Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དང་སྲོག་གི་བགྲོ་གླེང་ཐེངས ༢༦ སྟེང་སྩལ་བའི་བཀའ་སློབ། བརྙན་འཕྲིན།

Posted on 2013-01-182013-01-19 By ཤར་ཕྱོགས་ཁུག་རྟ། 1 Comment on སེམས་དང་སྲོག་གི་བགྲོ་གླེང་ཐེངས ༢༦ སྟེང་སྩལ་བའི་བཀའ་སློབ། བརྙན་འཕྲིན།

༢༠༡༣ ཟླ་ ༡ ཚེས་ ༡༧ ནས ༢༢ བར། 

༄༅། ། སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་ཚོགས་འདུ་ཐེངས་ ༢༦ པ་དེ་བཞིན་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༢ བར་དུས་ཡུན་ཉིན་གྲངས་དྲུག་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་སྐོང་ཚོགས་གནང་བཞིན་པ་དང། བགྲོ་གླེང་དབུ་འབྱེད་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་འདིར་༸རྒྱལ་དབང་རིམ་བྱོན་ཐོབ་ཁོངས་ཀྱི་གདན་ས། འབྲས་སྤུངས་ཆགས་ཀྱི་ཡོད། དང་ཐོག་འདི་གར་ཕེབས་པའི་ཚན་རིག་པ་མང་དག་ཅིག་ང་ཚོ་ངོ་ཤེས་རྙིང་པ་རེད། ཁག་གཅིག་གསར་དུ་ཕེབས་པ་དེ་འདྲ་འདུག ངོས་ཀྱིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་འདི་གའི་མཁས་དབང་རྣམ་པ་ཚོ་ཚང་མའི་ཚབ་ཞུས་ཏེ་ཁྱེད་རང་ཚོ་ཚང་མར་དགའ་བསུ་དང་འཚམས་འདྲི་ཞུ་གི་ཡོད། འགོ་སྟོད་ལ་ཚན་རིག་པ་དང་ལྷན་དུ་འབྲེལ་བ་བྱས་ན་ཡག་པོ་མེད་སྐོར་ཕྱི་རྒྱལ་གྱི་མིས་ཀྱང་ངོས་ལ་བཤད་བྱུང་། འོན་ཀྱང་ངོས་ཀྱིས།

དགེ་སློང་བདག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བ་བྱ་ཡི་གུས་ཕྱིར་མིན། །

ཞེས་པ་དེར་བསམ་བློ་གཏོང་གི་ཡོད། ཚན་རིག་པས་བདེན་དོན་འཚོལ་གྱི་ཡོད་པ་རེད་ལ་སངས་རྒྱས་པའི་ཆོས་ཀྱིས་ཀྱང་བདེན་དོན་འཚོལ་གྱི་ཡོད། ཧ་ལམ་ཚན་རིག་པས་སྒྲོ་འདོགས་དང་སྐུར་འདེབས་སེལ་ཏེ་དངོས་ཡོད་གནས་ཚུལ་འཚོལ་གྱི་ཡོད། སངས་རྒྱས་པའི་ཆོས་ཀྱིས་ཀྱང་སྒྲོ་འདོགས་དང་སྐུར་འདེབས་སེལ་ཏེ་འགྲོ་གི་ཡོད། ད་ལྟ་བར་དུ་བདེན་དོན་འཚོལ་སའི་ཡུལ་གཞལ་བྱ་དེ། སངས་རྒྱས་པའི་ཡུལ་གཞལ་བྱའི་གནས་གསུམ་གསུང་གི་ཡོད། ཚན་རིག་པ་ད་བར་དུ་གཞལ་བྱ་མངོན་འགྱུར་ཁོ་ན་ལྟ་བུ་རེད། དེར་རིམ་བཞིན་འགྱུར་བ་འགྲོ་གི་འདུག ངོས་རང་ལ་ཆ་བཞག་ན། མཐོང་བ་མངོན་འགྱུར་ནང་གི་གནས་ཚུལ་མང་པོ་ཞིག་ཚན་རིག་པ་ཚོས་འགྲེལ་བཤད་རྒྱག་སྐབས། དངོས་གནས་ཧ་ལས་པ་དང་ངོ་མཚར་སྐྱེ་རྒྱུ་ཞིག་འདུག ཚན་རིག་གི་གཟུགས་ཅན་གྱི་ཆོས་ཕྲ་མོ་ཐོག་ལ་སླེབ་སྐབས། སྐད་ཅིག་ཀྱང་མ་བསྡད་པར་གཡོ་བཞིན་པ་དངོས་སུ་མིག་གིས་མཐོང་རྒྱུ་ཡོད་པ་མ་ཟད། ཚན་རིག་གི་འཕྲུལ་ཆས་ཐོག་ནས་རྡུལ་ཕྲན་ཐོག་ལ་འགྲོ་སྐབས། གཡོ་འགུལ་བྱེད་བཞིན་ཡོད་པ་ངོས་ཀྱིས་དངོས་སུ་མཐོང་བྱུང་། སྤྱིར་བཏང་དགོན་སྡེ་ཁག་གི་མཁན་པོ་དང་ཚན་རིག་གཉིས་དབར་ནང་ཆོས་དང་ཚན་རིག་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་དང་པོ་ནས་ཚན་རིག་པ་ཚོ་དང་མཉམ་དུ་ཐུག་སྐབས།

ངོས་ཀྱིས་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱེད་དགོས་པའི་དམིགས་ཡུལ་གཉིས་ཡོད། ཅེས་བཤད་ཡོད། དང་པོ། ནང་ཆོས་དང་ཚན་རིག་ཕྱོགས་གཉིས་ཀའི་ཤེས་ཚད་གོང་དུ་སྤེལ་རྒྱུ་ཙམ་མ་ཟད། ཕྱོགས་གཉིས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་དོན་ཐོག་ནས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན། གཉིས་པ། རྫས་ཀྱི་རྣམ་གཞག་དེ་དག་ལ་སློབ་སྦྱོང་བྱས་ནས་གཏན་ལ་ཕབ་སྟེ་ཤེས་པའི་ལས་རྗེས་ལྟ༌བུ་འདི་དཔེར་ན། སྨན་ལ་ཆ་བཞག་ན། བརྟག་དཔྱད་རིམ་པ་བྱས་མཐར་ལུས་པོར་ཕན་ཐོགས་ཡོད་པ་དེ་དག་ཚུར་དང་དུ་བླངས་ཏེ་གོང་འཕེལ་རྒྱ་ཆེར་སྤེལ་དགོས་པ་དང་། གནོད་པའི་རིགས་ཉུང་དུ་བཏང་ནས་སྔོན་འགོག་གི་ཐབས་ཤེས་བྱ་རྒྱུ་དེ་རྫས་ཀྱི་ནུས་པར་ཤེས་པའི་སྒོ་ནས་རིམ་པ་གཉིས་པ་དེ་བླང་དོར་ཐོག་སླེབ་ཀྱི་ཡོད། དེ་བཞིན་ནང་སེམས་ཀྱི་རྟོག་པའི་རྣམ་གཞག་དེ་དག་ཀྱང་ཞིབ་ཚགས་ཐོག་ནས་འགྲོ་སྟངས་ཤེས་པའི་མཚམས་ལ་སྐྱེ་བ་ཕྱི་མ་དང་ཐར་པ། ཐམས་ཅད་མཁྱེན་པའི་སྐད་ཆ་ཤོད་ཀྱི་མེད། མི་ཚེ་འདི་གར་འཛམ་གླིང་འདི་བདེ་བ་དང་མི་སྒེར་སོ་སོ་ཡང་སེེམས་སྐྱིད་པ་དང་བག་ཕེབས་པ་ཞིག་སེམས་ཀྱི་འགྲོ་སྟངས་དེ་དག་ཡག་པོ་ཤེས་པའི་ཐོག་ནས་སེམས་མ་སྐྱིད་པ་བཟོ་མཁན་རྣམ་རྟོག་ག་རེ་བྱེད་ཀྱི་འདུག དེར་གཉེན་པ་གང་འདྲ་ཞིག་བསྟེན་དགོས་ཀྱི་འདུག དེ་དག་ཤེས་པའི་ཐོག་ནས་མིར་ཕན་ཐོགས་བྱ་རྒྱུ་ཞིག་ཡོང་དགོས། སྔོན་ན་ཚན་རིག་པ་རང་ཉིད་ཀྱང་སེམས་ཞི་ཞིང་དུལ་བ་ཞིག་བྱེད་དགོས། ངོས་ཀྱི་གྲོགས་པོ་ཁག་གཅིག་ཀླད་པའི་ཚན་རིག་སྐོར་ལ་ཧ་ཅང་མཁས་པ་རེད། འོན་ཀྱང་ཁོང་རང་རྫོགས་རྒྱུ་མེད་པའི་སེམས་འཁྲལ་བྱེད་མཁན་ཞིག་འདུག དེར་བརྟེན་ཚན་རིག་པ་རང་ཉིད་ཀྱིས་བདེ་སྡུག་མྱོང་བའི་འགྲོ་སྟངས་རྒྱ་ཆེན་པོ་ཤེས་ཡོང་སྐབས། སྔོན་ལ་ཚན་རིག་པ་རང་ཉིད་ཀྱི་རྒྱུད་ལ་ཞི་བདེ་མང་ཙམ་བསླེབ་ཐབས་བྱེད་དགོས། ང་ཚོའི་ཚན་རིག་སློབ་དཔོན་ཚོར་སེམས་ལ་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་ཕེབས་ཡོད།

ལྷག་པར་མགོན་པོ་གང་ཉིད་མཆོག་གིས་དགེ་འདུན་པ་ཚོར་ལམ་སྟོན་བཀའ་སློབ་སྩལ་དོན། དགེ་འདུན་པ་སློབ་གཉེར་བ་ཚོས་ནང་ཆོས་ཀྱི་སློབ་གཉེར་མ་རྩར་བཞག་སྟེ། ཚན་རིག་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་ཚན་རིག་བསླབ་དགོས་པ་རེད་ཅེས་ཚན་རིག་ལ་དོ་སྣང་གསར་པ་སླེབ་ནས་ཀླད་པའི་ནུས་པ་བརྒྱ་ཆ་མང་བ་ཚན་རིག་ཐོག་གཏོང་རྒྱུ་ཞིག་མིན། ཁྱེད་རང་ཚོ་མང་ཆེ་བ་ངོས་ཀྱི་མདུན་ནས་ཆོས་འབྲེལ་ཐོབ་པ་ཤ་སྟག་རེད། དེར་བརྟེན་སྔོན་ལ་སློབ་དཔོན་ལ་དཔེ་བལྟས་ནས་འགྲོ་དགོས། ངོས་ལ་ཆ་བཞག་ན། ཚན་རིག་ལ་ལྷ་སར་ཡོད་སྐབས་ནས་ཧ་ཅང་དོ་སྣང་ཡོད། འོན་ཀྱང་ངོས་རང་ཉིན་ཞག་གཅིག་ནང་དུས་ཚོད་མང་བ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ། དེ་བཞིན་ནང་པའི་གཞུང་དེ་དག་དུས་ཚོད་ནམ་ཁོམ་ལ་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོས་ཚན་རིག་བསླབ་རྒྱུར་ཨ་གསར་བྱས་ནས་ཚུར་ཕྱོགས་འདིར་ད་ལྟ་བར་དུ་སློབ་གཉེར་བྱས་དང་བྱེད་མུས་ཡིན་པ་དེར་འཐུས་ཤོར་ཕྱིན་ན་རྩ་བ་ནས་འགྲིག་གི་མེད། ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་ང་ཚོའི་མ་རྩ་རེད། གུང་ཐང་རིན་པོ་ཆེ་མཆོག་གིས། རྩ་བ་བོར་ནས་ཡལ་ཀ་མ་འཛིན་ཨང། ཞེས་གསུངས་ཡོད།

དཔེར་ན། ངོས་རང་ལ་ཆ་བཞག་ན། ཚན་རིག་པ་དང་མཉམ་དུ་སྐད་ཆ་ཤོད་སྐབས་ངོས་རང་ཚན་རིག་དང་དེང་དུས་ཀྱི་སློབ་སྦྱོང་གང་ཡང་མེད། འོན་ཀྱང་ཚན་རིག་པ་དང་ལྷན་རྐུབ་གྲལ་བསྒྲིགས་ཏེ་སྐད་ཆ་བཤད་ནས་གོ་བསྡུར་བྱ་རྒྱུའི་སྤོབས་སེམས་ཕྲན་བུ་ཡོང་གི་ཡོད་པ་དེ་ཚད་མ་དང་དབུ་མའི་གཞུང་གི་བསམ་བློ་གཏོང་སྟངས་ཐོག་ནས་སློབ་སྐབས་ཧ་ཅང་ཕན་ཐོགས་ཡོང་གི་འདུག དེར་བརྟེན་ཁྱེད་རང་ཚོས་དེ་དགོངས་པར་འཇགས་དགོས། ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་ཡོད།

སེམས་དང་སྲོག་བགྲོ་གླེང་སྐབས་བཅར་འདྲི་ཞུས་པ། ཚན་པ་དང་པོ།

སེམས་དང་སྲོག་བགྲོ་གླེང་སྐབས་བཅར་འདྲི་ཞུས་པ། ཚན་པ་གཉིས་པ།

སེམས་དང་སྲོག་བགྲོ་གླེང་སྐབས་བཅར་འདྲི་ཞུས་པ། ཚན་པ་གསུམ་པ། 

http://www.youtube.com/watch?feature=player_embedded&v=g7SyLxQ_h2Q

སེམས་དང་སྲོག་བགྲོ་གླེང་སྐབས་བཅར་འདྲི་ཞུས་པ། ཚན་པ་བཞི་བ། 

གསར་འགྱུར།

Post navigation

Previous Post: མདོ་སྨད་ཁྱུང་མཆུ་ནས་རྒྱལ་གཅེས་དཔའ་བོ་ཚེ་རིང་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།
Next Post: མ་འོངས་ལུང་བསྟན་བཞུགས་སོ།།

Comment (1) on “སེམས་དང་སྲོག་གི་བགྲོ་གླེང་ཐེངས ༢༦ སྟེང་སྩལ་བའི་བཀའ་སློབ། བརྙན་འཕྲིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-01-19 at 5:26 am

    མི་དྲུག་ལས། རིན་པོ་ཆེ་དང་པོ་དེས། ཚན་རིག་པ་ནང་པ་ཆགས་བགྱི་རེད། ཡང་། རིན་པོ་ཆེ་གཉིས་པས་ནང་ཆོས་ཡུན་རིང་གནས་པ་ལ་ཚན་རིག་པས་རྒྱབ་སྐྱོར་དགོས་རེད་གསུངས་ནས། བརྩོན་འགྲུས་ལགས་ཀྱིས་ཚན་རིག་པའི་བརྡ་ཆད་བོད་སྐད་དུ་བསྒྱུར་སྟངས་སྐོར་གསུངས་འདུག བོད་པ་གཞན་གསུམ་ནི་ངོ་ཤེས་རྙིང་པ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme