Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེ་བཙུན་གཡུ་ཐོག་པའི་བླ་མའི་རྣལ་འབྱོར་མདོར་བསྡུས།

Posted on 2013-01-252013-01-25 By ཁ་བརྡ་ 8 Comments on རྗེ་བཙུན་གཡུ་ཐོག་པའི་བླ་མའི་རྣལ་འབྱོར་མདོར་བསྡུས།

༄༅། །ན་མོ་རིགས་འདུས་བདེ་གཤེགས་རྡོ་རྗེ་འཆང་། །ཕྱོགས་བསྡུས་དཀོན་མཆོག་གསུམ་གྱི་དངོས། །བདག་གཞན་བྱང་ཆུབ་མ་ཐོབ་པར། །སྙིང་ནས་ཉེ་བར་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ལན་གསུམ་བརྗོད། ནམ་མཁས་ཁྱབ་པའི་སེམས་ཅན་རྣམས། །སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར། །རྩ་བ་གསུམ་གྱི་གོ་འཕང་མཆོག །མ་འཐོབ་བར་དུ་བསྒྲུབ་པར་བྱ། །ཞེས་སེམས་བསྐྱེད་ལན་གསུམ་བྱ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་བདུན་པ་བྱ། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མནཌལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་ཡིད་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ཚོགས་གསོག་པའི་མཆོག་མན་ཌལ་ལན་གསུམ་དབུལ། དུས་གསུམ་རྒྱལ་ཀུན་གསང་བ་གཅིག་སྡུད་པ། །བླ་མ་སྨན་པའི་རྒྱལ་པོ་གཡུ་ཐོག་པ། །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། །སྐུ་གསུམ་ཐུགས་ཀྱིས་བྱིན་གྱིས་རློབས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བཅོམ་ལྡན་འདས་སྨན་བླ་དང་ངོ་བོ་གཉིས་སུ་མེད་པའི་རྗེ་བཙུན་བླ་མ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་གསོལ་བ་དྲག་ཏུ་བཏབ་སྟེ་གཡུ་ཐོག་བླ་མའི་རྣལ་འབྱོར་འདི་ལན་འགའ་བཏོན་རྗེས། ཨོཾ་ཨྰ་བཛྲ་མཧྰ་གུ་རུ་གུ་ཎ་སརྦ་སིདྷི་ཧུཾ། ཞེས་གཡུ་ཐོག་བླ་མའི་མཚན་སྔགས་འདི་ལན་མང་བཟླ་བར་བྱའོ།།
བླ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་སོགས་སྙིང་གར་པད་ཟླའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །ཇི་སྲིད་སྙིང་པོའི་བར་དུ་བརྟན་པརབཞུགས། །སྐུ་གསུམ་ཐུགས་ཀྱིས་དངོས་གྲུབ་བསྩལ་དུ་གསོལ། །ཞེས་རང་གི་ལུས་ངག་ཡིོད་གསུམ་དང་རྗེ་བཙུན་བླ་མ་གཡུ་ཐོག་པའི་སྐུ་གསུང་ཐུགས་ངོ་བོ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གཅིག་ཏུ་འདྲེས་ཏེ་རང་སེམས་གདོད་ནས་སྐྱེ་འགག་མེད་པའི་གནད་ལུགས་ཀྱི་ལྟ་བའི་ངང་འཁོར་གསུམ་དམིགས་མེད་ངང་འཁོར་འདས་དོན་དམ་རོ་གཅིག་གྱུར་སྙམ།
དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །སྨན་རྒྱལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རང་རིག་གསལ་སྟོང་གཉུང་མ་ལྷན་ཅིག་སྐྱེས། །ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་ཤོག །ཅེས་མཇུག་བསྔོ་བ་དང་སྨོན་ལམ་ཁྱད་པར་ཅན་གྱིས་རྒྱས་ཐེབས་པར་བྱ་བའོ།། །།

བཅོམ་ལྡན་འདས་སྨན་གྱི་བླ་དང་ངོ་བོར་དབྱེར་མེད་པའི་མཉམ་མེད་སྤྲུལ་པའི་སྐྱེས་མཆོག་ཆེན་པོ་འཇའ་ལུས་མངོན་འགྱུར་རྗེ་བཙུན་གཡུ་ཐོག་པའི་གཡུ་ཐོག་སྙིང་ཐིག་གི་ཆོས་བསྐོར་ཟབ་མོ་འདི་ཅུང་ཟད་ཤེས་ནས་དད་པ་ཐོབ་པའི་བོད་ལུགས་གསོ་རིག་སྨན་པའི་གྲལ་མཐར་འཁོད་པ་སྤྲུལ་འཁོར་སྐལ་བཟང་དོན་ལྡན་གྱིས་སྤྱི་ལོ་ ༢༠༡༣ ཟླ་ ༠༡ ཚེས་ ༢༥ ལ་སུག་བྲིས་སུ་བགྱིས་པ་འདི་བཞིན་དོན་གཉེར་ཅན་ལ་ཕན་པའི་རྒྱུ་རུ་གྱུར་ཅིག་གུ། །

རྩོམ་རིག

Post navigation

Previous Post: ནོར་གླིང་ས་གནས་མི་མང་གིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ།
Next Post: ཕི་གླིང་བའི་མིག་ལ་རྒྱུག་ཆེ་བའི་བོད་ཡིག་འབྲུ་གཅིག ཐེ་བོ་སངས་རྒྱས།

Comments (8) on “རྗེ་བཙུན་གཡུ་ཐོག་པའི་བླ་མའི་རྣལ་འབྱོར་མདོར་བསྡུས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-25 at 7:32 am

    དུས་ཀྱི་མཐའ་འདིར་ཡང་བླ་མའི་རྣལ་འབྱོར་བྲིས་ཤིང་དེ་ལྟར་ཉམས་ལེན་མཛད་པར་རྗེས་སུ་ཡི་རང་ཞུ། ཞར་དུ་བསྩལ་དུ་གསོལ། ཞེས་པ་དཔྱད་པར་བྱ་སྟེ། འདི་ཡི་དཔེ་ཁུངས་གཏུགས་ས་ན། སྩལ་ལ་བ་ཡིག་སྔོན་འཇུག་འདུག་གམ། ཡོད་ན། དེ་ཉིད་དཔེ་མ་དག་ཞིག་སྟེ། བཀའ་བསྟན་གསུང་འབུམ་དག་ན། དེ་ལྟར་མེད་པར་མ་ཟད། དེ་དག་གི་དག་ཆ་རྣམས་བསྡུས་པ་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་དང་འགལ་བར་མ་ཟད། བདག་ཅག་གི་རྣམ་འདྲེན་མཆོག་གི་དགོངས་པ་ལ་ཡང་གནོད་དེ། གང་གིས་ཡི་གེ་དག་པོ་འབྲི་དགོས། དེ་མིན་མ་འབྲི་ན་ལེགས་ཞེས་གསུངས་པ་ཚད་ལྡན་གྱི་སྐྱེས་བུ་ལས་ཐོས། བདག་གིས་བྲིས་པ་ལ་ནོར་བ་ཀུན་ལ་ཡང་འདི་དང་འདི་ནོར་ཞེས་བསྟན་ན། བདག་གཞན་གྱི་བློ་སྐྱེད་ལ་ཕན། དེ་མིན་ཤེས་རློམ་འགའ་ཞིག་གིས་ཁྱོད་ཀྱི་ཡི་གེ་ལ་མ་དག་པ་མང་ཞེས་བྲིས་པས་ཕ་རོལ་པོ་དམའ་འབེབས་པར་སྟོན་པའི་ཀུན་ཀློང་ངན་པ་འཆང་ཡོད་པ་ལས་གཞན་ཅི་ཡོད། ཅེས་སོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-01-25 at 7:48 am

    ཨབ་སོབ་འཁྲིད་ནས་གཡག་བཞོན་པོ་ལོ་རྩེད། །
    འདི་གསུམ་འཛམ་གླིང་ཡོངས་གྲགས་མིང་གསུམ་རེད། །

  3. ཀརྡོ་གཉེར་ཕྱག་པ་ says:
    2013-01-25 at 7:49 am

    དགོངས་དག་འཇུག་ས་ནོར་འདུག

  4. བན་དེ་བ། says:
    2013-01-25 at 10:01 am

    ༼འདིར་ཡང་བླ་མའི་རྣལ་འབྱོར་བྲིས་ཤིང་དེ་ལྟར་ཉམས་ལེན་མཛད་པར་རྗེས་སུ་ཡི་རང་ཞུ།༽
    རྒན་ལ་དྭགས་པ་ལགས།
    རྗེས་སུ་ཡི་རང་ཞུ་་་་་་་་་་ཞེས་པ་དག་པ་ཡིན་ནམ། ངས་བཀའ་དང་བསྟེན་བཅོས་སོགས་སུ་་་་ཡི་རངས་ཞུ་ཞེས་་་རངས་་་་ལ་ཡང་འཇུག་ས་ཡོད་པར་མཐོང་སོང་་ཡང་ངས་ནོར་ཡོད་ན་དགོངས་པ་དྭངས་པར་ཞུ།

  5. གཡུ་འབྲུག་དཀར་པོ། says:
    2013-01-25 at 10:53 am

    བསྩལ་དུ་གསོལ་ཞེས་པ་དུས་གསུམ་གྱི་ནང་ནས་མ་འོངས་པ་ཡིན་གཤིས་དེ་ལ་སྔོན་འཇུག་འབྲི་བ་ལ་འགལ་བ་གང་ཡོད། ཡང་ན་གསོལ་ཞེས་པའི་བསྐུལ་ཚིག་དང་ལྷན་དུ་འབྲི་ཚེ་སྔོན་འཇུག་འབྲི་མི་རུང་བ་ཡིན་ན་བསྩལ་འབའ་ཞིག་ལ་ཡིན་ནམ་དེས་མ་འོངས་པའི་བྱ་ཚིག་གཞན་ལ་ཡང་རིགས་འགྲེ་རུང་། དཔེར་ན་ཐུགས་དམ་བསྐང་བར་མཛད་དུ་གསོལ། ཞེས་པ་ལྟ་བུ་ཞིག་འབྲི་དགོས་ན་དེ་ལ་ཡང་བ་སྔོན་འཇུག་ཕྱིས་ནས་སྐང་བར་ཞེས་འབྲི་དགོས་སམ།

  6. སྣང་བྲལ་རྡོ་རྗེ། says:
    2013-01-25 at 1:02 pm

    ལ་བློ་འཇམ་ལགས། ༼ཀུན་ཀློང་ངན་པ༽ཀུན་སློང་ངན་པ་་་་མིན་ནམ།

  7. སྣང་བྲལ་རྡོ་རྗེ། says:
    2013-01-25 at 1:05 pm

    བན་དེ་ལགས། ༼བསྟེན་༽བསྟན་་་་

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-25 at 11:18 pm

    སྣང་བྲལ་རྡོ་རྗེ་ལེགས།
    ནོར་བཅོས་མཛད་པར་བཀའ་དྲིན་ཆེ། ཀློང་ཞེས་པ་དབྱིངས་ལ་འཇུག་པ་དང་། སློང་ཞེས་པ་ལྡང་བྱེད་དང་། ལྷག་པར་དུ། ཀུན་སློང་། ཞེས་པ་དགེ་བའམ་མི་དགེ་བ་ལྡང་བྱེད་ཀྱི་དོན་དུ་གོ་བར་མཐོང་། རྟོག་དཔྱོད་མཛོད།
    དཔལ་གཡུ་འབྲུག་དཀར་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་ན།
    ་
    བཀའ་སྩལ་པ་དང་དངོས་གྲུབ་སྩལ།
    དངོས་གྲུབ་སྩོལ་དང་སྩལ་དུ་གསོལ།
    ་
    ཞེས་པའི་ཡིག་རྐང་གཉིས་ན། ཞ་ལུ་པ་ཆོས་སྐྱོང་བཟང་པོས། བཀའ་བསྟན་ན་གསལ་བ་བཞིན། ཟ་མ་ཏོག་ཏུ་བཀོད་པ་ལྟར་སྩོལ་གྱི་ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་རྟོགས་པར་འགྱུར་རོ།
    བཀའ་བསྟན་གྱི་དཔེ་ཆ་རྣམས་བཀླགས་ནས། དེ་དག་ན་གང་གསལ་བ་བཞིན་སྦྱང་དགོས་ཀྱང་། དིང་སང་ཐོན་མིའི་དགོགས་པ་ཡིན་ཞེས་བོད་སྤྱིའི་སྐད་མིང་མཐའི་ཡི་གེ་རྣམས་ལ་རིགས་འགྲེ་བཏང་སྟེ། རང་རློམ་ཅན་དག་གིས་ཆེས་ཆེར་དཀྲུགས་སོ། །
    ་
    བན་དེ་བ་མཆོག
    དང་པོ། ཡིད་རངས་པ། འདོན་ཡང་། རྗེས་སུ་བཀའ་བསྟན་གསུམ་རྣམས་སུ་ཡང་། ཡི་རང་། ཞེས་བཀོལ། ངའི་ལུང་པའི་ཁ་སྐད་དུ། ཡིད་རངས་སོང་། ཞེས་མང་དུ་ཐོས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme