Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕི་གླིང་བའི་མིག་ལ་རྒྱུག་ཆེ་བའི་བོད་ཡིག་འབྲུ་གཅིག ཐེ་བོ་སངས་རྒྱས།

Posted on 2013-01-252013-01-25 By ཁ་བརྡ་ 14 Comments on ཕི་གླིང་བའི་མིག་ལ་རྒྱུག་ཆེ་བའི་བོད་ཡིག་འབྲུ་གཅིག ཐེ་བོ་སངས་རྒྱས།

སྐད་གྲགས་ཡོད་པའི་ལག་སྤོལ་རྩེད་མོ་བ་Allen Iverson ཨ་ལེན་འེ་ཝེར་སོན་ངོ་སྤྲོད་ཐུང་ཙམ་བྱ། ཁོ་ནི་༡༩༧༥ ལོར་ཨ་རིའི་Hampton Virginia རུ་ཁྱིམ་ཚང་དབུལ་པོ་ཞིག་ལ་སྐྱེས་ཤིང་ཆུང་དུས་ནས་ཨ་ཕས་ཁོ་བདག་པོ་བརྒྱབས་མེད། ལག་ཆགས་ནས་མཐོ་སློབ་དང་སློབ་ཆེན་འགྲིམ་སྐབས་རྐང་སྤོལ་དང་ལག་སྤོལ་རྩེད་མཁན་སྟོབས་དང་བདེ་རྩལ་དོད་ཤོས་སུ་བརྩིས་པར་མ་ཟད་སློབ་གྲྭའི་ལག་སྤོལ་འགྲན་བསྡུར་རིམ་པར་རྒྱལ་ཁ་མི་ཉུང་བ་བླངས་པ་གསར་འགྱུར་བརྒྱུད་ལམ་དུ་སླེབས། ཁོའི་ཨ་མས་ཁོར་རྐང་སྤོལ་རྩེད་མོ་བར་ཐོ་འགོད་བྱེད་པར་ནན་བསྐུལ་བྱས་ཀྱང་། ཁོ་ལག་སྤོལ་ཕྱོགས་ལ་དང་དོད་དང་གདེང་ཚོད་རྙེད་པས་དེར་ཤུགས་བརྒྱབས། ༡༩༩༣ལོར་ཁོ་ལག་སྤོལ་རྩེད་མོ་བ་རྒྱལ་ཡོངས་སྐར་ཆེན་དུ་ཆགས། ༡༩༩༦ལོར་ཁོ་NBA ནང་བདམས་ཀྱང་སྐབས་དེར་རྩེད་མོ་བ་རྩོད་རྙོག་ཚ་ཤོས་སུ་འགྱུར་པ་སུས་དྲན། ལན་ཅིག་རྩེད་ཐང་དུ་མི་རིགས་དཀར་པོའི་གསར་ཕྲུག་འགས་འེ་ཝེར་སོན་དང་ཁོའི་གྲོགས་པོའི་ཕྱོགས་ལ་བརྙས་བཅོས་ཀྱིས་འཁྲུག་འཛིང་ཤོར་སྐབས་ལ་ལས་ཟེར་ན་ཁོས་བུད་མེད་ཅིག་ལ་རྐུབ་བཀྱགས་གིས་གཞུས་རབས་བཤད། གང་ལྟར་ཁ་མཆུ་དེའི་རྐྱེན་པས་ཁོ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་མོད། སྟབས་ལེགས་པ་ཞིག་ལ་གསར་འགྱུར་ལས་ཁུངས་ཁག་དང་མི་མང་གི་རྒྱབ་སྐྱོར་ལས་ཟླ་བཞི་མ་གཏོགས་བཙོན་མའི་འཚོ་བ་རོལ་མ་དགོས། ཁོ་ནི་༡༩༩༦ལོ་ནས་ལག་སྤོལ་རྩེད་མོ་བ་གྲགས་ཆེན་དེ་རེད་ལ། ཁོས་༢༠༠༡-༢༠༠༥བར་བྱ་དགའ་མ་འདྲ་བ་མང་པོ་བླངས། ཁོ་ནི་ལག་སྤོལ་རྩེད་མོ་བའི་ནང་མི་རྣམས་དགའ་སྡང་གི་ཕྱོགས་གཉི་ག་མང་ཤོས་དེ་ཡིན་སྐད། ༢༠༠༡ལོར་ལག་སྤོལ་རྩེད་མོ་བ་གོང་ཚད་མཐོ་ཤོས་དང་། ཁོས་NBAནང་རྩེད་མོ་བརྩེས་རིང་ཨ་སྒོར་ས་ཡ་བརྒྱ་དང་ལྔ་བཅུ་བླངས་འདུག བརྒྱ་བཤད་ཚིག་གི་རྩ་བ་ངས་ཁོ་ལ་དོ་སྣང་སྤྲོད་དོན་རང་རེའི་ཕ་སྐད་ཀྱི་ཡིག་འབྲུ་གཅིག་ཁོའི་དཔུང་བ་གཡོན་མར་བཙགས་ཡོད་པས་ཡིན། ཁོ་སློབ་ཆེན་ནས་NBA ནང་དང་ཐོག་འཛུལ་སྐབས་ཁོའི་ལུས་ན་བཙགས་རིས་bulldog སྟེ་ཁོའི་གསང་མིང་གཅིག་མ་གཏོགས་མེད་ཀྱང་ད་ཆ་བཙགས་རིས་ཉི་ཤུ་ལྷག་ཡོད། དེ་དག་རེ་རེས་ཁོ་བོའི་ལྐོག་གྱུར་གྱི་མི་ཚེའི་བགྲོད་ལམ་དག་མཚོན་ཟེར། བོད་ཡིག་གི་སྟོབས་དེས། བཀླག་མི་ཐུབ་པ་ནས་མི་སེར་དཀྱུས་མར་ཆགས་པ་དང་། བསམ་ཚུལ་གསར་བཏོན་ལས་ཁ་མིག་ཡར་ལྟའམ་སྤྲོ་སྣང་བ་ཡང་མཚོན་ཟེར། མི་རྣམས་ཀྱི་བཙགས་རིས་དག་ལ་གོ་རྒྱུ་ཟབ་མོ་རེ་ཡོད་ངེས་ལ། དཔེར་ན་རེ་འགས་ཡིད་ཆེས་དང་། ཉམས་མྱོང་། དྭོགས་ཟོན། མ་མཐའ་ཡང་སེམས་ནང་གི་སྐད་ཆ་ཞིག་འཛམ་གླིང་མི་མང་ལ་ཤོད་འདོད་ཀྱི་ཡོད་ཟེར། 

རྩོམ་རིག

Post navigation

Previous Post: རྗེ་བཙུན་གཡུ་ཐོག་པའི་བླ་མའི་རྣལ་འབྱོར་མདོར་བསྡུས།
Next Post: བོད་ལ་སྐད་ ༢༥ ལྷག་་་་

Comments (14) on “ཕི་གླིང་བའི་མིག་ལ་རྒྱུག་ཆེ་བའི་བོད་ཡིག་འབྲུ་གཅིག ཐེ་བོ་སངས་རྒྱས།”

  1. རེབ་ཐོག་མདའ says:
    2013-01-25 at 5:51 am

    སྒྱུར་རྩོམ་ཡག་པོ་འདུག། ཡིན་ཡང་NBA.སྒྱུར་ཡོད་ན་ཡག་པོ་འདུག། སྤྱིར་སྟངས་སྤོ་ལོ་རྩེ་མཁན་ཞིག་གི་ཆ་ནས་ཚིག་དེ་ནང་དོན་ཧ་གོ་འགྲོ་གི་རེད། ཡིན་ཡང་རྩེ་མོ་ལ་དོ་སྣང་མེད་པ་ཞིག་གི་དེ་ཅི་ཞིག་ཡིན་ནམ་ཞེས་དོགས་པའི་གཞི་རུ་འགྱུར་འགྲོ། NBAདབྱིན་ཡིག་གི་མིང་བསྡུས་དེ་བྲིས་ཡོད་འདུག། N…..B……A……National Basketball……..America …..(བོད་ཡིག་ནང་ཨ་རིའི་རྒྱལ་ཡོངས་ལག་རྩལ་སྤོ་ལོ)ཞེས་ཡིན་རྒྱུ་རེད་བསམ། བསམ་ཚུལ་ཙམ་ཡིན།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-25 at 6:57 am

    ལ་དྭགས་ལ་སྔོན་མ་ལོ་ངོ་གཉིས་བརྒྱ་ཙམ་སྔོན་དུ་རྐང་པ་དང་། རྟ་བཞོན་ཐོག་ནས་པོ་ལོ་རྩེད་སྲོལ་ཡོད་འདུག བླ་མ་ཚུལ་ཁྲིམས་པ། སྐུ་གཞོན་པའི་སྐབས་སུ། རྟ་ཐོག་པོ་ལོ་རྩེད་པ་ན། ཁོང་རྩལ་ཆེ་བས། པོ་ལོ་ལག་ཏུ་མ་སླེབས་པས། རྩེད་གྲོགས་ཤིག་ཡི་མུག་སྟེ། ཚུལ་ཁྲིམས་ཉི་མའི་ཆིབས་རྟའི་མཚན་མར་རྟ་ལྕག་རྒྱབས། རྟ་འདྲོགས་ཏེ་རྒྱང་མཆོངས་ཀྱང་། ཚུལ་ཁྲིམས་ཉི་མ་རྟ་ནས་མ་ལྷུངས་པ་ཡིན་པ་དེ། སྐྱེས་བུ་ཆེན་པོའི་རྩལ་བསམ་གྱིས་མི་ཁྱབ་པ་ཡིན་ཞེས་བྲིས་སོ།།
    བདག་ཕྲུ་གུ་ལོ་ངོ་བཅུ་གྲངས་ཡིན་པའི་དུས་ལ་ཁྱིམ་མཚེས་ཀྱི་རྒྱ་གར་དམག་མི་རྒན་ཡོལ་པ་ཞིག་གིས་པོ་ལོ་ཞིག་ཁྱེར་འོངས། ཉམས་མྱོང་དང་རྩལ་ཅི་ཡང་མེད་ཀྱང་། ཁྱིམ་མཚེས་ཀྱི་རྩེད་གྲོགས་ཕྲུ་གུ་རྣམས་དང་མཉམ་དུ་རྩེད་པ་ན། གཞན་དང་མི་འདྲ་བའི་ཡིད་ལ་བདེ་བ་ཤར་བ་ལ་དཔགས་ན། ཉམས་མྱོང་ཅན་གྱི་གཞོན་པ་རྣམས་ཀྱིས་པོ་ལོ་རྩེད་པ་ན། རྩེད་པ་པོ་དང་། ལྟད་མོ་པ་རྣམས་ལ་དགའ་བདེ་ཆེན་པོ་ཡོད་པ་རྗེས་སུ་དཔག་ཐུབ་བོ།།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-25 at 7:01 am

    བླ་མ་ཚུལ་ཁྲིམས་པ། ཞེས་པ་བླ་མ་ཚུལ་ཁྲིམས་ཉི་མ། ཞེས་ཞུས་དག་བྱས་སོ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-01-25 at 7:50 am

    ཨབ་སོབ་འཁྲིད་ནས་གཡག་བཞོན་པོ་ལོ་རྩེད། །
    འདི་གསུམ་འཛམ་གླིང་ཡོངས་གྲགས་མིང་གསུམ་རེད། །

  5. མི་རྒོད ། says:
    2013-01-25 at 8:06 am

    རེབ་ཐོག་མདའ་ལགས ། NBA ཞེས་པའི་ནི་ National Basketball Association སྟེ་ “རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགས །” ཡིན་པ་ལས་ཁྱེད་རང་གིས་གསུངས་པའི་་National Basketball America ཞེས་པ་དེ་མ་རེད །
    ནོར་བཅོས་ཙམ་ཡིན་པས་དགོངས་འགལ་མེད་པ་ཞུ །

  6. གཉིས་མེད་སེངྒེ says:
    2013-01-25 at 8:42 am

    རེབ་ཐོག་མདའ་ལགས་ཀྱིས་གསུངས་པ་བདེན། ལར་NBAཡི་བསྡུས་དོན་མི་ཕལ་ཆེ་བའི་སེམས་ན་གསལ་བོ་ཡིན་ངེས་ཀྱང་། རྩེད་རིགས་དང་དབྱིན་ཡིག་ལ་དོ་སྣང་མེད་མཁན་འགས་དོགས་པ་ཟ་སྲིད། NBAནི་དབྱིན་ཡིག་གི་ཚིག་སྡུད་ཅིག་ཡིན་ལ། Nambaiyufa Airport དང་། National Braille Association. National Basketball Association དག་ལ་འཇུག་ཀྱང་འདིར་བསྟན་དོན་མཐའ་མ་སྟེ། {རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགས}འཛམ་གླིང་ན་སྐད་གྲགས་ཆེ་བ་དེ་ཡིན།

  7. ཁམས་ཕྲུག་འཁྱམས་པོ་བ། says:
    2013-01-25 at 8:29 pm

    འཛམ་གླིང་གི་ཐོག་རྩེད་མོ་སྐད་སྒྲགས་ཆེ་ཤོས་ནི་རྐང་རྩལ་སྤོ་ལུ་ཟེར་བ་འདི་རེད། དེང་སང་མི་ཕལ་ཆེར་བ་དེ་དགའ་ཤོས་བྱེད་ཀྱི་འདུག ང་ནི་རྩེ་མོ་དེ་ལ་སྤྲོ་བ་མི་འདུག་དེ་ལ་སྤྲོ་བ་ཡོང་བའི་ཐབས་ལམ་འདྲ་སྟོན་ཡ་ཡོད་ན་དྲ་གྲོགས་རྣམ་པས་དགོངས་འཇག་འཚལ།

  8. ཟུར་གནས། says:
    2013-01-25 at 9:45 pm

    རྒན་ལ་དྭགས་པ་ལགས།

    རྒན་ཁྱེད་ལ་བོད་ཡིག་དང་འབྲེལ་ཡོད་ཀྱི་དྭོགས་འཆར་དང་བཀའ་སློབ་ཞུ་འདོད་པས་ཅི་ནས་ཉིད་ཀྱི་གློག་འཕྲིན་ཁ་བྱང་ཞིག་གནོངས་རོགས།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-25 at 11:35 pm

    ཟུར་གནས་ལེགས།
    ངའི་གློག་འཕྲིན་ཁ་བྱང། lj53@columbia.eduཡིན།
    དྭོགས། སྤྱིར་བཏང་། ཞབས་ཀྱུ་ཝ་ཟུར་ལ་འགྱུར། ཝ་ཟུར་ན་རོར་འགྱུར་ཚུལ། དཔེར་ན། བཅུ་བརྒྱད། བཅྭ་བརྒྱད། བཅོ་བརྒྱད། བསྟན་དར་ལྷ་རམ་པས། གུག་ཀྱེད་ཅན་ལ་ཝ་ཟུར་མི་ཆོག་པ་ཞིག་གསུངས་པ་དྲན།

  10. གཉིས་མེད་སེངྒེ says:
    2013-01-26 at 2:20 am

    ཁ་བརྡ་རྩོམ་སྒྲིག་པར་ཞུ་རྒྱུར། ཁ་སྩང་ངས་འདིའི་ནང་མཆན་འདེབས་སྐབས་གོང་མཆན་ཨང་༥ མི་རྒོད་ཟེར་བའི་མཆན་དེ་མི་འདུག་མོད། ད་ནངས་ལྟ་དུས་མཆན་འདི་ངའི་སྔོན་ལ་དེ་ཁོད་འདུག་པས་ཅུང་ཡ་མཚན་པར་གྱུར། རྒྱུ་མཚན་ནི་ངེད་གཉིས་ཀའི་བརྗོད་དོན་གཅིག་པ་ཡིན་པས་སོ།། འདིར་མཆན་འདེབས་མཁན་ཚོས་མཁྱེན་ངེས་རེད།

  11. རུ་ཤུལ་བུ་ says:
    2013-01-26 at 7:31 am

    ཕོ་ལོང་ཟེར་བ་སྒྲ་འགྱུར་ནས་སྤོ་ལོ་གྲགས་འདུག

  12. བསྟན་འཛིན་རྒྱལ་པོ། says:
    2013-01-27 at 6:27 am

    པྱི་གླིང་བ་ཚོར་ཁབ་བཙག་རི་མོའི་ནང་བོད་ཡིག་འབྲི་མཁན་འགའ་ཞིག་འདུག ཉེ་སྔོན་ང་ལའང་ཕི་ལིབ་ཟེར་བའི་སྐྱེས་པ་ཞིག་ཐུག་སོང་། ཁོ་རང་གི་དཔུང་པའི་སྟེང་དུ་“འདི་སྐུ་གཟུགས་རེད”ཟེར་བ་ཞིག་བྲིས་འདུག ངས་རྒྱུ་མཚན་དྲིས་སྐབས་ཁོ་པས་ནང་ཆོས་ཐོག་ནས་གཟུགས་པོ་འདི་སངས་རྒྱས་སའི་རྟེན་ཁྱད་པར་ཅན་ཞིག་རེད། ངས་སོ་སོའི་གཟུགས་པོར་མཐོང་འཇོག་གིན་ཡོད་ཟེར།

  13. བྱམས་པ་ལྷུན་གྲུབ། says:
    2013-01-27 at 6:34 am

    ལག་སྤོལ་རྩེད་མོ་བ་འདི་བུ་ཡིན་པས་བཙོན་མའི་འཚོ་བ་ཞེས་པ་དེ་བཙོན་པའི་འཚོ་བ་ཞེས་བཅོས་དགོས་པ་འདྲ།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-01-27 at 10:54 am

    རྐང་རྩེད་པོ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme