Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགྲོ་བའི་ཉི་མ།

Posted on 2013-01-232013-01-23 By ཁ་བརྡ་ 7 Comments on འགྲོ་བའི་ཉི་མ།

ཚུལ་ཁྲིམས་ཟླ་བ།

སྙིང་རྗེའི་དབང་ཕྱུག་བསྟན་འཛིན་རྒྱ་མཚོ།།
རིང་བའི་སྤྱན་གྱི་འོད་ཞགས་ཟླུམ་པོས།།
དད་པའི་རྗེས་འགྲོ་གངས་ཅན་པ་ཡི།།
སྡུག་གི་མུན་པ་སེལ་རོགས་གནང་ཞིག།

གངས་རིའི་ཨ་ཕ་བསྟན་འཛིན་རྒྱ་མཚོ།།
འཇམ་པའི་ཕྱག་གི་གཡབ་མོ་ཞིག་གིས།།
གོག་འགྲོས་བྱིས་པ་གངས་ཅན་བོད་ཀྱི།།
འཆོལ་བའི་གོམ་ཁ་བསྐྱོར་རོགས་གནང་ཞིག།

བྱམས་ལྡན་ཨ་མ་བསྟན་འཛིན་རྒྱ་མཚོ།།
དྲོད་ཁོལ་ཆེ་བའི་རུམ་ཁ་ཞིག་ནས།།
ལོ་གསུམ་བུ་ཆུང་གངས་ཅན་བོད་པའི།།
མདུན་གྱི་ལམ་ཁ་མཛུབ་སྟོན་གནང་ཞིག །

དུས་གསུམ་སྒྲིབ་མེད་བསྟན་འཛིན་རྒྱ་མཚོ།།
ལུགས་ཟུང་གཟིགས་པའི་མཁྱེན་རབ་གཅིག་གིས།།
ཤི་མ་གསོན་པའི་གངས་ཅན་བོད་ཀྱི།།
ལོ་རྒྱུས་གས་ཁ་བསྲུབ་རོགས་གནང་ཞིག །

བྱམས་པའི་ལྷོ་སྤྲིན་བསྟན་འཛིན་རྒྱ་མཚོ།།
བརྩེ་བའི་སྦྲང་ཆར་སིལ་མ་བབ་ཏེ།།
ཚེ་སྲོག་འབར་བའི་གངས་ཅན་བོད་ཀྱི།།
སྡུག་གི་མེ་ལྕེ་བསད་རོགས་གནང་ཞིག །

ཐབས་མཁས་མགོན་པོ་བསྟན་འཛིན་རྒྱ་མཚོ།།
གཞན་ཕན་གོམ་པའི་སྟངས་སྟབས་ཤིག་གིས།།
ངུ་དྲི་བྲོ་བའི་གངས་བུའི་གདོང་ལ།།
དགའ་བའི་འཛུམ་ཀོང་གཏོད་རོགས་གནང་ཞིག །

དབང་བཅུ་ཐོབ་པའི་བསྟན་འཛིན་རྒྱ་མཚོ།།
བསྟན་འགྲོར་སྨན་པའི་འཕྲུལ་ཐབས་ཤིག་གིས།།
དམར་པོ་རི་ལ་སྣུམ་མདོག་གཡོག་ཅིང་།།
རེ་སྒུག་སེམས་ཁ་བཀོང་རོགས་གནང་ཞིག །

ཞི་བདེའི་སྣ་འདྲེན་བསྟན་འཛིན་རྒྱ་མཚོ།།
འཚེ་མེད་ལྟ་སྤྱོད་ཟུང་དུ་འཇུག་པས།།
བརྡུང་བསྲེགས་འཕྲོག་གསུམ་འཚང་ཁ་དར་བའི།།
དབུ་ནག་ཚང་ལ་ཞི་བདེ་སྐྲུན་ཞིག །

མཁས་པའི་རྒྱལ་པོ་བསྟན་འཛིན་རྒྱ་མཚོ།།
གནའ་དེང་སྦྱོར་བའི་སློབ་ཁྲིད་ཅིག་གིས།།
ཕྱུག་རྗེས་སྙེགས་པའི་གངས་ཅན་བོད་ཀྱི།།
རྨོངས་པའི་ཞྭ་མོ་ཕུད་རོགས་གནང་ཞིག །

ཤྭཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ།།
གནང་བཀག་གྱང་གི་ར་བ་བཙན་པོས།།
གངས་ཅན་བོད་ཀྱི་བསྟན་པའི་རྐུན་པོ།།
དེང་སང་མང་བས་སེལ་ཐབས་གནང་ཞིག །

དད་པའི་སྤུ་ལོང་གཡོས་དང་ཆབས་ཅིག །
དགའ་བའི་མཆི་མ་འཁྲུག་དང་ཆབས་ཅིག །
སྡུག་གི་སེམས་ཁམས་མྱོས་དང་ཆབས་ཅིག །
དགའ་སྡུག་ངུ་རྒོད་ཤོར་དང་ཆབས་ཅིག །

ཆུ་ཚོད་གཅིག་གིས་ཚོར་འདུ་རྣོན་པོ།།
ཆུ་ཚོད་གཅིག་ལ་མཚོ་བྱུང་དགའ་བློས།།
སྨྱུ་གུའི་སོ་ཁ་འདི་ན་བསྒྱུར་བས།།
སྨྱུག་ཐོགས་པ་རྣམས་དགྱེས་དགུར་རོལ་ཅིག །

2013.1.22

རྩོམ་རིག

Post navigation

Previous Post: རང་སྲེག་སྐོར་གྱི་དམངས་ཁྲོད་གླུ་གཞས།
Next Post: རང་ལུས་མེར་སྲེག་ཐད་ལ་བསྒྲགས་པའི་རྒྱ་གཞུང་གི་ཡིག་ཆ་ཞིག

Comments (7) on “འགྲོ་བའི་ཉི་མ།”

  1. ཟུར་གནས། says:
    2013-01-23 at 10:52 pm

    མགུར་ལྗིད་པོ་ཞིག་གི་ཚོར་བ་བསྟེར། ཡིད་འགུག་པོ་བྱུང་། ཚོར་བ་སྐྱེན་པོ་འདུག། ཡག་པོ་འདུག།

    རྒྱལ་བ་རིན་པོ་ཆེ་རྣམ་དཔྱོད་ལྡན་པའི་བླ་མ་ཞིག་ཏུ་ཕེབས་པར་ང་ཚོར་ཤིན་དུ་ཕན་ཐོགས་པོ་འདུག། ཁོང་ལ་དཔྱད་པ་བྱེད་པའི་རིག་པ་ཤིན་དུ་རྣོན་པོ་ཞིག་འདུག། ཕལ་ཆེར་དགེ་བཤེས་ཚོས་རོགས་པ་བྱས་ནས་ཡོན་ཏན་འདི་འཁྲུངས་སྲིད།

    བླ་མ་འདི་པས་མཐའ་ན་རྫོགས་ཆེན་གྱི་ཁྲིད་སྐྱོན་སྐབས། རིགས་པ་དང་དཔྱད་པ་ཤིན་དུ་ནས་ཕྲ་མོ་བཀོལ་ནས་རྫོགས་ཆེན་གསུངས་པ་འདི་གསུང་ཆོས་ཉན་གྱིན་ལུས་ཀྱི་བ་སྤུ་ཚང་མ་གནམ་ལ་གཟེངས་པར་བྱེད། ང་རང་ཐེངས་གཅིག་རྒྱལ་བ་རིན་པོ་ཆེས་རྫོགས་ཆེན་གྱི་གསུངས་ཆོས་ཤིག་གཡུ་ཐོག་Youtubeནས་བལྟས་པ་ཡིན། དེའི་འོག་ལ་མཆན་བཀླགས་དུས་རྫོགས་ཆེན་གྱི་སློབ་དཔོན་ཆེན་མོ་བླ་མ་སུར་ཡ་lamasurya་ཞུ་མཁན་དེས་མཆན་ཞིག་བཀོད་འདུག། དེའི་ནང་དོན་ནི། གོང་ས་མཆོག་གི་རྫོགས་ཆེན་ཁྲིད་སྟངས་དེ་སྔར་བྱུང་མྱོང་མེད་པའི་བློ་རྩལ་མཐོན་པོའི་ཉམས་ཁྲིད་ཤིག་ཡིན་པ་དང་། ཁོང་གིས་སྔོན་མ་འདི་ལྟ་བུའི་བློ་རྩལ་ཅན་གྱི་སེམས་ཁྲིད་གོ་མྱོང་མེད་ཟེར།

  2. འདྲེ་རྐང་ཐོ། says:
    2013-01-23 at 11:36 pm

    ཡིད་བཞིན་ནོར་བུ་མདུན་ན་ཡོད་ཀྱང་ནོར་བུའི་ནོར་ངོ་མི་ཆོད་ཅིང་། །
    སྙིང་གཏམ་གསོན་པོ་རྒྱུན་དུ་གསུངས་ཀྱང་བོང་བའི་རྣ་བར་ཆོས་འདྲ་ལ། །
    མདུན་ལ་སླེབས་དུས་གུས་ཉམས་ཆེ་ལ་གོམ་གང་ཕར་ལ་སོང་བ་ན། །
    རང་དོན་ཙམ་ལས་གཞན་གང་མི་འདོད་བསོད་ཟད་ཁ་བ་གངས་ཅན་པ། །

  3. བློ་གྲགས། says:
    2013-01-24 at 12:03 am

    ཧཧཧ། ཟུར་གནས་ཟེར་བ་ནས་ཙི་ཙིས་རི་རྒྱལ་པང་དུ་མཇལ་བའི་སྟོང་སྐད་ཅིག་རྒྱག་འདུག་པ་རང་ཉིད་ངོ་ཚ མི་ཤེས་པ་སྙིང་རེ་རྗེ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-01-24 at 3:08 am

    ༸བསྟན་འཛིན་རྒྱ་མཚོ།
    ཤྰཀྱའི་གདུང་ཚབ་༸བསྟན་འཛིན་རྒྱ་མཚོ། །
    སྲོང་བཙན་ཡང་སྤྲུལ་༸བསྟན་འཛིན་རྒྱ་མཚོ། །
    གངས་ཅན་མགོན་པོ་༸བསྟན་འཛིན་རྒྱ་མཚོ། །
    ཞི་བདེའི་དེད་དཔོན་༸བསྟན་འཛིན་རྒྱ་མཚོ། །

  5. ཚུལ་ཁྲིམས་ཟླ་བ། says:
    2013-01-24 at 8:19 am

    བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བརྟན་ཅིང་།།
    གཞིས་བྱེས་མཉམ་འཛོམས་དགའ་བདེ་རོལ་ནས།།
    གངས་བུ་ངས་ཀྱང་སྐྱིད་པའི་གླུ་དབྱངས།།
    གང་འདོད་ལེན་པའི་དུས་ཚིགས་ཚེས་ཤོག།

  6. རྒད་པོ། says:
    2013-01-24 at 10:57 am

    བསྟན་འཛིན་རྒྱ་མཚོ་སྐུ་ཚེ་གསལ་ཐང་ཡིན་པས་སྐྱིད་པོ་ཐོངས།
    བསྟན་འཛིན་རྒྱ་མཚོ་མཛད་འཕྲིན་སྔར་ལས་དར་བ་སྐྱིད་པོ་ཐོངས།
    བསྟན་འཛིན་རྒྱ་མཚོའི་བྱམས་བརྩེ་ཀུན་ལ་ཁྱབས་པས་སྐྱིད་པོ་ཐོངས།
    བསྟན་འཛིན་རྒྱ་མཚོས་ཁ་བརྡ་ཀློག་བཞིན་ཡོད་པས་སྐྱིད་པོ་ཐོངས།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-24 at 10:23 pm

    གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི།
    མཛད་པ་དྲན་པས་གདུང་དབྱངས་འབོད་པ་ཡིས།
    གཞན་དག་ལ་ལང་དད་བསྐུལ་འབྱུང་ངེས་ན།
    བོད་སྤྱིའི་སྐད་ཉིད་བཀོལ་བ་གལ་ཆེ་ཡིན།།
    ་
    རོགས་གནང་ཞིག་ཅེས་པ་ཁ་སྐད་ཡིན།
    དེའི་ཚབ་་མཛོད་ཅིག་ཅེས་པ་བོད་སྤྱིའི་སྐད།
    བོད་ཡོངས་གཅིག་ཏུ་སྒྲིལ་བྱེད་ཆོས་སྐད་ཡིན།
    ཆོས་སྐད་རྒྱས་ན་རྒྱལ་བའི་མཛད་པ་རྒྱས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme