་མ་འདོད་པ་བྱས་ཆོག་ཀྱང་། ཡ་ལན་བཙུགས་ན་འོས་མཚམས་སུ་མ་མཐོང་། གློག་བརྙན་འདིའི་འཁྲབ་གཞུང་ཐད་ལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཞིབ་གཤེར་དང་། བཅོས་སྒྲིག་མང་པོ་བྱས་ནས་གཏན་འབེབས་ཀྱིས་འཁྲབ་ཁྲིད་པའི་ལག་ཏུ་བཞག་ཅིང་། བོད་མི་ཨག་འདེབས་མཁན་དེ་དག་གི་ཁྲོད་དུ་འདིའི་དོན་སྙིང་ཐད་འགྲེལ་བཤད་དང་འཆར་སྣང་ཡོད་མཁན་གཅིག་ཀྱང་ཡོད་ཚོད་དཀའ་འདུག བྱས་ཙང་། གློག་བརྙན་འདི་འཆར་གཞི་ཡོད་པ་དང་། དམར་ཤོག་རྩ་འཛུགས་རང་བཞིན་གྱི་བོད་ཐོག་འཛིན་པའི་སྲིད་ཇུས་ཤིག་རེད་ཅེས་བཤད་ཆོག་པ་འདྲ་འདུག
    གློག་བརྙན་འདིའི་དྲ་བྱང་འདི་རུ་འདུག http://tv.sohu.com/s2013/xzmm/

  31. ལྷག་རྒྱལ་ says:
    2013-01-28 at 1:18 pm

    སེམས་འཕྲལ་མ་བྱེད་གྲོགས་པོ་ཚོ་་་་་་་དེང་སང་ཀྲོང་དབྱངས་མཉམ་དུ་གྲོལ་མོལ་བྱེད་མཁན་མིང་མང་པོ་ཡོད་པ་རེད་་་་་་་དེ་ལས་ཆོས་གང་ཐུབ་བྱེད་ན་ཡག་ཤོས་རེད་་་་་་

  32. ཡར་འཕེལ། says:
    2013-01-28 at 2:33 pm

    ད་ཐེངས་བོད་མི་ཁྲབ་སྟོན་པ་འདི་ཚོ། ང་ཚོ་བོད་མི་རིགས་ལ་མཚོན་ན། རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེར་གྱུར་པ་རེད། ཁོ་ཚོས་རང་གི་མི་རིགས་ལ་མཐོང་ཆུང་དང་བརྙས་བཅོས། ཐུབ་ཚོད་དང་དམའ་འབེབས་ཀྱི་ནང་དོན་ཅན་གྱི་རྐང་འདྲེན་དང་བླ་ཚོང་གི་ལས་རིགས་འདི་མ་ཁྲབ་ན། ཁོ་ཚོས་གཏམ་དོད་བཙལ་མི་ཐུབ་ན། མི་རིགས་ཤིག་ལ་མཚོན་ན། ཁོ་ཚོ་ལྟ་བུ་སྒྱུ་རྩལ་བ་ཞིག་ཡོད་པ་ལས་མེད་ན་དགའ་ཨང་། བོད་མི་འགའ་རེས་བོད་མི་རིགས་ཀྱི་སྐྱིད་སྡུག་ལས་དབང་རྒྱབ་ལ་གཡུག་ནས། གོ་སྐབས་དང་ཁེ་བཟང་ཁོ་ན་བསམ་རྐྱང་གིས། བོད་མི་རིགས་ཀྱི་མདུན་ལམ་དང་མཚན་མཐོང་ལ་གནོད་པའི་ཐལ་སྤྱོད་ཅན་གྱི་ལས་རིགས་རྒྱ་ཡན་དུ་སྤྱོད་ཀྱི་ཡོད་པ། བོད་མི་ཡོད་དོ་ཅོག་གི་ངེ་ཤེས་དྲོངས་ཤིག

  33. བསྟན་འཛིན་རྒྱལ་པོ། says:
    2013-01-28 at 4:22 pm

    དེ་སྔ་རྒྱ་ནག་གིས་བོད་བརྗོད་དོན་དུ་བཟོས་པའི་༼ཞིང་བྲན་༽ ༼སྐྱེས་མི་ཆོག་པའི་མི་༽༼དུས་འགྱུར་༽༼ཝུན་ཤིང་ཀོང་ཇོ་༽༼དགེ་སྟག་སྤྲུལ་སྐུ་༽ ༼བོད་ཀྱི་གསང་བ་༽ ༼གནའ་སྔ་མོ་བོད་ཡུལ་ན།༽ ༼དར་མདོའི་མཛའ་གཞས།༽ ༼ཇ་རྟའི་གནའ་ལམ།༽ ད་དུང་མིང་མི་དྲན་ཡང་རྒྱ་གཞུང་གིས་བོད་བཅིང་དཀྲོལ་གཏོང་རབས་ཀྱི་གློག་བརྙན་མང་ཐག་ཆོད་བཟོས་པ་རེད་ལ། ད་དུང་བཟོ་རྒྱུ་རེད། ག་ཚད་བཟོས་ཀྱང་རྒྱལ་ནང་གི་ཁྲིམས་འོག་ལ་གནས་ཞིང་འཛམ་གླིང་ལ་རྒྱང་ལྟ་བྱེད་མི་ཐུབ་པའི་ལོ་ཆུང་རྣམས་མགོ་འཐོམས་སྲིད་ཀྱང་བོད་ཤེས་པའི་འཛམ་གླིང་མི་མང་གིས་རྒྱ་ནག་གིས་བྱེད་སྟངས་ལ་གད་མོ་དགོད་ཅིང་ཡོད་རེད།
    བོད་མི་རིགས་འདིས་འགུལ་སྐྱོད་བརྒྱབ་ན་ཅི་ཡང་བྱེད་ཐུབ་མཁན་ཞིག་ཡིན་སྟབས་དེང་སང་གློག་བརྙན་འཁྲབ་སྟོན་པ་ཡང་མང་དུ་འགྲོ་བཞིན་འདུག་པས་འདི་ཚོ་བཟང་རྟགས་ཞིག་རེད། འཁྲབ་སྟོན་པ་ཁྱེད་ཚོར་སྒྱུ་རྩལ་ལ་བྱང་ཆ་ཐོབ་ཡོད་ན་འཁྲབ་ཁྲིད་པ་དང་ཇུས་འགོད་པ། པར་ལེན་པ། ལག་རྩལ་པ། སྦྱིན་བདག་སོགས་ཡོད་ཚད་བོད་མི་ཤེས་ལྡན་རྐྱང་རྐྱང་ཕན་ཚུན་རོགས་སྐྱོར་ཐོག་བོད་བརྗོད་དོན་བཟུང་པའི་གློག་བརྙན་འཁྲབ་རོགས། དཔེར་ན་རྒྱལ་ནང་ཙམ་མ་ཚད་ཕྱི་ལོག་ཏུ་གྲགས་པ་འབར་བའི་གློག་བརྙན་འཁྲབ་ཁྲིད་པ་བོད་རིགས་པདྨ་ཚེ་བརྟན་ལྟ་བུ་རེད། བོད་པ་རང་གིས་བོད་གནའ་བོའི་ལོ་རྒྱུས་དང་གཞི་བཅོལ་ནས་གློག་བརྙན་ཟོས་དང་། རྒྱ་གཞུང་གི་རྫུན་བཟོས་གློག་བརྙན་དེ་དག་རང་བཞིན་བག་ལ་གཞའ་འགྲོ་གི་རེད། དེ་མིན་བཟོས་ཟིན་པའི་གློག་བརྙན་དེ་དག་ཡར་བསྡུ་དགོས་ཞེས་སྐད་ག་ཚད་རྒྱབ་ནའང་འབྲས་མེད་རེད། རྒྱ་གཞུང་གིས་ཆེད་དམིགས་འདི་འདྲ་ཞིག་ལ་བཟོས་པ་རེད་པཱ།
    བོད་ནང་ལོག་ཏུ་ཡོད་པའི་བོད་མི་ཚོས་ཁྱབ་སྲིད་དང་མ་འབྲེལ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་གློག་བརྙན་རིགས་བཟོས་ནའང་རྒྱ་གཞུང་གིས་བཀག་འགོག་བྱེད་ཀྱི་མ་རེད་དྲན།
    གོང་དུ་གླུ་བ་བསམ་ཁོའི་ངོས་ལེན་ཟེར་བའི་རྩོམ་ཡིག་དེར་བརྟག་ན་འཁྲབ་གཞུང་དུ་འཛུལ་མཁན་བོད་མི་དེ་དག་གིས་གློག་བརྙན་དེའི་བརྗོད་དོན་དངོས་གང་ཡིན་མ་ཤེས་པ་གསལ་པོ་བསྟན་འདུག གང་ལྟར་ད་ལན་གྲགས་ཅན་བོད་ཀྱི་གླུ་བ་ཚོའི་སྣ་ཚར་གཅིག་བརྡབ་པ་རེད། རྗེས་སུ་དེ་འདྲའི་རིགས་ལ་གཟབ་དགོས།

  34. ཅོག་རོང་གི་མྱི། says:
    2013-01-28 at 7:15 pm

    བདག་གིས་གློག་བརྙག་གྱི་འཁྲབ་གཞུང་གཉིས་གསུམ་བྲིས་ནས་མནན་ཡོད།བཙན་བྱོལ་ནས་ད་ལྟ་བར་དུ་དགའ་མོས་བྱེད་མཁན་གཅིག་ཀྱང་མ་བྱུང་། ཁྲབ་གཞུང་འདི་གཉིས་གློག་བརྙན་དུ་ཕབ་ན་མ་མཐའ་ཨར་སྒོར་$100.000.000
    དགོས་ཟེར། བཙན་བྱོལ་གཞུང་དང་འབངས་ལ་མུ་གེ་ཐེབས་པས་རོགས་ཙམ་གྱི་རྣམ་འགྱུར་ཡང་སྟོན་ཐུབ་ཀྱིན་མི་འདུག ད་ཐབས་རྡུག་སོང་ནས་ཨ་ཞང་རྒྱ་ནག་ཚང་གི་སྒོ་རྡུང་དགོས་པ་ཨ་ཡིན།

  35. ཅོག་རོང་གི་མྱི། says:
    2013-01-28 at 7:15 pm

    གློག་བརྙན་ལ་བཅོས་རོགས།

  36. ཀརྡོ་གཉེར་ཕྱག་པ་ says:
    2013-01-28 at 8:31 pm

    ་་་་་ ཁྲབ་གཞུང་འདི་གཉིས་གློག་བརྙན་དུ་ཕབ་ན་མ་མཐའ་ཨར་སྒོར་$100.000.000དགོས་ཟེར། བཙན་བྱོལ་གཞུང་དང་འབངས་ལ་མུ་གེ་ཐེབས་པས་རོགས་ཙམ་གྱི་རྣམ་འགྱུར་ཡང་སྟོན་ཐུབ་ཀྱིན་མི་འདུག ད་ཐབས་རྡུག་སོང་ནས་ཨ་ཞང་རྒྱ་ནག་ཚང་གི་སྒོ་རྡུང་དགོས་པ་ཨ་ཡིན། ་་་་་་་་ཟེར།

  37. ཅོག་རོང་གི་མྱི། says:
    2013-01-28 at 9:47 pm

    ཀ་རྡོ་ཉེར་ཕྱག་ཚང་གིས་ངའི་སྐད་ཆ་ཡང་བསྐྱར་བཤུས་ནས་བཀོད་པའི་དགོས་པ་རྒྱུ་མཚན་ཅི།
    ཡག་ན་ཡག་གི་མེ་ཏོག་འཛུམ་གྱིས་གཏོར།
    བཙོག་ན་ཚིག་གི་མཚོན་ཆའི་ཆར་བ་ཕོབས།
    དེ་གཉིས་མིན་ན་མི་སྨྲའི་རྟུལ་ཞུགས་བཟུང་།
    ཁ་བརྡའི་རྩྭ་ས་འདི་ལ་གྲོན་ཆུང་གྱིས།

  38. ལུང་རྟོགས། says:
    2013-01-28 at 10:00 pm

    གློག་བརྙན་འདི་ལ་ང་ཚོས་ངོ་རྒོལ་བྱས་ནས་ཕྱིར་བསྡུའི་ནུས་པ་ཐོན་དཀའ་ན་ཡང་། བོད་མི་མང་གིས་གློག་བརྙན་འདི་ལ་འདོད་མོས་མེད་པར་མ་ཟད་ངོ་རྒོལ་ཡོད་པའི་རྣམ་འགྱུར་བསྟོན་དགོས་པ་ཡང་གལ་ཆེན་པོ་རེད། དེས་ན་ཚང་མས་གང་ཤེས་ཤེས་ཀྱི་དགག་རྒྱག་རེ་བྱེད་དགོས་ངེས་རེད། བོད་པའི་འཁྲབ་བསྟོན་པ་རྣམས་རྒྱ་གཞུང་གི་མགོ་སྐོར་འོག་ཚུད་སོང་བ་ཡིན་རབས་གོང་དུ་མང་པོ་ཞིག་གིས་གསུང་འདུག་ཀྱང་། ངའི་བསམ་ཚུལ་བྱས་ན་གློག་བརྙན་མ་འཁྲབ་སྔོན་འཁྲབ་གཞུང་ལ་སློབ་སྦྱོང་བྱེད་དགོས་ངེས་པས། ནང་དོན་ཆ་ཚང་མ་ཤེས་ཀྱང་གང་འཚམ་མི་ཤེས་སར་འགྲོ་མི་སྲིད་པ་རེད། དེས་ན་འདི་རིགས་ལ་ཡང་ངོ་རྒོལ་བྱས་ཏེ་རྗེས་སུ་སྤང་བླང་ཚུལ་བཞིན་བྱེད་དགོས་པར་བཤད་ཀྱང་སྐྱོན་མེད་པར་སེམས། སྤྱིར་ནང་ཁུལ་མཐུན་སྒྲིལ་ཤིན་ཏུ་གལ་ཆེ་ན་ཡང་། ང་ཚོས་མཐུན་སྒྲིལ་ཡིན་ཞེས་གུ་ཡང་གཏོང་རྒྱུ་མང་དྲག་ན་མི་མགོ་བདེ་མང་པོ་ཞིག་ལ་གོ་སྐབས་རག་བཞིན་ཡོད་པས་འདི་ཡང་མཐའ་ལ་མ་ལྷུང་བ་ཞིག་དགོས་པར་སེམས།

  39. ཀརྡོ་གཉེར་ཕྱག་པ་ says:
    2013-01-28 at 10:07 pm

    ་་་་ ཀ་རྡོ་ཉེར་ཕྱག་ཚང་གིས་ངའི་སྐད་ཆ་ཡང་བསྐྱར་བཤུས་ནས་བཀོད་པའི་དགོས་པ་རྒྱུ་མཚན་ཅི། ་་ཟེར།

  40. ཀརྡོ་གཉེར་ཕྱག་པ་ says:
    2013-01-28 at 10:18 pm

    ་་་་ མདོར་ན།བོད་ཀྱི་སྤྱི་ཚོགས་རྙིང་པར་སྲིད་གཞུང་གིས་བཙོན་ཁང་ནང་མནར་གཅོད་བཏང་ནས་དུས་མིན་རྐྱེན་འདས་སོང་བ་མཐོང་དཀོན་ལ།ལུས་ལ་ལྕགས་སེར་བརྡེག་ནས་ཤི་བ་དེ་བས་མེད།སྲིད་གཞུང་གི་མནར་གཅོད་ལ་གཟོད་ཐབས་བྲལ་ནས་ཆུ་ལ་མཆོངས་དགོས་པ་ཧ་ལམ་མེད་ལ།དེ་བས་སྲིད་གཞུང་གིས་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེག་གཏོང་བྱུང་བ་རྩ་བ་ནས་མེད།། ་་་་་ཟེར།

  41. ཨོ་རྒྱན་ཉི་མ། says:
    2013-01-29 at 1:56 am

    བོད་ཀྱི་གསང་བ་དེ་གཟིགས་དགོངས་ན་མུ་འབྲེལ་བརྙན་གཟུགས funshion ཞེས་པའི་བརྙན་མཛོད་ནང་འདུག་西藏秘密。

  42. བོད་ལ་ཞེན། says:
    2013-01-29 at 8:45 am

    དེའི་ནང་མཉམ་བཞུགས་བྱེད་མཁན་བོད་མི་དེ་ཚོ་ལ་བརྡ་ལན་ཞིག་ངེས་པར་སྤྲད་དགོས། དཔེར་ན་དེ་དག་གི་གཏོང་བའི་གཞས་ཀྱི་འོད་སྡེར་མི་ཉོ་བ་སོགས།

  43. བོད་ལ་ཞེན། says:
    2013-01-29 at 8:46 am

    དེ་ཚོ་ལ་བརྡ་ལན་མ་སྤྲད་ན་དེ་འདྲ་བ་མང་དུ་འགྲོ་གི་རེད།

  44. གནམ says:
    2013-01-30 at 1:08 am

    བོད་ལ་ཞེན་འདི་བོད་མི་ལ་མི་ཞེན་པ་ཞིག་ཡིད་ཚོད་རེད། ད་གང་ཡོང་། དེ་འདྲའི་སེམས་པ་གནག་པ་ལ།

  45. ཁྱབ་འཇུག says:
    2013-02-08 at 11:27 am

    ལས་དབང་གིས་共产党རྒྱ་དམར་ལ་བདེན་ཁ་སྟེར་སྲིད་དམ། རྒྱུ་འབྲས་ཀྱིས་རྒྱ་དམར་ལ་ཀུ་ཡངས་གཏོང་སྲིད་དམ། དྲང་བདེན་གྱིས་ཀྱང་རྒྱ་དམར་ལ་མགོ་བོ་སྒུག་སྲིད་དམ། གལ་ཏེ་དེ་དག་དངོས་ནས་༼སྲིད༽དུས་གནམ་འོག་གི་ལས་འབྲས་ཟེར་བ་དང་དྲང་བདེན་ཟེར་བ་ཡོད་ཚད་ཀྱང་སྐྱག་རྫུན་རང་ཡིན་པས་ང་དེ་ལས་དཀའ་བ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme