Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་ལི་ལེའོ་དང་འཇིག་རྟེན།

Posted on 2009-08-212009-08-21 By དགེ་རབ་ 4 Comments on དགའ་ལི་ལེའོ་དང་འཇིག་རྟེན།

རྔ་བ་རྒྱལ་ཁམས་པ།
—————
ཆེད་བརྗོད།

Galileo
དགའ་ལི་ལེའོ།(Galileo)

ཚན་འཕྲུལ་གྱི་བྱ་དངོས་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། ང་ཚོའི་འགྲོ་འདུག་སྤྱོད་གསུམ་གྱི་འཚོ་བའི་ཆ་ཤས་མང་བོ་ཞིག་གི་ཐད། སྟབས་བདེའི་མཐུན་རྐྱེན་གང་ལེགས་འཛུགས་སྐྲུན་བྱེད་ཐུབ་པ་བྱུང་ཡོད། ལྷག་པར་རྡོ་སྣུམ་བཀོལ་སྤྱོད་བྱེད་པའི་འཕྲུལ་ཆས་རིགས་དང་། ྐློག་ྐླད། རྡུལ་ཕྲན་གྱི་ནུས་པ་སོགས་གསར་གཏོད་བྱས་པ་ལས། སའི་གོ་ལའི་ཁྱོན་འདི་ཙམ་དུ་མ་ཟད། ཟླ་བ་སོགས་གཟའ་སྐར་གཞན་གྱི་ཐོག་འགྲོ་བསྐྱོད་ཐུབ་པའི་འགྲིམ་འགྲུལ་གྱི་ནུས་པ་གོང་ནས་གོང་དུ་སྤེལ་བཞིན་ཡོད། གཅིག་བྱས་ན། འབྱུང་འགྱུར་གྱི་དུས་རབས་ངེས་ཅན་ཞིག་གི་མཚམས་ནས། རང་ཅག་གི་མཁའ་དབྱིངས་དགུ་ཚུགས་ཀྱི་ངོགས་ན། ཁྱུ་ཚོགས་བྱས་པའི་གཟའ་སྐར་གྱི་གོ་ལའི་འཇིག་རྟེན་དུང་ཕྱུར་མང་བོ་ཡོད་པ་དེ་དག་ཀྱང་། ད་ལྟ་རང་རེས་སའི་གོ་ལའི་ཤར་ལྷོ་ནུབ་བྱང་གི་བར་འགྲིམ་འགྲུལ་བྱེད་བཞིན་པ་ནང་བཞིན། ཕན་ཚུན་ཐུག་ཕྲད་བཟང་ངན་གང་རུང་གི་འབྲེལ་ལམ་འཛུགས་སྲིད་པའི་དུས་ཤིག་ཤར་ལས་ཆེ། དེང་སང་ཚན་རིག་པ་དག་གིས་བྱ་དངོས་གང་རུང་ཞིག་གི་ཐོག་བརྟག་ཞིབ་བྱས་ཏེ། བདུན་ཕྲག་རེའི་ནང་དུའང་དངོས་རིགས་རྙེད་སོན་བྱུང་བའི་གསར་འགྱུར་ངོ་མཚར་ཅན་མང་བོ་ཞིག་མཐོང་རྒྱུ་ཡོད། འདས་པའི་དུས་རབས་མང་བོ་ཞིག་གི་ནང་། དངོས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚན་རིག་གི་ཁྱབ་ཁོངས་མང་བོ་ཞིག རང་བཞིན་མཚན་ཉིད་རིག་པའི་ཆ་ཤས་གཙོ་བོ་ཞིག་ཏུ་ངོས་འཛིན་མཛད་ནས། ཨ་རེ་སི་ཁྲོ་ཁྲལ་དང་། ཕི་ལེ་ཁྲོ་སོགས་གནའ་རབས་ཀྱི་མཚན་ཉིད་པ་ཆེན་མོ་དག་གིས་གཏན་ལ་ཕབ་པ་ལྟར། རོ་མན་ཀ་ཏོ་ལིག་གཙོ་བོར་གྱུར་བའི་ཆོས་བརྒྱུད་མང་བོ་ཞིག་གིས་རང་རང་གི་ལྟ་གྲུབ་ཀྱང་། མཁས་པ་དེ་དག་གི་ལྟ་ཚུལ་དང་གང་མཐུན་མཐུན་གྱི་ལམ་ནས་འགྲེལ་བཤད་བྱས་ཡོད། དུས་རབས་བཞི་ཡས་མས་ཤིག་གི་སྔ་རོལ་ནས། ད་ལྟའི་ཨི་ཏྲ་ལིའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་རོམ་ནི། འཛམ་གླིང་རོ་མན་ཀ་ཏོ་ལིག་ཆོས་བརྒྱུད་ཀྱི་ལྟེ་བ་ཡིན་པ་ལྟར་ད་ལྟའང་ཡིན་ལ། སྐབས་དེའི་ཡི་ཤི་གཙུག་ལག་ཁང་གི་དབང་འཛིན་པ་རྣམས། སྤྱི་ཚོགས་དེའི་ཉིན་རེའི་འཚོ་བའི་ནང་དབང་ཤུགས་ཧ་ཅིང་ཆེན་པོ་ཡིན་རྐྱེན། གལ་ཏེ་ཚན་རིག་གམ་ཚན་རིག་སྐོར་གྱི་དྲི་བ་གང་ཞིག་བཏོན་ཚེ། ཁོང་ཚོར་ཁ་ཐད་བྱས་པའི་ཉེས་མིང་བསྒྲགས་ཏེ་སྲོག་ཐོག་གཏོང་བའམ། ཡང་ན། ཚེ་བཙོན་བྱས་པའི་གནས་ཚུལ་ཐབས་སྐྱོ་བོ་མང་བོ་ཞིག་བྱུང་ཡོད། རྩིས་དང་། དངོས་ཁམས། གནམ་རིག་བཅས་ལ་མཁས་པར་གྲགས་པའི་གནའ་བོའི་ཨི་ཏྲ་ལིའི་ཚན་རིག་པ་ཆེན་པོ། སྐུ་ཞབས་དགའ་ལི་ལེའོ་མཆོག་ཕེབས་ནས། སྐབས་དེར་ཆོས་སྲིད་གང་ཞིག་གི་བཀའ་རྒྱ་ཡོད་མེན་ལ་མ་ལྟོས་པར། རང་ཉིད་ཀྱི་ལྟ་ཚུལ་གཞི་ལ་བཟུང་ནས། ཚན་རིག་དང་ཆོས་རིག་གི་སྲོལ་རྒྱུན་རིག་གཞུང་ཐོག བསྐྱར་ཞིབ་ཚོད་དཔགས་གཟབ་ནན་བཏང་སྟེ། རྩིས་ཀྱི་རིག་པ་ལ་བརྟེན་ནས་དེ་དག་གི་གྲུབ་དོན་ཐད་ཟབ་སྦྱོང་ལེགས་སྤེལ་ཉེས་འགོག་གི་དགོངས་པ་གང་མང་ཞིག་བཏོན་ཞིང་། སའི་གོ་ལ་འདི་བཞིན་འཇིག་རྟེན་གྱི་ལྟེ་བ་འཕོ་འགྱུར་བྲལ་བ་ཞིག་མ་ཡིན་པར། དེ་ཉིད་ཀྱིས་ཉི་མའི་གོ་ལར་སྐོར་བཞིན་ཡོད་ཚུལ་གསལ་བརྗོད་བྱས་པས། རོ་མན་ཀ་ཏོ་ལིག་ཆོས་བརྒྱུད་ཀྱི་མཚང་ལ་ཕོག་སྟེ། ཁོང་གི་སྐུ་ཚེ་ཧྲིལ་བོ་བཙོན་ཁང་ནས་བསྐྱལ་དགོས་པའི་གནས་ཚུལ་སྐྱོ་བོ་དེ་འདྲ་བྱུང་ཡོད། སྐུ་ཞབས་དགའ་ལི་ལེའོ་མཆོག་ནི་རྒྱང་ཤེལ་ལ་བརྟེན་ནས་མཚན་མོར་ནམ་མཁའི་གོ་ལར་གཟིགས་རྟོགས་ཉམས་ཞིབ་གནང་མཁན་གྱི་ཚན་རིག་པ་ཐོག་མ་དེ་ཡིན་ཞེས་གྲགས་ལ། ཁོང་གིས་བརྟག་དཔྱད་བརྒྱུད་གཟའ་སྐར་གྱི་བཀོད་དབྱིབས་སྣ་ཚོགས་པ་ཞིག་གསར་རྙེད་བྱུང་བ་མ་ཟད། ཁོང་རང་ཉིད་ལས་སྔ་ཕེབས་ཀྱི་སྲོལ་རྒྱུན་བསམ་བློའི་ར་བ་ལས་ཆེས་ཆེར་བརྒལ་ཏེ། ཚན་རིག་གི་རིག་པའི་བགྲོད་ཕྱོགས་ཀྱི་ལམ་ཁ་གསར་བ་ཞིག་རྩ་འཛུགས་ཡར་རྒྱས་ཕྱིན་པ། ང་ཚོའི་ད་ལྟའི་ཚན་རིག་མདུན་བསྐྱོད་ཀྱི་གོམ་ཁ་དང་མེད་ན་མི་འབྱུང་གི་འབྲེལ་བ་དམ་པོ་ཞིག་ཆགས་ཡོད། ལར་ནས་སྤྱི་ལོའི་སྔོན་གྱི་ལོ་༣༨༤ནས༣༢༣ནང་ཕེབས་པའི་གནའ་བོའི་དགུ་རིག་གི་མཚན་ཉིད་པ་ཆེན་པོ། སྐུ་ཞབས་ཨ་རེ་སི་ཁྲོ་ཁྲལ་མཆོག་གི་དགོངས་པ་ལྟར་གྱི་༼རང་བཞིན༽དང༼རང་བཞིན་མ་ཡིན་པའི༽གཡོ་འགུལ་གྱི་ཆོས་ཉིད་གཉིས་ཀྱིས། འདས་པའི་མི་ལོ༡༨༠༠ལྷག་གི་རིང་། ཚན་རིག་གི་བསམ་བློའི་ལྟེ་བའི་སྲོག་གནད་ལྟ་བུ་ཞིག་བཟུང་འདུག་ཅིང་། དེ་ཉིད་ཀྱིས་འདོད་པའི་༼རང་བཞིན་གྱི་ཆོས་ཉིད༽ཅེས་པའང་། དངོས་རིགས་གང་ཞིག་ཡང་ན་ཡར་ལ་འཕགས་པའམ། ཡང་ན་མར་ལ་ལྷུང་བ་སྟེ། དཔེར་ན། རྡོ་རིགས་ལྟ་བུ་རང་བཞིན་གྱིས་མར་ཐང་དུ་ལྷུང་བ་དང་། དུ་བ་ལྟ་བུ་རང་བཞིན་གྱིས་ཡར་གྱེན་དུ་འཕགས་ངེས་ཡིན་ཚུལ་རྒྱུ་མཚན་བཅས་འགྲེལ་བཤད་མཛད་ཅིང་། ༼རང་བཞིན་མ་ཡིན་པའི་གཡོ་འགུལ་གྱི་ཆོས་ཉིད༽ཅེས་པའང་། འགུལ་བསྐྱོད་གང་ཞིག་དངོས་པོ་གང་ཞིག་གཡོ་འགུལ་བྱས་པ་ལས་བྱུང་བ་སྟེ། དཔེར་ན། རྡོ་ཞིག་ཐད་ཀར་འཕངས་ན་ཐང་དུ་ལྷུང་འགྲོ་བའི་འགུལ་བསྐྱོད་ལྟ་བུ་ཞིག་ཡིན་པར་སྣང་ལ། ཁོང་གིས་གཟའ་སྐར་རྣམས་གཅིག་གིས་ཅིག་སྐོར་བཞིན་ཡོད་པའི་གཡོ་འགུལ་གྱི་རང་བཞིན་དེ། དུས་ནམ་ཡང་འགྱུར་ལྡོག་བྲལ་ཞིང་ཕུན་སུམ་ཚོགས་པ། ང་ཚོའི་གོ་ལ་འདིའི་ཐོག་གི་གཡོ་འགུལ་དང་གཏན་མི་འདྲ་བ་ཞིག་ཡིན་པར་བཤད་ཅིང་། སྐུ་ཞབས་དགའ་ལི་ལེའོའི་སྐབས་སུ་ལྟ་ཚུལ་དེ་བཞིན་རོ་མན་ཀ་ཏོ་ལིག་ཆོས་བརྒྱུད་ཀྱིས་འདོད་པ་ལྟར་གྱི་འཇིག་རྟེན་དཀོན་མཆོག་གིས་བཀོད་པ་དང་། གཟའ་སྐར་རྣམས་དེ་ཉིད་ཀྱི་ཕུན་སུམ་ཚོགས་པའི་འཕྲིན་ལས་ཀྱི་བཀོད་པ། དུས་དང་ནམ་པ་ཀུན་ཏུ་འགྱུར་ལྡོག་མི་ཐུབ་པ་ཞིག་ཡིན་པ་དང་། འགྲོ་བ་མིའི་རྐྱེན་ལས་ས་གཞི་འདིའི་ཐོག་གི་ཆོས་རྣམས་དེ་ལྟར་མ་ཡིན་པར། རང་བཞིན་མ་ཡིན་པའི་གནས་ཚུལ་མང་བོ་ཞིག་འབྱུང་གི་ཡོད་པར་བཤད་པའི་ལྟ་ཚུལ་དང་ཡང་ཧ་ཅིང་མཐུན་པོ་ཡིན་པར་གྲགས་ལ། དགའ་ལི་ལེའོ་མཆོག་གིས་རང་གི་ལྟ་ཚུལ་དང་། ཚན་རིག་གི་རིག་པའི་གཞུང་ལུགས་འཐད་ལྡན་གཉིས་དཔངས་པོར་བཙུགས་ཏེ། འདོད་ཚུལ་དེ་དག་ལ་དགག་བཞག་སྤོང་གསུམ་གྱི་སྤྲོས་པ་རྒྱ་ཆེར་བསྐྱངས་འདུག་གོ་ མུ་འགོད།

རྩོམ་རིག

Post navigation

Previous Post: གངས་རིའི་མགོན།
Next Post: ཨ་མེ་རི་ཀ རྒྱལ་བོ་མེད་པའི་འཛམ་གླིང་གི་རྒྱལ་བོ།

Comments (4) on “དགའ་ལི་ལེའོ་དང་འཇིག་རྟེན།”

  1. རྩམ་པ་དཀར་པོ། says:
    2009-08-21 at 9:47 am

    བཀྲ་ཤིས་བདེ་ལེགས། མུ་མཐུད་དུ་སྤེལ་རོགས

  2. ཁ་ཚོགས། says:
    2009-08-21 at 11:22 am

    དྲ་རྒྱ་འདིའི་སྟེང་ནས་མི་རེ་གཉིས་ཞིག་གིས་ཁ་གཡར་ལྕེ་གཡར་ཞིག་ལ་ཁག་བཞག་ནས་གྲུབ་མཐའི་ལ་རྒྱ་ཡོད་མདོག ཕུ་ནུའི་ཤ་ཞེན་ཆེ་མདོག་གིས་མི་གང་མང་མང་ཞིག་འུར་སྒྲོགས་ངན་བསྐུལ་བྱས་ཏེ་ཁ་ལ་ཇི་བྱུང་གིས་སྐྱེས་ཆེན་དམ་པ་རྣམ་ལ་སྐུར་འདེབས་བྱས། ལག་ཏུ་ཇི་བྱུང་གི་རྩོམ་ཡིག་ཐ་ཐོར་རེ་འབྲི་ཁུར་གྱིས་རང་འདྲོག་གཞན་དཀྲོག་གི་འུར་ལངས་ཏེ་ཉལ་གཉིད་མ་ཁུག འགྲོ་འདུག་མ་བདེ། རང་ངོ་མ་ཟིན། གཞན་ངོ་མ་ཤེས་ཇི་ཟེར་འདི་ཟེར་མེད་པ་རང་གིས་རང་ལ་ཅ་སུན་པོ་བཟོས་ནས་སྤུ་ཟེང་ངེ་ཡོད་པའི་སྐབས་འདིར།
    རྔ་བ་རྒྱལ་ཁམས་པ་ཞུ་བ་ཁོང་གིས་གཞན་སྐྱོན་མ་གླེང་རང་བསྟོད་མ་བྱས་ཐུགས་ལྷོད་ལྷོད་དུ། ཕྱི་གླིང་པའི་ཚན་རིགས་པ་དང་མཚན་ཉིད་རིགས་པ་པ་སོགས་མི་སྣ་གྲགས་ཅན་གང་མང་ཞིག་གི་བྱུང་རིམ་ལོ་རྒྱུས་སོགས་དང་སྙན་ཚིག་སོགས་ཀྱིས་ཡིད་གཡོས་ཏེ་ངས་རྩམ་པ་དཀར་པོ་དང་མཉམ་དུ་སླར་ཡང་མུ་མཐུད་དུ་རེ་བསྐུ

  3. རྩེ་རྒྱལ་ says:
    2009-08-21 at 12:51 pm

    ཡང་སྙིང་རྔ་བ་རྒྱལ་ཁམས་པ་ཟེར་བ་ཁོང་སུ་ཡིན་ནམ། ཁོང་གིས་བསྒྱུར་རྩོམ་སྣ་མང་སྤེལ་བར་ལེགས་གསོལ་ཡོད། འོན་ཀྱང་གཞན་གྱི་དྲི་མཆན་ལ་ལན་འདེབས་མེད་སྟབས་ཀློག་པ་པོའི་རྨོངས་དོགས་བསལ་རྒྱུར་ཕན་རླབས་ཆུང་བས་བློ་ཕམ་ཡོད། ཡིན་ནའང་ནུབ་ཕྱོགས་མི་ཁོམ་པའི་མཐའ་གླིང་ཞིག་ནས་རྒྱལ་ཁམས་པ་ཁོང་གིས་སྨྱུག་ཁ་ཕ་ས་གངས་རི་ལ་གཏད་པ་ནི་མ་ཡུམ་གངས་སེང་དཀར་མོའི་འོ་རིན་ཞིག་ལོས་ཡིན།

  4. Lt says:
    2009-08-21 at 3:30 pm

    Hello! I want to thank you for your comments and I am feeling very regretful that I cannot respond your questions directly since I use the TCRC font. How ever, I will keep your recommendations in my heart.
    Thank you once again. Tashi delek!

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme