Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོང་མའི་དགོན་པ། ༼བོད་འབྱོར།༽

Posted on 2013-01-132013-01-13 By ཁ་བརྡ་ 3 Comments on གོང་མའི་དགོན་པ། ༼བོད་འབྱོར།༽

ལྷ་རྩེའི་ཁུ་བྱུག

འདུ་འཛིའི་དགྲ་ལ་རི་དྭགས་བཞིན་དུ་བྲོས།།
རྙེད་བཀུར་ནོར་ལ་སྨྱོན་པ་བཞིན་དུ་གཟུར།།
ཞི་བའི་ནགས་ཀློང་མེ་ཏོག་ལྡིང་ཁང་དུ།།
དབེན་གསུམ་དགོན་པ་དགེ་སྦྱོང་བསྟི་བའི་གནས།།

སྒོ་གསུམ་ཉེས་པ་སྲུང་པའི་ཚུལ་ཁྲིམས་པ།།
གཞན་དོན་རྣལ་མར་བརྩོན་པའི་བྱང་སེམས་པ།།
སྣོད་བཅུད་ལྷ་སྐུར་ཤར་བའི་གསང་སྔགས་པ།།
སྡོམ་གསུམ་ལྷ་མིའི་གཙུག་རྒྱན་གནས་དེར་ལྷགས།།

ཤིང་དང་ཕུག་པར་ང་ཁྱོད་རྩོད་པ་མེད།།
ཏིང་འཛིན་ཟས་ལ་སྲེད་པའི་གདུང་བ་མེད།།
གཏུམ་མོའི་རས་ལ་འཇམ་རྩུབ་འཛིན་པ་མེད།།
དགོན་པ་དྲང་སྲོང་དགའ་བའི་གླིང་ཀ་དངོས།།

གོང་གི་བླ་མར་རྣམ་རྟོག་ཆོས་སྐུར་ཤར།།
འོག་གི་སློབ་མས་བླ་མར་སངས་རྒྱས་མཐོང་།།
བར་གྱི་དམ་ཚིག་རིན་ཆེན་གསེར་ལས་ལྷག །
མདོ་སྔགས་སྟན་ཐོག་གཅིག་སྒྲིལ་དགོན་པ་མང་།།

གསེར་དངུལ་ནོར་གྱིས་བཀང་བའི་མཛོད་ཁང་མེད།།
མ་དག་ལོངས་སྤྱོད་བསྡུ་སའི་གཉེར་ཁང་མེད།།
སྒོར་གྱིས་གསེར་ཁྲི་ཉོ་བའི་ལམ་ལུགས་མེད།།
གནས་དེར་སྦྱང་ཡོན་ལ་གནས་བསམ་གཏན་པ།།

དགྲ་གྲོགས་རྩོད་པའི་ཆགས་སྡང་གནས་དེར་མེད།།
སེར་ཁྱིམ་བུ་སྨད་བདག་པོ་གནས་དེར་མེད།།
དཔོན་སློབ་མི་མཐུན་འཐབ་ར་གནས་དེར་མེད།།
གནས་དེ་རིག་པ་འཛིན་པའི་ཕ་ཁྱིམ་དངོས།།

ཆོས་པའི་བར་དུ་སྦྱིན་བདག་འཐེན་འཁྱེར་མེད།།
ཆོས་ཁག་བར་དུ་སེར་དམག་བཀྱེ་སྲོལ་མེད།།
ཆོས་བརྒྱུད་བར་དུ་ཕྱིར་བཀྱེད་གནང་བ་མེད།།
ཞི་བ་དུལ་བས་གངས་ཁྲོད་ཁྱབ་ནས་ཡོད།།

དཔོན་དང་ཕྱུག་བདག་ཁྲི་ལ་ཕུད་པ་མེད།།
སྒོར་དང་ནོར་ལ་སྙིང་པོ་འཛིན་པ་མེད།།
མོ་དང་རྩིས་ལ་ངོ་སོ་བསྟོད་པ་མེད།།
གནའ་བོའི་དགོན་པ་ནང་ཆོས་སྙིང་སྟོབས་ལྡན།།

ལྷ་ཁང་གསེར་སྐུའི་ངོམ་ཁྱེར་ཤིན་ཏུ་ཉུང་།།
རང་ལུས་ལྷ་སྔགས་གསལ་བའི་ཆོས་པ་མང་།།
ཐ་སྙད་མགོ་བོ་མཁྲེགས་པའི་སློབ་མ་ཉུང་།།
གཙུག་ལག་ཉམས་ལ་བསྲེས་པའི་སྐལ་བཟང་མང་།།

གྲོང་ཁྱེར་ཆུ་བཞིན་ཉུལ་བའི་ཆོས་བཙོང་ཉུང་།།
ཡེངས་མེད་སྒྲུབ་ལ་བརྩོན་པའི་ཆོས་པ་མང་།།
སྟོང་གསུམ་ཞལ་ལ་གསོལ་བའི་གྲྭ་བཙུན་ཉུང་།།
དཀའ་ཐུབ་བསོད་སྙོམས་སྤྱོད་པའི་རྣལ་འབྱོར་མང་།།

སྒོ་གསུམ་ཞི་བས་དུལ་བའི་རི་པའི་ཁྱུ།།
དབེན་གསུམ་རི་སུལ་ཉུལ་བའི་ཀུན་སྤངས་པ།།
སྐུ་གསུམ་ལམ་དུ་ཁྱེར་བའི་ཕྱག་ཆེན་པ།།
སྤོས་དཀར་ལྗོན་དྲུང་ཟླ་བ་བཞིན་དུ་གསལ།།

ཆོས་བརྒྱད་སྤོས་རྒྱའི་རི་མོ་ཡལ་ཤུལ་དུ།།
ངེས་འབྱུང་སྲོག་གི་ཀ་བ་རབ་ཏུ་བརྟན།།
ཀུན་ལ་གཟའ་གཏད་བྲལ་བའི་གྲུབ་པའི་ཁྱུ།།
བས་མཐའི་ཚལ་ན་རི་དྭགས་བཞིན་དུ་མཛེས།།

བླ་མ་ཆོས་སྐུར་མཐོང་བའི་མོས་གུས་འབར།།
ཆོས་སྐུ་སེམས་ལས་རྙེད་པའི་གདེང་ཆེན་ཐོབ།།
མཚན་འཛིན་རྒྱ་ལས་གྲོལ་བའི་བྱ་བྲལ་བ།།
གཡའ་སྤང་ཁྲོད་ན་ལྗོན་པ་བཞིན་དུ་བརྟན།།

སྣང་སྲིད་ཕྱག་རྒྱ་ཆེན་པོའི་རོལ་པ་ལས།།
འཁོར་འདས་དགག་སྒྲུབ་མེད་པའི་རྟོགས་ལྡན་ཚོགས།།
ཉིན་མཚན་འོད་གསལ་གྲོང་ཁྱེར་ལ་འཕྱན་པ།།
ནགས་ཀྱི་གསེབ་ཏུ་སེང་གེ་བཞིན་དུ་འཕྱོ།།

རྫ་དང་ན་བུན་དཀྲིག་པའི་གངས་ཁྲོད་དང་།།
ཛཱ་ཏིའི་མེ་ཏོག་དགོད་པའི་རི་སུལ་དུ།།
མཁའ་སྤྱོད་འཇའ་ལུས་གཤེགས་པའི་དྲང་སྲོང་གཏམ།།
ད་ནི་མི་ཡུལ་ཁམས་ཀྱི་སྨུག་པ་ཙམ།།

སྤྲིན་གྱི་མེ་ཏོག་འཛུམ་པའི་རི་བོའི་རྩེ།།
གཡའ་ཤིང་ལོ་འབྲས་ལྕུགས་པའི་རྐང་ཐུང་ཚལ།།
མ་ཆགས་རྣལ་འབྱོར་སྤྱོད་པའི་གྲུབ་ཐོབ་ཤུལ།།
ད་ནི་དྲན་པའི་དཀྱིལ་དུ་ཁད་ཀྱིས་སིམ།།

བདེན་པའི་ལོ་རྒྱུས་ཕྲག་དོག་ཁྲག་གིས་བསུབ།།
དམ་པའི་རྗེས་ཤུལ་ཟོག་པོའི་ལག་གིས་སྣོག །
སྟོན་པའི་རྣམ་ཐར་སྐྱོང་བའི་གྲུབ་ཆེན་དག །
ད་ནི་རྨི་ལམ་ཟུར་གྱི་ཁ་བརྡ་ཙམ།།

ལོ་དང་ཟླ་བའི་རྐང་འགྲོས་འཁྱར་མ་འཁྱོར།།
མི་མཐོང་ནམ་མཁའི་སྤྲིན་རུམ་ཉུལ་དང་ལྷན།།
གྲུབ་པའི་ཚུགས་དང་མཁས་པའི་རྣམ་ཐར་ཡང་།།
ད་ནི་མཆོད་ཁྲིའི་སྟེང་གི་དཔེ་གོག་ཙམ།།

དམ་པ་གོང་མའི་སྒྲུབ་སྤྱིལ་ཞིག་ཤུལ་པར་རིས་ཀྱིས་རྐྱེན་བྱས། ད་ལྟ་བོད་ཀྱི་དགོན་སྡེ་ཁྲ་འཆིལ་དགུ་འཆིལ་གྱིས་མཚམས་སྦྱར། གནའ་དེང་ཆོས་པའི་འགྱང་ཁྱད་ཀྱི་ཉེ་བའི་རྒྱུ་ལ་བརྟེན་ནས་གོང་མའི་དགོན་པ་ཞེས་པའི་རྩོམ་ཐུང་འདི་མི་ཡུལ་ལ་ཆས་ཉིན།
༢༠༡༣-༡-༡༠

རྩོམ་རིག

Post navigation

Previous Post: ས་པཎ་གྱི་བཀའ་མཆིད་ལྟར་ཕྱི་ནང་བོད་མིར་གདམས་པ།
Next Post: བཙན་དབང་གིས་ཨ་མ་དྲན་པ་བརྒྱལ་འདུག

Comments (3) on “གོང་མའི་དགོན་པ། ༼བོད་འབྱོར།༽”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-14 at 9:48 am

    བདག་ཅག་མི་ཡི་མཐོང་སྣང་ལ།
    སྔོན་དུ་གང་བྱུང་ལེགས་པར་མཐོང་།
    ད་ལྟ་ལེགས་པའི་ཐ་མ་ཡིན།
    ཞེས་པ་སྒྲོགས་པ་མང་པོ་མཐོང་།།
    ་
    འོན་ཀྱང་ལོ་རྒྱུས་ལ་བརྟགས་ཚེ།
    སྔོན་ཡང་ད་ལྟའི་དུས་འདི་ལས།
    སྡུག་པ་མེད་ཀྱང་ལེགས་པ་མེད།
    རང་རང་ཡུལ་གྱི་སྔོན་འབྱུང་བལྟ།།
    ་
    སྔོན་གྱི་དུས་དང་ད་ལྟའི་དུས།
    མ་འོངས་དུས་ལ་དགོས་པའི་གཙོ།
    དུག་གསུམ་མེད་པ་དེ་ཉིད་ལགས།
    དེ་ཡོད་གང་དུ་གནས་ཀྱང་དགེའོ།།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-16 at 2:26 am

    གོང་གི་བོད་འབྱོར། ཚིགས་བཅད་རྣམས་རྣལ་འབྱོར་པའམ་རྣལ་འབྱོར་པའི་རྗེས་འབྲངས་དང་། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་པ་དག་གི་བྱེད་སྟངས་གོ་བསྡུར་བྱས་ཏེ་བྲིས་པ། དཔེར་ན། རྗེ་བཙུན་ཚུལ་ཁྲིམས་ཉི་མ་དང་། དེའི་རྗེས་འཇུག་པ་དང་། དིང་དུས་ཀྱི་ལ་དྭགས་ཀྱི་ཆོས་པའི་གཟུགས་ཅན་འགའ་ཞིག་དང་། དགོན་པ་རྣམས་ཀྱི་གནས་སྟངས་ལ་དཔྱད་ནས། ཐུབ་ན། ལེགས་བཅོས་དགོས་པ་ཞིག་དང་། ལྷག་པར་དུ་ལ་དྭགས་སོགས་ཡུལ་གྲུ་རྣམས་སུ་ཨ་སྒོར་རམ། ཧིནྡ་སྒོར་མང་པོའི་འགྲོ་སོང་གིས་གཙུག་ལག་ཁང་ཡིན་ཟེར་བའི་ཁང་པ་དང་། རྟེན་སྐུ་དང་། དེའི་མཆོད་སྟེགས་སུ་དངུལ་ཆས་ཡོ་བྱད་སྒྲིགས་པ་ད་ལྟའི་སྐབས་སུ་ངོ་མཚར་ཆེ་ཡང་། མ་འོངས་པ་ན་དེ་དག་བོད་རིགས་ཡིན་པ་བདག་པོ་རྒྱབ་མཁན་ཡང་འབྱུང་བའི་དུས་ཤིག་འཆར་ངེས།
    བོད་ཀྱི་རིག་གཞུང་འདིར་མ་ཟད་སའི་གོ་ལའི་སྟེང་དུ། སུ་དང་སུའི་རིག་གཞུང་སྲོལ་བཟང་དེ་སྐད་ལ་རག་ལས་པས་རང་གི་རིག་གཞུང་བརྟེན་པའི་སྐད་དེ་ལ་ཡར་རྒྱས་གཏོང་དགོས་ཀྱང་། བཀའ་བསྟན་གསུང་འབུམ་དཔེ་ཆ་རྣམས་མཆོད་ཁང་དུ་བསྒྲིགས་ཏེ། ཕྱག་མཆོད་འབུལ་བྱེད་པ་མ་གཏོགས། དེ་རྣམས་བཀླགས་ཏེ་སློབ་སྦྱོང་བྱེད་མཁན་དཀོན་པར་གཟིགས་་ཏེ། སྐྱབས་མགོན་ཕྱག་ན་པདྨོས་བཀའ་བསྟན་གསུང་འབུམ་དཔེ་ཆ་རྣམས་ཀློག་དགོས་པར་བཀའ་སློབ་སྩལ་པ་དེ་ལ་མཉན་ཏེ། བོད་ཕྱི་ནང་དུ་འཁོད་པའི་སྐྱེ་བོ་རྣམས་ཀྱིས་མ་མཐའ་ཡང་ལོ་རེར་བཀའ་བསྟན་གསུང་འབུམ་གྱི་པོ་ཏི་རེ་བཀླགས་ཏེ། དེ་དག་ན་ཡོད་པའི་བོད་སྐད་དེ་སྦྱང་ན། ང་བོད་རིགས་ཤིག་ཡིན་ཞེས་སྤོབས་པ་ཆེན་པོས་སྨྲ་ཆོག་གོ །
    གཞན་གྱི་མཆན་བུ་ན། བྲིས་ནོར་དག་འདི་དང་ནོར་འདུག་ཅེས་འབྲི་ན། རང་གཞན་ཀུན་ལ་ཕན། དེ་མིན་བྲིས་ནས་བསྟན་མ་ཐུབ་ཚེ། ཁ་ཙུམ་པ་དེ་སྡིག་པར་མི་འགྱུར་བ་ལགས་སོ།།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-16 at 5:26 am

    རྒྱབ་མཁན་ཡང་འབྱུང་བའི་དུས་ཤིག་འཆར་ངེས། ཞེས་པར་རྒྱབ་མཁན་ཡང་དཀའ་བར་འབྱུང་བའི་དུས་ཤིག་འཆར་ངེས། ཞེས་བཅོས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme