Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ།

Posted on 2009-08-19 By དགེ་རབ་ 7 Comments on ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ།

རྔ་བ་རྒྱལ་ཁམས་པ།
————
རྩོམ་ཡིག་འདིའི་ཁ་བྱང་ཐོག་མར་མཐོང་ཡོང་དུས། ཉིད་ཀྱི་ཐུགས་ལ་ལམ་དེ་ཕྱི་རྒྱལ་གྱི་ཆོས་ལུགས་ཤིག་་གམ། ཡང་ན། བོད་རྒྱའི་གནད་དོན་གྱི་ལམ་གསར་བ། ཡང་ན། བོད་ལས་གཞན་ལ་མེད་པར་འདོད་པའི་ལམ་སྟེ། ༸གོང་ས་མཆོག་གི་༼དབུ་མའི་ལམ༽ལྟ་བུ་ཞིག་ཨེ་ཡིན་སྙམ་དུ་ཡིད་ངོར་ཤར་ལས་ཆེ། ངས་ཞུ་འདོད་པ་ནི། དེ་ལྟ་བུའི་ལམ་གང་ཡང་མ་རེད་ལ། ལམ་ཁ་དེ་འདྲར་བདག་ལ་ཆ་རྒྱུས་ཀྱང་དེ་ཙམ་མེད། ཅིག་བྱས་ན། ལམ་དེ་ང་ཚོ་མིའི་རིགས་ཙམ་དུ་མ་ཟད། སྲོག་ལྡན་གྱི་རིགས་གཞན་ལའང་ཡོད་ཅེས་ལབ་ན་མི་ཆོག་རྒྱུ་མེད་གི དེ་བརྒྱུད་ནས་ཤེས་རབ་ཀྱི་འོད་ཆེན་སྤར་བའི་གནའ་དེང་གི་ཆེན་པོ་དག་བྱོན་ཞིང་། ལོག་ལམ་གྱི་མུན་ནག་སྒྲོན་པའི་འཇིག་རྟེན་གྱི་དམེ་བོ་རྣམས་ཀྱང་བྱུང་། འོ་ན། ལམ་དེ་གང་ཡིན་སྙམ་ན། དེ་ནི་ཁྱེད་རང་གིས་དོན་དག་གང་ཞིག་ཡིད་ལ་བརྣགས་པའི༼མངོན་འདོད༽གསལ་བོ་དང་། དེ་ང་རང་གིས་ཅིའི་ཕྱིར་སྒྲུབ་མི་ཐུབ་སྙམ་པའི་གཡོ་མེད་ཀྱི༼ཆོད་སེམས་སམ་སྙིང་སྟོབས༽། མངོན་འདོད་ཀྱི་ཡུལ་དེ་མ་འགྲུབ་བར་དུ་༼ཡིད་ལ་བྱེད་པའི་སྒོམ༽། དཔེར་ན། མི་ཞིག་གིས་རང་གི་འདོད་དོན་ཡང་ཡང་ཡིད་ལ་སེམས་པ་ལྟ་བུ དེས་དྲངས་པའི༼ལུས་ངག་གི་རྩོལ་བ་ཆུ་རྒྱུན༽ལྟ་བུ། ༼མཇུག་་འབྲས༽བཅས་ཁྱད་པར་ལྔ་ལྡན་གྱི་ཐབས་ཤེས་ཤིག་ལ་འདོད་ཅིང་། ང་ཚོས་བསམ་གཞིགས་ནན་མོ་ཞིག་མ་བཏང་ན། འཇིག་རྟེན་གྱི་ཆེ་དགུ་ཚང་མ། ལམ་གྱི་གསང་བ་འདིའི་འཁར་བ་ལ་བརྟེན་ཡོད་པ། སེམས་ངོར་ཕལ་ཆེར་འཆར་དཀའ་བ་ཞིག་རེད། ཆབ་སྲིད་དང་དཔལ་འབྱོར། ཆོས་དང་རིག་གནས་སོགས། ང་ཚོས་བཀོལ་སྤྱོད་ལག་བསྟར་བྱེད་བཞིན་པའི་བྱ་དངོས་གང་ལའང་གསང་བའི་རྫི་འདིས་མ་ཟིན་པ་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད། ནུབ་ཕྱོགས་ཀྱི་མི་རྣམས་ནི་ལམ་ཁ་འདིར་གནའ་ནས་ཞུགས་ཡོད་སྟབས། ཡར་རྒྱས་གོང་འཕེལ་ལ་སོང་ནས། ད་ལྟ་ཉི་ཁྱིམ་གྱི་ཁོར་ཡུག་དང་། དགུ་ཚུགས་ཀྱི་ངོགས་ནས་དག་ཞིང་ལྟ་བུའི་འཇིག་རྟེན་གྱི་ཁམས་གསར་བ་རེ་ཨེ་རྙེད་ཚོལ་སྙེག་བྱེད་བཞིན་ཡོད་པ། ང་ཚོ་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་ཞིག་རེད། ང་ཚོ་ད་དུང་རྗེས་ལུས་འདི་འདྲ་ཞིག་ཐེབས་དགོས་དོན་ཅི་ཞིག་ཡིན་ནམ། ངའི་རྨོངས་བློར་ཤར་ཚོད་ཅིག་ལ། ང་ཚོ་ཚང་མ་བྱ་བརྒྱ་འུར་གཅིག་གིས་འདེད་པ་ལས། རང་ཉིད་ཀྱི་མགོ་བོ་མཐོན་པོར་སྲིང་། ང་འགྲོ་བ་མིའི་རིགས་ཤིག་ཡིན། ངས་དོན་ཆེན་གྱི་བྱ་བ་འདི་དང་འདི་འདྲ་ཞིག་བསྒྲུབ་རྒྱུ་ཡིན། ངས་ཐུབ། ངས་འཇོན། ངས་ཅིའི་ཕྱིར་མི་ནུས་སྙམ་པའི་སྙིང་སྟོབས་དང་སྤོབས་པ་བག་ལ་ཉལ་འདུག ཡང་ཅིག་་བཤད་ན། ང་ཚོ་རང་ཉིད་ལ་ཡིད་ཆེས་དང་གདེངས་ཚོད་མི་འདུག འདི་ནི་ང་ཚོ་ཡར་རྒྱས་འགྲོ་མི་ཐུབ་པའི་འགོག་རྐྱེན་གཙོ་བོ་རེད། དེ་བཞིན་ང་ཚོས་དོན་དག་གང་ཞིག་རྩོད་ནའང་། གཞན་ལ་བདེན་ཁ་སྤྲོད་པ་་ལས། རང་ཉིད་ཆེར་མི་བསམ་ལ། ང་ཚོའི་ཀུན་སྤྱོད་ཕལ་ཆེར་སྐྱེ་བ་ཕྱི་མའི་དག་ཞིང་ཞིག་ལས། འཇིག་རྟེན་འདི་ཉིད་ཀྱི་བདེ་དོན་ལ་འགྲན་རྩོད་བྱེད་མཁན་ཧ་ཅིང་ཉུང་ཉུང་རེད། ང་ཚོ་འཁོར་བ་ཞེས་འབོད་པའི་སྲིད་པ་ཆེན་པོ་ཞིག་གི་ནང་ན་ཡོད་པ་བདེན་པ་རེད། འོན་ཏེ། དེའི་ནང་ན་ཡོད་ཚད་སྡུག་བསྔལ་རེད་ཅེས་འདོར་རྐྱང་བྱས་ན་ཕན་གནོད་གང་ཆེ་བསམ་བློ་གཏོང་དགོས་པ་ཞིག་རེད། འཁོར་བ་ལས་མ་གྲོལ་བར་དུ་འཁོར་བ་ལ་སྐྱབས་མ་བཅོལ་རང་བཅོལ་རེད། ང་ཚོས་གྲོགས་པོ་ནང་ཕན་ཚུན་གྱི་བར་དངོས་འབྲེལ་གྱི་བཟང་བསྟོད་ཙམ་བྱས་ནའང་། བསྟོད་ཡུལ་དེ་ངོ་ཚ་བའམ། ཡང་ན། ཁེངས་སྐྱུངས་ལྟ་བུས་རང་ཉིད་ཀྱི་ལེགས་བྱས་ལ་རང་ཉིད་ཀྱིས་བརྩི་མཐོང་མི་ནུས་པ་ལྟ་བུའི་ཉམས་ཡོད། དེ་ལྟ་བུ་ཡོན་ཏན་ཞིག་ཡིན་མིན་ངས་མ་ཤེས། ཕྱི་གླིང་ན་མི་རང་ཉིད་དམ། རང་གི་བུ་རབས་ཚ་རྒྱུད་གང་རུང་ལ་ཆེ་བའི་ཡོན་ཏན་གང་ཞིག་ཡོད་ཚེ། རླངས་འཁོར་ཚུན་ཆད་ཀྱི་ཐོག་བྲིས་ནས་ཀུན་ལ་སྤོབས་པ་ཆེན་པོས་ངོ་སོ་བྱེད། གལ་སྲིད་ཁྱེད་ཀྱིས་ཁོང་བར་ཁྱེད་རང་གི་ཤེས་འཇོན་ནི་རྫུ་འཕྲུལ་ལྟ་བུ་རེད་ཅེས་སྨྲ་རྒྱུ་ཡིན་ན། འོ་ཐུགས་རྗེ་ཆེ། ལགས་ཡིན། ང་ལ་འཇོན་ནུས་འདི་དང་འདི་འདྲ་ཡོད་ཅེས། ཐེ་ཚོམ་མེད་པར་ལན་འདེབས་ངེས་རེད། དེ་བཞིན་སློབ་ཆུང་ཞིག་གི་སློབ་མ་ཚོར། ཁྱོད་ཚོའི་དམིགས་ཡུལ་དང་། སློབ་སྤྱོང་གི་གནས་ཚུལ། སྤྱང་ཡོན་སོགས་ང་ལ་ངོ་སྤྲོདཅིག་གནང་རོགས་ཞེས་ཞུ་རྒྱུ་ཡིན་ན། ལག་གང་སྔ་། ཁ་སུ་མགྱོགས་བྱས་ནས་ངོ་སྤྲོད་བྱེད་པ་ལས། འཇིགས་ཞུམ་དང་ངོ་ཚའི་ཉམས་ཙམ་ཡང་མཐོང་དཀོན་པ་ཡིན། ངས་ཕྱི་གླིང་ནས་ཤར་ཕྱོགས་པའི་ཀུན་སྤྱོད་ཁུར་ནས་ལས་རིགས་སྣ་ཚོགས་ཀྱི་ནང་ཨུ་ཚུགས་རྒྱག་མྱོང་། རེ་བའི་འབྲས་བུ་ཟེར་བ་ཉིན་སྐར་ཙམ་རེད། དེ་རྗེས་མ་ཤེས་་ཤེས་མདོག། མི་འཇོན་འཇོན་མདོག་ལྟ་བུའི་སྤོབས་རྐྱང་ཞིག་ཁུར་ནས། ལས་ཀྱི་སྣེ་མོ་བ་དག་དང་གདོང་དང་གདོང་གཏུགས་ནས་ལབ་གླེང་བྱས་པ་ཡིན། ཐབས་ཤེས་དེས་ངའི་དམིགས་ཡུལ་གྲུབ་སོང་། དུས་དེ་ནས་བཟུང་། ངས་ཤར་ཕྱོགས་ཀྱི་བསམ་བློ་དང་། ནུབ་ཕྱོགས་པའི་བསམ་བློའི་ཐོག་ཐ་ན་རང་གི་ལས་གྲོགས་ཚུན་ཆད་ལ་དྲི་བརྩད་བྱས་ནས་དབྱིད་པ་རྒྱུན་དུ་བཏང་བ་ཡིན། ངས་ཤེས་ཚོར་བྱུང་བ་ཞིག་ལ། ཕྱི་གླིང་བ་འདི་ཚོར་ང་རྒྱལ་དང་། ཁེངས་སེམས། སྤོབས་པ། རང་མཐོང་སོགས་ཧ་ཅིང་གི་ཆེན་པོ་འདུག་ཅིང་། ང་ཚོས་སྐྱོན་དུ་བརྩི་བཞིན་པའི་ཤེས་བྱ་མང་བོ་ཞིག་གིས། ཁོང་ཚོ་མདུན་ནས་མདུན་དུ་འཁྲིད་བཞིན་པའི་ཚོར་བ་ཞིག་ངང་གིས་སྐྱེས་ཤིང་། ཁོང་ཚོ་ཕལ་ཆེར་གྱི་རྒྱུད་ལ་གོང་དུ་ཞུས་པའི་ལམ་ལྔའི་ཁྱད་ཆོས་མེད་ས་ཕལ་ཆེར་མེད་གི རང་ཅག་གིས་མི་ཞིག་ལ་སྐྱོན་ཅུང་ཟད་ཡོད་ནའང་། ཁྱོད་ལན། ཁྱོད་མ་འགྲིགས། ཁྱོད་ཀྱིས་མ་འཇོན་སོགས་སྡིགས་ར་ལུང་བ་གང་སྤུངས་ནས། རང་གཞན་གཉིས་ཀར་རེ་ཐག་ཆད་པ་ལྟ་བུའི་རྣམ་འགྱུར་སྟོན། ཕྱི་གླིང་བ་ཚོས། ནོར་འཁྲུལ་ཞིག་བྱུང་ན། དེ་ལ་སྐྱོན་མི་འདུག ཁྱེད་རང་གཅིག་པུ་མ་རེད། ཚང་མར་ནོར་འཁྲུལ་འབྱུང་གི་རེད། ཁྱོད་རང་གིས་ཡང་བསྐྱར་བྱོས་དང་ནོར་འཁྲུལ་ལ་ཡོད་སྲང་གཏོང་ཐུབ་ཀྱི་རེད། གལ་སྲིད་ང་ཚོས་ནོར་འཁྲུལ་ངོས་ཟིན་སོང་ན། ང་ཚོ་བདེན་པ་དང་ཐག་ཇེ་ཉེར་ཕྱིན་པ་རེད། ཅེས་པ་ལྟ་བུའི་སེམས་ཤུགས་བསྐུལ། དེས་རང་གཞན་གཉིས་ཀར་འཕྲལ་ཕུག་གི་དཀའ་གནད་མང་བོ་ཞིག་སེལ་བཞིན་ཡོད། གནས་ཚུལ་འདི་འདྲ་ལ་བསམ་བློ་རེ་གཏོང་སྐབས། གླིང་ཆེན་འདིའི་ཐོག་གི་གསར་གཏོད་པ་དང་། ཚན་རིག་པ། འཕྲུལ་བཟོ་བ། མྱུལ་ཞིབ་པ་སོགས། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ནང་། མིག་མཐོང་ལག་ཟིན་གྱི་སྒུལ་ཤུགས་ཆེན་པོ་དག་གཏོང་མཁན་ནི། སྐྲ་སེར་མིག་སྔོན་འདི་ཚོ་ལོས་ཡིན་སྙམ་དུ་སེམས་ཤིང་། འདི་ཚོའི་རྒྱུད་ན་ཡོད་པའི་གོང་བརྗོད་ཀྱི་ལམ་ལྔ་ལས། རང་རེ་བོད་པ་ཚོས་ཀྱང་ཁ་ཏ་བསླབ་བྱ་་འདྲ་བླངས་ནས། རང་གི་དམིགས་ཡུལ་ཆེ་ཆུང་གང་ཞིག་ཡིན་རུང་། མུན་ནག་མདའ་འཕེན་ལྟ་བུ་མ་ཡིན་པར། མངོན་འདོད་གསལ་བོ་ཞིག་ཡོད་ཐོག མི་གཞན་གྱིས་འཛམ་གླིང་ཧྲིལ་བོར་སྒུལ་གཅོག་གཏོང་ཐུབ་ན། ངས་འདི་ཅིའི་ཕྱིར་བསྒྲུབ་མི་ཐུབ་སྙམ་པའི་སྙིང་སྟོབས་དང་ཆོད་སེམས་ཀྱི་ངོ་བོ་སྲ་བརྟན་ཞིག་བཅས། དམིགས་ཡུལ་དེ་བརྗེད་ངེས་དང་རྣམ་གཡེང་སོགས་ལས་སྲུང་ཐབས། ཡང་ནས་ཡང་དུ་རང་གི་ཡིད་ལ་ཉེར་ལེན་བྱེད་པའི་སྒོམ་དགོས་པ་དང་། དམིགས་གཏད་དེས་དྲངས་པའི་ལུས་ངག་གི་རྩོལ་བ་གཉིས། བྱ་བ་དེར་དངོས་སུ་ཞུགས་ནས་བསྟུན་པ་རྒྱུན་དུ་བསྐྱེད་ཐུབ་པ་ཡིན་ན། སྔོན་དུ་རྒྱུ་ཞིག་བྱུང་ན་མཐའ་མར་འབྲས་བུ་ཞེས་པ་ཞིག་འབྱུང་རྒྱུ་ཡིན་པ། འཇིག་རྟེན་ཁམས་ཀྱི་རྟེན་འབྲེལ་ཡིན་པས། ང་ཚོའི་འབྱུང་འགྱུར་ཡང་ཕུན་སུམ་ཚོགས་པའི་འཇིག་རྟེན་ཞིག་ལོས་ཡིན་ཞེས། མ་འོངས་པའི་ལུང་བསྟན་ཞེས་པ་ད་ནས་ཤོད་ཐུབ་པ་ཞིག་མ་ཡིན་ནམ།

རྩོམ་རིག

Post navigation

Previous Post: ཐོལ་གླུ་སྣང་སྟོང་ཟུང་འཇུག
Next Post: འཛམ་གླིང་གི་རྒྱལ་པོ།

Comments (7) on “ང་ཚོ་ངེས་པར་དུ་འཇུག་དགོས་པའི་ལམ།”

  1. yeshe says:
    2009-08-20 at 12:14 am

    སྐུ་ཞབས་རྒྱལ་ཁམས་པས་བློ་སྒོ་ཆེན་པོ་ཞིག་ཕྱེས་གནང་སོང་། ཐུགས་རྗེ་ཆེ། ཀླུ་སྨྱོན་ནས།

  2. ལུང་རྟོགས says:
    2009-08-20 at 1:51 am

    རྩོམ་ཡིག་འདི་འདྲ་མུ་མཐུད་ནས་ཀློག་འདོད་ཡོད། ཉེ་ཆར་ངས་ཁ་བརྡའི་ནས་རང་གི་བསམ་ཚུལ་གླེང་རྒྱུ་བཞག་ནས་གྲོགས་པོ་ཚོའི་བསམ་ཚུལ་ལ་ཉན་ཀློག་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ།

  3. རྩམ་པ་དཀར་པོ། says:
    2009-08-20 at 3:17 am

    ངས་ཚོད་དཔགས་བྱས་པ་འདི་ནོར་མེད་ན་ཁྱེད་ང་རང་ལ་བཀའ་དྲིན་ཆེ་བའི་ཤེས་བྱའི་བློ་སྒོ་འབྱེད་མཁན་དེ་ཡིན་པ་འདྲ། ཡིན་སོང་ན། མ་མཇལ་ལོ་མང་སོང་རིང་སྐུ་གཟུགས་བདེ་ཐང་ཡིན་པའི་སྨོན་སེམས་དང་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མུ་མཐུད་ལེགས་བཤད་གང་མང་བྲི་གནང་ཡོང་བར་ཞུ།

  4. མེ་ཆ་། says:
    2009-08-20 at 7:38 am

    ངོན་ནས་བདེན་པ་རེད་། ད་རུང་བོད་པ་འཚོ་འགོ་ན་ཆོས་བ་ཞིག་མེད་ན་། རང་རིགས་ལ་ཡིད་ཆེ་བྱེད་མི་ནུས་བ་དེ་སྐྱོན་། རང་གི་བོད་པ་ཞིག་གི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་མི་ཚེ་གང་ལ་དཀའ་ལས་རྒྱབ་པ་མི་མཐོང་བ་དེ་སྐྱོན་།

  5. མེ་སྒྱོགས་རྒྱ་མཚོ། says:
    2009-08-20 at 8:47 am

    སྲོག་རླུང་ཤེལ་དམ་ཉོས་མི་དགོས་པ་ཞོགས་པ་ཡར་ལངས་བ་དང་མཁའ་རླུང་གཙང་མ་འདི་འདྲ་རྔུབ་རྒྱུ་ཡོད་ན་ཁ་བརྡའི་ལུས་སེམས་གཉིས་ཀར་བདེ་བ་ཡོང་བར་འདུག

  6. ར་ལོ་མགོན་པོ། says:
    2009-08-21 at 8:27 am

    གནས་ལུགས་བརྡར་སྟངས་ཤིན་ཏུ་བཟང་བྱུང་།་
    དྲ་གྲོགས་ཚོ་བསམ་བློ་ཡར་རྒྱས་འགྲོ་བཞིན་འདུག
    ངོ་མཚར་ཆེ། ད་དུང་མ་འོང་ལུང་བསྟན་འདི་ཡང་བེད་སྤྱོད་མེད་པར། མ་འོང་ཕུགས་རྒྱང་མཐོང་སོང་ཞེས་བེད་སྤྱོད་བྱེད་ན་ཤིན་ཏུ་བཟང་ངེས་རེད།ཧཧཧ།
    ཆོས་སྐད་མང་པོ་བེད་སྤྱོད་བྱེད་ལུགས་འདི་བླ་རྒན་ཞིག་གི་དབང་བསྐུར་ཡོད་པ་དང་འདྲ།་

  7. tsundue says:
    2009-08-21 at 2:14 pm

    བཀྲ་ཤིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme