Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་དབང་གིས་ཨ་མ་དྲན་པ་བརྒྱལ་འདུག

Posted on 2013-01-132013-01-14 By ཁ་བརྡ་ 10 Comments on བཙན་དབང་གིས་ཨ་མ་དྲན་པ་བརྒྱལ་འདུག

ཚེས་༡༢་ཉིན་རང་ལུས་མེར་བསྲེགས་ཀྱིས་༼༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་༽ཞེས་འབོད་སྒྲ་བསྒྲགས་ཏེ་འདས་གྲོངས་སུ་འགྲོ་མཁན་ལོ་ན་༢༢ཡིན་པ་བོད་མདོ་སྨད་ཨ་མཆོག་སྐྱིད་སྡེ་བའི་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྐུ་ཕུང་ཚེས་༡༣དགོང་མོ་བཙན་དབང་གིས་ཞུགས་འབུལ་བྱེད་དུ་བཅུག་ཡོད་འདུག

ཚེས་༡༢་ཉིན་རང་ལུས་མེར་བསྲེགས་བཏང་རྗེས་སྐུ་ཕུང་ཨ་མཆོག་སྐྱིད་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུ་ཐུབ་ཡོད་ཀྱང་། དེའི་རྗེས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མང་པོས་སྡེ་འདབས་ཡོངས་སུ་བསྐོར་ཏེ། སྡེ་བ་དེར་བསྔོ་སྨོན་གནང་བར་ཕེབས་མཁན་གྱི་ཨ་མཆོག་དགོན་པའི་དགེ་མདུན་པ་དང་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང་མཁན་རི་སྡེ་ཚོ་བའི་མི་རྣམས་བཀག་འགོག་བྱེད་ཡོད་འདུག་ལ།
དེའི་རྗེས་ཚོ་བའི་ཚོ་དཔོན་བར་དུ་བཏང་ནས། སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པའི་བཀའ་བཏང་ཡོད་འདུག མེར་བསྲེགས་གཏོང་མཁན་ཚེ་རིང་བཀྲ་ཤིས་ཀྱི་ནང་མི་ཚོས། བོད་མིའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་ཐད་བླ་མར་ཞུ་དགོས་པ་དང་། ལྷག་པར་དུ་རི་སྡེ་ཚོ་བར་མཆོད་སྦྱིན་ལེགས་འགྲུབ་མ་གནང་བར་སྐུ་ཕུང་ཞུགས་འབུལ་བྱེད་སྲོལ་ཞིག་ད་སྔ་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ཁྲོད་དུ་མེད་པ་སོགས་ཀྱིས་ངོས་ལེན་བྱེད་ཡོད་མི་འདུག ཡིན་ན་ཡང་དེའི་རྗེས་ཀན་ལྷོ་བསང་ཆུ་རྫོང་གི་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་སོགས་ཀྱིས་བླ་བྲང་དུ་བཞུགས་ཡོད་པའི་ཨ་མཆོག་དགོན་པའི་བླ་ཆེན་ཨ་ལག་དབལ་མང་ཚང་ཨ་མཆོག་དགོན་པར་ཁྲིད་ཡོང་ནས། ཚོ་བའི་ཚོ་དཔོན་ཚོ་སྐོང་འགུགས་ཀྱིས་གང་མགྱོགས་སྐུ་ཕུང་ཞུགས་འབུལ་བྱ་དགོས་པའི་འཇིག་སྣང་སྐུལ་བ་དང་། ལྷག་པར་དུ་གལ་ཏེ་གནས་ཚུལ་མ་ལེགས་པ་བྱུང་བ་ཡིན་ན། འགན་ཡོད་ཚད་ཁྱེད་ཚོས་ཁུར་དགོས་པ་སོགས་སློབ་གསོ་དུས་ཡུན་རིང་བོར་བརྒྱབ་པ་དང་། ཡང་སྤྱི་བདེ་ཅུའུ་ཡི་ཅུས་གྲངས་ཀྱིས་མ་གཞི་ནས་ཁྱིམ་ཚང་དེ་ནི་ཏཱ་ལའི་ཁ་བྲལ་བ་དང་འབྲེལ་བ་དམ་པོ་ཡོད་མཁན་ཞིག་ཡིན་པས་རང་འགར་མི་འཇོག་ཚུལ་གྱིས་ཅོག་ཙེ་སྒང་ལ་ཁུ་ཚུར་གྱིས་གཞུས་པ་སོགས་ཚོ་དཔོན་ཚོ་དངངང་འདར་ཤོར་དགོས་པ་བཟོས་པ་སོགས་ཀྱིས། ཚེ་རིང་བཀྲ་ཤིས་ཀྱི་ཕ་གདུགས་དཀར་སྐྱབས་ཀྱིས་དོན་དག་ཆེན་པོ་བྱུང་ཚེ་སྡེ་བ་ཚོ་བར་དཀའ་ལས་བཟོ་བའི་བསམ་ཤེས་ཐོག་བླ་ཆེན་ཨ་ལག་དབལ་མང་ཚང་གི་བཀའ་བཀོད་ལྟར་ཚེས་༡༣་ཉིན་གྱི་མཚན་མོ་སྐུ་ཕུང་བླ་རི་གུང་སྔོན་ཕྱོགས་ཀྱི་དུར་སར་ཞུགས་འབུལ་བྱེད་ཡོད་འདུག་ལ། སྐུ་ཕུང་ཞུགས་འབུལ་བྱ་བར་ཡང་མཚན་མོ་མི་རྣམས་གཉིད་ལ་ཤོར་རྗེས་མི་ཁ་ཤས་ཤིག་ལས་བཏང་ཡོད་མི་འདུག སྐབས་དེར་ཚེ་རིང་བཀྲ་ཤིས་ཀྱི་ཨ་མས་སྐུ་ཕུང་ཞུགས་འབུལ་གྱི་བཙན་དབང་གི་བཀའ་དེ་གོ་ནས་དྲན་པ་བརྒྱལ་བ་དང་སྐར་མ་ཁ་ཤས་ལ་དབུགས་ཆད་པ་སོགས་ཀྱིས་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་དྲན་པ་སོས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་ས་གནས་བོད་མི་འདི་ཀ་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་བྱེད་ཀྱིན་འདུག

ཚེ་རིང་བཀྲ་ཤིས་ནི་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་སྐྱིད་སྡེ་བའི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་དང་མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་གཅིག་པུ་ཡིན་ལ། ལོ་ན་༢༢ཡིན་པའི་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཟེར་གྱིན་ཡོད་པ་རེད།  ཚེ་རིང་བཀྲ་ཤིས་ཀྱིས། ཚེས་༡༢་ཉིན་རང་ཁྱིམ་ནས་བོད་ལྭ་གཙང་མ་ཞིག་གྱོན་ཏེ། ཕྱུགས་རྫི་བྱེད་པའི་སྐབས་ཕྱུགས་རྣམས་རྫི་རོགས་ཚོར་བཅོལ་ཏེ། ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས། ཉིན་གུང་ཆུ་ཚོད་གཉིས་པ་གཡས་གཡོན་དུ། རང་ལུས་ལྕགས་སྐུད་ཀྱིས་བསྡམས་ཏེ། ཀཱི་ཧོ་ཧོ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྐད་འབོད་བྱེད་ཞོར་དུ་མེ་ལྕེ་ཁྲ

 

ོད་ནས་ཁྲོམ་སྐོར་བྱེད་པ་དང་དེའི་རྗེས་སར་འགྱེལ་ཏེ་འདས་གྲོངས་སུ་ཕྱིན་ཡོད་འདུག སྐབས་དེར་ནམ་རྒྱུན་ལྟར་ཨ་མཆོག་གྲོང་བརྡལ་དུ་སྐོར་གཡེང་བྱེད་མཁན་གྱི་ཉེན་རྟོག་པ་ཚོ་སྐུ་ཕུང་གི་འཁྲིས་སུ་བཅར་བར་ས་གནས་ཁྲོམ་ལམ་གྱི་བོད་མི་རྣམས་ཕྱོགས་གཅིག་ཏུ་འཛོམས་ཏེ་ཉེན་རྟོག་པ་ཚོར་རྡོ་བས་གཞུས་ཏེ་སྐུ་ཕུང་བཙན་འཕྲོག་བྱེད་དུ་མ་བཅུག་པར་ཚེ་རིང་བཀྲ་ཤིས་ཀྱི་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་པ་རེད།

ཚེ་རིང་བཀྲ་ཤིས་ནི་རྒྱུན་དུ་ནས་མི་ཚང་དེའི་མི་རྒྱུད་ཀྱི་ཁྲོད་དུ་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་གཅིག་པུ་དེ་ཡིན་པ་དང་། ཆུང་མ་ཡུམ་མཚོ་སྐྱིད་དང་མཉམ་དུ་ཁྱིམ་གྱི་ལས་ཀར་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པ་མ་ཟད། ཆུང་དུས་ནས་རྟ་ནོར་ལུག་གསུམ་ལ་སེམས་གཏིང་ནས་དགའ་ཞིང་། ཆུང་དུས་ནས་རྟ་རྩལ་འགྲན་སྡུར་ཁྲོད་ཡང་ཡང་དུ་ཨང་དང་པོ་ལེན་མྱོང་མཁན་ཞིག་ཀྱང་ཡིན། ད་དུང་ཁོང་གི་སེམས་ནས་གཅེས་པའི་མདོ་རིག་རྟ་བོ་ཞིག་ཡོད་པ་དེ་སྔ་ཕྱི་རུ་རྫོང་རིམ་པ་དང་ཁུལ་རིམ་པར་ཨང་དང་པོ་ལེན་མྱོང་ཡོད་འདུག  ཚེ་རིང་བཀྲ་ཤིས་ཀྱི་ཁྱིམ་དུ་ཕ་མ་གཉིས་དང་ཆུང་མ་ལས་མེད་པ་དང་། ཁྱིམ་ཚང་གི་འབྱོར་བ་སོགས་ཡག་པོ་ཡོད་པ་མ་ཟད། ཁོང་གི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་ནི་ལོ་མང་རིང་སྡེ་དཔོན་གྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན།

པར་དང་པོ།  རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས།

པར་གཉིས་པ།  ཕ་གདུགས་དཀར་སྐྱབས།

 

གནས་ཚུལ་མཁོ་གཏོང་བ།  ཚེ་རིང་སྐྱིད།

གསར་འགྱུར།

Post navigation

Previous Post: གོང་མའི་དགོན་པ། ༼བོད་འབྱོར།༽
Next Post: བོན་རྒྱའི་སྐོར་གྱི་འཇིགས་སུ་རུང་བའི་དཀྲོག་གཏམ་ཞིག ཨ་རིག་འགྱུར་མེད།

Comments (10) on “བཙན་དབང་གིས་ཨ་མ་དྲན་པ་བརྒྱལ་འདུག”

  1. བསོད་ནམས། says:
    2013-01-13 at 12:33 pm

    བོད་མི་ཚོའི་ལས་དབང་འདི་ཅི་འདྲའི་བཤད་མི་ཐུབ་པ་ཞིག་རེད། རྒྱ་དམར་ཚང་གིས་ངོ་མ་འདུག་གི་མི་བཅུག་གི། བོད་མི་ཚང་ལོངས་ཤོག

  2. དབང་འདུས་ says:
    2013-01-13 at 3:43 pm

    ད་དུང་མི་ལོ་ག་ཚོད་ཅིག་ལ་ང་ཚོས་མུན་ནག་གི་ལོ་ཟླ་འདི་ལ་རོལ་དགོས་སམ།

  3. ཀླུ་སྨྱོན། says:
    2013-01-13 at 4:30 pm

    ངས་ནི་དང་པོར་མེར་སྲེག་ལས་འགུལ་འདིར། །
    སྟག་མོ་ལུས་སྦྱིན་དཔེར་དྲངས་བསྟོད་གླུ་བླངས།
    བར་དུ་གྲུབ་འབྲས་མ་མཐོང་དོགས་པ་ཟོས། །
    མཐའ་མར་མང་ཐག་ཆོད་ནས་དགག་པ་བྱས། །

  4. སྤྲུལ་སྐུ་དབང་ཆེན། says:
    2013-01-13 at 9:04 pm

    མེར་བསྲེགས་ཕུལ་མཁན་གྱི་ཨ་མ་དྲན་པ་ཐོར་འདུག

  5. གནམ says:
    2013-01-13 at 9:31 pm

    སྤྱི་བདེ་མི་སྣའི་ནང་ན་མྱི་ཁྱི་གཉིས་ཀའི་ཁ་ངོ་ཡོད་པ་གསལ་བོ་ཤེས་ན་དེ་ཡང་། སྡུག་ཐུག་དུས་ཞིག་ལ་དགོས་དངོས་རེད། སྐྱག་གཟན་དི་ཆོ།

  6. བཙན་པོ། says:
    2013-01-13 at 9:42 pm

    དེ་འདྲའི་དཔའ་རྒོད་ཅིག་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁང་མདུན་ནས་མེ་སྤར་བྱུང་ཚེ་གྲུབ་འབྲས་་ཁྱད་པར་ཅིག་ཡོད་ངེས།

  7. འཛུམ་ཤུལ་ཐབས་མཁས། says:
    2013-01-13 at 10:15 pm

    རྒྱ་ཏང་གི་བཙན་འོག་ན་མི་རིགས་སྐྱེས་མི་ཆོག་མི་རིགས་གསོན་མི་ཆོག་མི་རིགས་འཆི་མི་ཆོག་ཐ་ན་མི་འདས་རྗེས་སུ་མི་རིགས་ཀྱི་སྲོལ་དུ་དར་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཙམ་ཡང་སྤེལ་མི་ཆོག་པའི་སྐྱི་གཡའ་བའི་ལག་ལེན་འདི་འདྲ་ཞིག་སྲིད་པ་ཆགས་པའི་ལོ་སྒྱུས་ནང་བྱུང་ཡོད་མི་སྲིད།ཞི་བདེ་དཔའ་པོའི་ཁྱིམ་མི་ཡོངས་ལ་མྱ་ངན་དང་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྔོ་སྨོན་སྐྱབས་འཇུག་ཞུ།

  8. འཛུམ་ཤུལ་ཐབས་མཁས། says:
    2013-01-13 at 10:15 pm

    རྒྱ་ཏང་གི་བཙན་འོག་ན་མི་རིགས་སྐྱེས་མི་ཆོག་མི་རིགས་གསོན་མི་ཆོག་མི་རིགས་འཆི་མི་ཆོག་ཐ་ན་མི་འདས་རྗེས་སུ་མི་རིགས་ཀྱི་སྲོལ་དུ་དར་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཙམ་ཡང་སྤེལ་མི་ཆོག་པའི་སྐྱི་གཡའ་བའི་ལག་ལེན་འདི་འདྲ་ཞིག་སྲིད་པ་ཆགས་པའི་ལོ་སྒྱུས་ནང་བྱུང་ཡོད་མི་སྲིད།ཞི་བདེ་དཔའ་པོའི་ཁྱིམ་མི་ཡོངས་ལ་མྱ་ངན་དང་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྔོ་སྨོན་སྐྱབས་འཇུག་ཞུ།

  9. ངོ་ལུག says:
    2013-01-14 at 7:48 pm

    ཅི་ལ་ཁག ཁག་མེད་དོ། སེམས་པ་དེའི་ན་ཚ། རུས་པ་དེའི་ཟུག་ཟེར། ཡོད་ཚད་དམར་གཞུང་ངན་པ་འདིས་བཟོས།

  10. དྲྭ་འབུ་བརྡུང་མཁན། says:
    2013-01-15 at 9:27 am

    ཨ་ཁ་ཁ་ཁ་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme