Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་སྒེར་དྲུང་ཆེ་ཟུར་པ་དགེ་སློང་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་སྐུ་གཤེགས་འདུག

Posted on 2013-01-142013-01-14 By ཤར་ཕྱོགས་ཁུག་རྟ། 16 Comments on སྐུ་སྒེར་དྲུང་ཆེ་ཟུར་པ་དགེ་སློང་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་སྐུ་གཤེགས་འདུག


༄༅།། དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཟུར་པ་དགེ་སློང་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༡༣ ཙམ་ལ་ནོར་གླིང་དུ་དགོངས་པ་རྫོགས་པའི་ཧ་ཅང་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཞིང་གཤེགས་དམ་པ་ཁོང་ནི་དགུང་གྲངས ༩༣ ཡིན་ཅིང། ཞལ་ཆེམས་ཕྱག་བསྟར་གནང་བའི་ནང་རྩིས་སྐོར་ཏེ་སྐུ་ཕུང་སྦྱིན་བསྲེགས་སོགས་གནང་མི་དགོས་པར། དེང་དུས་ཀྱི་གློག་གི་ལམ་ནས་སྐུ་ཕུང་ཞུགས་འབུལ་ཞུ་སྟངས་ལྟར་གནང་དགོས་པ་འཁོད་པ་སོགས་གང་ཅིར་ཞལ་བཀོད་ཞིབ་ཚགས་གནང་ཡོད་པ་མ་ཟད། ད་ལྟའི་ཆར་སྐུ་ཐུགས་དམ་ལ་བཞུགས་ཡོད་པའི་གནས་ཚུལ་ཐོན་འདུག

ཁོང་གི་སྐོར་ལོ་རྒྱུས་མདོར་བསྡུས་དྲ་འབྲེལ་འདི་ནས་གཟིགས།

གསར་འགྱུར།

Post navigation

Previous Post: བུད་མེད་གཅིག་གིས་རང་ལུས་མེར་སྲེག་བཏང་བ།
Next Post: སྐུ་ངོ་རྟ་ར་མཆོག་གི་མཛད་རྣམ་སྙིང་བསྡུས།

Comments (16) on “སྐུ་སྒེར་དྲུང་ཆེ་ཟུར་པ་དགེ་སློང་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་སྐུ་གཤེགས་འདུག”

  1. ཤར་ཕྱོགས་ཁུག་རྟ། says:
    2013-01-14 at 8:04 am

    སེམས་གཏིང་ནས་མྱ་ངན་ཞུ། རི་རྒྱལ་ལྷུན་པོ་ནུབ་པར་མྱ་ངན་ཞུ། ཡངས་པའི་རྣམ་དཔྱོད་གཟིམ་པར་མྱ་ངན་ཞུ། འདོད་ཆུང་ཆོག་ཤེས་ངང་དྲང་བདེན་རྣམ་པར་རྒྱལ་བའི་མཛད་འཕྲིན་སྐྱོང་མཁས་རླབས་ཆེན་གང་ཟག་ཅིག་ཞིང་དུ་གཤེགས་པར་མྱ་ངན་ཞུ། རྙོག་དྲ་རུ་འཛིང་དང་དཀའ་ངལ་ཁྲི་ཕྲག་གི་ཁ་གཏད་ནས་ནམ་ཡང་ཞུམ་མ་མྱོང་བའི་དཔའ་བོ་ཞིག་སྐུ་གཤེགས་པར་མྱ་ངན་ཞུ། ཁྱེད་ལ་གླེང་མི་ཚར་བའི་མཛད་རྗེས་ཡོད་ལ། ང་ཚོས་འཁྱོག་མི་སྲིད་པའི་མིག་དཔེ་དང་ཞབས་རྗེས་ཡོད། ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་དབུ་མར་གནས་པ་དང། མི་རབས་གསར་པ་ཚོར་ཕྱོགས་ཡོངས་སུ་ཐོས་རྒྱ་དང་མཐོང་རྒྱ་དགོས་པའི་ཐུགས་རེ་གནང་བའི་ཚུལ་རྣམས་ཀྱིས་ཁྱེད་ཉིད་ངས་དོན་དམ་གྱི་མྱ་ངན་ཞུ་ས་གཅིག་ཡིན།།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-14 at 9:17 am

    གནས་བརྟན་བསྟན་འཛིན་ཆོས་ཉིད་མཆོག་སྐུ་གཤེགས་པར་འདུས་བྱས་ཐམས་ཅད་མི་རྟག་པར་སྒོམ་པའི་ངང་ནས་མྱ་ངན་གུས་འདུད་ཞུའོ།།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-01-14 at 9:41 am

    དགེ་སློང་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་ཐོག་མར་དྷ་སའི་ཕོ་བྲང་ནང་ལ་༡༩༧༥ཙམ་ནས་ཐོག་མར་མཇལ་མྱོང་བས། མྱ་ངན་གུས་འདུད་ཞུའོ། །

  4. ཤར་ཕྱོགས་ཁུག་རྟ། says:
    2013-01-14 at 12:52 pm

    དྲ་སྦྲེལ་མཛུན་ནོན་འཇོག་སྐབས་ཨིན་ཡིག་འདིའི་Open link in a new window/tab་མདུན་གྱི་གྲུ་བཞི་ཆུང་ངུའི་ནང་བསྣུན་ན་གཙོ་ངོས་རང་འཇགས་ཐོག་དྲ་འབྲེལ་གཞན་པར་ཐད་ཀར་བསྐྱོད་ཐུབ་ཀྱི་འདུག

  5. བོད་དགའ་ says:
    2013-01-14 at 4:03 pm

    ལྷག་བསམ་རྣམ་པར་དཀར་པོས་༧གོང་ས་མཆོག་གི་ཞབས་ཞུ་མི་ལོ་དྲུག་བཅུ་ལྷག་ཙམ་བཞུས་པ་དེས་ཀྱང་སྐུ་ཉིད་ལ་མྱང་ངན་གུས་འདུད་ཞུ། དེ་བས་བོད་མི་ཚང་མས་མི་དཔེ་འོས་པ་ཞིག་ལ་དབང་གྲགས་དང་། རང་བདག་དཔལ་འབྱོར་དོན་གཉེར་གྱིས་གཉེན་ཉེ་དུ་ཁོ་ན་མ་བསམ་པ་མ་ཟད། ཕྱོགས་ཞེན་བོར་ནས་སྤྱི་པའི་ཕྱག་ལས་སྐུ་ཚེ་གང་པོ་མཛད་པ་དང་།༧གོང་ས་གི་ཞབས་ཞུ་ལོ་མང་བསྒྲུབས་པ་དེས་ང་ཚོ་བོད་མི་ཚང་མས་མྱང་ངན་གུས་འདུད་བཞུ་ངེས་ཡིན། མདོར་ན་སྐུ་ངོ་མཆོག་གི་ཐུགས་དགོངས་ཟམ་མོ་ཡོངས་སུ་རྫོགས་པར་སྨོན་ནོ།།

  6. བོད་དགའ་ says:
    2013-01-14 at 4:06 pm

    ༧གོང་ས་མཆོག་གི་ཞབས་ཞུ་ལོ་མང་ཞེས་བཅོས།

  7. དགའ་སྐྱིད་ says:
    2013-01-14 at 6:09 pm

    སྐུ་སྒེར་དྲུང་སྤྱི་སྐུ་ངོ་རྟ་རག་མཆོག་སྐུ་གཤེགས་པ་བོད་མདོ་དབུས་ཁམས་གསུམ་གྱིས་རྒན་གཞོན་ཕོ་མོ་ཡོངས་ནས་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུས། བོད་གངས་ཅན་པར་ཆེད་དུ་རྒྱལ་བློན་བྱང་ཆུབ་སེམས་པའི་རྣམ་སྤྲུལ་སྨྱུར་དུ་ཁྲུངས་པའི་མཆོག་གསུམ་སྨོན་ལམ་ཞུས།།

  8. གདོང་དམར་བ་ says:
    2013-01-14 at 6:52 pm

    ཐུགས་དམ་ལ་བཞུགས་པའི་སྐོར་དེ་ཡིད་ཆེས་དཀའ་མོ་རེད། མི་ཤི་ཚད་ཐུགས་དམ་ལ་ཁག་པོ་ཡིན་འགྲོ། ཡིན་ནའང་སྐུ་ངོ་མཆོག་ལ་གུས་འདུད་ཞུ།

  9. དགའ་སྐྱིད་ says:
    2013-01-14 at 8:37 pm

    གདོང་དམར་པ་ཟེར་བ་་བོད་པ་ནང་པ་ཞིག་མེན་པ་འདྲ་ ནང་པ་ཆོས་ནང་ཐུགས་དམ་བཞུགས་མཁན་མང་པོ་བྱུང་སྨྱུང་ཡོ།།སྐུ་ངོ་ནི་བློན་པོ་བྱང་ཆུབ་སམེས་པ་དངོས་ཡིན་ཞེས་ཡོངས་བསྒྲགས་རེད་།།

  10. རིག་པའི་གླེང་བུ། says:
    2013-01-15 at 1:37 am

    སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ། ཁོང་གིས་ཁོ་རང་བགྲེས་ཡོལ་སླེབས་དུས་འདུག་གནས་ཀྱི་མགྲོན་ཁང་གསར་བཞེངས་བྱས་མེད་ལ་བུ་རབས་ཚ་རྒྱུད་དང་བཅས་པ་སྐུ་སྒེར་མཚན་ཐོག་ནས་ཕྱི་གླིང་ལ་བཏང་མེད། ད་དུང་མང་པོ་ཡོད་་་

  11. དྲ་གཉིད་ says:
    2013-01-15 at 2:44 am

    གདོང་དམར་ཁོ་པ་བོད་པ་ནང་པ་ཕར་གཞག་མི་གཤིས་ཡོད་པ་བཤད་ཁག་ཙམ་རེད་འདུག། སྐུ་ངོ་མཆོག་ལ་སེམས་གཏིང་ནས་མྱང་ངན་གུས་འདུད་ཞུ།།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-01-15 at 8:13 am

    རྟ་ར་པ་བསྟན་འཛིན་ཆོས་ཉིད་མཆོག་གིས། རང་ཉིད་ངོ་སྤྲོད་ཅེས་པའི་རང་རྣམ་ནང་ལ།
    ་་་ རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ན། ༡༩༤༡ ལྕགས་སྦྲུལ་ལོ་གསར་ལ་གཞུང་གི་ཞབས་སྣེར་ཚུད་པ་ནས་ ༢༠༠༡ ལྕགས་སྦྲུལ་བར་དགོངས་ཞུ་ཟླ་བ་གསུམ་མ་གཏོགས། མི་ལོ་དྲུག་ཅུ་རེ་གཅིག་ཧྲིལ་པོ་གཞུང་གི་ཞབས་ཕྱི་ཞུས་འདུག དེའི་རིང་གཞུང་འབངས་སྲིད་ཞུར་སྨན་པའི་བྱས་རྗེས་གཟེངས་ཐོན་འདི་ཡིན་བརྗོད་འོས་ཏིལ་འབྲུ་ཙམ་ཡང་མེད་རུང་། ཁྲིམས་དང་། ལས་འབྲས་མ་བསྲུངས་པ། གཞུང་འབངས་ལ་ལྷག་བསམ་མ་དག་པའི་བྱས་ཉེས་ནོངས་འགྱོད་རིགས་གཏན་ནས་མེད། ་་་་་་ཞེས་གསུངས་འདུག

  13. རླུང་བུ། says:
    2013-01-15 at 9:58 am

    ཁོང་ལ་མྱ་ངན་དང་གུས་འདུད་ཞུ།

  14. གཡུ་འབྲུག་དཀར་པོ། says:
    2013-01-15 at 11:55 am

    རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་པར་ཡིད་ཆེས་ཡོད། དེང་སང་དུས་སྙིགས་མར་སོང་སྟེ་ཆོས་སྒྲུབ་མཁན་མེད་པ་རེད་མ་གཏོགས་སྒྲུབ་ན་བྱིན་རླབས་ཀྱི་མཚན་ཁ་ད་ལྟ་ཡང་མ་ཡལ་བར་བཞུགས་ཡོད་པ་རེད་འདུག། མ་ཟད་སྔར་ནས་བྱིན་རླབས་ཀྱི་མཚན་ཁ་ད་ལྟ་བླ་ལྷག་ཏུ་འཔར་ཡོད་པ་འདྲ། འབྲུག་ཡུལ་དུ་ཡང་ཆོས་གང་ཡང་མི་ཤེས་པར་མ་ཎི་ཁོ་ན་འདོན་འདོད་མཁན་ཚོ་ཡང་ཤི་དུས་ཐུགས་དམ་ལ་བཞུགས་ཀྱི་འདུག་ཟེར།

  15. དགའ་སྐྱིད་ says:
    2013-01-15 at 11:18 pm

    རྡ་རམ་སར་ཉིན་གཉིས་ནང་མི་མང་པོ་ཞིག་སྐུ་སྒེར་དྲུ་ཆེ་སྐུ་རྟ་ར་བ་སྐོར་བཀའ་མོ་གནང་མཁན ཁག་གཅིག་གི་སྐུ་ངོདམ་པ་ཁོང་ནི࿒སྐུ་སྒེར་ཡིག་ཚང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་ནང་གི་ཨ་མ་ཏ་བུ་རེད་ཁོང་ནི་མཁས་པ་ཡིན་ཀྱང་ཡིན་དོག་མ་གནང་མཁན དགེ་སློང་རྣམ་བདག་ཞིག࿒རེད་མི་ཡག་པོ་རྫོགས་ཀྱིས་འདུག་ཞེ་སེམས་ཚབ་གནང་མཁན་མང་པོ་མཐོང་སྐབས.གསེར་ས་འོག་འོད་གནམ་ཁ་པེ་དྲན་བྱུང།།།།

  16. བོད་དགའ་ says:
    2013-01-16 at 10:48 am

    དེ་རིང་བཀའ་དྲུང་མཆོག་གིས་སྐུ་ངོ་དམ་པའི་སྐུ་ཚེའི་ལོ་རྒྱུས་ངོ་སྤྲོད་གནང་དོན་ལྟར་ན།དམ་པ་ཁོང་ནས་མི་ལོ་ཧྲིལ་པོ་བདུན་ཅུ་དོན་བདུན་བོད་གཞུང་དང་།ལྷག་པར་༧གོང་ས་མཆོག་གི་སྐུ་སྒེར་དྲུང་ཆེའི་ཕྱག་ལས་གནང་བ་དེ་ཚང་མས་མིག་དཔེར་འོས་པ་ཞིག་རེད་གསུངས་དོན་ལྟར་ན། དེས་ཀྱང་གུས་པས་སེམས་ཚོར་ཆེན་པོས་སྐུ་ངོ་དམ་པ་ཁོང་ལ་ཡང་སྐྱར་སྙིང་དབུས་ནས་མྱང་ངན་དང་གུས་འདུད་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme