Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱིམ་ཚང་དབུལ་བོ་དང་སྤྲང་པོར་ཉལ་ཆས་སྦྱིན་གཏོང་བྱས་པ།

Posted on 2013-01-08 By ཤར་ཕྱོགས་ཁུག་རྟ། 54 Comments on ཁྱིམ་ཚང་དབུལ་བོ་དང་སྤྲང་པོར་ཉལ་ཆས་སྦྱིན་གཏོང་བྱས་པ།








པར་གཏོང་མཁན། པད་ཆོས།

གསར་འགྱུར།

Post navigation

Previous Post: སྟོང་སེམས་ཀྱི་ན་ཟུག་ཕྲ་མོ། བསྟན་འཛིན་ཉིན་བྱེད་།
Next Post: སྨྲེ་སྔགས།

Comments (54) on “ཁྱིམ་ཚང་དབུལ་བོ་དང་སྤྲང་པོར་ཉལ་ཆས་སྦྱིན་གཏོང་བྱས་པ།”

  1. ཨ་ཕྱི་ཆོས་སྒྲོན says:
    2013-01-08 at 10:11 am

    དངོས་ནས་ཡི་རང་ཡོད། གང་ཡིན་ཞེ་ན་ནག་གསོག་རི་བོ་ཙམ་བྱས་པ་བས། སྦྱིན་གཏོང་རྡུལ་ཕྲན་ཙམ་བྱས་པ་དགའ་ཟེར་རྒྱུ་བོ་རེད། ཉམས་མྱོང་ཐོབ་པར་དགའ་ཡོད།

  2. བན་དེ་བ། says:
    2013-01-08 at 10:24 am

    རྒྱལ་དབང་ཀརྨ་པ་མཆོག་གིས་མཛད་པར་རྗེས་སུ་ཡི་རངས་དང་མངོན་པར་བསྟོད། མཁའ་མཉམ་སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་གྱུར་ཅིག། སྡུག་བསྔལ་དང་བྲལ་བར་གྱུར་ཅིག ཅེས་རང་ཤག་གྲུ་བཞི་དང་གསེར་གྱི་ལྷ་ཁང་ནང་དུ་བརྒྱ་འདོན་ཁྲི་འདོན་བྱས་པ་ལས་ལག་ལེན་དངོས་སུ་བྱེད་པ་ནི་གནམ་སའི་ཁྱད་པར་ཡོད། ཀརྨ་པ་མཁྱེན་ནོ། ཁྱེད་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག

  3. གནམ says:
    2013-01-08 at 10:29 am

    རྒྱུ་ཡོད་དུས་སྦྱིན་གཏོང་མང་ཞིག་གནོངས།།
    ཆོས་ཤེས་དུས་ཆོས་འཁོར་མང་ཞིག་སྐོར།།
    དེ་མིན་དུས་དགོན་པར་སྒོམ་སྒྲིབ་བྱོས།།
    སྲིད་དོན་ལ་དབུ་ཉེ་མ་གནང་རོགས།།

  4. རྒད་པོ། says:
    2013-01-08 at 12:45 pm

    གནམ་ལགས་རྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས་ལ་དེ་ཙམ་དགའ་པོ་མེད་ཚོད་རེད།

  5. སྐལ་བཟང་ says:
    2013-01-08 at 12:49 pm

    སྦྱིན་པ་གཏང་བ་ལ་དགའ་པོ་ཡོད་་ཆོས་ཕྱོགས་ཀྱིས་མཛད་འཕྲིན་གང་བྱེད་ན་ཡག་པོ་རེད་ཀརྨ་པ་དངོས་གནས་ཡིན་ཡང་བརྫུན་མ་ཆོས་པ་ཡང་དག་དེ་ནི་ཀརྨ་པའི་མཛད་པ་རེད་

  6. གཅན་ཡེ་རྒྱམ་ says:
    2013-01-08 at 1:22 pm

    ༧རྒྱལ་བ་གརྨ་པ་མཆོག་གི་སྐུ་ཚེ་རིང་ཞིང་བསམ་དོན་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། །

  7. འཁྱམས་པོ says:
    2013-01-08 at 1:54 pm

    སྤྲང་བོ་མ་རེད་རྡོ་གདན་གི་ཇག་པ་རེད།

  8. འཁྱམས་པོ says:
    2013-01-08 at 2:03 pm

    སྤྲང་པོ་མ་རེད་ཇག་ཚོགས་རེད། སྒོར་མོ་གཏོར་ས་ནོར་སོང་ནི་རེད།

  9. རྟེན་འབྱུང་། says:
    2013-01-08 at 2:24 pm

    ཏག་ཏག་རེད་ཀརྨ་པ་རིན་པོ་ཆེ་སྐུ་དངོས་སུ་ཕེབས་ནས་དབུལ་བོ་སྦྱིན་གཏོང་གནང་བ་ལ་རྗེས་སུ་ཡི་རངས་ཡོད། ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཅུང་ཙམ་འགྱུར་བ་གཏོང་ཐུབ་ན་ཧ་ཅང་བཟང་གི། གཞོན་སྐྱེས་ཚོའི་སློབ་སྦྱོང་ལ་རོགས་རམ་བྱེད་རྒྱུ་ཨང་དང་པོ་ལ་བཞག། དབུལ་བོ་སྦྱིན་གཏོང་བྱེད་རྒྱུ་ཨང་གཉིས་པ་བཞག། སྐུ་གསུང་ཐུགས་རྟེན་བཞེངས་རྒྱུ་ཨང་གསུམ་པ་བཞག་ན་ཆེས་འོས་ཤིང་འཚམ་པ་རེད་བསམ། ང་ཚོས་སྐུ་གསུང་ཐུགས་བཞེངས་རྒྱུ་ཨང་དང་པོ་ལ་བཞག་ཡ་དེ་ཅུང་ཙམ་འགྲིག་གི་མི་འདུག་སྙམ།

  10. ཁ་བའི་རྡུལ་བརྩེགས། says:
    2013-01-08 at 4:46 pm

    དངོས་ནས་རྗེས་སུ་ཡི་རུང་ཡོད། མཛད་འཕྲིན་དབྱར་མཚོ་བཞིན་རྒྱས་པར་ཤོག

  11. ལོ་མ་ལྗང་ཁུ་། says:
    2013-01-08 at 5:48 pm

    བོད་རང་གི་ནང་ཁུལ་གྱི་དབུལ་དག་མཐོང་ན་ཅོ་མ་རུང་།

  12. ཀླུ་སྨྱོན། says:
    2013-01-08 at 6:44 pm

    པུ་ལུ་སི་གྲོད་ལྷུག་དེ་ཚོར་སྤྲོད་པ་ལས་སྤྲང་པོ་སྐམ་རིད་དེ་ཚོར་སྤྲོད་པ་མཆོག སྐུ་མཛད་ལེགས་ཚོགས་འཕེལ་གྱུར་ཅིག

  13. ལྷོ་ཕྱོགས་རྒྱ་མཚོ། says:
    2013-01-08 at 9:31 pm

    རྒྱལ་བ་ཀརྨ་པ་མཆོག་ལ་བསྟོད་བསྔགས་ཞུ། ཡག་པོ་ཞེ་དྲག་རེད། ཡིན་ནའང་གོང་དུ་མགོ་ལ་རལ་བ་ཡོད་པ། སེམས་ལ་སྡོམ་པ་མེད་པ། ལུས་ལ་སྔགས་ཆས་གྱོན་པའི་དྲ་འབུ་ཞིག་གིས་ཟུར་ཟ་དང་། དབྱེན་སྦྱོར་གྱི་ཀུན་སློང་ངན་པ་ཞིག་འགོ་རྩོམ་གྲབས་འདུག་པས་གཟབ་པར་མཛོད།

  14. ཐུབ་བསྟན says:
    2013-01-08 at 9:34 pm

    ཞལ་རས་གྱོན་ནས་་སྦྱིན་པ་གཏོང་བ་འདི་སྲིད་དོན་ཡིན་པ་ཐག་ཆོད

  15. ངོ་ལུག says:
    2013-01-08 at 10:11 pm

    སྦྱིན་པ་གཏོང་བའི་མཛད་པ།
    གྲང་རེག་འགོག་པའི་ཉལ་ཆས།
    རང་བྱུང་སྙིང་རྗེའི་ཟེགས་མ།
    ཉམས་ཐག་འགྲོ་ལ་སྨན་པ།

  16. ནགས་ཤོད་སད་མི says:
    2013-01-08 at 10:48 pm

    ཧ་ཅང་ཡག་པོ་རེད། ངས་ཁྱེད་ལ་སྔར་ནས་རེ་བ་དང་ཡིད་ཆེས་ཆེན་པོ་བཅངས་བསྡད་ཡོད། ཁྱེད་ཀྱི་མི་གཞི་དང་ཤེས་ཡོན་བཅས་རེད། ཕྱིས་འབྱུང་འདི་འདྲའི་ཕྱོགས་ལ་རྒྱ་ཆེ་རུ་དང་ཤུགས་ཆེ་རུ་གཏོང་ཐུབ་ན་དགེ་མཚན་ཅི་བས་ཆེའོ། གུས་པ་དང་བཅས།

  17. གངས་ལྗོངས་རྒྱལ་སྲས says:
    2013-01-08 at 11:21 pm

    ༸ རྒྱལ་དབང་ཀརྨ་པ་མཆོག་གི་འཕགས་པའི་ཡུལ་ནས་འཕགས་པས་མཛད་སྤྱོད་བཞིན་སྤྱོད་ལ་བསྔགས་བརྗོད་དང་ཡིད་རིང་ཞུ། སྐུ་ཚེ་རིང་།

  18. ཅོག་རོང་གི་མྱི། says:
    2013-01-08 at 11:32 pm

    དཔལ་རྒྱལ་བ་ཀརྨ་པས་ཁ་ཐུམ་གྱོན་ནས་འགྲོ་དོན་མཛད་པ་དེ་སྔ་ནས་བྱུང་མ་མྱོང་བ་ཞིག་རེད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་དམྱལ་བར་མི་འགྲོ་སུ་འགྲོ་ཞེས་པའི་ཀུན་སློང་གིས་གཞན་དོན་མཛད་པ་ལས་སེམས་ཅན་ཉམ་ཐག་དག་གི་འགོས་ནད་ཙམ་ལ་སྐྲགས་ནས་གཞན་དོན་ཞུམ་ཞུམ་གྱིས་མཛད་པ་མ་ཡིན་ཏེ། སྟག་མོར་ལུས་སྦྱིན་དང་དྲི་མེད་ཀུན་ལྡན་དང་ཀནདི་ཆེན་མོ་དང་མ་ཏིན་ལོ་སུར་སོགས་ལ་བསྡུར་ན་ཁོང་ཚང་གིས་ད་དུང་ལྷག་བསམ་ཡར་བསྐྱེད་གནང་དགོས། ཡིན་ན་ཡང་དགེ་བ་ཆུང་ཡང་རྗེས་སུ་ཡི་རང་བྱ།

  19. ཟུར་གནས། says:
    2013-01-08 at 11:35 pm

    དུས་གསུམ་རྒྱལ་བའི་དབང་པོ།
    ཀརྨ་པ་ཡི་སྐུ་འཕྲེང་།
    གངས་ཅན་མགོན་པོའི་ཐུགས་སྲས།
    ཨོ་རྒྱན་འཕྲིན་ལས་ནོར་བུ།
    ཐུགས་བཞེད་ཅི་བསམ་གྲུབ་པའི།
    སྨོན་ལམ་སྙིང་ནས་འདེབས་ན།
    གངས་ལྗོངས་བདེ་སྐྱིད་གཞི་མ།
    ཆོལ་གསུམ་ཆོས་ལུགས་མཐུན་སྒྲིལ།
    དམ་ཚིགས་རྡོ་རྗེའི་གཟམ་པ།
    གངས་ཅན་ལྗོངས་ཏུ་བསྐྲུན་ནས།
    ཕ་རྗེས་བུ་ཡི་བཟུང་ནས།
    གངས་ལྗོངས་རང་དབང་སླར་གསོ།
    གངས་ཅན་བོད་མིའི་ཕ་ནོར།
    ཆོས་དང་རིག་གཞུང་ནོར་བུ།
    ཉམས་ཆག་མེད་པར་སྤེལ་ཤོག

  20. གངས་ལྗོངས་རྒྱལ་སྲས says:
    2013-01-08 at 11:36 pm

    མིང་རྫུན་ཁྱེར་ནས་དབྱེན་དཀྲུག་བྱེད་པ་འདི་མི་རིགས་ཀྱི་ལ་རྒྱ་དོར་ནས་མི་རིགས་འདིའི་མཐུན་བསྒྲིལ་ཟབ་མོ་གཏོར་མཁན་ཡིན་པ་གདོན་མི་ཟ། དེས་ན་ཀུན་གྱི་མཐུན་བསྒྲིལ་ལ་རེམ། ཨ་རོགས་བོད་པ་ཚོ། བོད་རྒྱལ་ལོ།

  21. ལེགས་བཤད། says:
    2013-01-09 at 12:26 am

    ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན།།
    ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་།།
    བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ།།
    དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག།
    བྱང་ཆུབ་སེམས་དཔའ་རབ་བྱུང་བས་ཆོས་ཀྱི་སྦྱིན་པ་གཏོང་བ་དང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཟང་ཟིང་གི་སྦྱིན་པ་གཏོང་འོས་བ་དང་དེ་གཉིས་ཀས་ཀྱང་རང་དོན་ཆེད་ཕྱིན་དྲུག་གི་ཉམས་ལེན་དང་གཞན་དོན་ཆེད་བསྡུ་བའི་དངོས་པོ་བཞི་གསུངས་སོ། །ཆོས་དང་ཟང་ཟིང་གི་སྦྱིན་པ་གཏོང་བས་ལུས་སེམས་ལ་ཕན་འདོགས་པ་དང་། སྙན་པར་སྨྲ་བས་མི་ཤེས་པ་དང་ཐེ་ཚོམ་བསལ་བ། རང་གིས་མ་བསྒྲུབས་ན་གཞན་འཇུག་དཀའ་བ་ཡིན་པས་གདུལ་བྱའི་འདོད་དོན་དང་མཐུན་པར་སྤྱོད་པ། དོན་མཐུན་པའམ་གདུལ་བྱའི་བྱ་སྤྱོད་ལ་བསྟུན་ནས་བསྒྲུབ་པ་བཅས་སོ། །

  22. ཤར་ཕྱོགས་ཁུག་རྟ། says:
    2013-01-09 at 12:45 am

    ཆོས་དང་ཟིང་ཟིང་ཟེར་བའི་རྙོག་དྲ་དེ་རིགས་བཤད་འདོད་མེད་ཀྱང། སྐུ་དངོས་སུ་ཕེབས་པ་འདི་ཤིན་ཏུ་གཟི་བརྗིད་ཆེ། ༧གོང་ས་སྐྱབས་མགོན་ཆེན་པོས་སྲིད་འགན་རྩིས་སྤྲོད་ཟིན་རྗེས་དགའ་ལྡན་ཕོ་བྲང་པའི་རྣམ་པ་དེ་སྔར་སྲོལ་བླ་བྲང་ལྟ་བུ་ཞིག་མིན་པར་སྤྱི་ཚོགས་ཞབས་ཞུའི་རླབས་ཆེན་སྲི་ཞུ་ཁང་ཞིག་གི་རྨང་འདིང་བཞིན་པ་རེད། དེ་བཞིན་སྐྱབས་རྗེ་ཀིརྟི་རིན་པོ་ཆེས་ཀྱང་ཀིརྟི་བླ་བྲང་གི་སྔར་སྲོལ་ཡོངས་ལ་བསྒྱུར་བཅོས་བཏང་སྟེ་དགེ་རྩ་ཚོགས་པ་བཙུགས་པ་མ་ཟད། ཀིརྟི་ཚང་དུ་གཏོགས་པའི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཡོངས་ཀྱི་སློབ་གཉེར་ལམ་སྲོལ་བཅས་ལ་བསྒྱུར་བཅོས་བཏང་སྟེ་དུས་དང་དང་མཐུན་པ། མང་གཙོའི་འགྲོ་ལུགས་དང་མཐུན་པ། ཡར་ཐོན་དང་ཤེས་ཡོན་ཅན་གྱི་མི་སྣས་ངོས་ལེན་གནང་བདེ་བ་བཅས་ཀྱི་འཕྲལ་ཕུགས་གང་ལའང་རང་མགོ་རང་ཐོན་དང། ལམ་ལུགས་ཡང་དག་པའི་ཕྱོགས་སུ་བསྐྱོད་རྒྱུར་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་བཞིན། མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཀྱང་༧གོང་ས་མཆོག་དང་ཀིརྟི་རིན་པོ་ཆེའི་དམིགས་བསལ་གྱི་བསྒྱུར་བཅོས་མཛད་འཕྲིན་འདི་ལའང་སྐུ་དངོས་ཀྱིས་ཐུགས་སྣང་གནང་རོགས་ཞེས་བརྒྱུད་ལམ་འདི་ནས་འབོད་སྐུལ་ཞུ་འདོད་བྱུང།།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-01-09 at 1:05 am

    ༡༥༽ ཅོག་རོང་གི་མྱི་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༨ གི་ཆུ་ཚོད་ ༢༣ སྐར་མ་ ༣༢
    དཔལ་རྒྱལ་བ་ཀརྨ་པས་ཁ་ཐུམ་གྱོན་ནས་འགྲོ་དོན་མཛད་པ་དེ་སྔ་ནས་བྱུང་མ་མྱོང་བ་ཞིག་རེད། ་་་་་་་ཟེར།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-01-09 at 1:06 am

    ༢༽ བན་དེ་བ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༨ གི་ཆུ་ཚོད་ ༡༠ སྐར་མ་ ༢༤
    རྒྱལ་དབང་ཀརྨ་པ་མཆོག་གིས་མཛད་པར་རྗེས་སུ་ཡི་རངས་དང་མངོན་པར་བསྟོད། ་་་་་་ཟེར།

  25. ངག་ཆེན་ says:
    2013-01-09 at 1:46 am

    རྒྱལ་བ་ཀརྨ་པ་མཆོག་གི་སྦྱོན་གཏོང་གིས་དགེ་རྩ་་རྣམས། མ་སེམས་ཅན་ཐམས་ཅད་བླ་མེད་རྫོགས་བྱང་ཐོབ་པའི་རྒྱུར་འགྱུར་ཤོག།
    བོད་བསྟན་ཡོངས་ཀྱི་བསྟན་འཛིན་གྱིས་སྐྱེ་བུ་རྣམས་སྐུ་ཚེ་ཡུན་རིང་དང། ཐུགས་མཐུན་པའི་ངང་མཛད་པ་མ་ལུས་མྱུར་འགྲུབ་ཤིག་
    རྒན་བན་དེ་བ་ལགས་ཀྱིས་མངོན་བསྟོད་གནང་བར་ཟུར་འདོན་གནང་དོན་ཅི།

  26. བན་དེ་བ། says:
    2013-01-09 at 1:57 am

    མི་དེ་རིགས་དེ་འདྲ་རེད། རང་གིས་བྱས་དུས་སྣ་གཉེར། མི་ཡིས་བྱས་དུས་མིག་ཚ།
    དགེ་བ་རང་གིས་བྱེད་པ་དང་གཞན་གྱིས་བྱས་པར་ཡི་རངས་ཞུ་བ་གཉིས་ནི་དགེ་སྟོབས་མཉམ་པར་མ་ཟད། ལྷག་པར་དུ་རང་གིས་བྱས་ན། སྦྱིན་རྫས་ལ་སེར་སྣ་དང། ཡང་ན་མིང་གྲགས་ལས་སོགས་ཀྱིས་དྲི་མ་སགོས་ཉེན་ཆེ། གཞན་གྱིས་བྱས་པར་ཡི་རངས་ཞུས་ན། དེ་ལ་སེར་སྣ་དང་གྲགས་པ་ལས་སོགས་ཀྱིས་དྲི་མ་འགོས་ཉེན་མེད་པས་དགེ་ལ་ཡི་རངས་ཞུ་བ་ནི་བསམ་གྱིས་མི་ཁྱབ་པའི་དགེ་བའི་བསོད་ནམས་བསོག་པར་འགྱུར་རོ།

  27. ངག་ཆེན་ says:
    2013-01-09 at 2:02 am

    རྒན་བན་དེ་བ་ལགས་ དེ་དེ་བཞིན་ནོ་བཀའ་དྲིན་ཤིན་དུ་ནས་ཆེའོ།

  28. མེ་ཏོག་དཀར་པོ says:
    2013-01-09 at 2:04 am

    ཀུན་སློང་ལ་མ་ལྟོས་པར་ཉམས་ཐག་ལ་སྦྱིན་པ་ནི་བསྔགས་འོས་ལོས་ཡིན།

  29. གངས་དཀར་ says:
    2013-01-09 at 2:14 am

    ད་རེས་ཀརྨ་པ་མཆོག་གི་ཕྱག་ལས་དེ་སྤྱིར་གཏང་ཡག་པོ་འདུག། ཡིན་ནའང་ཁོང་ནི་རྒྱ་ནག་གི་དཔོན་པོ་ཚོ་ནང་བཞིན་འཁྲབ་སྟོན་ལ་ཧ་ཅང་མཁས་པ་དང་ཧ་ཅང་དགའ་བའི་རིགས་ཞིག་ཏུ་མཐོང་། ཤར་ཁུག་ནས་གོང་ས་མཆོག་དང་ཀིར་ཏི་རིན་པོ་ཆེ་ནང་བཞིན་དབང་འཛིན་དང་ལམ་ལུགས་འགྱུར་བ་གཏོང་བའི་འབོད་བསྐུལ་འདུག་ཀྱང་དེ་ནི་ཁོང་གི་རྣམ་དཔྱོད་དང་བློ་སྟབས་དེང་སང་ཕྱག་ལས་གནང་སྟངས་ལ་བལྟས་ན་རེ་བ་མེད་པ་འདྲ། གོང་ས་མཆོག་ནས་ལོ་བཞི་བརྒྱའི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་མཚམས་འཇོགས་བྱས་པ་རེད་། རྒྱལ་བ་ཀརྨ་པ་ཁོང་གིསསྔོན་མའི་མཚུར་ཕུའི་རྒར་ཆེན་དང་དེ་དུས་བླ་བྲང་སླར་གསོ་ལ་ཤུགས་རྒྱག་བཞིན་འདུག། ཁོང་གི་བོད་དོན་དང་བོད་ཀྱི་རིགས་གཞུང་བསྐོར་བཀའ་སློབ་ཁ་ཤས་ཡོད་པ་རེད་དེ་དག་ནི་བོད་གཞུང་དང་གཞུང་འབྲེལ་ལ་འབྲེལ་བ་ཡོད་པའི་སྐབས་ཅུང་ཟད་གསུངས་བ་ལས། ནམ་རྒྱུན་བཀའ་བརྒྱུད་ཁོར་ཡུག་གཅིག་པུའི་སྐབས་དང་།་་ཕྱི་རྒྱལ་མི་རིགས་ལ་གསུངས་བཤད་གནང་སྐབས་བོད་ཀྱི་རིགས་གཞུང་བསྐོར་གསུངས་ཚིག་གཅིག་ཀྱང་ཐོས་རྒྱུ་མེད། དེ་ནི་བཤད་མི་ཤེས་པའི་གནས་སྟངས་ཤིག་ཏུ་མཐོང་། དེའི་ཕྱིར་བོད་པ་རྣམས་ནས་ཁོང་ལ་བརྩི་བཀུར་དང་བརྟགས་དཔྱད་གཉིས་ཆར་མཉམས་དུ་འགྲོ་དགོས། སྤྱིར་གཏང་ཆོས་པ་ནི་དྲང་བདེན་ལ་ཚད་ལེན་དགོས་ཀྱང་དེང་དུས་་་་་་་

  30. བོད་པ། says:
    2013-01-09 at 2:19 am

    དགེ་རྩ་ལ་རྗེས་སུ་ཡི་རངས་ཡོད།

  31. སྤོབས་པ་མཐའ་ཡས། says:
    2013-01-09 at 2:23 am

    འདི་ཡག་པོ་མ་རེད་སུས་ཀྱང་ཟེར་མི་ཐུབ། སྔོན་མ་སི་ཁྲོན་ས་ཡོམ་སྐབས་སུ་ཡང་བོད་ཀྱི་བླ་ཆེན་ཁ་ཤས་ཀྱིས་ཞལ་འདེབས་ཆེན་པོ་གནང་བ་གོ་ཐོས་བྱུང་། དེ་ཚོ་ལ་ཡང་རྗེས་སུ་རྗེས་སུ་ཡི་རང་ལས་གཞན་ཞུ་བ་གང་ཡང་མེད།

  32. ཀླུ་སྨྱོན། says:
    2013-01-09 at 2:37 am

    གངས་དཀར་ལགས། གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་མཚམས་འཇོག་གནང་ཡོད་པ་མ་རེད། ད་ལྟའི་སྐུ་སྒེར་ཡིག་ཚང་གི་མིང་ལ་དགའ་ལྡན་ཕོ་བྲང་ཟེར་གིན་འདུག ཡིན་ཡང་ཁོང་གིས་དགའ་ལྡན་ཕོ་བྲང་གིས་བོད་གཞུང་ལ་དབང་སྒྱུར་བའི་ལས་གཞི་དེ་མཚམས་འཇོག་བྱས་པ་ཡིན་གསུངས་ཡོད་པ་རེད། དེང་སྐབས་སྐུ་སྒེར་ཡིག་ཚང་ཟེར་གི་མེད་པར་དགའ་ལྡན་ཕོ་བྲང་ཡིག་ཚང་ཟེར་གིན་འདུག མི་བདེན་བསམས་ན་རྡ་སར་ཡོད་པ་ཚོར་སྐད་ཆ་དྲིས།

  33. ཀླུ་སྨྱོན། says:
    2013-01-09 at 3:02 am

    གངས་དཀར་ལགས། ཁྱེད་གོང་ས་མཆོག་སྐུ་སྒེར་གྱི་དྲ་བ།
    http://www.gyalwarinpoche.com ཞེས་པའི་ནང་ཕེབས་ནས་སྐད་ཀྱི་དྲ་མིག་ཡོད་ས་དེའི་ཡིག་ཚང་ཞེས་པ་དེར་འཛུལ་དང་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ཞེས་པའི་ཡིག་ཕྲེང་ཞིག་གསལ་ལྷང་ངེར་ཁྱེད་ཀྱི་སྤྱན་ལམ་དུ་འཆར་ཡོང་། སྐུ་ཉིད་ལ་ཐུགས་ཁག་མེད་དེ། ང་ལ་ཡང་དང་པོར་བཀའ་སློབ་ཁག་ཅིག་ལ་ཉན་ནས་དགའ་ལྡན་ཕོ་བྲང་རྩ་བ་ནས་སྒོ་བརྒྱབ་པ་རེད་སྙམ་པ་ཞིག་བྱུང་ཡང་། རྗེས་སུ་གོང་ས་མཆོག་གི་བཀའ་སློབ་རྗེས་མ་ཞིག་ལ་ཉན་དུས་དེ་འདྲ་ཞིག་མིན་པར་དགའ་ལྡན་ཕོ་བྲང་མུ་མཐུད་དེ་སྒོ་ཕྱེས་ནས་གོང་ས་མཆོག་སྐུ་སྒེར་གྱི་མཛད་རིམ་དང་འབྲེལ་བའི་ལས་ཀ་བྱེད་ཀི་ཡོད་པ་ཤེས་བྱུང་།

  34. ཀླུ་སྨྱོན། says:
    2013-01-09 at 3:03 am

    སྐད་ཀྱི་དྲ་མིག་ཅེས་པ་དེ་ཀླད་ཀྱི་དྲ་མིག་ཅེས་པར་བཅོས་རོགས།

  35. ཀླུ་སྨྱོན། says:
    2013-01-09 at 3:05 am

    ད་དུང་ཟམ་གདོང་རིན་པོ་ཆེས་ཀྱང་དེང་སྐབས་དགའ་ལྡན་ཕོ་བྲང་བླ་བྲང་གི་ནང་ལས་ཀ་བྱེད་བཞིན་ཡོད་ལུགས་ཤིག་ཐོས་བྱུང་ཡང་བདེན་མིན་མ་ངེས། གང་ལྟར་དགའ་ལྡན་ཕོ་བྲང་ནི་དེང་སྐབས་ད་དུང་གནས་མུས་རེད།

  36. ཤར་ཕྱོགས་ཁུག་རྟ། says:
    2013-01-09 at 3:40 am

    གངས་དཀར་ལ། སྐད་ཆ་བཤད་ན་ཁུངས་ལྡན་བཤད་ན་ཡག་གི དོན་དག་མེད་སར་ཅིག་བཤད་པ་དེ་འོས་པར་མ་མཐོང།།

  37. ཚངས་པ། says:
    2013-01-09 at 4:56 am

    སྐྱབས་སུ་མཆིའོ།

  38. ཐུ་བ་རྒྱ་མཚོ། says:
    2013-01-09 at 5:29 am

    མགྲོན་པོས་གནས་བདག་ལ་སྦྱིན་གཏོང་བྱེད་པ་འདི་འདྲ་བ་ནི་སངས་རྒྱས་གི་གོ་ཕང་སོགས་དཀའ་ན་ཡང་དེང་སྐབས་གི་བྱ་བ་བཟང་བོ་ཞིག་རེད་ཟེར་བཤད་ཆོག་གི་རེད།

    ཡིན་ན་ཡང་། ལམ་སང་པར་བརྒྱབ་ནས་བཀྲམས་པ་དང་། ཁ་བཏུམ་བརྒྱབ་ནས་འཛེམ་ཟོན་ཆེ་མདོག་བྱེད་པ་འདི་ནི་སྤྲུལ་བའི་སྐུ་དངོས་ཀྱི་མཛད་སྤྱོད་དང་ཅུང་རྒྱང་བཀྱེད་པ་རེད།

  39. དཀར་ཤོད་ཁྲ་ཚང་གཡུ་རྣ says:
    2013-01-09 at 6:08 am

    བཟང་ལ་ཆེ་བསྟོད་མ་བྱས་ན། ཕྱིས་སུ་བཟང་པོ་བྱེད་མཁན་དཀོན། ངན་ལ་དམའ་འབེབས་མ་བྱས་ན། ཕྱིས་སུ་ལུང་པ་ངས་པས་ཁེངས་ཞེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་གདམས་དྲན་པའི་ཡུལ་ལ་མེད་ན་གང་བྱུང་སེམས་ལ་དྲན་པ་དང་ཁ་ནས་ཐོན་འགྲོ་བ་འདི་སེམས་པ་སྐྱོ་དགོས་པ་ཞིག་ངོ་མ་རེད་ཡ།

  40. དཀར་ཤོད་ཁྲ་ཚང་གཡུ་རྣ says:
    2013-01-09 at 6:22 am

    དངོས་གནས་ལས་ཀ་མེད་པ་རང་རེད་།

  41. བོད་ལ་ཞེན། says:
    2013-01-09 at 7:31 am

    ངོ་མ་བྱས་ན་ཡག་འདུག་བཤད་ཤེས་མ་སོང་།

  42. དགེ་བསམ says:
    2013-01-09 at 8:01 am

    སྦྱིན་པ་གནང་ན་མ་འགྲིག་ཚུལ་བརྗོད་མཁན་འདི་ཚོ་ངོ་ནས་སྙིང་རྗེ།

  43. འཇམ་གཅེས says:
    2013-01-09 at 9:10 am

    སྦྱིན་པ་་སྦྱིན་པ་སྦྱིན་པ་་ཧ་ཧ་ཧ་ཧ་ཧ

  44. དཔའ་བོ་། says:
    2013-01-09 at 9:24 am

    ངོ་ཀྱི་བསམ་ཚུལ་ཡིན་ཚམ་རེ་ང་ཡི་སེམས་ལ་རྡོ་རྗེ་གདན་གྱི་གྲོང་མི་རྣམས་ལ་བོད་པས་གྲྭ་བ་བླ་མས་སྐྱག་ལང་བཏང་པ་འདྲ་པོ་ཞིག་མཐོང་གི་འདུག་གང་ཡིན་ཟེར་ན་ནམ་ཡིན་ནའང་སྦྱིན་པ་བཏང་ན་གྲོང་མི་རྣམས་ལས་ཀ་ལས་ཉིན་མི་འདོད་པ་སྦྱིན་པ་ཁོ་ནར་རེ་བ་བྱས་ནས་སྡད་པ་ལུང་པ་ཡར་རྒྱས་མི་འགྲོ་སོགས་ཀྱི་སྐྱོན་མཐོང་གི་འདུག་དེ་ལས་དངུལ་ཡོད་ན་སློབ་གྲྭ་ལ་གསར་རྒྱབ་ོབ་ཡོན་རོགས་རམ་སོགས་སྤྱི་ཚོགས་ལ་ཕན་པས་ཕྱག་ལས་མང་པོ་ཞིག་གནང་ཡག་འདུག་པ་། དཔེར་ན་ཉེ་ཆར་ལྡི་ལི་ནས་བཙན་གཡེམ་བཏང་ནས་གྲོངས་པས་བུ་མོ་འདི་གི་ཕ་མས་བུ་མོ་སློབ་ཡོན་བཏང་ཆེད་ཞིང་ཁ་བཙོང་པ་དང་ཕ་མ་གཉིས་ཚ་དང་སེ་དཔེན་སྤག་ནས་བ་ལེབ་མཆོད་གི་ཡོད་པས་གནས་ཚུལ་འདུག་པ་།

  45. ཉི་འོད་གྲོངས says:
    2013-01-09 at 9:27 am

    ༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧༧སྐྱབས་སུ་མཆིའོ

  46. དཔའ་བོ་། says:
    2013-01-09 at 9:27 am

    སློབ་ཡོན་་་་་་གོང་དུ་ཆད་འདུག་དགོངས་དག་ཞུ་

  47. དགའ་སྐུ་ says:
    2013-01-09 at 10:18 am

    བྱ་བ་བཟང་ངན་གང་ཡིན་ཡང་རང་ཕྱོགས་ལ་བསྟོད་པ་དང་གཞན་ལ་སྨད་པ་ནི་སྤྱིར་གཏང་མི་རྣམས་ཀྱི་བྱེད་སྟངས་རེད། ༧ རྒྱལ་དབང་ཀརྨ་པས་སྦྱིན་གཏོང་གནང་བར་སྙིང་ནས་ཡིད་རང་ཡོད། བྱང་སེམས་སྤྱོད་པ་ལུས་ཡིན། ད་ལྟ་རྡོར་གདན་དང་དེའི་གཡས་གཡོན་ལ་གནམ་གཤིས་ཤིན་ཏུ་གྲང་ངར་འདུག །སྦྱིན་ཡུལ་སྐྱོ་བོ་རྣམས་ལ་ཕན་པ་ཆེ། ༧རྒྱལ་་དབང་མཆོག་སྐུ་ཚེ་བརྟན་ནས་མཛད་ཕྲིན་རྒྱས་པར་ཤོག། ཞལ་རས་སྐབ་ནས་སྦྱིན་པ་གཏོང་མི་ཆོག་པ་ཡིན་ནམ། འགའ་ཞིག་གིས་རྒྱལ་དབང་མཆོག་གིས་ཕྱི་རྒྱལ་བ་ལ་ཆོས་གསུང་སྐབས་བོད་དོན་གསུང་གི་མིན་འདུག་ཟེར། ཕྱི་རྒྱལ་བ་རྣམས་ཐག་རིང་ནས་ཆོས་ཞུ་བ་དང་ཀརྨ་པའི་ཞལ་མཇལ་འོང་བ་ལས་བོད་དོན་ཉན་པ་ག་ལ་ཡིན་སྙམ། རང་གཞན་ཐམས་ཅད་བློ་གཟུ་བོར་གནས་ནས་དྲང་པོ་དང་བདེན་པའི་ལམ་ནས་དྲང་བདེན་གྱི་གོ་ཕང་ཐོབ་པར་སྨོན་ནོ།

  48. རིགས་ཞེན་དཀར་པོ། says:
    2013-01-09 at 10:53 am

    སྤྱི་ཚོགས་དཀྲུགས་མཁན་གྱི་དྲྭ་འབུ་དག་གིས་ག་དུས་ཡིན་ཀྱང་གཞན་ལ་སྐྱོད་བརྗོད་ཁོ་ན་བྱེད་དེ་དུས་ཚོད་བཏང་ལ་ལས། རང་ཉིད་ཀྱིས་འདི་ཕྱི་གཉིས་དང་། རང་གཞན་སུ་ལ་ཡང་ཁེ་ཕན་ཡོད་པའི་ལས་ཀ་སྣེ་གཅིག་སྟོན་རྒྱུ་མེད་བཞིན་བྱང་ཆུབ་སེམས་དཔའི་མཛད་པ་ལའང་འཁང་ར་བྱེད་བཞིན་པ་འདི་ཚོ་སྙིང་རེ་རྗེ།

  49. རྒྱ་མཚོ་ཆེན་པོ་ says:
    2013-01-09 at 11:23 am

    དཔལ་༧རྒྱལ་དབང་ཀརྨ་པའི་མཛད་རྗེས་ལ་སྙིང་ནས་གུས་འདུད་དང་ཡི་རངས་ཞུ་

  50. གནམ says:
    2013-01-09 at 5:42 pm

    མཐའ་འཁོབ་གཞི་གྲོང་ཁག་དང་། གསར་འབྱོར་གསར་བ་རྣམས་དང་། སློབ་གྲྭའི་ནང་གི་དྭ་ཕྲུག་ཚོ་དང་། གྲྭ་སའི་གྲྭ་རྐྱང་གི་སྡེ་སོགས། རང་གི་མི་རིགས་འདི་ལ་ཡང་སྦྱིན་གཏོང་བྱེད་ས་སྐྱག་པ་ལས་འབེལ་པོ་ཡོད་པ་རེད།

    ཐག་ཉེ་སྤྱན་གྱིས་མ་གཟིགས་ཐལ།།
    ཐག་རིང་ཐུགས་ཀྱིས་མ་བཟོད་ཐལ།།
    མཛད་འཕྲིན་ཕྱི་ལ་བསྒྲགས་བཞག་ཐལ།།
    འདྲ་མིན་བཅོ་བརྒྱད་གླེང་བཞག་ཐལ།།
    ཐལ་ཆ་ཆེ་མིན་མ་ཤེས་ཐལ།།

  51. བོད་ཁམས་ཉི་མ་། says:
    2013-01-09 at 11:38 pm

    རིགས་ཞེན་དཀར་པོ་ཟེར་བ་འདིའི་མིག་སྤྱི་གཙུག་ཏུ་སྐྱེས་ཡོད་པ་འདྲ་ཞིག་མི་འདུག་གམ།

  52. ཀརྡོ་གཉེར་ཕྱག་པ་ says:
    2013-01-09 at 11:57 pm

    སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །
    གསུངས་པ་འདི་ནི། ཤིནད་ཏུ་ནས་བདེན་པ་ཡིན་པ་མིག་མཐོང་ལག་ཟིན་ལྟ་བུར་མི་འདུག་གམ། ལགས།

  53. 固賈 says:
    2013-01-10 at 5:48 am

    ལགས་སོ

  54. ལུང་རྟོགས། says:
    2013-01-10 at 6:53 am

    གཞན་གྱིས་དགེ་བ་བྱས་པ་མཐོང་བའི་ཚེ།།
    དེ་ལ་ཕྲག་དོག་མི་དགའི་སེམས་སྤངས་ནས།།
    སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན།།
    དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུང་།།
    དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས།།
    དགེ་བ་གང་སྒྲུབ་ཀུན་ལ་ཡི་རང་ངོ་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme