Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་འབོ་རའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེས་མེར་བསྲེགས་བཏང་སྐོར་གྱི་གནས་བསྡུས།

Posted on 2013-01-222013-01-24 By ཁ་བརྡ་ 20 Comments on མདོ་སྨད་འབོ་རའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེས་མེར་བསྲེགས་བཏང་སྐོར་གྱི་གནས་བསྡུས།


དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ སྟེང་། བོད་ཨ་མདོ་བླ་བྲང་འབོ་ར་རྒྱང་རིང་༼ཡུལ་སྐད་དུ་རྒྱ་ར༽སྡེ་བའི་དཀོན་མཆོག་སྐྱབས་སམ༼གཅེས་མིང་ལ་དཀོན་བྷེ་༽ཞུ་བ་ཁོང་གིས་འབོ་ར་དགོན་པའི་སྟོན་ཆོས་ར་བའི་ནང་དུ། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག དཀོན་མཆོག་སྐྱབས་ལགས་ད་ལྟ་རང་ལོ་ ༢༦ ཡིན་པ་དང་། ཁོང་གི་ཕ་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར་ཞིང་ཚེ་འདས་ཡིན་པ་དང་། མ་མིང་ལ་རིན་ཆེན་འཚོ། ཕུ་བོའི་མིང་ལ་འཕགས་པ་ཚེ་རིང་དང་སྲིང་མོའི་མིང་ལ་སྙིང་མོ་སྐྱིད་ཟེར་བཞིན་ཡོད་འདུག ཁོང་ད་ལྟ་གྲོང་སྡེའི་དེའི་རྣམ་རྒྱལ་ཚེ་རིང་ཟེར་བ་ཚང་ལ་མག་པར་བསྡད་ཡོད་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་མཁར་མོ་ཐར་ཟེར་ཞིང་། བཟའ་ཟླའི་ཕ་མིང་ལ་རྣམ་རྒྱལ་ཚེ་རིང་དང་མ་མིང་ལ་ལྕགས་མོ་ཕྱུག གཅུང་མོའི་མིང་ལ་རྡོ་རྗེ་འཚོ་བཅས་ཡིན་འདུག ཁོང་ལ་ཕྲུ་གུ་ལོ་གཅིག་ཅན་གྱི་བུ་ཞིག་བཅས་ཡོད་འདུག

ཤར་ཕྱོགས་ཁུག་རྟས་ཕྱོགས་བསྡུས་བྱས་པ།

ཁ་སྣོན་གཉིས་པ།

བསོད་ནམས་ནས་མཁོ་སྤྲོད་བྱས།

གནས་ཚུལ་གསུམ་པ།

2013ལོའི་ཟླ་ 1ཚེས་ 22ཉིན་གྱི་ཉིན་གུང་ཆུ་ཚོད་༡༢་སྟེང་། རང་ལོ་ཉེར་ལྔ་ཟིན་མ་ཐག་པའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེ་ཡིས་འབོ་ར་དགོན་པའི་སྟོན་ཆོས་ཉེ་འདབ་ནས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག་པ་དང་ཕལ་ཆེར་སྐུ་གྲོངས་ཡོད་འདུག

ཁོང་ནི་འབོ་ར་སྦོག་ཚ། རྒྱང་རིང་༼རྒྱ་ར༽སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་རྡོ་རྗེ་ཚེ་བརྟན་ཞུ་བ་ཚེ་ལས་འདས་ཟིན་འདུག མ་མིང་ལ་རིན་ཆེན་འཚོ། ཕུ་བོའི་མིང་ལ་འཕགས་པ་ཚེ་རིང་། ཨ་ཅེའི་མིང་ལ་སྙིང་མོ་སྐྱིད།

སྡེ་བ་གཅིག་པའི་ཁྱིམ་ཚང་རྣམ་རྒྱལ་ཚེ་རིང་ཚང་གི་བུ་མོ་མཁར་མོ་ཐར་གྱི་མག་པར་ཡོང་ཡོད་པ་དང་། ཆུང་མའི་ཨ་ཕའི་མིང་ལ་རྣམ་རྒྱལ་ཚེ་རིང་དང་། ཨ་མའི་མིང་ལ་ལྕགས་མོ་ཕྱུག ཆུང་མའི་སྲིང་མོའི་མིང་ལ་རྡོ་རྗེ་འཚོ། ད་དུང་ཁྱིམ་ཚང་དེར་ཆུང་མའི་སྤོ་བོ་རྡོ་རྗེ་སྐྱབས་དང་རྨོ་མོ་རྡོར་ཏེ་གཉིས་འཚོ་བཞུགས་ཡོད་པ་བཅས་ཁྱིམ་ཚང་མགོ་ལུས་ཚང་བ་ཞིག་ཡིན་འདུག རྒྱལ་གཅེས་དཔའ་བོ་བཟའ་འཚོ་གཉིས་ལ་ལོ་གཅིག་ཟིན་མ་ཐག་པའི་བུ་ཆུང་ཞིག་ཀྱང་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་མེར་སྲེག་སྐབས་འབོ་ར་དགོན་པའི་གྲྭ་མང་ལོ་རེའི་འཆར་ཅན་བསྙེན་མཚམས་གཏོང་བའི་དུས་ལ་འཁེལ་ཞིང་གྲྭ་བ་གཞན་རྣམས་ཚོགས་མ་གྲོལ་བའི་བར་དེར་འཁེལ་བས་སྐུ་ཕུང་རྒྱ་གཞུང་གིས་འཁྱེར་སོང་འདུག དེ་མ་ཐག་འབོ་ར་ས་ཁུལ་དུ་དམག་མི་འབོར་ཆེན་འབྱོར་ཞིང་བསང་ཆུ་རྫོང་གི་ཉེན་རྟོགས་པ་དང་དམིགས་བསལ་ཉེན་རྟོགས་རུ་ཁག་སོང་གཅིག་རྗེས་གཉིས་མཐུད་དུ་འབྱོར་ཡོད་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཁོང་ནི་སྨྲ་བ་ཉུང་ཞིང་། ཉམ་ཆུང་གཤིས་ཀ་ལ། ཁྱིམ་ཚང་གི་ལས་ཀ་ཡོངས་རྫོགས་ལ་ཧུར་ཐག་འབད་ཐག་གནང་མཁན་གསར་བུ་ཡ་རབས་ཤིག་ཡིན་འདུག

དེ་རིང་རྒྱལ་གཅེས་དཔའ་བོ་ཁོང་གི་སྡེ་མི་ཡོངས་དང་གཞན་ཁྱིམ་མཚེས་མདའ་འདུ་སྡེ་བ་དང་། སྡེ་བ་ཆེ་བོ་གསུམ་གྱི་གསུམ་གྱི་མི་མང་རྣམས་ཡུལ་ཚོའི་སྲིད་གཞུང་གི་སྒོར་སོང་ནས་གནས་ཚུལ་འདྲི་བརྩད་བྱུང་བ་ལྟར་ན། དཀར་རྩི་བླ་བྲང་དུ་ཁྱེར་སོང་བས་མི་ཚད། འདས་པོའི་ཁྱིམ་དུ་མཆོད་འབུལ་བསྔོ་སྨོན་ཆེད་ཨ་མཆོད་གཅིག་ཀྱང་སོང་མི་ཆོག་པའི་བརྡ་ལན་དང་བཙན་བཀའ་བཏང་འདུག

ད་ལྟ་སྡེ་གསུམ་གྱི་རྒན་གཞོན་ཚང་མས་འདུ་འཛོམས་ཐོག གལ་ཏེ་སང་ཉིན་ཨ་མཆོད་གཅིག་ཀྱང་གདན་འདྲེན་བྱེད་མི་ཆོག་ན། ཕོ་མོ་རྒན་དར་གཞོན་གསུམ་ཡོངས་སྲིད་གཞུང་གི་སྒོར་སོང་ནས་མ་ཎི་བསྐོར་བཞིན་མ་ཎི་དབྱངས་འགུག་གིས་འདས་མཆོད་སྒྲུབ་རྒྱུ་བཅས་གཅིག་མཐུན་གྲོས་འཆམ་བྱུང་འདུག དེ་དོན་ཐེ་བོ་སྡེ་བ་དང་ལྕགས་ལམ་སྡེ་བ་སོགས་འབོ་རའི་སྡེ་བ་ཀུན་གྱིས་རྒྱབ་སྐྱོར་གནང་མུས་ཡིན་འདུག

རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཟླ་དང་བུ་ཆུང་གི་སྐུ་པར།

རྒྱལ་གཅེས་དཔའ་བོ་ཁོང་གིས་མེར་བསྲེགས་གནང་ཡུལ་དངོས།

 

 

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་སྐྱེས་ཡུལ་འབོ་ར་རྒྱང་རིང་གྲོང་ཚོ།

 

ཁོང་གིས་རང་ལུས་མེར་བསྲེགས་གནང་ཡུལ་འབོ་ར་སྔོན་པོ་ཐང་བཤད་སྒྲུབ་དར་རྒྱས་གླིང་དགོན་པ།

འབྲས་སྤུངས་བསོད་ནམས་ཀྱིས་མཁོ་སྤྲོད་བྱས།

གསར་འགྱུར།

Post navigation

Previous Post: མ་ཡུམ་སློབ་གྲྭར་ལོག་པ། འཛུམ་ཆུང་བཀྲ་ཤིས།
Next Post: རྒྱ་གར་དང་བོད་གཉིས་སྤུན་ཟླ་རེད། བོད་རྒྱལ་ལོ།

Comments (20) on “མདོ་སྨད་འབོ་རའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེས་མེར་བསྲེགས་བཏང་སྐོར་གྱི་གནས་བསྡུས།”

  1. ཨ་ཕྱི་ཆོས་སྒྲོན says:
    2013-01-22 at 9:55 am

    ཨོཾ་ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ་་་་་་་་་་་་་་་

  2. ཐུ་བ་རྒྱ་མཚོ། says:
    2013-01-22 at 10:15 am

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་གཞོན་ནུ་དཀོན་མཆོག་སྐྱབས། །
    ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེ་ཤོག །

  3. བསོད་ནམས། says:
    2013-01-22 at 10:29 am

    རྒྱལ་གཅེས་དཔའ་བོ་ཁོང་ལ་མྱ་ངན་ཞུ། ད་བོད་མི་ཚང་མ་སྡེབ་ལངས་བྱེད་་དགོས་འདུག

  4. རེབ་སྐྱིད་མཚོ says:
    2013-01-22 at 10:54 am

    དཀོན་མཆོག་མཁྱེན་ན་གཞོན་དེ་དག།ཨཱྃ་མ་ཎི་པདྨེ་ཧཱུྃ།

  5. འཛུམ་ཤུལ་ཐབས་མཁས། says:
    2013-01-22 at 10:56 am

    བང་ཆེན་ཚང་གི་ཁོང་ལོ༢༣ཞེས་རྫུན་བཤད་འདུག་ཀྱང་དུས་བབ་ཚང་གི་བཤད་པ་ལྟར་དགུང་ལོ་༢༦་བཤད་པ་བདེན་པ་རེད་རྒྱུ་མཚན་སྡོད་མང་ལག་མཁྱེར་དངོས་སུ་གསལ་ལོ།

  6. ཁ་བ་ says:
    2013-01-22 at 11:33 am

    ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿུ

  7. འཛུམ་ཤུལ་ཐབས་མཁས། says:
    2013-01-22 at 11:37 am

    ཚེ་དང་སྲོག་གི་གཅེས་ནོར་རིན་པོ་ཆེ།།
    ཚོར་བ་དྲག་པོས་ཤ་ཡི་འཇམ་ས་ནས།།
    དུངས་པ་ཟབ་མོས་སྙིང་གི་དཀྱིལ་དབུས་ནས།།
    མི་རིགས་ཤིག་གི་ཆེད་དུ་འདི་ལྟར་ཕུལ།།
    ཞི་བདེ་དཔའ་བོའི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་གུས་འདུད་ཞུ།

  8. སྔགས་རྒན་ཚང་། says:
    2013-01-22 at 12:20 pm

    སེམས་གཏིང་ནས་མྱ་ངན་ཞུ།

  9. དགའ་ཡ་ says:
    2013-01-22 at 2:17 pm

    ཕྱི་སྡོད་པ་ཚོས་མཛངས་མ་འགྲན་སྡུར་རེ་བྱེད། གཞས་ཞབས་ཞབས་བྲོ་རེ་འཁྲབ། དཔའ་མོ་དཔའ་མོའི་མིང་བྱང་འོག་འཛིན་བྱང་རེ་བཙོང་།
    ཨ་རི་དང་ནུབ་ཕྱོགས་ཡུལ་དུ་དཔའ་བོ་དཔའ་མོའི་མིང་བེད་སྦྱོད་ཀྱིས་མཚན་ཚོགས་རེ་བསྡུས། མོག་མོག་དང་རྦི་རག་རེ་སོགས་བཙོང་། ཁེ་སེང་ནི་ཕྱི་སྡོད་པ་ལ་རག སྡུག་བསྔལ་ནི་གཞིས་བཞུགས་པས་མྱངས།
    ད་བོད་ནང་ལ་བལྟད་མོ་རེ་བལྟ་རྒྱུ་ང་ཚོའི་གང་ཡང་བསྒྲུབ་མི་བུས་སོ།

  10. དགའ་ཡ་ says:
    2013-01-22 at 2:18 pm

    བལྟད་མོ་བལྟ་རྒྱུ་ལས་ བཅོས་རོགས

  11. ཇ་མ་ says:
    2013-01-22 at 3:13 pm

    རྒྱ་ནག་གཞུང་གིས་རྔ་ག་འདྲར་བརྡོང་ན་ང་ཚོས་བྲོ་དེ་ལྟར་ལྡིང་རྒྱུ་ལས་མི་འདུག་ག་

  12. གནམ says:
    2013-01-22 at 5:13 pm

    དགྲ་ནག་ཚང་གི་མི་མང་གིས་དགྲ་ནག་ཚང་གི་ལས་ཉེས་ལ་ངོ་རྒོལ་དངོས་པར་དུ་བྱེད་དགོས། དེ་མིན་འདི་བོད་སྡུག་ཙམ་ལ་འདོད་ནས། མ་ཤེས་མ་རིག་ལ་འདུག་པ་ནི་མི་མང་དང་གཞུང་གཉིས་ཀའི་ང་ཚོ་བོད་མི་ལ་ཁྱད་གསོད་བྱས་པའི་སྙིང་ནད་བསླབས་བ་ཡིན།
    དགྲ་གཞུང་མི་མང་གི་སྙིང་རྗེ། འཛམ་གླིང་རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་རེ་བའི་མི་རིགས་འདིས་ཟླ་ནས་ཟླར། ལོ་ནས་ལོར་འདི་ལྟར་འགྲོ་མི་སྲིད།
    ང་ཚོ་ལ་ང་ཚོའི་མགོ་འཕང་ཡོད། ང་ཚོ་ལ་ང་ཚོའི་བཙན་པོའི་སྙིང་སྟོབས་ཡོད། ང་ཚོ་ལ་ཤི་ན་མཉམ་ཤི་བྱེད་པའི་བློ་ཁོག་ཡོད། ང་ཚོའི་མེར་བསྲེགས་ཚར་བའི་དཔའ་བོ་མྱི་ཡིན། དེའི་ཤུལ་ན་རོ་བདག་རྒྱག་ནི་དང་རོ་རྩོད་བྱེད་ནིའི་མི་མང་བརྒྱ་བརྒྱ་ཁྲི་ཁྲི་ཡིན། མི་རིགས་གཉིས་ལ་བདེ་འཇགས་དགོས་བ་གཅིག་པ་ཡིན་པའི་འདུ་ཤེས་མེད་ན། ང་ཚོས་རང་གི་ཚེ་སྲོག་གཅིག་པས་དགྲ་ནག་ཚང་གི་མྱིག་ཁ་ཕྱེ་ཨེ་ཐུབ་ལྟ་མ་སྲིད། འཛམ་གླིང་གིས་ང་ཚོ་གསོན་ན་མྱི་བདག་དང་ཤི་ན་རོ་བདག་མི་བྱེད་ན། ང་ཚོ་མི་རིགས་དང་འཇིག་རྟེན་རང་ག་བ་ཞིག་ཡིན་པའི་ཚོར་ཤུགས་ཉིན་ནས་ཉིན་དུ་སྐྱེ་བཞིན་ཡོད། འཛམ་གླིང་དཀའ་སྡུག་གཅིག་དུ་འགན་ལེན་མེད་ན། ང་ཚོས་ཀྱང་དེ་བཞིན་དུ་ང་ཚོ་ལ་གསོན་ཆས་རང་སྒྲུག་མ་ཞིག་དགོས་བ་དེ་ཡང་གཡོལ་མེད་ཡིན།

    དེ་མིན་རྒྱལ་ཁའི་ཉིན་དཔའ་བོ་དཔའ་མོ་ཚང་མར་རང་ཡུལ་སོ་སོ་ནས་ཟངས་ནག་གི་བླུགས་སྐུའི་རྡོ་རིང་རེ་སྒྲེང་ནས་དྲན་རྟེན་དུ་འཇོག་ངེས་ཡིན། ནག་པོའི་གཡུལ་ལས་རྒྱལ་གྱུར་ཅིག།

  13. ཁྱུང་དཀར says:
    2013-01-22 at 8:59 pm

    ཚེ་སྲོག་བློས་བཏང་གིས་གངས་རིའི་བདེན་དོན་རྩོད་མཁན་སྐྱེས་བུ་ཆེན་པོ་དཀོན་མཆོག་སྐྱབས་ལ་ཡིད་གདུང་དྲག་པོས་ནང་མི་ཚང་མར་སེམས་སྐྱོའི་གུས་འདུད་ཞུ་ཀི་ཡོད།

  14. འདྲེ་རྐང་ཐོ། says:
    2013-01-23 at 1:47 am

    གསོད་ཕག་བཞིན་དུ་གསོས་པའི་ཡུལ་ལྷ་ཀླུ་གཉེན་སྲུང་མ་དང་། །
    བཟའ་བཏུང་དར་གོས་ཕུད་ཀྱིས་མཆོད་པའི་བླ་མ་དཀོན་མཆོག་སོགས། །
    དགོས་པའི་དུས་ན་ག་སོང་མེད་པའི་ཟ་འདྲེ་འདི་ཚོགས་ལ། །
    མཐུ་དང་ནུས་པ་ཡོད་ན་ད་ནི་སྟོན་པའི་དུས་ལ་སླེབས། །

  15. དྲ་གཉིད་ says:
    2013-01-23 at 10:21 am

    དངོས་ནས་སེམས་སྐྱོ་བྱུང་ད་བྱ་ཐབས་ག་རེ་ཡོད་དཀོན་མཆོག་མཁྱེན་བོད་མིའི་ལས་དབང་། གང་ལྟར་འདས་པོ་ཁོང་ལ་སྙིང་ཐག་ནས་མྱ་ངན་ཞུ།།

  16. བོད་དགའ་ says:
    2013-01-23 at 10:25 am

    སེམས་དབུས་ནས་འདས་པོའི་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ།།

  17. དགའ་ཡ་ says:
    2013-01-23 at 12:11 pm

    བོད་ནང་ནས་མི་ཤི་བ་ལས་ཕྱི་རྒྱལ་ལུང་པར་ཁྱི་ཤི་བ་ལ་དོན་སྣང་ཆེ་བ་བྱེད་ཀྱི་འདུག
    ཡིད་མི་ཆེས་ན་ཕྱི་རྒྱལ་ཁག་གི་བརྙན་འཕྲིན་ལ་གཟིགས་དང་།
    ཆུ་ཚོད་ཉེ་བཞིའི་རིང་ཁྱི་ཡི་སྐོར་ལ་དམིགས་བསལ་ལེ་ཚན་ནང་གཏོང་གི་རེད།

  18. སྣང་བྲལ་རྡོ་རྗེ། says:
    2013-01-23 at 12:16 pm

    མགོན་པོ་འོད་དཔག་ཏུ་མེད་པའི་འཞིང་དུ་སྐྱེ་བར་ཤོག

  19. སྣང་བྲལ་རྡོ་རྗེ། says:
    2013-01-23 at 12:45 pm

    འདྲེ་རྐང་ཐོ་ལགས། ཁྱོད་ཀྱི་གསུངས་པ་ཐ་ཆ་ཤོར་བ་མིན་འགྲོ སངས་རྒྱས་ཀྱིས་ཀྱང་འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་གསུངས་པ་འདི་ལ་བསམ་གཞིག་བྱེད་རོགས།

  20. སྣང་བྲལ་རྡོ་རྗེ། says:
    2013-01-23 at 12:57 pm

    ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿུ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme