Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྱེས་བྲལ་ཐེངས་གཉིས་པ།

Posted on 2013-01-102013-01-10 By ཁ་བརྡ་ 3 Comments on གྱེས་བྲལ་ཐེངས་གཉིས་པ།

འཁྱམས་པོ།

མི་ལོ་བཅུ་གསུམ་གྱི་རྗེས་ནས།
ངས་རང་ཉིད་ཆེས་དགའ་བའི་སྔོ་ལྗང་གི་རྩ་ཐང་དང་།
ཕྲ་ཚོམ་མེ་ཏོག་གི་གསེབ་ན་བག་ཡངས་སུ་རྒྱུ་བའི་རྟ་ནོར་ལུག་གསུམ།
མངར་ཞིང་ཞིམ་པ་ཨ་མའི་བྱམས་བརྩེས་བཏགས་པའི་སྤྲང་དཀར་རྩམ་པ།
དཀར་ཞིང་གཙང་བ་ཁུ་ནུས་སེམས་ཀྱིས་དྲངས་པའི་འོ་ཇ་མངར་མོ།
ཡོད་ཚད་རྒྱབ་དུ་བཞག་ནས་རྨི་ལམ་ལྟ་བུའི་ལོ་ཟླ་དུ་མའི་དྲན་ཤིང་ལ།
མིག་ཆུ་རུམ་གང་གི་རྫོངས་པ་ཁུར་དེ།
གྱེས་ཕྱག་ཐེངས་གཉིས་པ་ཞིག་འགོ་ནས་བཟུང་དུས།
ཁ་ཆེམས་ཐ་ཐོར་ཞིག་གིས་ནུ་བོ་ལ་བཅོལ་དམ་བྱས་པའི་རེ་བ་འགའ་་་་་།

ཕ་མ་གཉིས་ནི་ངས་བཀལ་བའི་གྱེས་བྲལ་གྱི་གདུངས་པ།
ཉེས་ཆད་ལྗིད་པོ་འཁུར་མཁན།
ཉེས་མེད་ཉམས་ཆུང་དེ།
ང་ནི་ཁོང་ཚོ་ལ་མནར་གཅོད་དྲག་པོ་གཏོང་མཁན།
གཤེད་མ་སེམས་མེད་ཞིག་་་་་།
ནམ་ཡང་བཀྲུས་མ་མྱོང་པའི་ཨ་མའི་ངོ་གདོང་གི་གཉེར་སྲུབ་དེ།
དེ་རིང་མིག་ཆུས་ཐེངས་ཤིག་བཀྲུས་པ་དེའང་།
ང་སླེབས་པའི་དགའ་བསུ་འམ་ཡང་ན་ང་གྱེས་པའི་རིམ་བྲོ་ཡིན།

མིག་ཆུ་དང་མིག་ཆུའི་ཀློང་ན་་་།
མ་བུ་གསོན་བྲལ་གྱི་ངང་ཚུལ་ལ་བསམ་ན།
འཇིག་རྟེན་དབང་ཕྱུག་ལ་མིག་གསུམ་ཡོད་པའང་བདེན་ནམ་སྙམ།
ཁུ་ནུ་ཚོའི་བརྩེ་མདངས་ལ་བརྒྱུས་པའི་སྙིང་གཏམ་དམར་པོ།
བློས་མི་ཐོང་པའི་ཨ་མའི་མར་ལོ་བཞིན་ཤུལ་ཏུ་བཞགས།

ང་འདི་ལྟར་གྱེས་འགྲོ།
མིག་ཆུས་ལམ་ཁ་བཀྲི་བཞིན།
རང་ཉིད་ཀྱི་སྙིང་རྩ་དམར་ཟ་བྱེད་བཞིན།
ཐག་རིང་ཐག་རིང་གི་ས་དེར།
ཉི་མས་གླིང་བཞི་བསྐོར་ན་ཞག་གཅིག་གི་ཡུལ་དེར།
ང་ཆས་འགྲོ་་་་།

སྙན་ངག

Post navigation

Previous Post: བཟོད་པ་སྒོམ་རོགས།
Next Post: རྩོམ་པ་པོ་འཇིགས་མེད་ལགས་འཇུ་བཟུང་བྱས་འདུག

Comments (3) on “གྱེས་བྲལ་ཐེངས་གཉིས་པ།”

  1. གསལ་འབར says:
    2013-01-10 at 5:22 am

    ངའི་ཡོོད་ཚད་ལས་དབང་ལ་བཀལ་ཏེ་ཆས་འགྲོ།
    འོན་ཀྱང་ཁྱེད་རྣམས་ཀྱིས་ང་ལ་ཁང་ར་དང་གདུང་ཡུས་བྱེད་པ་ནི།
    ངོ་མ་ཁག་ཡོད་ཁག་མེད་ཅིག་ལོས་ཡིན།
    ཤིང་འཛམ་བུ་ཏྲིག་ཤའི་ཚལ་དུ་ཟས་སྐོམ་བཙལ་བཞིན་པའི།
    བྱིའུ་ཆུང་འགྱུར་མོ་དག་བདེ་ལྷོད་བག་ཡངས་མེད་པར།
    གུ་དོག་པའི་ཚོར་འདུ་སྐྱྱུར་མོ་ཞིག་གིས་ཡས་མར་དེེད་དེ།
    བདེ་ལམ་སྙེགས་མི་འདོད་པ་ནི།
    སུས་ཀྱང་འགོག་མི་ནུས་ཞིག་ལོས་ཡིན།།

  2. ལྷག་རྒྱལ་ says:
    2013-01-10 at 5:43 pm

    ཁྱོད་གྱི་ལྷག་བསམ་དེ་དུང་ལས་དཀར་་་་་་ཡིན་ཀྱང་རྒྱ་གར་གནས་བཞུགས་བོད་མིང་ཚོ་ནི་ཕན་ཚུན་དགྲ་ལྟར་གནས་ཡོད་་་་་དུས་དང་རྣམ་པ་ཀུན་དུ་ཡིད་སྐྱོ་ཀྱང་་་་ཐབས་ཤེས་སུ་ལ་འང་མི་འདུག་་་་་་་་་ཨ་ཁ་ཁ་ཁ

  3. འཁྱམས་པོ says:
    2013-01-11 at 3:58 am

    གྲོགས་དག་ཕེབས་ནས་བསམ་ཚུལ་རེ་བརྗོད་དགའ་ཡོད་་་་་་་་་བླངས་དོར་གྱི་ལེགས་ཉེས་རེ་འབྱེད་པ་ནི་དྲ་གྲོགས་ཚོས་དཔྱད་བརྗོད་ལ་རག་ལས་པས་་་་་་་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme