Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བེལ་ཡམ་ཤག་ཁུ་སེ་པེ་ཨར། William Shakespeare ༼སྔོན་མའི་འཕྲོ༽

Posted on 2009-08-19 By དགེ་རབ་ 2 Comments on བེལ་ཡམ་ཤག་ཁུ་སེ་པེ་ཨར། William Shakespeare ༼སྔོན་མའི་འཕྲོ༽

རྔ་བ་རྒྱལ་ཁམས་པ།།
————
སྤྱི་ལོ༡༣༡༡ཡས་མས་ཤིག་ནས་ཡུ་ཤིའི་ཆོས་སྡེ་ཁག་ནས་ཀྱང་། སྟོན་པ་ཡུ་ཤིའི་མ་ཤི་ཀའི་རྣམ་ཐར་དང་དཀོན་མཆོག་གིས་འཛམ་བུ་གླིང་བུའི་མིའི་ཐོག་མ་ཨ་སྒྲམ་དང་། ཨའིསྤོས་ཟེར་བ་གཉིས་སྤྲུལ་བ་ནས་འཇིག་རྟེན་གྱི་བཀོད་པ་མཇུག་བསྡུ་བའི་བར་དང་། ཡུ་ཤིའི་ཆོས་ལུགས་ཀྱི་འཕྲིན་སྐུལ་སོགས་མང་བོ་ཞིག་མི་མང་ལ་ཟློས་གར་གྱི་ལམ་ནས་སློབ་ཁྲིད་གནང་སྲོལ་དར་བ། དུས་ཕྱིས་ཆོས་བརྒྱུད་ཀྱི་ལུགས་སྲོལ་དུས་སྟོན་ལྟ་བུར་ཆགས་པ། རང་རེའི་ཚེས་བཅུ་དང་། ཆོ་འཕྲུལ་སྨོན་ལམ་སོགས་དང་འདྲ་བར། ལོ་ལྟར་དུས་སྟོན་གྱི་མཛད་སྒོ་སྤེལ་བའི་སྲོལ་ཀ་ཡང་དར་བར་གྱུར་ཏོ།། སྐུ་ཞབས་བེལ་ཡམ་མཆོག་དགུང་གྲངས་བཅོ་བརྒྱད་དུ་ཕེབས་སྐབས། ལོ་ན་ཉི་ཤུ་རྩ་དྲུག་ཏུ་སོན་པའི་བུ་མོ་ཨེན་ཧ་ཐ་བེ་ཞེས་པ་དང་མཉམ་པོར་གཉེག་སྒྲིག་གནང་འདུག ཁོང་གི་གཉེན་སྒྲིག་ཐད་སྤྱི་བཏང་མ་ཡིན་པའི་གནས་ཚུལ་གཉིས་ཤིག་བྱུང་བ་ནི། དུས་རབས་བཅོ་ལྔ་བའི་ནང་དབྱིན་ཡུལ་གྱི་མི་ཕལ་མོ་ཆེས་གཉེན་སྒྲིག་གི་ལོ་ཚོད་དེ། ཆ་མཉམ་ལོ་ན་ཉི་ཤུ་རྩ་བཞི་ནས་རྩ་བརྒྱད་བར་ཡིན་སྟབས། ཁོང་གི་འཇིག་རྟེན་མཐུན་འཇུག་གི་ལོ་ན་དེ་ལ་ལྟོས་ན་ཧ་ཅིང་ཆུང་ཆེ་བ་དང་། གཉིས་པ་ནི། གཉེན་སྟོན་གྱི་གོ་སྒྲིག་མགྱོགས་མྱུར་ངང་བྱས་པ་དེ་རེད། རྒྱུ་མཚན་ནི། ཁོང་གཉིས་ཀྱི་གཉེན་སྒྲིག་སྐོར་སྲོལ་བསྟུན་བདུན་ཕྲག་གསུམ་བར་མི་མང་ལ་གསལ་བསྒྲགས་བྱ་མ་དགོས་པར། སྤྱི་ལོ༡༥༨༢ཟླ༡༡ཚེས༢༧ཉིན་ཡི་ཤིའི་མཁན་ཆེན་གྱིས་དམིགས་བསལ་གཉེན་དཔང་ཡི་གེ་བསྩལ་གནང་བྱུང་བ་དང་། སྐབས་དེར་ལྕམ་སྐུ་ཨེན་སེམས་ཅན་དང་ལྡན་ནས་ཟླ་གསུམ་ལྷག་སོང་འདུག་པ་སོགས་རྒྱུ་མཚན་མང་བོ་ཞིག་ལ་བརྟེན། དེ་ལྟར་བྱེད་དགོས་བྱུང་འདུག་པར་མངོན། གཉེན་སྒྲིག་རྗེས་སོས་ས་ན་ཞེས་པའི་བུ་མོ་ཅིག་དང་། དེ་རྗེས་མཚེ་མ་ཞིག་འཁྲུངས་པའི་བུའི་མཚན་ལ་ཧམ་མེ་ཁྲི་དང་། བུ་མོའི་མཚན་ལ་ལྗོས་སྒྲེ་ཐི་ཞེས་བཏགས་ཤིང་། ཕྲུ་གུ་གསུམ་ཆ་སྤྱི་ལོ༡༥༨༥ཟླ༢ཚེས༢ཉིན་ཡུ་ཤིའི་ཆོས་སྒོར་སྐྱབས་སྡོམ་ཞུས་འདུག གཉེན་སྒྲིག་བྱས་པ་ནས་བེལ་ཡམ་མཆོག་གིས་ས་ཆ་གསར་བ་མ་ཉོས་བར་དུ། ཁོང་ཚོ་ཚང་མ་བེལ་ཡམ་གྱི་ཡབ་ཚང་དུ་བཞུགས་འདུག་ལ། ཁོང་གི་སྤུན་མཆེད་གཞན་པ་ལྔ་ཀའང་ཕ་ཁྱིམ་རང་ན་བཞུགས་ཡོད་སྟབས། མི་ཚང་དེར་མི་རྒྱུ་གཉིས་ཆ་ནས་འཁྲིགས་པོ་ལྟ་བུ་ཞིག་ཡོད་ཚོད་རེད། ཤག་ཁུ་སི་པེ་ཨར་མཆོག་ལ་རིགས་སྲས་ཧམ་ནེ་ཁྲི་འཁྲུངས་སྐབས། ཁོང་གིས་ད་ནི་རང་གི་ཁྱིམ་རྒྱུད་ཀྱི་མིང་གནས་འཇིག་རྟེན་འདིར་མུ་མཐུད་གནས་ཐུབ་སོང་སྙམ་ནས་དགྱེས་ཚོར་ཆེན་པོ་གནང་མོད། སྟབས་མ་ལེགས་པ་ཞིག་ལ། ཧམ་མི་ནེ་དགུང་ལོ་བཅུ་གཅིག་གི་ཐོག་སྐུ་གཤེགས་པར་གྱུར། སྲས་སྐུ་གཤེགས་ནས་ལོ་བར་བཞི་སོང་བ། སྤྱི་ལོ༡༦༠༠ལོར་ཁོང་གིས་༼ཧམ་མི་ལེ་ཁྲི༽ཞེས་ཟློས་གར་སྙན་གྲགས་ཅན་དེ་བརྩམས་ཤིང་། གར་རྩོམ་དེར་བུ་ཞིག་གིས་རང་ཉིད་ཀྱི་ཡབ་ཕ་མཆེད་གཞན་པ་ཞིག་གིས་ལྐོག་གསོད་བྱ་རྒྱུའི་ངན་ཇུས་བཤམས་པར། བུས་ངོ་རྒོལ་གྱི་གདོང་ལེན་བྱས་པ་ཞིག་ཡིན་ལ། གར་རྩོམ་དེར་རྩོམ་པ་པོས་རང་ཉིད་ཀྱི་ཡི་གར་འོང་བའི་བུ་ཆུང་གཅིག་པུ་དུས་མིན་འཆི་ལམ་དུ་སོང་བར། འཁངས་ར་དང་། ཕངས་སེམས། སྐྱོ་ཤས་། མྱ་ངན་སོགས་ཀྱིས་གདུངས་པའི་གཏིང་ཚོར་དངོས་ཡིད་བསྡུ་བྱས་ནས་བསྟན་ཡོད་པར་གྲགས། སྤྱི་ལོ༡༥༨༢ལོར་བེལ་ཡམ་མཆོག་དང་ཨེན་གཉིས་གཉེན་སྒྲིག་བྱས་པ་ནས། སྤྱི་ལོ༡༥༩༢ལོར་ལོན་གྲོན་ནང་ཁོང་སྙན་གྲགས་ཅན་གྱི་ཟློས་གར་རྩོམ་པ་པོ་ཞིག་ཏུ་ཆགས་པའི་བར་ལ། ལོ་རྒྱུས་ཐོག་༼བོར་བརླག་ཏུ་སོང་བའི་ལོ་དུས༽ཞེས་འབོད་པ་ཡིན་ཏེ། དུས་ཚོད་དེའི་ནང་ཁོང་གིས་ཕྱག་ལས་ཅི་ཞིག་གནང་ཡོད་པ་དང་། འཚོ་བ་ཇི་ལྟར་ཡིན། བརྡ་སྤྲོད་སློབ་གྲའི་སློབ་ཕྲུག་ཅིག རང་གི་འཁྲུངས་གཞིས་ནས་ལོན་གྲོན་དུ་ཕེབས་ཏེ་སྙན་གྲགས་ལྡན་པའི་ཟློས་གར་ཚོགས་པ་ཞིག་དང་མཉམ་པོར་ཕྱག་ལས་ཀྱི་དབུ་ཇི་ལྟར་བརྩམས་པ་སོགས་ཀྱི་ལོ་རྒྱུས་ཕལ་ཆེར་ལྐོག་གྱུར་དྲི་རྟགས་ཀྱི་གནས་སུ་སོང་བས་དེ་ལྟར་དུ་བརྗོད། ཚོད་སྒམ་གྱི་ཤོད་སྲོལ་ཞིག་ཏུ། སློབ་དཔོན་ལྗོན་ཁོ་ཁྲོམ་མཆོག་གིས་མཚམས་སྦྱོར་གནང་སྟེ། ཁོང་ཨང་ལན་བྱང་བརྒྱུད་ཀྱི་ཁྱིམ་ཚང་མཐོ་གྲས་ཀྱི་མི་དྲག་ཅིག་གི་སྒེར་བསྟེན་སློབ་དཔོན་དུ་ཆགས་ཤིང་། ས་གནས་དེ་ནས༼རྗེ་དཔོན་གསར་བའི་མི་རྣམས༽ཞེས་པའི་སྙན་གྲགས་ཅན་གྱི་ཟློས་གར་ཚོགས་པ་ཞིག་ལ་འབྲེལ་མཐུད་ཀྱིས་དེ་དང་མཉམ་པོར་ལོན་གྲོན་དུ་འཁྲབ་སྟོན་འགྲུལ་སྐོར་བྱས་པ་ཡིན་ལས་ཆེ་ཞེས་དང་། ཡང་། ཤག་ཁུ་སི་པེ་ཨར་མཆོག་དགུང་ལོ་ཉི་ཤུ་རྩ་གསུམ་སྟེང་། རང་གི་འཁྲུངས་ཡུལ་སི་གྲི་ར་སྤོར་སྒྲིའི་ནང༼རྒྱལ་མོའི་མི་རྣམས༽ཞེས་པའི་གར་ཚོགས་ཤིག་འཁྲབ་སྟོན་དུ་ཕེབས་སྐབས། ཚོགས་པ་དེའི་གར་མཁན་བེལ་ཡམ་ནེལ་ཞེས་པས། མི་གཞན་དང་མཉམ་པོར་བོས་ཁོག་ཏུ་མདའ་བཅུགས་ཏེ་སྐམ་ཁ་གནོན་རེའི་ཀྱི་ལས་དབང་འགྲན་རྩོད་ཅིག་གི་ཚེ་རྐྱེན་ལམ་དུ་སོང་བ་དང་། གར་ཚོགས་དེར་གར་མཁན་དེ་ཉིད་ཀྱི་ཚབ་གསར་ཞིག་མྱུར་དུ་དགོས་སྟབས། ཤག་ཁུ་མཆོག་ལ་ཕྱག་ལས་དེ་ཐོག་མར་ཐོབ་པ་ཡིན་ཞེས་བཤད་པ་ཞིག་ཀྱང་མཐོང་། གོང་གསལ༼རྒྱལ་མོའི་མི་རྣམས༽ཞེས་པའི་གར་ཚོགས་དེ་ནི། སྤྱི་ལོ༡༥༨༣ནང་ལོན་གྲོན་ནང་གི་གར་བ་རྩེ་ཕུད་དག་བདམ་གསེས་བྱས་ཏེ་འཛུགས་སྐྲུན་བྱས་པ། དབྱིན་ཇིའི་རྒྱལ་མོཨེ་ལི་ཟི་བྷེ་ཐི་དང་བོ་དང་། མོ་རང་གི་ལས་ཁུངས་ནས་ཐད་གར་བདག་དབང་འཛིན་སྐྱོང་བྱེད་པའི་ཟློས་གར་ཚོགས་པ་ཞིག་ཡིན་པར་ཡིན། ཚོགས་པ་དེར་སྐབས་དེའི་སྙན་གྲགས་ཧ་ཅིང་ཆེ་བའི་བསྟན་བཤིག་རྩེད་མཁན། སྐུ་ཞབས་ར་བྷི་གྲི་བེལ་སོན་དང་། རིའི་ཁྱར་སྒྲི་ཁྱར་ལེ་ཁྲོན། གར་མཁན་ལྗོན་བྷེན་གྲི་ལས། བེལ་ཡམ་ནེལ་སོགས་ཡོད་པར་བཤད་དོ།། སྤྱི་ལོ༡༥༩༢ཡས་མས་སུ་སྐུ་ཞབས་ཤག་ཁུ་མཆོག་གིས་རྒོད་བྲོ་བའི་ཟློས་གར། ༼བེ་རོ་ནའི་ཡ་རབས་རྣམ་གཉིས༽ཞེས་པ་ཞིག་བརྩམས་པ། གོང་གི་གར་ཚོགས་ཀྱིས་འཁྲབ་སྟོན་བྱས་པས། སློབ་ཆེན་མཐར་ཕྱིན་པའི་གར་གཞུང་རྩོམ་པ་པོ་སྙན་གྲགས་ཅན་ར་བྷིར་གྲི་སྒུ་རེན་དུ་འབོད་པས། རང་གི་གར་གཞུང་གི་གོ་གནས་འཕྲོག་དོགས་ཀྱི་མིག་སེར་ལྟ་བུས། བརྡ་སྤྲོད་སློབ་གྲ་ཞིག་གི་སློབ་ཕྲུག་གར་རྩོམ་པ། ཤག་ཁུ་མཆོག་ལ་རྒོལ་གཏམ་སུན་འབྱིན་གྱི་ཟུར་ཟའི་རྩོམ་བྲིས་སྤེལ་བས། ཤག་ཁུ་མཆོག་གི་མཚན་སྙན་དེ་ལས་རྦད་དེ་ལྡོག་ནས་རྒྱལ་ས་ལོན་གྲོན་གྱི་ནང་དར་ཁྱབ་ཆེན་པོར་ཕྱིན། སྤྱི་ལོ༡༥༩༢ཡས་མས་ཤིག་ནས་ཁོང་གི་རྣམ་དཔྱོད་ལ་ཕུལ་དུ་བྱུང་བའི་མཁྱེན་རྩལ་རྫོགས་རྐྱེན། ཕས་རྒོལ་རང་ག་བས་འགྲན་རྩོད་ཀྱི་གླག་རྙེད་པའི་གནས་མེད་པར་གྲགས་སོ།། ལར་ནས་སྤྱི་ལོ༡༥༩༠གོ་གྲངས་ནས་བཟུང་། ཁོང་གིས་རང་ཉིད་ཟློས་གར་རྩོམ་པ་པོ་ཞིག་ཏུ་ཆགས་རྒྱུར་སྒོ་གང་ཐད་ནས་འབད་བརྩོན་ཤུགས་ཆེ་ཞིག་གནང་འདུག་མོད། སྐབས་དེ་ཤེད་ན་ཕྱོགས་གར་སར་འབྲུམ་ནད་ངན་པ་ཞིག་དར་མཆེད་ཀྱིས་མི་གྲངས་མང་བོ་རྐྱེན་ལམ་དུ་སོང་བ་དང་། ཟློས་གར་ཚོགས་པ་ཁག་ཀྱང་ནད་ཡམ་ཕྱི་ཁུར་ནང་འདྲེན་བྱེད་དོྭགས་ཕྱི་བསྐྱོད་འཁྲབ་སྟོན་གནང་རྒྱུར་བཀག་རྒྱ་ཧ་ཅིང་ཆེ་བ་དང་། ལྟད་མོ་བ་དང་། སྟོན་མཁན་གཉིས་ཆར་ཐུགས་སྤྲོ་དང་དུས་སྟོན་སོགས་བྱེད་རྒྱུའི་མོས་པ་དེ་ཙམ་མེད་པར་སོང་། ཁོང་གི་ཕྱག་ལས་རེ་ཞིག་ཅམ་འཇོག་མ་བྱས་ཐུ་མེད་དུ་གྱུར། སྐབས་དེར་ཁོང་གིས་སྙན་ངག་མང་བོ་ཞིག་བརྩམས་ཤིང་། པར་སྐྲུན་གྱི་གོ་སྒྲིག་ཀྱང་ཉིད་ཀྱིས་གནང་བ་སོགས་ལས། དཔལ་འབྱོར་གྱི་ཡོང་སྒོའང་དགའ་རབ་ཅིག་ཐོབ་འདུག་པ་ཙམ་དུ་མ་ཟད། དུས་སྐབས་དེའི་སྤྱི་སྲོལ་དཔེ་དེབ་གང་ཞིག་པར་སྐྲུན་བྱས་ཀྱང་། དེབ་སྐྱེལ་བྱ་དགོས་པ་ལྟར། རང་གི་སྙན་ངག་བརྩམས་ཆོས་༼ཆགས་པའི་ལྷ་མོ་དང་ཕྱེ་ལེབ༽ཅེས་པ་དང་། ༼ལོག་ཁི་རིའི་སིའི་བཙན་གཡེམ༽ཞེས་པ་གཉིས་པར་སྐྲུན་དེབ་སྐྱེལ་ཟིན་པ། འབྱོར་ལྡན་མི་དྲག་སྐུ་ངོ་ཧེན་རིའི་རེ་ལྡུར་སི་ལེ་ཞེས་པར་འབུལ་ལམ་ཐོག དཔལ་འབྱོར་གྱི་རྒྱབ་སྐྱོར་ཡོང་བའི་ཐུགས་རེ་བཏོན་པ་ལྟར། ཁོང་རྣམ་གཉིས་ཟུང་འབྲེལ་གྱིས་ཤག་ཁུའི་མཚན་སྙན་དང་གོ་གནས་གོང་མཐོར་རྒྱ་བསྐྱེད་བྱས་པ་དང་། ༼ཆམ་འབུར་ལེན་གྱི་མི་རྣམས༽ཞེས་པའི་ཟློས་གར་ཚོགས་པ་ཞིག་གི་ནང་ཐེབས་རྩ་བཏང་སྟེ། གར་ཚོགས་དེ་དང་ལྷན་དུ་ཁེ་དཔོག་ཐུན་མོང་དུ་སྤྱད་པ་དང་། ཁོང་གི་བཀའ་དྲིན་ལས་ཡབ་ཀྱི་གནས་སྟངས་ལའང་ཡར་བསྐྱེད་ཡག་པོ་བྱུང་བ་བཅས་ལས། སི་གྲི་ར་སྤོར་སྒྲིའི་ནང་ཁང་ཆེན་གཉིས་པ་ཞིག་ཉོ་ཐུབ་པ་བྱུང་སྟེ། བཟའ་ཚང་བུ་མོ་བཅས་ཁང་བ་དེར་གནས་སྤོས། དེ་ནས་བཟུང་ཁོང་གིས་རྩོམ་རིག་དང་། ཟློས་གར་གྱི་སྒྱུ་རྩལ་གྱིས་ཡུ་རོབ་ཀྱི་རིགས་པའི་གཞུང་ལུགས་ནང་ཐུན་མིན་གྱི་གོ་གནས་ངེས་ཅན་འཛིན་པའི་དབུ་ཚུགས། སྤྱི་ལོ༡༥༩༤ཡས་མས་ཤིག་ནས་ནད་ཡམ་ངན་པ་དེ་བཞིན་མཇུག་རྫོགས་ཏེ། མི་ཚང་མས་ནམ་རྒྱུན་གྱི་ཚོ་བ་སྔར་ལྟར་སྤྱོད་ཐུབ་པའི་དུས་བཟང་ཤར་ཞིང་། ༼ཆམ་འབུར་ལེན་གྱི་མི་རྣམས༽ཞེས་པའི་གར་ཚོགས་ཀྱི་བདག་པོ། སྐུ་ཞབས་ཆམ་འབུར་ལེན་མཆོག་གིས་ལོན་གྲོན་གྲོང་ཁྱེར་གྱི་སྤྱི་ཁྱབ་པར་འཁྲབ་སྟོན་བྱེད་འཐུས་དགོངས་སྐོར་སྙན་སེང་ཞུས་པ་ལྟར། ལོ་དེའི་ཟླ་བཅུ་གཉིས་པའི་ནང་། འབྱོར་ལྡན་བེལ་ཡམ་ཁམ་ཕི་དང་། རིའི་ཁྱར་སྒྲི་བྷར་བྷེ་ལྗེས། བེལ་ཡམ་ཤག་ཁུ་སི་པེ་ཨར་གསུམ་གྱིས་འགྲོ་སོང་བཏང་སྟེ། དབྱིན་ཇིའི་རྒྱལ་ཁང་གི་ནང་ལོགས་རྒྱལ་མོས་རྒྱུན་ལྡན་ཡུ་ཤིའི་འཁྲུངས་སྐར་གྱི་ཐུགས་སྤྲོ་དང་མཛད་སྒོ་སྤེལ་ཡུལ། དགུ་རེན་བིའི་ཆའི་ཞེས་པར་ཐེངས་གཉིས་ལ་འཁྲབ་སྟོན་བྱས། བེལ་ཡམ་མཆོག་དགུང་ལོ་སུམ་ཅུར་ཕེབས་པ། སྤྱི་ལོ༡༥༩༤ལོའི་ལོ་མཇུག་ཏུ་ཟློས་གར་ཚོགས་ཁོངས་གར་མཁན་ཚོ་དང་མཉམ་པོར། གར་ཚོགས་འདི་ཉིད་ཀྱི་ནང་སླར་ཡང་མ་དངུལ་ཁྱོན་ཆེ་བཏང་ཞིང་། ཟློས་གར་གྱི་བསྟན་བཅོས་མང་བོ་བརྩམས་ནས་གར་ཚོགས་འདི་ཉིད་ཕྱོགས་གང་ཐད་ནས་ཡར་རྒྱས་དང་སྲ་བརྟན་ཚགས་ཚུད་མཛད། ཟློས་གར་ཚོགས་པ་གཞན་དག་གི་ཆེད་དུའང་དམིགས་བསལ་ཟློས་གར་གྱི་འཁྲབ་གཞུང་མང་བོ་ཞིག་རྩོམ་བྲིས་གནང་འདུག་པ་དེ་དག་ལས། གཙོ་ཆེ་ཤོས་ནི་དབྱིན་ཇི་དང་། གནའ་བོའི་རོམ། དགུ་རིག་བཅས་ཀྱི་རྒྱལ་རབས་ལོ་རྒྱས་སྐོར་རྒོད་བྲོ་བའི་ཟློས་གར་གྱི་ངོ་བོར་ཡར་རྒྱས་བཏང་བ་དང་། ཁོང་གི་གར་རྩོམ་ཁག་ལ་ངོ་མཚར་ཞིང་དགོད་བྲོ་བ། སྐྱི་གཡའ་ཞིང་འཇིགས་སྣང་སྟེར་བ། བཟང་ངན་དང་ལེགས་ཉེས་འདོམས་པའི་རྩོམ་ཁྱད་ཙམ་དུ་མ་ཟད། གར་རྩོམ་གྱི་དབུ་མཇུག་ཀུན་ཏུ་རེ་བ་དང་། ངེས་གཏན་ཡོད་པའི་ལྟ་བ་གསར་བ་རེ་མཁོ་འདོན་གནང་སྟེ། འགྲོ་བ་མིའི་རིགས་ཀྱི་བསམ་བློའི་འཕེལ་ཕྱོགས་དེ་སེམས་རྒྱུད་བཟང་བ། བློ་རིག་གྲུང་བོ། སྤོབས་པ་མཐོན་པོའི་ངོ་བོར་མདུན་བསྐྱོད་བྱེད་པ་སོགས་རིན་ཐང་ཅན་གྱི་བླང་བྱ་མང་བོ་ཞིག་གིས་ཁྱབ་ཡོད་དོ།། སྐུ་ཞབས་བེལ་ཡམ་མཆོག་གི་གལ་གནད་ཆེ་བའི་སྐུ་ཚེའི་ཆ་ཤས་ཤིག་ནི། གར་བ་བྷར་བྷ་ལྗེས་ཁྱིམ་ཚང་ཡིན་ལ། ཁོང་སྐུ་ན་ཆུང་ངུའི་དུས་ནས་སྐུ་ཞབས་ལྗེམ་སི་བྷར་བྷེ་ལྗེས་དང་། ཁོང་གི་བུ་རིའི་ཁྱལ་སྒྲི། ཁོའི་ཐི་བྷིར་གྲི་བཅས་ཀྱིས་སི་གྲི་ར་སྤོར་སྒྲི་ནང་གར་ཚོགས་ཁག་དང་མཉམ་པོར་འཁྲབ་སྟོན་བྱས་པའི་ལྟད་མོ་མང་བོ་ཞིག་གཟིགས་མྱོང་ལ། དུས་ཕྱིས་ལྗེམ་སི་མཆོག་གིས་ཟློས་གར་འཁྲབ་སྟོན་ཁང་ཞིག་སྒེར་གཉེར་གསར་བཞེངས་གནང་བ། ཤག་ཁུའི་གར་རྩོམ་མང་བོ་འཁྲབ་སྟོན་བྱ་ཡུལ་གཙོ་བོ་ཞིག་ཏུ་ཆགས་ཤིང་། ཁོང་དང་ཁོང་གི་གར་ཚོགས་ནས་ཟློས་གར་ཁང་དེར་འཁྲབ་སྟོན་ཐེངས་མང་གནང་མྱོང་བ་དང་། དེ་ནི་བྱ་བ་ལམ་ལྷོང་ཡོང་ས་བཀྲ་ཤིས་པའི་གར་ཁང་ཞིག་ཡིན་པར་ངོས་འཛིན་ཐུགས་གདེངས་གནང་འདུག དེ་ལྟར་ནའང་སྟབས་མ་ལེགས་ཤིག་ཏུ། ས་ཆ་དེའི་བོག་གཏོང་གན་རྒྱ་ཕྱིར་འགྱངས་གསར་བཟོ་བྱེད་མ་ཐུབ་པར་རྩ་བཤིག་མ་བྱས་ཁ་མེད་བྱུང་སྟེ། རེ་ཞིག་འཁྲབ་སྟོན་བྱ་ཡུལ་མེད་པ་ལྟ་བུ་ཆགས་འདུག འོན་ཀྱང་། སྐུ་ཞབས་བྷར་བྷ་ལྗིའི་ཕ་བུ་སེམས་ཤུགས་མ་ཆག་པར་འབད་པ་ཆེན་པོས། གར་ཁང་གི་ཤིང་ལེབ་སོགས་རིམ་པར་བཤུས་ནས་ཐམ་སི་གཙང་བོ་ཞེས་པའི་ལྷོ་རྒྱུད་དུ་སྐྱེལ་འདྲེན་གྱིས། སྤྱི་ལོ༡༥༩༩ལོར་གཟི་བརྗིད་རབ་ཏུ་འབར་བའི་ཟློས་གར་ཁང་ཆེན་མོ༼ས་ལྒང༽ཞེས་འབོད་པ་དེ་ཉིད་གསར་སྐྲུན་བྱས། གར་ཁང་དེའི་བཞེངས་གྲོན་ཧ་ཅིང་ཆེ་སྟབས། བྷར་བྷ་ལྗི་ཕ་བུ་རང་ངོས་ནས་འགྲོ་སོང་གི་བརྒྱ་ཆའི་ཕྱེད་ཀ་ཙམ་མ་གཏོགས་བཏང་ཐུབ་མི་འདུག་ལ། དེ་འཕྲོས་ཤག་ཁུ་ཐེ་བས་༼ཆམ་འབུར་ལེན་གྱི་མི་རྣམས༽ཞེས་པའི་གར་ཚོགས་ཀྱི་ཐུན་མོང་འཛིན་སྐྱོང་བ་མི་ལྔ་ལས། མི་རེས་བརྒྱ་ཆ་བཅུ་རེ་བཏང་སྟེ༼ས་ལྒང༽གར་ཁང་གི་འཛུན་སྐྲུན་འཆར་བཀོད་དེ་བདེ་ལེགས་ངང་གྲུབ་པར་བྱས། ༼ས་ལྒང༽གར་ཁང་གི་ཁེ་ཕན་ཐུན་མོང་དུ་སྤྱོད་མཁན་ཞིག་ཡིན་པའི་ཆ་ནས། ཤག་ཁུ་མཆོག་གི་ཡོང་འབབ་སྔོན་ལས་ཇེ་བཟང་དུ་སོང་། ཁོང་ཟློས་གར་ཁང་ཞིག་ན་ཁ་བསོད་ཡར་རྒྱས་ཡོད་པའི་མི་ཞིག་ཏུ་མ་ཟད། ཕྱག་ལས་གང་ཞིག་གནང་རུང་གེགས་མེད་ལམ་ལྷོང་ཡོད་མཁན་ཞིག་སྟེ། ཁོང་དང་སྐུ་ཞབས་རིའི་ཁྱར་སྒྲི་བྷར་བྷ་ལྗིའི་རྣམ་གཉིས་མཉམ་འབྲེལ་ཐོག་མི་ལོ་ཉི་ཤུ་ལྷག་གི་རིང་། ཟློས་གར་གྱི་སྒྱུ་རྩལ་དང་། ཚོང་དོན་ཐད་རྒྱལ་ཁའི་རང་བཞིན་ལྡན་པའི་ཕྱག་ལས་སྣེ་མང་གནང་ཡོད་འདུག སྐུ་ཞབས་བྷར་བྷ་ལྗིའི་ནི་ཤག་ཁུ་མཆོག་གི་གར་གཞུང་མང་བོའི་ནང་། གར་མཁན་གྱི་བྱེད་སྒོ་གཙོ་བོར་འཁྲབ་སྟོན་བྱེད་པའི་གར་དཔོན་ཞིག་སྟེ། དཔེར་ན། ༼ཧམ་མི་ལེ་ཁྲི༽དང་། ༼ཨོ་ཏེ་ལོ༽། ༼རྒྱལ་བོ་ལེ་ཨར༽སོགས། མྱང་ངན་དང་འཇིགས་རུང་གི་རྣམ་འགྱུར་མང་བའི་ཟློས་གར་སྐོར་འཁྲབ་སྟོན་གྱི་གཙོ་བོའི་གར་དཔོན་གནང་འདུག་གོ། སྤྱི་ལོ༡༦༡༣ལོར་ཤག་ཁུ་མཆོག་གིས་ལོན་གྲོན་གྲོང་ཁྱེར་གྱི་ཐམ་སི་ཆུ་ྐླུང་གི་བྱང་རྒྱུད་དུ། ཟློས་གར་ཁང་ཞིག་ཉོས་ཤིང་གར་ཁང་དེ་ནི་ཁོང་གི་ཚོགས་པའི་ཟློས་གར་ཁང་དང་ས་ཁད་ཉེ་བོ་ཞིག་ཏུ་ཡོད་པར་བཤད་ལ། བསམ་ཡུལ་ལས་འདས་པ་ཞིག་ནི། ལོ་དེའི་ཟླ༦ཚེས༢༩ཉིན་གར་ཁང་དེར་ཤག་ཁུ་དང་ན་གཞོན་རྩོམ་བྲིས་པ་ལྗོན་སྤི་ལེ་གྲི་ཆིར་ཟུང་འབྲེལ་ཐོག་བརྩམས་པའི་ཟློས་གར། ༼ཧེན་རིའི་བརྒྱད་པ༽ཞེས་པ་འཁྲབ་སྟོན་བྱེད་སྒང་གར་ཁང་གི་རྩའི་ཐོག་ཁེབ་སྟེང་གློ་བུར་དུ་མེ་ཤོར་ནས་འཇིག ལོ་གཅིག་གི་རྗེས་སླར་ཡང་བསྐྱར་གསོ་གནང་འདུག་མོད། ཁོང་གི་གར་ཁང་དེར་གོང་གསལ་གཏན་འཇགས་ཀྱི་ན་གཞོན་ཟློས་གར་རྩོམ་པ་པོ་གསར་བ་དེ་ཡོད་སྟབས། ཤག་ཁུ་མཆོག་ནས་རང་ལ་དེ་ལྷག་འབྲི་རྒྱུ་མེད་པའི་ཐུགས་ཉམས་འདྲ་བོ་ཞིག་བཞེས་འདུག སྤྱི་ལོ༡༦༡༦ལོ་ཟླ༡ནང་ཤག་ཁུ་མཆོག་ནས་རང་ཉིད་ཀྱི་ཐ་མའི་ཞལ་ཆེམ་བྲིས་ཤིང་། ལོ་དེའི་ཟླ༢ནང་ཁོང་གི་སྲས་མོ་གཞོན་པ་དགུང་ལོ་སུམ་ཅུ་སོ་གཅིག་ལ་ཕེབས་པ། ལྗོས་སྒྲེ་ཐི་དང་། ས་གནས་ཆང་ཚོང་བ་ཐོ་མ་སི་ཁོན་ནིའི་གཉིས་གཉེན་སྒྲིག་བྱས། གཉེན་སྒྲིག་སྐབས་ལྕམ་ལྗོས་སྒྲེ་ཐི་སྦྲུམ་མ་ཡིན་ལ། ཤག་ཁུ་མཆོག་གིས་དེ་དག་གི་ནོར་སྐལ་དུ། དབྱིན་ཇིའི་དངུལ་ལོ་བརྒྱའམ། ཡང་ན་བརྒྱ་དང་དྲུག་ཅུ་ལྷག་གནང་སྦྱིན་བསྩལ་འདུག འོན་ཀྱང་ཟླ་གསུམ་ནང་བུད་མེད་གཞན་པ་ཞིག་གིས་མོ་རང་གི་ལུས་ལ་ཐོ་མ་སིའི་ཕྲུ་གུ་ཞིག་ཆགས་ཡོད་ཚུལ་གསལ་བཤད་བྱས་པ་དང་། ཟླ་དེའི་ནང་མོ་དང་ཕྲུ་གུ་གཉིས་ཆ་སྐྱེ་ཐོག་ནས་འདས། ཡུ་ཤིའི་ཆོས་དཔོན་ནས་ཐོ་མ་སིའི་ནག་ཉེས་ལ་ཆད་པ་བཅད་པ་དང་། ཤག་ཁུ་མཆོག་གིས་ཀྱང་ཞལ་ཆེམ་བསྐྱར་བྲིས་གནང་སྟེ། གོང་གསལ་དངུལ་གྲངས་སྟེང་དངུལ་དཀར་གྱི་གཞུང་བ་ཆེ་ལེགས་གསེར་ཚ་ཅན་ཞིག་བསྣན་ནས། དེ་དག་ཚང་མ་བུ་མོ་ལྗོས་སྒྲིའི་ཐི་ཁོ་ནར་དབང་བའི་གནས་ལུགས་གསལ་བོར་བྲིས། ཤག་ཁུ་མཆོག་གི་སྲས་མོ་རྒན་པ་སོས་སན་ན་དང་། མོ་རང་གི་ཁྱོ་ག་སྨན་པ་ལྗོན་ཧེལ་རྣམ་གཉིས་ལ། ཁོང་གི་ཕྱག་དཔེ་ཐེ་བས་མཁར་དབང་ཡོངས་རྫོགས་གནང་སྦྱིན་མཛད། རང་ཉིད་ཀྱི་སྐུ་སྲང་ལྗོན་ལ་དངུལ་ལོ་ཉི་ཤུའམ། ཡང་ན་སོ་ལྔ་དང་ན་བཟའ་ཆ་ཚང་། མོ་རང་གི་བུ་རྒྱུད་དག་ལའང་མི་རེར་དངུལ་ལོ་ལྔའམ། ཡང་ན་བརྒྱད་གང་རུང་བསྩལ་གནང་བཀའ་དྲིན་ཆེ་བ་ཙམ་དུ་མ་ཟད། གྲོགས་པོ་བྱིངས་དང་ཉེ་བཞི་རྩ་ལག་ཚོ་ལའང་ལེགས་སྐྱེས་རེ་མ་གནང་ས་མེད་པར་ཞུས་པ་དང་། ལྷག་པར་གྲོགས་མཆོག་གར་བ་རིའི་ཁྱར་སྒྲི་བྷར་བྷ་དང་། ལྗོན་ཧེམ་མེན་སི། ཧེན་རིའི་ཁན་སྒྲིལ་བཅས་པར་དངུལ་ཐེབ་ཕྱི་འཇོག་མཛད་དེ། རྩོམ་རིག་སྒྱུ་རྩལ་གྱི་འཕྲིན་ལས་མི་མཉམ་རྒྱུན་འཛིན་ཡུན་གནས་ཡོང་ཐབས་ལ་འབད་པ་བྱེད་དགོས་སྐོར་གཞེན་སྐུལ་གནང་བ་ཕུད། དེ་ལྷག་གཟིམས་ཁྲི་གསར་རྙིང་ཐེ་བས་ཤུལ་ལུས་མཁར་དབང་ཡོངས་རྫོགས། རང་ཉིད་ཀྱི་ལྕམ་ཨེན་མཆོག་གི་ནོར་སྐལ་དུ་ཕྱི་འཇོག་མཛད་ནས། སྤྱི་ལོ༡༦༡༦ཟླ༤ཚེས༢༣ཉིན་གཟིམས་ཤག་ཏུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་འདུག་ལ། སྐབས་དེར་ཁོང་དགུང་གྲངས་ལྔ་བཅུ་ང་གཉིས་ལས་སོན་མེད་པ་རེད། ཁོང་སྐུ་གཤེགས་རྗེས་གོང་གསལ་གྲོགས་པོ་གསུམ་དང་། ཉིད་ཀྱི་རྗེས་འབྲངས་ཟློས་གར་རྩོམ་པ་པོ་སྙན་གྲགས་ཅན་བྷེན་ལྗོན་སོན་བཅས་ཀྱིས། ཁོང་གི་བརྩམས་ཆོས་ཚང་མ་ཕྱོགས་སྒྲིག་མཛད་དེ་པར་སྐྲུན་བྱས་པའི་ཁོངས་ན་གར་གྱི་བསྟན་བཅོས་སུམ་ཅུ་སོ་བདུན་ཙམ་བཞུགས་ཤིང་། དེ་དག་ལས་གར་རྩོམ་བཅོ་བརྒྱད་ཕྱོགས་སྒྲིག་མ་གནང་བའི་སྔ་རོལ་དུ་འཁྲབ་སྟོན་དང་པར་སྐྲུན་བྱ་མ་མྱོང་བར་བཤད། གང་ལྟར་ཡང་ཁོང་གི་མཛད་འཕྲིན་གྱི་རྒྱུན་དེ་དག་གིས་བསྐྱངས་ནས་དར་རྒྱས་ཆེན་པོ་བྱུང་འདུག་གོ།

རྩོམ་རིག

Post navigation

Previous Post: བརྗེད་གླུ་སྐྱོ་བའི་གཞི་མ།
Next Post: ཐོལ་གླུ་སྣང་སྟོང་ཟུང་འཇུག

Comments (2) on “བེལ་ཡམ་ཤག་ཁུ་སེ་པེ་ཨར། William Shakespeare ༼སྔོན་མའི་འཕྲོ༽”

  1. yeshe says:
    2009-08-20 at 12:31 am

    ལོ་ཤས་སྔོན་བོད་ནང་དུ་ཕོ་གསར་རྫིགས་པོའི་སྐད་གྲགས་ཆོད་པའི་རྒྱལ་རོང་བ་ཕུར་བ་སྐྱབས་ཀྱིས་འཁྲབ་སྟོན་པ་གཙོ་བོ་བྱས་ཏེ་ཧི་མ་ལ་ཡའི་རྒྱལ་སྲས་ཞེས་པའི་གློག་བརྙན་ཞིག་འཁྲབས་པ་དེ་ནི་ཤིག་སི་ཕེར་གྱི་ཧེམ་ལི་ཁྲིའི་འཁྲབ་གཞུང་དེ་རང་གཞིར་བཟུང་གིས་འཁྲབས་པ་ཞིག་རེད། ངས་ལེམ་ལི་ཁྲི་ལོ་མང་སྔོན་སུས་བསྒྱུར་པ་མི་དྲན་པར་བོད་ནང་གི་དུས་དེབ་ཟླ་ཟེར་ཞེས་པ་དེའི་སྟེང་ནས་བཀླགས་མྱོང་།

  2. ཚེ་རིང་གི་བུ says:
    2009-08-21 at 5:25 pm

    སྐུ་ཞབས་རྔ་བ་རྒྱལ་ཁམས་པའི་བསྒྱུར་རྩོམ་མང་པོ་ཞིག་འདིར་དྲངས་བྱུང་བས་གློ་བ་དགའ། ཡིན་ན་ཡང་ནུབ་ཕྱོགས་ཀྱི་མཚན་ཉིད་སྨྲ་བ་དང་བསམ་བློ་བ་ཚོའི་ལོ་རྒྱུས་རྐྱང་པ་ཙམ་མ་ཡིན་པར། ཁོང་ཚོས་མཛད་པའི་བརྩམས་ཆོས་(མ་མཐའ་ཡང་ཟུར་ཙམ་ཞིག)ཀྱང་མཇལ་རྒྱུ་ཡོད་ན་ཅི་མ་རུང་སྙམ།
    གོང་དུ་རྔ་བ་རྒྱལ་ཁམས་པས་བེལ་ཡམ་ཤག་ཁུ་སེ་པེ་ཨར་ངོ་སྤྲོད་བྱས་སོང་། ད་ཡིན་ན་དྲ་གྲོགས་ཚོའི་ནང་དུ་
    བེལ་ཡམ་ཤག་ཁུ་སེ་པེ་ཨར་གྱི་སྙན་ངག Sonnetsཚན་པ་འདི་དག་བོད་ཡིག་ཐོག་བསྒྱུར་ཐུབ་མཁན་ཡོད་དམ། ཐུགས་རྗེས་གཟིགས།
    Sonnet 18

    Shall I compare thee to a summer’s day?
    Thou art more lovely and more temperate.
    Rough winds do shake the darling buds of May,
    And summer’s lease hath all too short a date.
    Sometime too hot the eye of heaven shines,
    And often is his gold complexion dimm’d;
    And every fair from fair some time declines,
    By chance, or nature’s changing course, untrimm’d;
    But thy eternal summer shall not fade
    Nor lose possession of that fair thou owest;
    Nor shall Death brag thou wand’rest in his shade,
    When in eternal lines to time thou grows’t:
    So long as men can breathe or eyes can see,
    So long lives this, and this gives life to thee.

    Sonnet 30

    When to the sessions of sweet silent thought
    I summon up remembrance of things past,
    I sigh the lack of many a thing I sought,
    And with old woes new wail my dear time’s waste:
    Then can I drown an eye, unused to flow,
    For precious friends hid in death’s dateless night,
    And weep afresh love’s long since cancell’d woe,
    And moan the expense of many a vanish’d sight:
    Then can I grieve at grievances foregone,
    And heavily from woe to woe tell o’er
    The sad account of fore-bemoaned moan,
    Which I new pay as if not paid before.
    But if the while I think on thee, dear friend,
    All losses are restored and sorrows end.

    Sonnet 73

    That time of year thou mayst in me behold
    When yellow leaves, or none, or few, do hang
    Upon those boughs which shake against the cold,
    Bare ruined choirs, where late the sweet birds sang.
    In me thou seest the twilight of such day
    As after sunset fadeth in the west,
    Which by and by black night doth take away,
    Death’s second self, that seals up all in rest.
    In me thou see’st the glowing of such fire
    That on the ashes of his youth doth lie,
    As the death-bed whereon it must expire
    Consumed with that which it was nourish’d by.
    This thou perceivest, which makes thy love more strong,
    To love that well which thou must leave ere long.

    Sonnet 98

    From you have I been absent in the spring,
    When proud-pied April dress’d in all his trim
    Hath put a spirit of youth in every thing
    That heavy Saturn laugh’d and leap’d with him.
    Yet nor the lays of birds nor the sweet smell
    Of different flowers in odor and in hue
    Could make me any summer’s story tell.
    Or from their proud lap pluck them while they grew;
    Nor did I wonder at the lily’s white,
    Nor praise the deep vermilion in the rose;
    These were but sweet, but figures of delight;
    Drawn after you, you pattern of all those.
    Yet seem’d it winter still, and, you away,
    As with your shadow I with these did play.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme