Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞབས་བརྟན་གསོལ་འདེབས་རིན་ཆེན་སྒྲོན་མེ།

Posted on 2013-01-10 By ཁ་བརྡ་ 12 Comments on ཞབས་བརྟན་གསོལ་འདེབས་རིན་ཆེན་སྒྲོན་མེ།
༄༅། །ས་སྐྱ་༧གོང་མ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་
དཔལ་བཟང་པོ་མཆོག་ལ་ཞབས་བརྟན་གསོལ་འདེབས་
རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨེ་མ་ཧོ།
ཀ་དག་རྒྱལ་བའི་དགོངས་པ་དེ་ཉིད་གཟིགས། །
ཁ་སྦྱོར་ཡན་ལག་བདུན་ལ་དབང་འབྱོར་བའི། །
ག་བུར་སྨན་མཆོག་ཇི་བཞིན་དགེ་བའི་བཤེས། །
ང་རྒྱལ་རྣམ་དག་ས་སྐྱ་༧གོང་མ་རྒྱལ། །
ཅ་དག་གོས་དཀར་བསྟན་པའི་རྒྱལ་མཚན་འཛིན། །
ཆ་ཤས་ཡོན་ཏན་ཕུན་ཚོགས་བདག་ཉིད་ཆེ། །
ཇ་ཆང་འདོད་ཡོན་འཇིགས་བྲལ་རྒྱན་ཏུ་ཤར། །
ཉ་གང་ཕྱོགས་ལས་རྣམ་རྒྱལ་རྒྱལ་གྱུར་ཅིག །
ཏ་ཐྰ་ག་ཏའི་བསྟན་པ་རིན་ཆེན་ལ། །
ཐ་ཤལ་ཆོས་བརྒྱད་འཆིང་བས་མ་གོས་པའི། །
ད་ལྟའི་དུས་འདིར་སྔགས་འཆང་མཚན་ཉིད་པར། །
ན་མོ་རྨི་ལམ་དད་གུས་རྒྱན་ཏུ་རོལ། །
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པ་མཛད། །
ཕ་མའི་ཀྱེ་རྡོར་ཟུང་འཛུག་མངོན་གྱུར་པའི། །
བཛྲ་ཐེག་པའི་བརྒྱུད་འཛིན་རིན་པོ་ཆེ། །
མ་ལུས་འགྲོ་བའི་མགོན་དུ་རིང་འཚོ་ཤོག །
ཙ་རི་ཊྰ་སོགས་སྦས་ཡུལ་མཁའ་འགྲོ་གཙོ། །
ཚ་གྲང་འཁོར་བའི་སྡུག་བསྔལ་བསལ་བའི་གཉེན། །
ཛ་ཡའི་བསྟན་པའི་སྙིང་ནོར་འཛིན་པར། །
ཝ་ལེར་སྙིང་གི་རྒྱན་ཏུ་བཞུགས་སུ་གསོལ། །
ཞྭ་མདོག་ཁྱད་མེད་དད་པ་དག་སྣང་མཛད། །
ཟ་མ་མོ་ལ་བདག་མོའི་ཐོབ་ཐང་སྤྲད། །
འ་ཅག་བསྟན་སྲིད་འཛིན་པའི་དཔའ་བོ་ཆེ། །
ཡ་རབས་རྒྱུད་འཛིན་གོང་མ་རིན་ཆེན་རྒྱལ། །
ར་བ་གངས་རིས་བསྐོར་བའི་ཕ་ཁྱིམ་དུ། །
ལ་རྒྱའི་ཆོས་རིགས་སྤེལ་བའི་འདྲེན་པ་མཆོག །
ཤ་ཁྲག་རུས་པའི་གདུང་སྲས་སྐུ་འཁོར་བཅས། །
ས་སྟེང་སྐྱེ་རྒུའི་མགོན་དུ་རྟག་འཚོ་ཤོག །
ཧ་ཅང་གསལ་བའི་རྨི་ལམ་སྣང་བ་དང་། །
ཨ་ལགས་ཆོས་མཆེད་འགའ་ཡིས་སྐུལ་བའི་ངོར། །
ཧ་ཤང་བླ་མའི་རྟུལ་ཞུགས་དགྱེས་རྡོར་གྱིས། །
ཨ་ཧོ་བདེན་ཚིག་སྨོན་ལམ་དེ་ལྟར་ཐལ། །
ཨི་ལྡན་དབྱངས་གསལ་མཛེས་པའི་ཞབས་བརྟན་དང་། །
ཨུ་རྒྱན་རིག་འཛིན་བརྒྱུད་པའི་བདེན་སྨོན་གྱིས། །
ཨེ་མ་ས་སྐྱ་ཕུན་ཚོགས་ཕོ་བྲང་ཉིད། །
ཨོ་ཌྰི་ཡ་ནའི་གསང་གསུམ་མངོན་གྱུར་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་རྒྱལ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་ཐོ་རངས་ལ་རྨི་ལམ་བཟང་པོ་དུ་མ་ཞིག་རྨིས་པ་དང་། སེམས་དཔའ་ཆེན་པོ་ཀླུ་སྨྱོན་ཧེ་རུ་ཀ་དང་རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་གྱི་ཀ་རྩོམ་གྱི་ཞབས་བརྟན་མཇལ་བའི་རྐྱེན་ལས་སྣང་སྲིད་གླུ་དབྱངས་སུ་ལེན་པར་མཁས་པའི་མཁན་ཆེན་བླ་མ་འམ་རྨི་ལམ་དབང་ཕྱུག་གིས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པ་དགེའོ། །
རྩོམ་རིག

Post navigation

Previous Post: མི་དགའ་གི
Next Post: དཔའ་བོ་ཕྱིར་ལ་སླེབས་འདུག སོག་མདའ།

Comments (12) on “ཞབས་བརྟན་གསོལ་འདེབས་རིན་ཆེན་སྒྲོན་མེ།”

  1. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-11 at 2:13 am

    ཕུན་ཚོགས་ཕོ་བྲང་གི་ཕྱི་རྒྱལ་ཁག་ལ་བོད་བརྒྱུད་ནང་བསྟན་སྤེལ་བའི་བྱས་རྗེས་རླབས་ཆེན་གང་ཡང་མེད། བཙན་བྱོལ་དུ་དགོན་པ་ཆགས་བཏབ་ནས་དགེ་འདུན་གྱི་བསླབ་པ་སློབ་གཉེར་སྤེལ་བའི་རྣམ་ཐར་ཡང་མེད། དེ་མིན་བོད་མིའི་ཆབ་སྲིད་ཀྱི་བསྐོར་ལ་ཕྱག་ལས་གནང་བ་གང་ཡང་མེད། རྒྱུ་མཚན་དེ་འདྲར་བརྟེན་བཏང་སྙོམས་ཡིན་ནོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-01-11 at 2:36 am

    ཨ་ལགས་ཆོས་མཆེད་འགའ་ཡིས་སྐུལ་བའི་ངོར། །
    ཧ་ཤང་བླ་མའི་རྟུལ་ཞུགས་དགྱེས་རྡོར་གྱིས། །
    ཨ་ཧོ་བདེན་ཚིག་སྨོན་ལམ་དེ་ལྟར་ཐལ། །
    ཨི་ལྡན་དབྱངས་གསལ་མཛེས་པའི་ཞབས་བརྟན་དང་། །
    ཨུ་རྒྱན་རིག་འཛིན་བརྒྱུད་པའི་བདེན་སྨོན་གྱིས། །
    ཨེ་མ་ས་སྐྱ་ཕུན་ཚོགས་ཕོ་བྲང་ཉིད། །
    ཨོ་ཌྰི་ཡ་ནའི་གསང་གསུམ་མངོན་གྱུར་ཤོག །
    ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་རྒྱལ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་ཐོ་རངས་ལ་རྨི་ལམ་བཟང་པོ་དུ་མ་ཞིག་རྨིས་པ་དང་། སེམས་དཔའ་ཆེན་པོ་ཀླུ་སྨྱོན་ཧེ་རུ་ཀ་དང་རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་གྱི་ཀ་རྩོམ་གྱི་ཞབས་བརྟན་མཇལ་བའི་རྐྱེན་ལས་སྣང་སྲིད་གླུ་དབྱངས་སུ་ལེན་པར་མཁས་པའི་མཁན་ཆེན་བླ་མ་འམ་རྨི་ལམ་དབང་ཕྱུག་གིས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པ་དགེའོ། ། ཟེར།

  3. ཨ་ཕྱི་ཆོས་སྒྲོན says:
    2013-01-11 at 4:10 pm

    ས་སྐྱ་ཕུན་ཚོགས་ཕོ་བྲང་དེ་ཚེ་རིང་ལོ་བརྒྱ་ཐུབ་པར་ཤོག

  4. རྒད་པོ། says:
    2013-01-11 at 8:13 pm

    ད་ཞབས་བརྟན་འབུལ་ཡུལ་མང་བ། འབུལ་མཁན་ཉུང་བའི་དབང་དུ་སོང་ནས། ངས་འདིར་བསྟན་པའི་རྩ་ལག་རྣམས་ལ་ཞབས་བརྟན་རྣལ་མ་ཞིབ་འབུལ་གྱི་ཡིན། ཁྱེད་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག་ཨ།

    བོད་ཡིག་ཡག་པོ་ཤེས་ཀྱི་ཡོད་མ་རེད་ད། དག་ཆ་དཔེ་སྐྱོ་པོ་ཡིན་དུས། ནོར་འཁྲུལ་ཡོང་གི་རེད་ད། དམ་ཚིགས་སྲུང་ཤོག་ཨ། ངའི་རྗེས་ལ་ཁྱེད་ཚོས་ཀྱང་མུ་མཐུད་ཞབས་བརྟན་འབུལ་ཤོག་ཨ།

    ཨོ་ཨ་ཧུ། སྦིང་སྦིང་རིང་པོ་ཆེ་ལ་ཕྱག་འཚལ་ལོ།

    དབྱིན་མོའི་བདག་པོ་སྨྱོན་གཟུགས་དགྱེས་རྡོར་དང་། གསང་ངག་མདོ་མཇེ་འཛིན་པ་ཀླུ་སྨྱོན་ཞབས།

    རྫབ་ཆེན་འགྲོ་བའི་མགོན་པོ་དབང་ཆེན་མཇེ། འགྲོ་བའི་སྟོན་པ་གསུམ་ལ་ཞབས་བརྟན་འབུལ།

    ཨ་ནི་སྨྱོན་པའི་རྣམ་སྤྲུལ་ཨ་ཕྱི་ཆོས། ཁ་སྤྱོད་རྣ་སྤྱོད་ངར་མ་ནག་ཐར་སྐྱིད།
    ཞར་དང་ཞོར་ལ་སྨྱོ་བ་ཁ་བ་འཚོ། མཁའ་སྤྱོད་རྣ་སྤྱོད་གསུམ་ལ་ཞབས་བརྟན་འབུལ།

    བན་ལ་སྡང་བ་བན་དེ་བོན་རྒན་དང་། བོན་པོའི་མག་པ་Bonpoཅན།
    རིས་མེད་རྣ་མེད་རང་རིགས་སྡང་བའི་ཞབས། ཁ་བརྡའི་མཆན་པོ་རྣམས་ལ་ཞབས་བརྟན་འབུལ།

    དབུ་མའི་ཐུག་པ་དཀྲུག་མཁན་ཤར་ཁུག་དང་། རང་བཙན་གཞན་སྟོང་སྨྲ་བ་ཀླུ་ཁར་འབྱམས།
    སེམས་ཙམ་ལྟ་བའི་བདག་པོ་བསྟན་རྩོན་འགྲུས། ལྟ་བའི་མེས་པོ་གསུམ་ལ་ཞབས་བརྟན་འབུལ།

    ཁམས་གསུམ་འཕྲིན་ལས་རྒྱལ་པོ་སྐལ་ལྡན་མཇེ། འཛམ་གླིང་མཇེ་ཡི་བདག་མོ་ལི་ལི་སྦིང་།
    ཕ་རོལ་གསང་བ་འདོན་མཁས་དབྱངས་ནོར་མཇེ། གསང་བའི་བདག་པོ་གསུམ་ལ་ཞབས་བརྟན་འབུལ། 

    ད་དུང་གཞན་སུ་ལྷག་འདུག  ཧ་ཧ་

  5. ནོར་བུ་ says:
    2013-01-11 at 8:28 pm

    ས་སྐྱ་ཕུན་ཚོགས་ཕོ་བྲང་ཞེས་དེ་དིང་སྐབས་བོད་པའི་སྤྱི་
    ཚོགས་ཐོག་ཕན་ཐོག་གང་ཡང་མེད་པའི་ཐོག་ཕྱེ་རྒྱལ་བར་མགོ
    སྐོར་གཏོང་མཁན་ཞིག་ཡིན་པ་བོད་པ་མང་ཆེ་བས་ཤེས་ཀྱི་ཡོད་

  6. བན་དེ་བ། says:
    2013-01-11 at 9:26 pm

    ཡིན་ལུགས་དོན་ལ་རྨོངས་པའི་མ་རིག་རྒད་པོ་དང།
    སྣང་ལུགས་དགྲ་རུ་མཐོང་བའི་ཞེ་སྡང་ཨ་ཕྱི་ཆོས།
    ཤར་ལུགས་ཆགས་ཞེན་འདོད་ཆགས་ཨོ་ཉི་སྤྲུལ།
    གང་ལ་རྨོངས་པའི་གཡུ་འབྲུག་གཏི་མུག་བཅས།
    བ་མོའི་ཁར་གྱེས་བྱ་ཕག་སྦྲུལ་གསུམ་ཡིན།

  7. རྒད་པོ། says:
    2013-01-11 at 9:55 pm

    ཐ་སྙད་ཚད་མའི་བདག་པོ་གཟམ་གདོང་ཞབས། གསུང་དང་ལག་ལེན་མ་མཐུན་བློ་སེང་རྗེ།
    རྒྱལ་བའི་དགོངས་པ་དཀྲུག་མཁས་སྤྱི་འཐུས་ཚོ། སྲིད་པའི་བློན་པོ་གསུམ་ལ་ཞབས་བརྟན་གསོལ།

    འཛམ་གླིང་བུ་ལོན་བདག་པོ་ཨ་རིའི་གཞུང་། སྤྱི་རྫས་སྒེར་ལ་དབང་བ་རྒྱ་ནག་གཞུང་།
    མྱོས་ཆང་རྗས་ཀྱིས་འཐོམས་པ་རྒྱ་གར་གཞུང་། གཞུང་ཆེན་སྲོལ་མཛད་གསུམ་ལ་ཞབས་བརྟན་གསོལ།

    གདམ་ངག་སྡོམ་པ་སྤོངས་མཁན་སྤྲུལ་སྐུའི་ཚོགས། དད་པ་མོས་པ་དཀོན་པ་གྲྭ་མང་ཚོ།
    ཡོན་ཏན་མཐའ་དག་བསུན་བྱིན་དགེ་བཤེས་ཀུན། བསྟན་པའི་སྙིང་པོ་གསུམ་ལ་ཞབས་བརྟན་གསོལ།

  8. རྒད་པོ། says:
    2013-01-11 at 10:09 pm

    འགྲོ་བའི་མིག་གཅིག་༧ཡིད་བཞིན་ནོར་བུ་མཆོག
    བསྟན་པའི་ཀ་བ་ཨུ་རྒྱན་འཕྲིན་ལས་ཞབས།
    གོས་དཀར་བསྟན་པའི་བདག་པོ་ས་སྐྱའི་ཞབས།
    བསྟན་པའི་དཔལ་འགྱུར་གསུམ་ལ་ཞབས་བརྟན་གསོལ།

  9. ཨ་ཕྱི་ཆོས་སྒྲོན says:
    2013-01-12 at 12:31 am

    འགྲོ་བའི་མགོན་པོ་རྒྱལ་བ་འབྲི་གུང་པ། །
    བསྟན་པའི་བདག་པོ་འགྲོ་མགོན་བཀའ་བརྒྱུད་པའི། །
    རྒྱུད་པ་ཡང་དག་འཛིན་པའི་སྐྱབས་མགོན་རྣམས་། །
    སྐུ་ཚེ་བརྟན་ཅིང་འགྲོ་དོན་མཐར་ཕྱིན་ཤོག །
    དམུས་ལོང་གཡང་སར་རྒྱུ་བའི་ཀ་ལོག་པ། །
    ནག་ཚོང་སྡིག་པའི་ཁ་ལོ་བསྒྱུར་མཁས་པའི། །
    ཆོས་ཀྱིས་འཇིག་རྟེན་སྒྲུབ་པའི་རྐུན་ཇག་རིགས། །
    འཇིག་རྟེན་ཁམས་སུ་སྣང་བར་མ་གྱུར་ཅིག །

  10. ཀརྡོ་གཉེར་ཕྱག་པ་ says:
    2013-01-12 at 12:42 am

    བསྟན་འཛིན་སྐྱེས་བུ་ཐམས་ཅད་༸སྐུ་ཁམས་བཟང་། །

  11. ཀརྡོ་གཉེར་ཕྱག་པ་ says:
    2013-01-12 at 12:44 am

    ༇། །ཕུན་ཚོགས་ཕོ་བྲང་༸སྐུ་ཚེ་ཡུན་བརྟན་ཤོག །

  12. པདྨ says:
    2013-01-12 at 2:26 am

    རྒད་པོ་ལེགས་སོ། ཡིན་ན་ཡང་བོད་སྲིད་སྐྱོང་ལ་ཅོ་འདྲི་བ་ཐ་ཆད་རེད། ལམ་སང་གྲུབ་འབྲས་ཐོན་ཁེག་པོ་རེད། ༧གོང་ས་མཆོག་གིས་ཀྱང་རིང་ནས་ཐུགས་སུ་དགོངས་པའི་དོན་འབྲས་ནི་ད་རིས་མི་དམངས་ཀྱི་འོས་འདེམས་པའི་སྲིད་སྐྱོང་འདི་ཡིན་པར་གསུང་གི་མི་འདུག་གམ། འགྲོ་བའི་མིག་གཅིག་གི་གསུང་ལ་རྒྱབ་འགལ་སྨྲས་ནས་ཞབས་བརྟན་བྲིས་ཀྱང་སྙིང་པོ་འདུག་གམ། གང་ལྟར་དད་གུས་ཟེར་བ་གཞན་གྱིས་བཙན་ཤེད་དུ་སོང་ན་ཐ་ཆད་པས་རང་གིས་ཚོར་འདུ་ཞིག་བྲིས་ན་འདི་ལྟར་རོ། །
    ཨོཾ་ཨྰཿཧྰུྃ།
    དགེ་སློང་ཡང་དག་སྤྲུལ་སྐུ་དབང་ཆེན་དང་། །
    བྱང་ཆུབ་སེམས་དཔའ་ཀླུ་སྨྱོན་ཧེ་རུ་ཀ །
    རྡོ་རྗེ་འཆང་ཆེན་རིག་འཛིན་དཔལ་དགྱེས་པ། །
    ཐེག་གསུམ་བསྟན་པའི་སྒྲོན་མེ་ཞབས་བརྟན་ཤོག །
    པདྨས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme