Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློང་མོ་བ།

Posted on 2013-01-122013-01-12 By ཁ་བརྡ་ 6 Comments on སློང་མོ་བ།

ཡར་ཆབ་སྔོན་མོ།

འཇིག་རྟེན་འདིའི་སྟེང་གི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་མི་ཚེའི་འཕྲང་ལམ་དོག་པོ་དེ་འགྲིམས་དགོས་པར་བརྟེན་རང་ཉིད་ལ་ལས་དོན་ཆུང་ཙག་རེ་ཐོན་ཡང་དེའི་ཆེད་དུ་འདྲེ་ཤོར་བ་ལྟར་རྒྱུགས་དགོས་པས་ན་དེ་རིང་ཁོ་བོ་ཡང་བྱ་བ་ཞིག་གི་དོན་དུ་ཞོགས་སྔ་པོ་ནས་ཁྲོམ་ལ་ཐོན་དགོས་བྱུང་། དེ་ཡང་གནམ་གཤིས་ནི་སྔར་དང་མི་འདྲ་བར་འགྱིང་ངེར་གནས་པའི་རི་རྒྱལ་ལྷུན་པོ་དེ་ལ་མཛེས་པའི་ཁ་བའི་འདབ་མས་བཀླུབས་པར་འདོད་ནས་ལྷ་ལམ་ཡངས་པོ་སྤྲིན་དཀར་སྟུག་པོས་བཀབ་འདུག་ལ་དེ་བཞིན་རི་བོའི་རྐེད་པའི་མཚམས་བར་སྤྲིན་པ་ལང་ལིང་གིས་བརྒྱན་འདུག འོན་ཀྱང་ས་ཁད་དམའ་སར་ལྷུང་བ་ནི་ཁ་བའི་འདབ་མ་མ་ཡིན་པར་སྦྲང་ཆར་སིམ་སིམ་ཞིག་སྟེ་བུད་མེད་འདང་ཅན་ཞིག་གི་སེམས་ཁོང་ནས་བཞུར་བའི་མིག་ཆུ་དང་ཅིས་མི་མཚུངས། དེ་ན་ཞོགས་པ་ཡར་ལངས་མ་ཐག་ཏུ་ཁ་ངོ་གཙང་མར་བཀྲུས་ཤིང་ཞོགས་ཟས་ལ་རོབ་ཙམ་རོལ་རྗེས་བྱ་བ་དེའི་ཆེད་དུ་མགྱོགས་མྱུར་འགྲོ་འདོད་ཆེ་ཡང་གནམ་གཤིས་མི་བཟང་བ་དེས་རེ་ཞིག་ལྷོད་དགོས་བྱུང་། ཅུང་ཙམ་སོང་རྗེས་ལྷགས་རླུང་གི་འུར་སྒྲ་དེས་སྤྲིན་ཆར་གྱི་འདབ་མ་ཐར་འཐོར་དུ་བཏང་སོང་བས་བདག་ལའང་བསམ་དོན་དེ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པར་བརྟེན་ཁར་ཐུག་མདུན་ཕྱོགས་སུ་གོམ་པའི་འདེགས་འཇོག་བསྒྲུར་ཞིང་སྣུམ་ནག་གི་ལམ་ཆེན་རྗེས་འདེད་ནས་བསྐྱོད་པ་ཡིན།
གྲོག་མ་ཚང་ནས་ཐོན་པ་ལྟར་གྱི་ཁྲོམ་རྭ་དེ་དགོས་འདོད་ཀུན་འབྱུང་ཞིག་མིན་ནའང་མི་ཚོགས་ཀྱིས་ཟང་ངེ་ཟིང་ངེར་གནས་འདུག་པས་རང་ཉིད་ཀྱང་ཁོང་ཚོ་དང་འདྲ་བར་བྲེལ་འཚུབ་ངང་འདོད་དོན་ཏེ་རང་ལེན་དངུལ་སྟེགས་(ATM)ལས་སྒོར་མོ་འགའ་ལེན་པར་བསྐྱོད་པ་ཡིན། དེར་སླེབ་དུས་རང་ལེན་དངུལ་སྟེགས་ཀྱི་ཁང་མིག་ནང་མི་གཞན་ཡོད་པས་རང་ཉིད་སྒོ་མདུན་དེར་ཏོག་ཙམ་བསྒུག་ནས་སྡོད་དགོས་བྱུང་། སྐབས་དེར་སློང་མོ་བ་ཞིག་གིས་བདག་ལ་ལག་གིས་གཞུ་ཙམ་དང་སྦྲགས་རེ་བའི་མིག་ཟུང་བདག་ཕྱོགས་སུ་ཅེར་ནས་དངུལ་ལོར་ཞིག་རགས་རྒྱུར་བསྒུག་འདུག་པས་ངས་ཁོ་མོར་ལྟ་ཙམ་བྱས་པ་ན་མོ་རང་ནི་སྐམ་ཅིང་རིད་ལ་གཟུགས་ཀྱང་ཧ་ཅང་གི་ཆུང་ངུ་ཞིག་རེད་འདུག ཕར་བལྟས་ཚོད་ཀྱིས་ལོ་ན་ཉི་ཤུར་ཡང་བསླེབས་ཨེ་ཡོད་སྙམ་པའི་དོགས་འཆར་ཞིག་དེ་མ་ཉིད་དུ་བྱུང་། མ་ཟད་ཁོ་མོའི་ལག་གཡོན་མའི་འོག་ཏུ་རས་སྒྲིལ་ཞིག་འདུག་པས་ངས་ཅི་ཞིག་ཡིན་ནམ་སྙམ་ནས་མིག་ཆེ་ཙམ་གྱིས་བལྟས་པ་ན་ཁོ་མོས་ངའི་བསམ་ཚུལ་དེ་ཤེས་པ་བཞིན་ལམ་སེང་༼འདི་ནི་ཁོ་མོའི་བུ་ཡིན། སྒོར་མོ་ལྔ་གནང་རོགས། བུ་ལ་ཇ་ཞིག་སྟེར་གྱི་ཡིན་༽ཞེས་བཤད་བྱུང་བས་ངས་དེའི་ལན་ལ་མིག་ལོག་ཅིག་དང་སྦྲགས་༼མིན། ང་ལ་སྒོར་མོ་མེད་༽ཅེས་ལབ་སྟེ་སྒོར་མོ་གཅིག་ཀྱང་སྤྲད་མེད། ཁྱེད་ཚོས་བྱས་ན་ང་སྒོར་མོ་ལྔ་ལ་སེར་སྣ་ཆེ་བའི་དབང་གིས་རེད་དམ།
སྤྱིར་ང་ནས་བརྩིས་པའི་དབུལ་ཕྱུག་སུ་ཞིག་ཡིན་ཡང་དངུལ་སྒོར་ལ་མི་དགའ་མཁན་མེད་ལ་དེ་དགོས་མཁོ་མེད་པ་ཡང་དེ་བས་ག་ལ་ཡིན། དེ་དུས་ངས་བསམ་པ་ནི་མོ་རང་ཡང་ང་ཚོ་དང་འདྲ་བར་དབང་པོ་ཚང་འདུག་ལ་དེ་བས་ལོ་ན་ཡང་ཆུང་ཆུང་རེད་འདུག་པས་རང་ཉིད་ཀྱིས་འཇོན་ཚོད་ཀྱི་ལས་ཀ་ཞིག་མ་ལས་པར་གཞན་བརྟེན་གྱི་འཚོ་བ་རོལ་བ་དེར་ཁོང་ཁྲོ་ཞིག་ཀྱང་ལངས་བྱུང་། ད་དུང་ཕྲུ་གུ་སྐྱེ་ཐུབ་ཙམ་མ་ཡིན་པར་ཕྲུ་གུ་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་སློབ་གསོ་ཡང་དག་ཅིག་བསྐྲུན་བརྩིས་མ་བྱས་པར་དེ་ལས་ལྡོག་སྟེ་ཡ་ང་བའི་ཕྲུ་གུ་དེ་གཞན་ལ་སྟོན་ནས་ཉིན་ལྟར་ཉིན་རེའི་བཟའ་བཏུང་འབའ་ཞིག་ལས་མ་བསམ་པ་དེར་དེ་བས་སྙིང་རླུང་སྟོད་ལ་འཚང་བྱུང་།
རང་ཉིད་ཀྱི་ལག་མ་འགུལ་བ་དང་ལས་མ་འགྱིད་པར་གཞན་ཕྱོགས་སུ་ལག་བསྲིངས་ནས་འཚོ་འདོད་པའི་སྐྱེ་བོ་དེ་དག་ལ་སློབ་གསོའི་ཁོར་ཡུག་ཅིག་རགས་མེད་པ་དེས་མི་རིགས་དེ་ད་དུང་ཡར་རྒྱས་ཀྱི་གོམ་ཁ་སྤོས་མེད་པ་དེ་མཚོན་ཐུབ། སློང་མོ་བ་ཞིག་བྱ་བར་མ་མཐར་ཡང་ཆ་རྐྱེན་འདི་གཉིས་དགོས་པ་སྟེ་ ༡ རྒས་ཤིང་འཁོགས་ནས་ལས་མ་ཐུབ་པ་དང་། ༢ དབང་པོ་མ་ཚང་བས་ལས་མ་ཐུབ་པ། དེ་བཞིན་དེ་དང་འདྲ་བ་འགའ་མ་གཏོགས་གཞན་སློང་དགོས་དོན་མེད་པས་ངས་ཀྱང་རང་ཉིད་ཀྱི་སྒོར་མོ་ལྔ་ལ་རིན་ཐང་སྤྲོད་དགོས་བྱུང་། ཆོས་ཕྱོགས་ནས་བཤད་ན་ངའི་བྱ་སྟངས་ཏེ་སྒོར་མོ་སྤྲོད་རྒྱུ་ཕར་ཞོག་ད་དུང་དེ་འདྲའི་ཁོང་ཁྲོ་བྱས་པར་སྡིག་ཉེས་ཡོད་སྲིད་ཀྱང་འཇིག་རྟེན་གྱི་འགྲོ་ལུགས་ལ་བལྟས་ན་དེ་ནི་ནོར་མེད་ལ་གཞན་ལ་འཚེ་བ་ཞིག་དེ་བས་མིན་སྙམ། དེ་རིང་གི་གནས་ཚུལ་དེས་ངའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བྱུང་ལ་མིག་མདུན་དུ་ཡང་ཡང་འཁོར་བ་དེ་ཡང་ཁོ་མོའི་ཕྲུ་གུ་མལ་འབྱར་ངའི་ལག་པ་གང་ཙམ་ལས་ཨེ་ཡོད་སྙམ་པ་དེ་དང་དེ་རིང་གི་གནམ་གཤིས་གྲང་མོ་དེ་ལ་ཕྲུ་གུ་དེ་རས་སྲབ་མོ་ཁ་ཤས་ཀྱིས་བསྒྲིལ་ནས་ཡོད་པ་དེ་རེད། ཕལ་ཆེར་ཕྲུ་གུ་དེར་ལྗིད་ཚད་ཚོད་བགམ་ཞིག་བྱས་ན་རྒྱ་མ་གཉིས་ཙམ་ལས་མི་འདུག དེ་ལ་བསམ་ན་ཕྲུ་གུ་དེར་སྙིང་རྗེ་དགོས་པ་ཞིག་འདུག དགོང་མོ་ནང་ལ་བསླེབས་ནས་ཀྱང་ས་གནས་དེ་དང་གནས་ཚུལ་དེ་དྲན་པའི་ངོས་སུ་གསལ་པོར་འཆར་ནས་འདུག་པས་སྒོར་རྡོག་ཁ་ཤས་མ་སྤྲད་པ་དེ་ལ་ཡང་ཏོག་ཙམ་འགྱོད་དགོས་བྱུང་། དེ་ནི་བསམ་ཤེས་མེད་པའི་ཕྲུ་གུ་དེ་ལ་ནོར་འཁྲུལ་མེད་པས་ཡིན།
༢༠༡༢།༡།༡༢ ཉིན།

སྣ་ཚོགས།

Post navigation

Previous Post: རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད།
Next Post: <<འབར་གྱིན་པའི་བོད>>་ཅེས་པའི་དཔེ་ཆ་འདོན་མ་ཐུབ།

Comments (6) on “སློང་མོ་བ།”

  1. གནམ says:
    2013-01-12 at 7:30 pm

    སློང་དཀའ། བཞིན་སླ།
    ཁྱོད་འདི་མིའི་ཁ་ལྟོ་ལ་སེམས་ཁྲུལ་མེད་མཁན་ཞིག་རེད། བྱིས་བ་དེ་འདྲ་ཞིག་ལག་ལ་བཟུང་ནས་སུ་ཚང་ལ་ལས་ཀ་ལས་སར་འགྲོ་ས་རེག་གི་རེད། བུ་ཕྲུག་ལ་བདག་པོ་སུས་བྱེད་པ་རེད།
    སེར་སྣ་བྱས་ན་བསོགས་པ་མེད། སྒོ་རྡོག་ལྔས་ཁྱོད་ཡར་ལ་འགྲོ་ནི་མེད། ཡིན་ན་ཡང་མ་བུ་གཉིས་ཀྱི་ཁ་ལྟོ་འགྲིག་པ་ཡོད་ན། ཁྱོས་ཚོགས་ངན་བསགས་བཞག། གྲོགས་པོ།

  2. རེབ་སྐྱིད་མཚོ says:
    2013-01-12 at 11:32 pm

    སྤྱིར་ཏང་ཁྱོད་ཀྱིས་བཤད་པ་དེ་ཤིན་ཏུ་ནས་བདེན་པ་རེད།འོན་ཀྱང་སྒོར་མོ་ལྔ་མ་སྤྲད་པ་དེ་ནི་
    ཡང་ཤིན་ཏུ་ནས་ལ་རྒྱ་དང་སྙིང་རྗེ་ཞན་སྟབས་ཡིན་པ་ལས་གཞན་དང་འབྲེལ་བ་མེད།
    གཞོན་ནུ་ན་ཆུང་ཞིག་མ་དེ་དག་སྐྱབས་མེད་མགོན་མེད་ལ་ལུས་ན་མི་ཡུལ་འདིར་ཐབས་
    ཤེས་མ་མཐོང་མཁན་ཡང་ཡོད་སྲིད་པ་རེད།ཡིན་ཡང་ད་ལྟའི་སྤྱི་ཚོགས་འདིར་ལོ་ན་གཞོན་པ་
    ཞིག་ལས་ཀ་བཟང་གང་ཡང་མི་རིག་ལབ་ན་ཆེས་མི་ཆེས་ལྟ་བུ་ཡིན་དུས།བཟང་ངན་ལ་མ་
    འཛེམ་པར་ལས་ཀ་ཞིག་བྱ་དགོས།

  3. སྤོབས་པ་མཐའ་ཡས། says:
    2013-01-13 at 3:02 am

    སྤྲང་པོ་ལ་ཅི་ཡང་སྤྲོད་མི་རུང་། སྤྲང་པོ་མང་པོ་ཡོད་པ་འདི་སྦྱིན་པ་གཏོང་མཁན་ཚོས་བཟོས་པ་རེད། སྦྱིན་པ་གཏོང་བ་ནི་སྤྲང་པོའི་འབྱུང་ཁུངས་ངོ་མ་དེ་ཡིན། སྒོར་མོ་ལྔ་ཕར་ཞོག་སྒོར་མོ་གཅིག་ཀྱང་སྤྲང་པོའི་ལག་ཏུ་མི་འཇོག་པའི་དམ་བཅའ་བྱས་ཟིན། སྤྲང་པོ་མང་པོ་ཞིག་སྦྱིན་པ་གཏོང་མཁན་ཚོ་ལས་ཕྱུག་པ་ཡིན། སྒོར་མོ་ཡོད་ན་བསོག་འཇོག་གྱིས། རང་གི་འཚོ་བ་དང་། དེ་ལས་ལྷག་ཅིག་ཡོད་ན་ཁྱིམ་ཚང་གི་མདུན་ལམ། དེ་ལས་མང་ཙམ་ཡོད་ན་རྒྱལ་ཁབ་གྱི་ཡར་རྒྱས་ཆེད་དུ་དཔྱ་ཁྲལ་ཡག་པོ་འཇལ་དགོས།

  4. ཡར་ཆབ་སྔོན་མོ། says:
    2013-01-13 at 3:48 am

    དྲ་གྲོགས་རྣམས་ཕེབས་པར་ཐུགས་རྗེ་ཆེ། རེད། སྒོར་རྡོག་ལྔ་ཡིས་སྤྲོད་པ་པོ་དེ་ལ་ཁྱད་པར་ཆེན་པོ་བཟོ་གི་མ་རེད་ཀྱང་སྤྲོད་ཡུལ་དེ་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་རེད། གལ་སྲིད་ང་ཚོས་དབང་པོ་ཚང་བའི་སྤྲང་པོ་དེ་དག་ལ་དངུལ་སྐར་གང་ཡང་མ་སྤྲད་ན་ཁོ་ཚོས་ལག་འགུལ་ཐུབ་ཀྱི་རེད། ནམ་རྒྱུན་ང་ཚོས་སྙིང་རྗེའི་ཚུལ་གྱིས་ཏོག་ཙམ་ཏོག་ཙམ་སྤྲད་པའི་རྐྱེན་གྱིས་གཅིག་ནས་སྐྱག་ལང་དང་གཉིས་ནས་ཁོ་ཚོའི་འཇོན་ཐང་སྟོན་ས་མེད་པ་བཟོས་པ་རེད། དེ་བཞིན་ང་ཚོའི་སྒོར་ཙག་རེ་རེ་ཡིས་ཁོ་ཚོའི་མི་ཚེ་གཅིག་གི་བཀག་རྡོ་ཆགས་ཡོད་རེད་ལ་སྙིང་རྗེ་གོ་ལོག་ཀྱང་ཡིན་སྲིད་པས་སོ།

  5. དགའ་བའི་བུ་མོ། says:
    2013-01-13 at 10:26 am

    དྲ་གྲོགས་ཚང་མས་གསུངས་དང་། ད་བྱས་ན་སྤྲང་པོ་དག་ལ་སྦྱིན་པ་གཏོང་རྒྱུར་ཡང་ཐེ་ཚོམ་བྱ་དགོས་པ་འདྲ།

  6. སྙེ་ལྷའི་ཐུགས་སྲས། says:
    2013-01-13 at 11:04 am

    སྤྲོད་ཤེས་སྦྱིན་པའི་ཕན་བདེ་དེ། །སྤྲོད་མི་ཤེས་པའི་སྡིག་ཉེས་རེད། །སྒོར་མོ་ཡོད་ན་ང་ལ་སྦྱིན། །ང་ནི་ས་མཐོ་རི་གཙང་གི །བོད་པ་ཚང་གི་སྤྲང་རྒན་ཡིན། །སྤྲང་པོའི་ཆ་རྐྱེན་ཀུན་ཚང་ཡིན། །ཤེས་རིག་མིག་གཉིས་ལོང་བ་ཡིན། །རང་ཡུལ་གཞན་ལ་ཤོར་མི་ཡིན། །གཞན་ཡུལ་སྐྱབས་སུ་བརྟེན་མི་ཡིན། །ཆོག་ཤེས་ཡན་ལག་ཀུན་ཚང་མིན། །ཀུན་ཐོབ་རེ་བའི་སེམས་ནད་ཡོད། །སྦྱིན་བདག་ཤོར་གདོགས་སྙིང་ནད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme